མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་གཅོད་འཛིན་པ་རང་གྲོལ་གྱི་འདོན་ཆོག་གི་སྐོར། · 63 Texts

From Khyentse Lineage - A Tsadra Foundation Project
DKYD-DZINDROL


Volume PDF Link


Karchag

Karchag PDF
དེ་ཡང་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་དགའ་ཚལ་བལ་ཡུལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་མཛོད་པར་ལས་ཁང་ནས། ༧སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་དཔོན་སློབ་རྣམས་ཀྱི་དགོངས་བཞེད་ལྟར། གསང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པའི་ཤིང་རྟ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་ཡེ་ཤེས་ཐུགས་ཀྱི་སྒྱུ་འཕྲུལ་རོལ་པ་གྲུབ་པའི་དབང་ཕྱུག་ཆེན་པོ་ཁྲག་འཐུང་ཧེ་རུ་ཀཿའཇིགས་མེད་ཡེ་ཤེས་རྡོ་རྗེའམ་གཏེར་ཆེན་འཇའ་ལུས་རྡོ་རྗེའི་དགོངས་གཏེར་གྱི་ཆོས་སྡེའི་སྙིང་པོ། མཁའ་འགྲོའི་དགོངས་གཅོད་ཟབ་མོ་ཨ་ཏི་འཛིན་པ་རང་གྲོལ་ཞེས་ཡོངས་སུ་གྲགས་པའི་སྨིན་བྱེད་རྩ་ལག་དང་གྲོལ་བྱེད་སྐོར་ལས་རྩ་བ་རྡོ་རྗེའི་ཚིག་རྐང་ཙམ། གཞན་ཞི་དྲག་གི་སྒྲུབ་ཐབས་དང་འབྲེལ་བའི་བོགས་འབྱིན་ལུས་སྦྱིན་རྒྱས་བསྡུས། རྐྱེན་སེལ་ཞི་དྲག་སོགས་སྐྱེད་རིམ་སྐོར་གྱི་ཡིག་ཆ་ཉེར་མཁོ་ཆ་ལག་དང་བཅས་པ་རྣམས་ཉམས་སུ་ལེན་བདེར་དཀྱུས་གཅིག་པར་དུ་བསྐྲུན་པའི་པོད་ཆེན་འདིའི་བཞུགས་བྱང་རིམ་པར་འགོད་པ་ནི། ༈ ཐོག་མར་ཆོས་པོད་འདི་ཡི་ནང་དུ་ཆོས་ཚན་གང་བཞུགས་ཀྱི་ཐོ་གསལ་དཀར་ཆག་ང་རང་ལྡེབ ༤། 1-8 རྒྱལ་བའི་ཞལ་གསུངས་ཤེར་ཕྱིན་སྡུད་པའི་ཤོ་ལོ་ཀའི་དགོངས་དོན་གཅོད་གདམས་དང་འབྲེལ་བའི་རྣམ་བཤད་ལྡེབ་ ༡། 9-10 གཅོད་འཛིན་པ་རང་གྲོལ་གྱི་འདོན་ཆིངས་ཟིན་བྲིས་ལྡེབ་ ༡། 11-12 གསོལ་འདེབས་ཀྱི་རྒྱལ་པོ་རྡོ་རྗེའི་ཚིག་རྐང་བདུན་པ་དང་བླ་མ་སྐུ་གསུམ་གསོལ་འདེབས་སོགས་ལྡེབ་ ༣། 13-18 སྡོམ་གསུམ་བརྒྱུད་པའི་གསོལ་འདེབས་སྙིང་པོར་བསྡུས་པ་དད་པའི་གསོས་སྨན་ལྡེབ་ ༡། 19-20 ཕ་རྗེ་བཙུན་དམ་པ་སངས་རྒྱས་དང་མ་ལབ་སྒྲོན་ལ་གསོལ་བ་འདེབས་པ་ལྡེབ་ ༣། 21-26 ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབ་ལྡེབ་ ༢། 27-30 རིག་འཛིན་འཇའ་ལུས་རྡོ་རྗེའི་རྣམ་ཐར་གསོལ་འདེབས་བྱིན་རླབས་འགུགས་པའི་ལྕགས་ཀྱུ་ལྡེབ་ ༣། 31-36 བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་སྲོལ་བླ་མ་ཡོངས་རྫོགས་ཀྱི་གསོལ་འདེབས་བྱིན་རླབས་མཐུ་ཆེན་ལྡེབ་ ༡། 37-38 ཡང་གསང་འཛིན་པ་རང་གྲོལ་གྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབ་ལྡེབ་ ༢། 39-42 རླུང་སེམས་གསོལ་འདེབས་ལྡེབ་ ༡། 43-44 ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ སྔོན་འགྲོའི་ལམ་རིམ་ངག་འདོན་ལྡེབ་ ༨། 45-60 མཚོ་རྒྱལ་འཛུད་བྱང་ལྡེབ་ ༡། 61-62 འཛིན་པ་རང་གྲོལ་ཆ་ལག་ལསཿ མཚོ་རྒྱལ་དཀར་མོའི་སྒྲུབ་ཐབས་ལྡེབ་ ༧། 63-76 ཁྲོས་མའི་འཛུད་བྱང་ལྡེབ་ ༡། 77-78 ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ ཁྲོས་མའི་ལས་བྱང་སྙིང་པོའི་བཅུད་བསྡུས་ལྡེབ་ ༩། 79-96 ལས་སྦྱོར་ལས་བཞིའི་སྔགས་ཤམ་ལྡེབ་ ༡། 97-98 ཨ་ཏི་ཐུགས་ཀྱི་ཐིག་ལེ་ལསཿ འཛིན་པ་རང་གྲོལ་གདམས་པ་ལྡེབ་ ༡༥། 99-128 ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ ཉམས་ལེན་གཞུང་ཤིང་ཆེན་མོ་ལྡེབ་ ༤༠། 129-208 ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ གཅོད་ཡུལ་གདན་ཐོག་གཅིག་མ་ལྡེབ་ ༨། 209-224 ཡང་གསང་འཛིན་པ་རང་གྲོལ་གྱིཿ རྒྱུན་གྱི་ཉམས་ལེན་སྤར་བཅང་ལྡེབ་ ༤། 225-232 ཡང་གསང་ཐུགས་ཐིག་ཆ་ལག་ལསཿ རྒྱུན་ཁྱེར་ཕུང་པོའི་མཆོད་སྦྱིན་ལྡེབ་ ༢། 233-236 ཡང་གསང་འཛིན་པ་རང་གྲོལ་ལསཿ ལུས་སྦྱིན་བསྡུས་པ་རྒྱུན་གྱི་ཉམས་ལེན་ལྡེབ་ ༢། 237-240 ཟབ་མོ་གཅོད་ཀྱི་སྤྱི་བརྒྱུད་ལྡེབ་ ༡། 241-242 གཅོད་དོན་སྙིང་བསྡུས་གདམས་པ་གདན་གཅིག་ཉམས་ལེན་མ་ཅིག་དགོངས་དོན་ལྡེབ་ ༢༢། 243-286 ཡང་གསང་འཛིན་པ་རང་གྲོལ་ལསཿ དྲག་གཅོད་བདག་འཛིན་ཚར་གཅོད་ལྡེབ་ ༦། 287-298 ཆོས་སྐྱོང་གཏོར་འགུགས་དང་བྱིན་བརླབ་དྲངས་འབུལ་ལྡེབ་ ༡། 299-300 རྩ་གསུམ་ཆོས་སྐྱོང་སྲུང་མར་རྒྱུན་གཏོར་འབུལ་བའི་རིམ་པ་ལྡེབ་ ༤། 301-308 རྩ་གསུམ་སྲུང་མའི་གཏོར་བསྔོའི་རྗེས་ཆོག་ལྡེབ་ ༡། 309-310 ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ བཀའ་དང་གཏེར་སྲུང་མཆོད་རིམ་ལྡེབ་ ༥། 311-320 ཡང་གསང་འཛིན་པ་རང་གྲོལ་ལསཿ བཀའ་དང་གཏེར་སྲུང་མཆོད་ཐབས་ལྡེབ་ ༡། 321-322 ཨ་ཏི་ཐུགས་ཀྱི་ཐིག་ལེ་ལསཿ བཀའ་སྲུང་དགོངས་བཙན་མཆོད་ཐབས་ལྡེབ་ ༡། 323-324 ཆོས་སྲུང་ཟ་བྱེད་འབར་མ་ཁྲག་རལ་ཅན་གྱི་གསོལ་ཕྲིན་ལྡེབ་ ༡། 325-326 རྗེ་བཙུན་འཕགས་མ་སྒྲོལ་མ་ལཿ དོན་བསྟོད་བྱིན་རླབས་ཆར་རྒྱུན་ལྡེབ་ ༡། 327-328 ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ བཤགས་པ་དྲི་མེད་ཤེལ་དཀར་ལྡེབ་ ༡། 329-330 ཡང་གསང་འཛིན་པ་རང་གྲོལ་ལསཿ ཚོགས་མཆོད་ཕྲིན་ལས་གློག་ཞགས་ལྡེབ་ ༡༣། 331-356 དམ་པའི་གསང་ཆོས་བཅུ་གསུམ་ལསཿ ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་ལྡེབ་ ༥། 357-366 དམ་པའི་གསང་ཆོས་ཀྱི་གསང་སྒྲུབ་ལས་གཞུང་དཀྱུས་ཀྱི་ཚོགས་བྱང་ཟུར་ཕྱུང་སོགས་ལྡེབ་ ༡། 367-368 ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ མཐའ་སྡུད་རྗེས་ཆོག་དངོས་གྲུབ་ཀུན་འབྱུང་ལྡེབ་ ༡༠། 369-388 ཕ་ཅིག་དམ་པ་སངས་རྒྱས་ཀྱིས་མཛད་པའི་སྨོན་ལམ་སུམ་ཅུ་པ་ལྡེབ་ ༡། 389-390 དམ་བཅའ་བཞི་སྨོན་ལྡེབ་ ༢། 391-394 མཁའ་སྤྱོད་སྨོན་ལམ་བདེ་བའི་ཐེམ་སྐས་རིག་འཛིན་དཔའ་བོའི་གསང་ལམ་ལྡེབ་ ༣། 395-400 ཟངས་མདོག་དཔལ་རིའི་སྨོན་ལམ་དཔལ་རིའི་གསང་ལམ་ལྡེབ་ ༣། 401-406 ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ སྨོན་ལམ་དྲང་སྲོང་བདེན་ཚིག་སོགས་ལྡེབ་ ༢། 407-410 འཛིན་པ་རང་གྲོལ་ཆ་ལག་ལསཿ རྐྱེན་ཟློག་ལན་ཆགས་བསྔོ་ཐབས་ལྡེབ་ ༢། 411-414 མཆོད་སྦྱིན་བདག་འཛིན་ཚར་གཅོད་གདོན་ཚོགས་དགུ་མ་ལྡེབ་ ༡༠། 415-434 ཡང་གསང་འཛིན་པ་རང་གྲོལ་ལསཿ མཐའ་གཏད་བདུད་བཞིའི་གཡུལ་རྒྱལ་ལྡེབ་ ༩། 435-452 ཡང་གསང་འཛིན་པ་རང་གྲོལ་ལསཿ དྲག་སྲེག་ཡེ་ཤེས་མེ་ལྕེ་ལྡེབ་ ༥། 453-462 ཀློང་སྙིང་།་་་་རིག་འཛིན་ཡུམ་ཀའི་མེ་མཆོད་ལས་བཞིའི་བང་མཛོད་ལྡེབ་ ༤། 463-470 དམ་པའི་གསང་ཆོས་བཅུ་གསུམ་ལསཿ མེ་མཆོད་དངོས་གྲུབ་ཀུན་འབྱུང་ལྡེབ་ ༢། 471-474 ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ གཤིན་པོ་རྗེས་འཛིན་ཐུགས་རྗེའི་གློག་ཞགས་དང་རོ་ཁྲམ་ཞི་དྲག་ཧེ་རུ་ཀའི་བསྒྲལ་མཆོད་འདེབས་ཚུལ་དཔེ་རིས་བཅས་ལྡེབ་༢༣། 475-520 ཟབ་དོན་གཅོད་ཡུལ་ལ་ཉེར་བར་མཁོ་བའི་འཁྲུལ་པའི་རྟོག་ཚོགས་དབང་སྡུད་ཟིལ་གནོན་རྡོ་རྗེའི་གད་མོ་ལྡེབ་ ༡༠། 521-540 འཛིན་པ་རང་གྲོལ་མན་ངག་ལསཿ དྲག་བསྐུལ་དུག་རླངས་འཚུབས་མ་དངཿ མཐའ་གཏད་སྤུ་གྲི་རེག་གཅོད་ལྡེབ་ ༨། 541-556 གནས་ལུང་གཞི་གདན་དཔེ་རིས་ལྡེབ་ ༡། 557-558 རྡོ་གྲུབ་ཆེན་གསུང་གཅོད་གཞུང་ཆུ་བོ་གཅིག་འདུས་ཀྱི་ཡིག་ཆ་ཁྲོས་མའི་གྲི་འདུལ་དཀར་ནག་གཉིས་དང་སྦྱོར་བ་སྟ་གོན་ཡིག་ཆུང་བཅས་ལྡེབ་ ༢༤། 559-610 ཡང་གསང་འཛིན་པ་རང་གྲོལ་ལསཿ སྤྲོས་བཅས་དབང་ཆོག་དངོས་གྲུབ་ཀུན་འབྱུང་ལྡེབ་ ༡༦། 611-642 ཡང་གསང་འཛིན་པ་རང་གྲོལ་ལསཿ བྱིན་རླབས་དབང་ཆོག་སྡུག་བསྔལ་ནད་སེལ་ལྡེབ་ ༩། 643-660 ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ རྩ་བ་རྡོ་རྗེའི་ཚིག་རྐང་ལྡེབ་ ༡༥། 661-690 ཡང་གསང་ཌཱཀྐིའི་ཐུགས་ཐིག་གི་ཆ་ལག་ཟུར་འགེབ་མི་ཟད་རྒྱན་འཁོར་ལསཿ གཅོད་ཀྱི་ལས་ཚོགས་དམིགས་རིམ་དང་། རྣལ་འབྱོར་བརྟུལ་ཞུགས་ལམ་དུ་སློང་བ་དག་གིས་ཆུ་མིག་གཉན་ཁྲོད་འགྲིམ་ཚེ་ཅོག་བུའི་ཆོན་ཆེན་བཞིའི་དམིགས་འདོན་བཅས་ལྡེབ་ ༢། 691-694 རྒྱལ་ཆེན་ཐོ་ཆོག་མདོ་མཁྱེན་བཀའ་འབུམ་བོད་ཀྱི་འཕྲུལ་པར་གསར་ཐོན་ལས་བྱུང་བ་ལྡེབ་ ༡། 695-696 གཅོད་མཁན་རྣམས་ཀྱི་ཉེ་བར་སྤྱད་པའི་རྣམ་བཤད་ཕྱིན་དྲུག་ལང་ཚོ་ལྡེབ་ ༣། 697-702 བསྙེན་སྒྲུབ་ཉམས་ལེན་ཟིན་བྲིས་རྒྱས་བསྡུས་གཉིས་བརྒྱུད་འཛིན་ལྕམ་མོ་སྨན་ལྷའི་སྲས་བར་པ་ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་གསུང་ལྡེབ་ ༡༠། 703-722 པར་བྱང་སྔོན་ཡོད་སྐབས་སྟུན་ཞལ་བསྒྱུར་ཞུས་པ་ལྡེབ་ ༢། 723-726 བཅས་དེ་ལྟར་ལེགས་པར་བཞུགས་པ་རྣམས་གདན་ས་རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་སྔོན་གྱི་ཤིང་པར་༧མཁན་ཆེན་རྡོ་རྗེ་འཆང་པདྨ་བློ་གསལ་དང་རྫོགས་ཆེན་ཀོང་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཡོན་སྦྱར་གྱི་དཔེ་ལ་གཞི་བཟུང་། དེར་མེད་པ་འགའ་དེང་སང་གི་བཀའ་འབུམ་འཕྲུལ་པར་སོགས་ལས་བཏུས་ཏེ་འདོན་ཆོག་སྐོར་གཙོའི་དཔེ་པོད་འདི་བཞིན་བསྟན་སྦྱིན་ཙ་འདྲ་ (Tsadra Foundation) ཐེབས་རྩ་ཚོགས་པས་ཡོན་སྦྱར་ནས་སྤེལ་བ་སྟེ། ཕྲན་སྨིན་གླིང་པའི་ཆོས་འབངས་པ་པད་བཀོད་སྒམ་སྤྲུལ་ལམ་དྭགས་པོ་སྤྲུལ་སྐུར་འབོད་པས་བལ་ཡུལ་ཞེ་ཆེན་གདན་ས་ནས་ཞུ་དག་ནན་ཏན་དང་ཆོས་ཚན་གོ་རིམ་སོགས་ཀྱི་སྲི་ཞུ་བསྒྲུབས་པས་ཡིད་སྟོན་འཕེར་ངེས་དང་། དབུ་ལྷ་དང་སུམ་བིད་རྣམས་ལྷ་བྲིས་དགེ་རྒན་ཆེན་མོ་དཀོན་མཆོག་ལགས་དང་། ཡིག་འཛུད་པ་གཙོ་བོ་སློབ་དཔོན་མདོ་སྔགས་བསྟན་འཛིན་སོགས་བལ་ཡུལ་ཞེ་ཆེན་གདན་སའི་པར་ལས་པ་ཡོངས་ནས། རབ་བྱུང་ ༡༧ པའི་ས་ཕག་ལོའི་ཟླ ༨ པའི་ཚེས་ ༣ བཟང་པོར་སྤེལ་བ་དར་རྒྱས་བཀྲ་ཤིས་འཕེལ།། །།