JKW-KABAB-Volume-04-NGA

From Khyentse Lineage - A Tsadra Foundation Project

‎‎

མཁྱེན་བརྩེའི་བཀའ་བབས། གླེགས་བམ་བཞི་པ་ང༽ - 33 Texts - 697 Pages


Karchag

Karchag PDF
ང༽ པ་ལ། གསུམ་པ་ཡང་གཏེར་ནི་གཏེར་སྟོན་གོང་མ་དག་གིས་གཏེར་ནས་གཏོན་ཀྱང་འགྲོ་དོན་མ་བྱུང་བས་ཡང་གཏེར་དུ་སྦས་པའམ་མཁའ་འགྲོ་ཆོས་སྲུང་གིས་བདག་གིར་མཛད་པ་ལས་རྗེ་མཁྱེན་བརྩེས་སླར་སྣང་བར་མཛད་པའི་སྐོར་ཏེ། རྒྱས་པར་ན་གཏེར་སྟོན་སྟོང་རྩ་ལྷག་གི་རྣམ་ཐར་དང་གཏེར་ཆོས་ཚང་མ་རྗེ་འདི་ལ་ཉེ་བརྒྱུད་དུ་ཐོབ་པ་ཡིན་མོད། འདིར་ནི་དབང་ལུང་ཁྲིད་ཀྱི་རྒྱུན་དཔེ་ཆ་དང་བཅས་པ་དབྱིངས་སུ་མནལ་ཟིན་པ་ལས་སླར་ཡང་གཏེར་དུ་བཞེས་པ་རྣམས་གཙོ་བོར་བཀོད་པ་ལ། གཏེར་སྟོན་སངས་རྒྱས་བླ་མའི་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་སྐོར་ལ། རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང༌། དཀྱིལ་འཁོར་སྤྱི་ཡི་ས་ཆོག་མདོར་བསྡུས། བྱིན་འབེབས་ཐུགས་རྗེའི་ལྕགས་ཀྱུ། རྩ་གསུམ་དྲིལ་སྒྲུབ་ཀྱི་ཕྲིན་ལས་སྙིང་གི་ནོར་བུ། རྩ་གསུམ་རྒྱ་མཚོར་སྨན་མཆོད་འབུལ་བའི་ཚུལ་བདུད་རྩིའི་སྤྲིན་ཕུང༌། རྩ་གསུམ་གཏོར་བསྔོས་ཉུང་བསྡུས་ཕྲིན་ལས་ནོར་བུའི་རོལ་མཚོ། རྩ་གསུམ་ཚོགས་བསྡུས། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་བསམ་དོན་མྱུར་འགྲུབ། ཚོགས་གླུ་ཌཱ་ཀི་དགྱེས་རོལ། ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་བཤགས་པའི་རྒྱལ་པོ་ན་རཀ་དོང་སྤྲུགས། སྨོན་ལམ་རྡོ་རྗེའི་རྒྱ་མདུད། རྩ་གསུམ་དྲིལ་བསྒྲུབ་ཀྱི་བསྙེན་ཡིག་ཉུང་གསལ་སྙིང་པོར་དྲིལ་བ། རྩ་གསུམ་དྲིལ་སྒྲུབ་ཀྱི་དོན་དབང་གི་མཚམས་སྦྱོར་ཉུང་ངུར་བསྡུས་པ་སྨིན་བྱེད་སྙིང་པོའི་ནོར་བུ། རྩ་གསུམ་དྲིལ་སྒྲུབ་ཀྱི་ཚེ་དབང་སྙིང་པོར་དྲིལ་བ་འཆི་མེད་གྲུབ་པའི་ནོར་བུ་ལྡེབ། མཐའ་རྟེན་བཀྲ་ཤིས་རྟགས་རྫས་དང་རྒྱལ་སྲིད་སྣ་བདུན་སྦྱིན་པའི་ཚིག །རྩ་གསུམ་དྲིལ་སྒྲུབ་ཀྱི་ལས་བཞིའི་སྦྱིན་སྲེག་གྲུབ་གཉིས་དཔལ་སྟེར། ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་དང་རྗེས་འབྲེལ་གཤིན་པོར་ཕན་གདགས་པའི་ཆོ་ག་ཐུགས་རྗེའི་མཆིལ་རྣོན། རྩ་གསུམ་ཞི་ཁྲོ་སྤྱིའི་སྒྲུབ་པ་ཆེན་པོའི་ཁོག་དབུབ་ཁྱེར་བདེར་བཀོད་པ་གཅིག་ཤེས་ཀུན་གྲོལ། བདུད་རྩི་སྨན་གྱི་སྒྲུབ་པ་མདོར་བསྡུས་སུ་བྱ་ཚུལ་འཆི་མེད་རྟག་པའི་བཅུད་ལེན། རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབས། མཐའ་རྟེན་བཀྲ་ཤིས་རྫས་བརྒྱད་དང་སྣ་བདུན་འབུལ་ཚིག །རྩ་གསུམ་དྲིལ་སྒྲུབ་ཞལ་ཐང་འབྲིང་པོའི་བཀོད་ཡིག ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཟིན་བྲིས་ནོར་བུའི་འོད་ཟེར། རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་དམིགས་ཟིན་བྲིས། ཉི་མ་སེང་གེའི་ཡང་གཏེར་བླ་རྫོགས་ཐུགས་གསུམ་འདུས་པའི་ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ། ཐུགས་རྗེ་ཆེན་པད་རྒྱལ་བརྒྱུད་འདེབས། བླ་རྫོགས་ཐུགས་གསུམ་འདུས་པའི་ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་གྱི་ལས་བྱང་ཡེ་ཤེས་སྣང་བ། ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་རྒྱུན་གྱི་རྣལ་འབྱོར་པདྨ་སྣང་བའི་རྒྱན། ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དབང་བསྐུར་གྱི་ཟིན་བྲིས་མཐོང་གསལ་སྒྲོན་མེ། ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དབང་བསྐུར་གྱི་ཟིན་བྲིས་དང་རྗེས་སུ་མཐུན་པའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་བྱྀན་རླབས་རྒྱུན་འབེབས། ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོའི་དོན་དབང་འབྲིང་པོ་དང་གཏོར་དབང་བསྡུས་པ་ཁོལ་ཕྱུང་བཀླགས་ཆོག་ཏུ་བཀོད་པ། བླ་རྫོགས་ཐུགས་གསུམ་འདུས་པའི་ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་ལས་རིམ་པ་གཉིས་པ་རྫོགས་པ་ཆེན་པོ་སེམས་ཉིད་གཅེར་མཐོང་གི་ཁྲིད།