ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ སྨོན་ལམ་དྲང་སྲོང་བདེན་ཚིགཿ

From Khyentse Lineage - A Tsadra Foundation Project
DKYD-DZINDROL-043
Wylie title yang gsang mkha' 'gro'i thugs thig las smon lam drang srong bden tshig DKYD-DZINDROL-043.pdf
Location mdo mkhyen brtse 'dzin grol
Volume 1, Text 43, Pages 407-410 (Folios 1a1 to 2b6)
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation Mdo mkhyen brtse. Yang gsang mkha' 'gro'i thugs thig las smon lam drang srong bden tshig. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 407-410. Delhi: Shechen Publications, 2020.
Genre Prayers - smon lam
Cycle ཡང་གསང་མཁའ་འགྲོའི་ཐུགས་ཐིག་ (yang gsang mkha' 'gro'i thugs thig)
Parent Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
Colophon

སྨོན་ལམ་དྲང་སོང་བདེན་ཚིག་འདིཿ ཡང་གསང་ཐུགས་ཐིག་མཐའ་རྟེན་དུཿ དྲི་མ་མེད་པའི་གསུངས་འཁྲུལ་མེདཿ པདྨ་ཐོད་ཕྲེང་བདག་གིས་ཕབཿ བདེ་སྟེར་ཌཱཀྐཱིའི་ཁྱད་ནོར་མཛོདཿ ཡི་གེ་རིགས་ཀྱི་བུ་ཡིས་བྲིསཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བསྟན་པ་ཉི་འོག་ཀུན་ཁྱབ་ནསཿ རྩ་གསུམ་ཌཱཀྐིའི་བྱིན་ནུས་ལྡནཿ སྲུང་མའི་ཕྲིན་ལས་ཐོགས་མེད་ཤོགཿ ས་མ་ཡཿགུ་ཧྱཿ རྒྱ་རྒྱ་རྒྱཿ ཤུབྷཾ།། །།

smon lam drang song bden tshig 'di:_yang gsang thugs thig mtha' rten du:_dri ma med pa'i gsungs 'khrul med:_pad+ma thod phreng bdag gis phab:_bde ster DAk+kI'i khyad nor mdzod:_yi ge rigs kyi bu yis bris:_yang gsang thig le skor gsum gyi:_bstan pa nyi 'og kun khyab nas:_rtsa gsum DAk+ki'i byin nus ldan:_srung ma'i phrin las thogs med shog:_sa ma ya: gu h+ya:_rgya rgya rgya:_shub+haM//_//

[edit]
ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ སྨོན་ལམ་དྲང་སྲོང་བདེན་ཚིག་བཞུགསཿ ཨེ་མ་ཧོཿ ཆོས་སྐུ་རྡོར་འཆང་ལོངས་སྐུ་རྡོ་རྗེ་སེམསཿ སྤྲུལ་སྐུ་དྲང་སྲོང་དྲི་མེད་གསང་བའི་བདགཿ དགའ་རབ་ཤྲཱི་སེང་པད་འབྱུང་བི་མ་ལཿ ཀུན་འདུས་རྩ་བའི་བླ་མ་ཐོད་ཕྲེང་རྩལཿ རྩ་གསུམ་ལྷ་དང་དྲང་སྲོང་རིག་འཛིན་ཚོགསཿ བདག་གི་བདེན་ཚིག་འགྲུབ་པའི་དཔང་པོར་བཞུགསཿ ཐོག་མར་འཁྲུལ་པ་ནས་བཟུང་ད་ལྟའི་བརཿ སྲིད་འདིར་བདག་ལུས་གྲངས་མེད་བླངས་གྱུར་ཀྱངཿ སྟོང་ཉིད་བྱང་ཆུབ་སེམས་ཀྱིས་མ་ཟིན་པསཿ ད་དུང་ཆགས་སྡང་འཆིང་བ་དམ་པོས་བཅིངསཿ བདག་ནི་མ་རིག་འཐིབས་པོས་བསྒྲིབས་ལགས་ཀྱངཿ བླ་མའི་ཐུགས་བསྐྱེད་དུས་སུ་སྨིན་པ་ཡིསཿ བདག་ཅག་ཡང་གསང་རྡོ་རྗེའི་ལམ་དང་ཕྲདཿ ད་ནི་ཆགས་སྡང་སྒྲོག་ལས་གྲོལ་བར་ཤོགཿ གྲངས་མེད་སྐྱེ་བར་ལས་ཀྱིས་འབྲེལ་པ་ཡིཿ ཐབས་ལམ་རྣམ་པར་རོལ་པའི་བདེ་ཆེན་གྲོགསཿ བྱམས་དང་བརྩེ་བས་བསྐྱངས་པའི་ཕ་མ་དངཿ དམ་ཚིག་གཅིག་ཏུ་འབྲེལ་བའི་རྡོ་རྗེའི་མཆེདཿ གཙོ་གྱུར་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུནཿ བློ་ལྡོག་རྣམ་པ་བཞི་ཡིས་རྒྱུད་བསྐུལ་ནསཿ རྩེ་གཅིག་དམ་པའི་ཆོས་ལ་བརྩོན་འགྲུས་བསྐྱེདཿ བསླབ་པ་གསུམ་གྱི་ཡོན་ཏན་མཐར་ཕྱིན་ཤོགཿ མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་ཡིཿ སྨིན་བྱེད་བྱིན་རླབས་དབང་བཞིས་རང་རྒྱུད་སྨིནཿ བསྐྱེད་དང་རྫོགས་པའི་ལམ་མཆོག་མཐར་ཕྱིན་ནསཿ མི་ཉམས་རྡོ་རྗེའི་དམ་ལ་གནས་པར་ཤོགཿ བདེ་ཆེན་རང་ལུས་རྒྱལ་བའི་དཀྱིལ་འཁོར་རྫོགསཿ རྩ་འབྱོངས་རླུང་ཆུན་ཐིག་ལེ་ལས་རུང་ཞིངཿ དགའ་བཞིའི་ཡེ་ཤེས་སྟེར་བའི་མཛའ་ན་མོརཿ སྦྱོར་བས་རླུང་སེམས་དབྱེར་མེད་འདྲེས་པར་ཤོགཿ ལྟ་བ་འཕོ་མེད་ཆོས་སྐུའི་རྒྱལ་ས་ཟིནཿ སྒོམ་པ་ཡེང་མེད་འཁྲུལ་གྲོལ་རེ་དོགས་བྲལཿ སྤྱོད་པ་སྤང་བླང་བྲལ་བ་ཆོས་ཉིད་རྩལཿ ཁྲེགས་ཆོད་འབྲས་བུ་གཞི་ལ་རྫོགས་པར་ཤོགཿ ཨ་ཏིའི་ལམ་གྱི་རྩ་བ་འོད་གསལ་གནདཿ ཐོད་རྒལ་སྒྲོན་མ་བཞི་ཡི་ལམ་མཆོག་ལཿ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་རྩལ་རྫོགས་ནསཿ བློ་བྲལ་ཆོས་ཟད་ཆེན་པོར་སངས་རྒྱས་ཤོགཿ ལམ་ལ་མ་ཞུགས་འབྲེལ་པའི་སེམས་ཅན་ཀུནཿ བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་དངཿ རྗེས་འཛིན་སྨོན་ལམ་དྲག་པོའི་མཐུ་ནུས་ཀྱིསཿ བདེ་ཆེན་པོ་ཊ་དཔལ་རིར་སངས་རྒྱས་ཤོགཿ བདག་ཉིད་སྐྱེ་ཀུན་རྡོ་རྗེ་སློབ་དཔོན་དངཿ ཟབ་ལམ་དགའ་བཞིས་འབྲེལ་པའི་རྡོ་རྗེའི་གྲོགསཿ དམ་ཚིག་གཅིག་པའི་མཆེད་ལྕམ་རིག་འཛིན་ཚོགསཿ མི་འབྲལ་དཀྱིལ་འཁོར་གཅིག་ཏུ་འཁོད་པར་ཤོགཿ སྣ་ཚོགས་ཐབས་ཀྱིས་སེམས་ཅན་དོན་བྱེད་ཅིངཿ སྤྲུལ་པ་བྱེ་བ་ཕྲག་བརྒྱ་གྲངས་མེད་ཀྱིསཿ རང་རང་སྐད་དུ་ཐབས་མཁས་ཆོས་སྟོན་ཅིངཿ འཁོར་བའི་རྒྱ་མཚོ་དོང་ནས་སྤྲུག་པར་ཤོགཿ མཐར་ཐུག་ཡབ་ཡུམ་ཐབས་ཤེས་མཆེད་ལྕམ་སྲསཿ ལོངས་སྐུ་ཆེན་པོའི་ཉམས་ལེན་མཐར་ཕྱིན་ནསཿ ཆོས་དབྱིངས་འོག་མིན་གཞོན་ནུ་བུམ་སྐུའི་ཀློངཿ ཚོམ་བུ་གཅིག་ཏུ་དབྱེར་མེད་གྲོལ་བར་ཤོགཿ ཆོས་ཉིད་རང་བཞིན་རྣམ་པར་དག་པ་དངཿ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་མཐུསཿ བདེན་ཚིག་སྨོན་ལམ་གེགས་མེད་འགྲུབ་གྱུར་ནསཿ ཡང་གསང་བསྟན་པ་མི་ནུབ་མཐའ་རྒྱས་ཤོགཿ སྨོན་ལམ་དྲང་སོང་བདེན་ཚིག་འདིཿ ཡང་གསང་ཐུགས་ཐིག་མཐའ་རྟེན་དུཿ དྲི་མ་མེད་པའི་གསུངས་འཁྲུལ་མེདཿ པདྨ་ཐོད་ཕྲེང་བདག་གིས་ཕབཿ བདེ་སྟེར་ཌཱཀྐཱིའི་ཁྱད་ནོར་མཛོདཿ ཡི་གེ་རིགས་ཀྱི་བུ་ཡིས་བྲིསཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བསྟན་པ་ཉི་འོག་ཀུན་ཁྱབ་ནསཿ རྩ་གསུམ་ཌཱཀྐིའི་བྱིན་ནུས་ལྡནཿ སྲུང་མའི་ཕྲིན་ལས་ཐོགས་མེད་ཤོགཿ ས་མ་ཡཿགུ་ཧྱཿ རྒྱ་རྒྱ་རྒྱཿ ཤུབྷཾ།། །། ༈ ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཅིང་། །བློ་གྲོས་སྣང་བ་རབ་ཏུ་རྒྱས་བྱས་ནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །ཀློང་ཆེན་གསུང་ངོ་།། ༈ སིདྡྷི་རསྟུ། ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །གཅོད་ཡུལ་བསྟན་པ་འབར་གྱུར་ཅིག །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པ་བཀྲ་ཤིས་སྙན་གྲགས་དགེ། །བསྟན་འཛིན་བཀྲ་ཤིས་འབར་གྱུར་ཅིག །མདོ་དོན་ཤེར་ཕྱིན་ལྟ་དགོངས་དང་། །སྔགས་དོན་རིག་བརྟུལ་སྤྱོད་པ་གཉིས། །གཅིག་དྲིལ་གཅོད་ཡུལ་དེ་འཛིན་བཅས། །བཀྲ་ཤིས་དཔལ་དུ་འབར་གྱུར་ཅིག །འབྲུ་འཇམ་དབྱངས་གྲགས་པའི་གསུང་ངོ་།། ༈ ངོ་བོ་འགྱུར་མེད་རང་བྱུང་རྡོ་རྗེའི་སྐུ། །རང་གདངས་འགག་མེད་བྱང་ཆུབ་རྡོ་རྗེའི་གསུང་། །སྤྲོས་བྲལ་དབུ་མ་འཇའ་ལུས་རྡོ་རྗེའི་ཐུགས། །རྡོ་རྗེ་གསུམ་གྱི་བསྟན་པ་དར་རྒྱས་ཤོག །རྒྱལ་དབང་ཉི་མས་བྲིས་སོ། །སརྦ་མངྒ་ལཾ།། །།