མཐའ་རྟེན་བཀྲ་ཤིས་རྟགས་རྫས་དང་རྒྱལ་སྲིད་སྣ་བདུན་སྦྱིན་པའི་ཚིག།

From Khyentse Lineage - A Tsadra Foundation Project
JKW-KABAB-04-NGA-015
Wylie title mtha' rten bkra shis rtags rdzas dang rgyal srid sna bdun sbyin pa'i tshig JKW-KABAB-04-NGA-015.pdf
Location mkhyen brtse'i bka' babs
Volume 4, Text 15, Pages 117-118 (Folios 1a1 to 1b1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. mtha' rten bkra shis rtags rdzas dang rgyal srid sna bdun sbyin pa'i tshig. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 4: 117-118. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Invocation of Auspiciousness - bkra shis brjod pa
Karchag page JKW-KABAB-Volume-04-NGA-Karchag
Colophon

བཀྲ་ཤིས་ཀྱི་ཚིགས་བཅད་རྣམས་བརྗོད། །མངྒ་ལཾ།།

bkra shis kyi tshigs bcad rnams brjod/__/mang+ga laM//

[edit]
༄༅། །མཐའ་རྟེན་བཀྲ་ཤིས་རྟགས་རྫས་དང་རྒྱལ་སྲིད་སྣ་བདུན་སྦྱིན་པའི་ཚིག་ནི། །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་དཔལ། །བསོད་ནམས་བཀྲ་ཤིས་རྟགས་སུ་ཡོངས་ཤར་བ། །བསོད་ནམས་དཔལ་ཀྱྀ་འབྱོར་པས་དབང་བསྐུར་བས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་རྫོགས་ཤོག །ཨོཾ་ཨཥྟ་མངྒ་ལཾ་ཨ་བྷི་ཥིཉྩ་མི། །བཀྲ་ཤིས་ཚངས་སོགས་ཆེ་རྒུའི་ཚོགས་རྣམས་ཀྱིས། །བཀྲ་ཤིས་དོན་ཀུན་གྲུབ་ལ་ཕུལ་བ་ཡི། །བཀྲ་ཤིས་རྫས་མཆོག་བརྒྱད་ཀྱིས་དབང་བསྐུར་བས། །བཀྲ་ཤིས་སྲིད་ཞིའི་ཡོན་ཏན་གོང་འཕེལ་ཤོག །ཨོཾ་མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་མི། །དགེ་ལེགས་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི། །དགེ་ཚོགས་ཆུ་གཏེར་བསྲུབས་ལས་སྐྱེས་པ་ཡི། །དགེ་མཚན་རིན་ཆེན་བདུན་གྱིས་དབང་བསྐུར་བས། །དགེ་ཞིང་ཤིས་པའི་རྒྱལ་སྲིད་བརྟན་གྱུར་ཅིག །ཨོཾ་སཔྟ་རཏྣ་ཨ་བྷི་ཥིཉྩ་མི། དེ་ལྟར་ཁྱེད་རང་རྣམས་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་དུ་གསལ་བའི་མདུན་དུ་བཀྲ་ཤིས་པའི་རྟགས་བརྒྱད་དང་རྫས་བརྒྱད། །རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་གྱིས་མདུན་བདར་ཏེ་འཁོད་པ་ལ་སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པའི་ཞལ་ནས་ཤིས་པ་བརྗོད་པའི་གླུ་དབྱངས་ཀྱི་སྒྲ་སྙན་པར་སྒྲོགས་ཤིང༌། ཕྱག་ནས་མེ་ཏོག་མནྡ་ར་དཀར་པོའི་ཆར་སིལ་མར་བསྙིལ་བས་དགེ་ལེགས་ཀྱི་འབྱོར་པ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་ཁྱབ་ཅིང་རྟག་པར་སྤེལ་བའི་མོས་པ་མཛོད། བཀྲ་ཤིས་ཀྱི་ཚིགས་བཅད་རྣམས་བརྗོད། །མངྒ་ལཾ།། །།

Footnotes

Other Information