Search by property

From Khyentse Lineage - A Tsadra Foundation Project

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "colophontib" with value "།ཅེས་པ་འདིའང་མངྒ་ལས་སོ།།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • པདྨ་ཚེ་ཡི་སྙིང་ཐིག་གི་བསྙེན་ཅིང་སྒྲུབ་པའི་ཐོ་བྱང་འཆི་མེད་ཡེ་ཤེས་གྲུབ་པའི་དགོངས་རྒྱན།  + (།ཅེས་པ་འདི་ཡང་རང་ཉིད་ལམ་འདིའི་བསྙེན་སྒྲུབ་།ཅེས་པ་འདི་ཡང་རང་ཉིད་ལམ་འདིའི་བསྙེན་སྒྲུབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བའི་ཚེ་ན་ཟབ་ཆོས་འདི་ཉིད་ཀྱི་འཁོར་ལོས་སྒྱུར་བ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁྱེན་བརྩེ་ནུས་པའི་གཏེར་ཆེན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་འཇམ་མགོན་བླ་མ་གར་དབང་མདོ་སྔགས་གླིང་པ་ཚེ་མཆོག་གྲུབ་པའི་སྡེས་སངས་རྒྱས་གླིང་པའི་གཏེར་བྱོན་གུ་རུ་པདྨ་ཀཱ་རའི་སྐུ་སྤར་ལ་གང་གི་ཕྱག་གིས་བཏབ་པའི་བྱིན་སྐུ་ཁྱད་ཅན་དབང་པོའི་གྲངས་ལྡན་དང༌། འཁོར་འདས་ཀྱི་དྭངས་མ་བཅུད་དུ་སྨིན་པའི་ཚེ་རྫས་ལེ་ཚན་དང་བཅས་འདི་ལ་བསྙེན་ཡིག་རྒྱས་བསྡུས་ཀྱི་མཐར་མ་ལྷུང་བ་ཞིག་བྲིས་ཤིག་ཅེས་བཀའ་ཡི་ཅོད་པན་སྤྱི་བོར་དཔྱངས་པ་གུས་པས་མཆོད་དེ། མགོན་པོ་གང་དང་ཡོངས་འཛིན་དམ་པ་དུ་མའི་བཀའ་དྲིན་གྱིས་འཚོ་བའི་འབངས་ཐ་ཞྭ་སྤྲུལ་རྨོངས་བརྟུལ་རྟགས་ཙམ་འཛིན་པའི་ཤཱཀྱའི་དགེ་སྦྱོང་ངག་དབང་ཆོས་ཀྱི་བློ་གྲོས་དཔལ་བཟང་པོས་རང་ལོ་བཞི་བཅུ་རྩ་དགུར་རང་གནས་ཐུབ་བསྟན་མདོ་སྔགས་ཆོས་གླིང་གི་དབེན་སྤྱིལ་འཆི་མེད་དགའ་ཚལ་དུ་འགལ་བྱེད་ཀྱི་ལོ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་དང་བསྟུན་བྲིས་པས་འགྲོ་ཀུན་ཚེ་མཐའ་ཡས་པའི་དཔལ་ལ་རྟག་ཏུ་ངལ་འཚོ་བའི་རྒྱུར་གྱུར་ཅིག །ཛ་ཡནྟུ།།རྟག་ཏུ་ངལ་འཚོ་བའི་རྒྱུར་གྱུར་ཅིག །ཛ་ཡནྟུ།།)
  • རྩ་གསུམ་སྤྱི་འདུས་སྙིང་ཐིག་ལས། གསོལ་འདེབས་བྱིན་རླབས་མྱུར་འབེབས།  + (།ཅེས་པ་འདི་ཡང་རྗེ་བཙུན་རིན་པོ་ཆེའི་སྒྲུབས་གནས་གངས་མཐོན་མཐིང་རི་པའི་རྒྱལ་མོའི་འདབ་ཞོལ་ཤེལ་ཕུག་ཆུ་ཤིང་རྫོང་དུ་སྒྲུབ་པའི་སྐབས་སུ་ཙཱ་རི་ཨོ་རྒྱན་བསྟན་འཛིན་དང༌། དད་ལྡན་རྫོང་དཔོན་གསང་སྔགས་བསྟན་འཛིན་པས་བསྐུལ་ངོར་ཤཱཀྱ་ཤྲིས་ཐུན་སེང་ཁར་བྲིས་པ་དགེ་མངྒ་ལཾ།།)
  • རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ལྕེ་བཙུན་ཆེན་པོའི་བཱི་མ་ལའི་ཟབ་ཏིག་གི་བཤད་ཁྲིད་ཆུ་འབབས་སུ་བཀོད་པ་སྙིང་པོའི་བཅུད་དྲིལ་ཡེ་ཤེས་ཐིག་ལེ།  + (།ཅེས་པ་འདི་ཡང་རྗེའི་བཀའ་སློབ་མཁས་དབང་དུ་མའི་གྲལ་མཐའ་པ་གཏེར་མིང་ལས་རབ་གླིང་པས་གསུང་ཟབ་སྔ་ཕྱིའི་འགག་དོན་གང་ཤེས་ཟིན་བྲིས་སུ་བཏབ་པ་ཡོངས་སུ་དགེ་བར་གྱུར་ཅིག།)
  • ཡང་དེ་ཉིད་ལ་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག།  + (།ཅེས་པ་འདི་ཡང་སྐྱབས་མགོན་གང་གི་རྡོ་རྗེའི་ས།ཅེས་པ་འདི་ཡང་སྐྱབས་མགོན་གང་གི་རྡོ་རྗེའི་སློབ་མ་བློ་གྲོས་དཔལ་ལྡན་གྱིས་ཆེད་དུ་བསྐུལ་བ་དང་། རང་ཉིད་ཀྱིས་ཀྱང་མི་ཕྱེད་པའི་གུས་པས་ཀུན་ནས་བསླངས་ཏེ་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་གྲུབ་པའི་སྦྱོར་བ་འཆར་བའི་སྲོད་ཐུན་ལ་བསམ་སྡིངས་ཌཱ་ཀི་འདུ་བའི་ཚལ་དུ་གང་ཤར་བྲིས་ཏེ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིགོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག)
  • བླ་མ་བཀྲ་ཤིས་རྡོ་རྗེའི་མཚན་དོན་གསོལ་འདེབས་བཀྲ་ཤིས་དགེ་ལེགས།  + (།ཅེས་པ་འདི་ཡང་ཨ་བུ་ཧྲལ་པོས་སྙིང་ཐག་པ་ནས་བྲིས་པ་དགེ། དགེའོ།)
  • ཕ་རྒྱལ་བ་ཀུན་དངོས་ཞེས་པའི་གླུ།  + (།ཅེས་པ་འདི་ཡང་ཨཱ་ཡུར་མིང་གིས་རིགས་འདུས་གུ་རུ་རིན་པོ་ཆེའི་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས་བྱུང་རྒྱལ་དུ་བརྗོད་པའོ།)
  • ལམ་ཟབ་བླ་མཆོད་ཕྱག་འཚལ་མཇུག་ཏུ་བཏོན་རྒྱུ་གསལ་སྟོང་ཟུང་འཇུག་ཅེས་པ།  + (།ཅེས་པ་འདི་ལམ་ཟབ་བླ་མཆོད་ཀྱི་ཕྱག་འཚལ་མཇུག་ཏུ་འདོན་ན་ལེགས་ཞེས་མཁྱེན་བརྩེའི་དབང་པོས་བྲིས།།)
  • ནོར་སྒྲུབ་རིན་ཆེན་བུམ་བཟང་གི་བརྒྱུད་འདེབས་དོན་འདུས་སྙིང་པོ།  + (།ཅེས་པ་འདི་ལྟར་དགོས་ཞེས་དགེ་སློང་ཀརྨ་སྒྲུབ་བརྒྱུད་ཚུལ་ཁྲིམས་ཡེ་ཤེས་ཀྱིས་གསུང་ངོར་མཁན་པོ་རཏྣས་བྲིས་པ་བི་ཛ་ཡནྟུ།།)
  • བླ་སྒྲུབ་སྐུ་གསུམ་རིགས་འདུས་ཟབ་ཏིག་དང་འབྲེལ་བའི་རྡོ་རྗེ་ཐེག་པའི་གསོ་སྦྱོང་རྡོར་སེམས་ཞལ་ལུང་ཉུང་ངུར་བསྡུས་པ་བདུད་རྩིའི་ཐིག་ལེ།  + (།ཅེས་པ་འདི་ལྟར་བྱོས་ཞེས་མཆོག་སྤྲུལ་རིན་པོ་ཆེས་བཀའ་གནང་སྩལ་བཞེད་བཞིན། སྤྲུལ་པའི་གཏེར་ཆེན་རྣམ་གཉིས་ཀྱི་ཟབ་ཆོས་ལས་བཏུས་ཤིང༌། གསོ་སྦྱོང་བསྡུས་པའི་ཚུལ་དུ་གཏེར་སྲས་སྤྲུལ་མིང་པས་བྲིས་ཏེ་ཡིག་བྲིས་ཀརྨ་བདུད་འདུལ་ནས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག།)
  • སྙན་བརྒྱུད་ཟབ་མོའི་ཆོས་སྐོར་ལས། གཏེར་སྲུང་གསོལ་མཆོད་རྒྱུན་ཁྱེར།  + (།ཅེས་པ་འདི་ལྟར་མཆོག་སྤྲུལ་ཚེ་དབང་རྒྱལ་མཚན་བསྟན་པའི་ཉི་མ་མཆོག་ནས་གསུང་བསྐུལ་བླ་མ་དྲག་པོའི་ཐུགས་དམ་ཉམས་བཞེས་གོང་འཕེལ་འབྱུང་ཕྱིར་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྐབས་སུ་སྒྲུབ་གནས་ཟངས་བྲག་རིན་ཆེན་འབར་བའི་གནས་སུ་པདྨ་དབང་ཆེན་མཁའ་ལྡིང་རྩལ་གྱིས་སོ། །དགེའོ།།)
  • འཇམ་དབྱངས་བླ་མས།  + (།ཅེས་པ་འདི་སྔ་སོར་ཡང་འགའ་རེས་དགོས་ཚུལ་ཟེར་སྐབས་བྱིན་པ་ཡིན་ལགས། མངྒ་ལཾ།།)
  • རྡོ་རྗེའི་གླུ་སྤྲིན་དཀར་འཛུམ་པོའི་ལྷ་ཡི་དབྱངས་སྙན།  + (།ཅེས་པ་འདི་སྦས་ཡུལ་འབྲས་ལྗོངས་གནས་ཀྱི་སྙིང།ཅེས་པ་འདི་སྦས་ཡུལ་འབྲས་ལྗོངས་གནས་ཀྱི་སྙིང་པོ་བྲག་དཀར་བཀྲ་ཤིས་སྡེང་དུ་ཆོས་རྒྱལ་ཆེན་པོ་ཐབས་ཤེས་དང་ལྷན་ཅིག་གནས་ཆེན་བྱིན་འབེབ་སྐབས་སུ། རང་སློབ་མཆོད་དཔོན་དགེ་སློབ་མཆོག་ལྡན་ནས་བསྐུལ་བས་མཚམས་སྦྱར་ཏེ་པདྨ་ཡེ་ཤེས་རྡོ་རྗེས་གང་ཤར་ཐོབ་བྱུང་དུ་བྲིས་པའོ། །འདི་འབྲི་སྐབས་རྟེན་འབྲེལ་རབ་ཏུ་གྱུར་བ་བྱུང་ཞིང་། །དེའང་ལྷ་བཙུན་ཆེན་པོ་བྲི་སྐབས་དངུལ་ལས་བཟོས་པའི་བཀྲ་ཤིས་རྟགས་བརྒྱད། བྷོ་དྷི་ཙེའི་ཕྲེང་བ། མཁྱེན་བརྩེ་རིན་པོ་ཆེའི་སྒབས་མཎྜལ་རྫས་བརྒྱད་རི་མོ་ཡོད་པ་ལྕགས་རི་དང་བཅས། འབྲས་དཀར་སྡེར་མ་གང་། ཡང་གཙང་པ་རྒྱ་རས་ཀྱི་སྐུ་བཅས་འབྱོར། དེ་རྣམས་དད་ལྡན་ལི་ཐང་དག་མ་ནས་ཕུལ་བའོ།།ར། དེ་རྣམས་དད་ལྡན་ལི་ཐང་དག་མ་ནས་ཕུལ་བའོ།།)
  • འཇམ་དབྱངས་དང་སྒྲོལ་དཀར་ཤོ་ལོ་ཀ་དང་སྒྲོལ་མའི་གསོལ་འདེབས།  + (།ཅེས་པ་འདིའང་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་གསུང་བྱིན་བརླབས་ཅན་ནོ།།)
  • བླ་ཕུར་ཐུགས་ཀྱི་ཐིག་ལེ་ལས། །ཕྲིན་ལས་དཔལ་ཆེན་རང་རྫོགས།  + (།ཅེས་པ་འདིའང་༧སྐྱབས་རྗེ་རྡོ་རྗེ་འཆང་གི་ཞལ་།ཅེས་པ་འདིའང་༧སྐྱབས་རྗེ་རྡོ་རྗེ་འཆང་གི་ཞལ་སྐྱིན་རྩེ་སྤྲུལ་མ་ཧཱ་རཏྣ་ཝགིནྡྲ་ཤྲཱི་མ་ན་དང༌། རྩ་གླིང་མཆོག་སྤྲུལ་རིན་པོ་ཆེ་སོགས་ཀྱི་སྔར་ནས་བཀའ་བསྩལ་སྤྱི་བོར་ཕེབས་པ་དང༌། ཉེ་ཆར་རང་སློབ་ཨ་བྷ་ཡ་སོགས་ཀྱིས་བཞེད་པ་སྐོང་སླད། ༧དཔལ་ཨོ་རྒྱན་སངས་རྒྱས་གཉིས་པ་དཀྱིལ་འཁོར་འདི་ཉིད་ཀྱི་གཙོ་བོར་བཞེངས་ཏེ་མ་འོངས་དོན་དུ་ཐུགས་སྲས་རྗེ་འབངས་གྲོགས་བཅས་སྨིན་གྲོལ་ལ་བཀོད་པའི་གནས་མཆོག་སྤ་གྲོ་སྟག་ཚང་དུ་༧སྐྱབས་གཅིག་གཏེར་ཆེན་བླ་མའི་བྱིན་རླབས་ཀྱི་འོད་སྣང་ཏི་ལ་ཀར་སོན་པ་བྷུ་སུ་ཀུ་ཛྙཱ་ན་བཛྲ་གྱིས་བཀོད་པ་ཡི་གེ་པ་ནི་ཨ་བྷ་ཡས་སོ། །ཤུབྷཾམསྟུ་སརྦ་ཛ་ག་ཏཾ།།ེ་པ་ནི་ཨ་བྷ་ཡས་སོ། །ཤུབྷཾམསྟུ་སརྦ་ཛ་ག་ཏཾ།།)
  • བླ་མ་བསྟན་གཉིས་སྐོར་གསུམ་གྱི་སྙིང་པོའི་དོན་དབང་བཀླགས་ཆོག་ཏུ་བཀོད་པ་བདུད་རྩིའི་ཐིགས་པ།  + (།ཅེས་པ་འདིའང་ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་།ཅེས་པ་འདིའང་ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་ཆེས་རྗེས་སུ་གནང་བ་ལྟར་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྗེ་ཉིད་ཀྱི་ཕྱག་བཞེས་ནོར་བ་མེད་པར་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་ཁྲིགས་བཀོད་བྱས་པ་དགེ་ལེགས་འཕེལ། ཕུན་ཚོགས་རྣམ་རྒྱལ་པས་ནག་མགྲོས་སུ་བཀོད།ལ། ཕུན་ཚོགས་རྣམ་རྒྱལ་པས་ནག་མགྲོས་སུ་བཀོད།)
  • རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས། དབང་བཞིའི་བརྡ་ཁྲིད་བཀླགས་ཆོག་ཏུ་བཀོད་པ་གནས་ལུགས་གཅེར་མཐོང༌།  + (།ཅེས་པ་འདིའང་ཁྱབ་བདག་གདོད་མའི་མགོན་པོ་བཀའ་།ཅེས་པ་འདིའང་ཁྱབ་བདག་གདོད་མའི་མགོན་པོ་བཀའ་དྲིན་སུམ་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་བས་རྗེས་སུ་གནང་བ་སྩལ་བ་དང༌། སྔ་འགྱུར་བསྟན་འགྲོའི་དཔལ་མགོན་འཛར་ཀ་དང་དགེ་མང་མཆོག་སྤྲུལ་རྣམ་པ་གཉིས་ནས་གསུང་བསྐུལ་གནང་བ་ལྟར་འདུ་གསུམ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གཏེར་གཞུང་སོར་བཞག་ལ་ཁ་གསལ་ཕྲན་ཚེགས་ཀྱིས་བརྒྱན་ཏེ་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།།ྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།།)
  • ཞི་བྱེད་སྐོར་བདུན་ཀྱི་ལས་ཚོགས་སྦྱིན་སྲེག །བྱབས་ཁྲུས། བྱད་དཀྲོལ། འཆི་བསླུ་རྣམས་གསལ་བར་བཀོད་པ་མུ་ཏིག་ཆུན་པོ།  + (།ཅེས་པ་འདིའང་ཁྱབ་བདག་འཁོར་ལོའི་མགོན་པོ་ཀུན་མཁྱེན་བླ་མ་རིན་པོ་ཆེའི་གསུང་གིས་རྗེས་སུ་གནང་བ་ལྟར། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།།)
  • གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་སྨན་སྒྲུབ་ལག་ལེན་འདུས་གསལ་དུ་བཀོད་པ་བདུད་རྩིའི་ཞུན་ཐིགས།  + (།ཅེས་པ་འདིའང་ཁྱབ་བདག་འཁོར་ལོའི་མགོན་པོ་གཏེ།ཅེས་པ་འདིའང་ཁྱབ་བདག་འཁོར་ལོའི་མགོན་པོ་གཏེར་ཆེན་བླ་མ་རིན་པོ་ཆེའི་བཀའ་ལུང་སྤྱི་བོར་ཕེབས་པ་ལྟར་རྗེ་ཉིད་ཀྱི་དགོངས་གཏེར་འཕགས་མའི་སྙིང་ཐིག་ལས་འཆི་མེད་རིག་འཛིན་རྣམ་གསུམ་གྱི་བླ་སྒྲུབ་བྱིན་རླབས་སྙིང་པོ་ལས་འབྱུང་པའི་གཞུང་ཉིད་ལྷ་སྔགས་ཁ་བསྒྱུར་དང་ལག་ལེན་རྣམ་པར་གསལ་བས་བརྒྱན་པ་བལྟས་ཆོག་ཉིད་དུ། དུས་ཞབས་ཀྱི་སྒྲུབ་པ་པོའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བསྡེབས་པ་དགེ་ལེགས་འཕེལ།།ལྷ་རྩེའི་ཆོས་གྲྭར་བསྡེབས་པ་དགེ་ལེགས་འཕེལ།།)
  • གསོལ་འདེབས་བླ་མ་མཁྱེན་ནོ།  + (།ཅེས་པ་འདིའང་གཅོར་གཞུང་ཀླག་བཀས་ཚང་གི་བུ་ཚེ་དགའ་སོགས་ནས་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་ངོར། གདམས་པ་ཕྱོགས་བསྒྲིལ་གྱི་ཚུལ་དུ་སྲས་མིང་པས་བྲིས་པའོ། །དགེའོ།།)
  • མྱོས་བྱེད་ཀྱི་བཏུང་བའི་ཉེས་དམིགས་མདོ་རྒྱུད་བསྟན་བཅོས་རྣམས་ལས་བཏུས་པ་ཉེས་པའི་འཕྲང་སྒྲོལ།  + (།ཅེས་པ་འདིའང་གཞན་ཕན་ལྷག་པའི་ཐུགས་ལྡན་གྱི་ད།ཅེས་པ་འདིའང་གཞན་ཕན་ལྷག་པའི་ཐུགས་ལྡན་གྱི་དམ་པ། སྡེ་བཞི་དགེ་བཅུའི་ཆོས་སྲིད་ཀྱི་མདུན་ན་འདོན་ཆེན་པོ་གཉེར་པདྨ་ལེགས་གྲུབ་ནས་སྔོན་འགྲོའི་ཁྲིད་ཡིག་གི་ཆ་ལག་ཏུ་འདི་ལྟ་བུ་ཞིག་དགོས་ཞེས་གསུང་བསྐུལ་ནན་བསྐྱར་གནང་བ་ལྟར། ཤྲཱི་ཨ་བུ་ཧྲལ་པོས་བཀའ་དང་བསྟན་བཅོས་ཀྱི་གཞུང་བཟང་རྣམས་ལས་བཏུས་པའོ། །ཕྱི་མོའི་ཞུ་དག་ཀྱང་ཀུ་སཱ་ལི་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་དེ་བཱི་ཀོ་ཊིའི་ཡང་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།་ཀོ་ཊིའི་ཡང་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།)
  • དཔལ་ལྡན་བླ་མར་གསོལ་འདེབས་ཀྱི་གླུ་དད་པའི་ཕོ་ཉ།  + (།ཅེས་པ་འདིའང་གཞོན་ནུ་འཇིགས་པ་མེད་པའི་བློ་གྲོས་ཀྱི་ཆུ་གཏེར་ལས་གང་ཤར་གྱི་རྟོག་པ་གླུར་བླངས་པའི་འཆར་གཞིའོ།)
  • གུར་དྲག་གི་ཚོགས་བསྡུས།  + (།ཅེས་པ་འདིའང་གུ་རུ་དྲག་པོའི་ཚོགས་གསོག་སྐབས་མཆེད་གྲོགས་དམ་པ་རྣམས་ཀྱིས་བསྐུལ་ངོ་མ་ལྡོག་ཙམ་དུ། མོས་གུས་ལྷང་ངེ་གཅིག་སྐྱེས་པའི་ཐོག་ནས་གང་དྲན་སྲས་མིང་པས་བྲིས་པའོ།།)
  • གསོལ་འདེབས་རྒྱ་གར་འཕགས་ཡུལ།  + (།ཅེས་པ་འདིའང་ངེས་གསང་སྙིང་པོའི་ལམ་ལ་གཞོལ་མ།ཅེས་པ་འདིའང་ངེས་གསང་སྙིང་པོའི་ལམ་ལ་གཞོལ་མཛད་ཁམས་པ་ཡོན་དགེ་སྤྲུལ་སྐུ་མཆོག་དང་། གྲྭ་ཀུན་དགའ་འབྲུག་རྒྱས་ཤེས་རབ་འོད་ཟེར་བཅས་ནས་ཁོ་བོའི་གསོལ་འདེབས་ཤིག་འབྲི་དགོས་ཞེས་ནན་བསྐུལ་བྱུང་རུང་། ཡོན་ཏན་བྱིན་རླབས་ཀྱི་དབུལ་བ་རང་ལྟ་བུའི་དོན་སྒོ་ཆུང་བར་བྱས་ནས། དེ་ཕྱིར་ངོ་མ་ལྡོག་ཙམ་དུ་ཡུལ་དམ་པ་རྣམས་ལ་གསོལ་བ་འདི་ལྟར་བཏབ་པའི་སྟོབས་ཀྱིས་རང་གི་བློ་རྒྱུན་མྱུར་བར་ཤུགས་དྲག་རྒྱུན་རིང་པོ་ཆོས་ལ་བསྐུལ་མ་གདབ་ཕྱིར་གྲུབ་སྲས་པ་ཨཱརྻ་བཛྲས་སུག་བྲིས་བགྱིས་པ་ཡིན་པས། དོན་ཅུང་ཟད་དང་ལྡན་པར་ཤོག་ཅིག །དགེའོ།།་པས། དོན་ཅུང་ཟད་དང་ལྡན་པར་ཤོག་ཅིག །དགེའོ།།)
  • ཞིང་མཆོག་པོ་ཊ་ལ་རུ་སྐྱེ་བའི་སྨོན་ལམ་དྲང་སྲོང་གྲུབ་པའི་བདེན་ཚིག།  + (།ཅེས་པ་འདིའང་ཉེར་མཁོར་གྱུར་པས་མངྒ་ལའི་མིང་གིས་བྲིས་པ་འགྲོ་ཀུན་འཕགས་པས་རྗེས་སུ་བཟུང་སྟེ་ཞིང་མཆོག་པོ་ཊ་ལ་རུ་སྐྱེ་བའི་རྒྱུར་གྱུར་ཅིག །དགེའོ།།)
  • རང་བྱུང་པདྨའི་སྙིང་ཐིག་ལས། རྩ་གསུམ་སྤྱི་དྲིལ་གྱི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོ་ཇི་ལྟར་ཉམས་སུ་ལེན་པའི་ཡི་གེ་དངོས་གྲུབ་རྒྱ་མཚོའི་བཅུད་འཛིན།  + (།ཅེས་པ་འདིའང་དམ་པའི་ངང་ཚུལ་བཅུ་གཉིས་ཀྱིས་ག།ཅེས་པ་འདིའང་དམ་པའི་ངང་ཚུལ་བཅུ་གཉིས་ཀྱིས་གསང་གསུམ་མཛེས་པར་སྤྲས་པ་འཁྲུལ་ཞིག་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཚད་མའི་གཏེར་ཆེན་ཞིག་དང་མཉམ་པའི་དག་སྣང་གིས་གནང་སྐྱེས་གྱ་ནོམ་པ་སྔ་ཕྱིར་བསྩལ་ཏེ་གསུང་ནན་ལྕི་བས་བསྐུལ་བ་དང༌། སྔ་འགྱུར་རྡོ་རྗེ་སྙིང་པོའི་བསྟན་པ་ཨ་རིའི་ལྗོངས་སུ་སྤེལ་བའི་སྔགས་བཙུན་ཉག་རོང་ལྕགས་མདུད་སྤྲུལ་པའི་སྐུ་པདྨ་གར་གྱི་དབང་ཕྱུག་ཡབ་སྲས་སློབ་ཚོགས་དང་བཅས་པས་རིང་ནས་རྟེན་དང་བཅས་ཏེ་གསུང་བསྐུལ་ཡང་ཡང་བྱུང་བ་བཞིན་ཞིབ་རྒྱས་སུ་བཀོད་པ་པོ་པདྨ་གར་དབང་མདོ་སྔགས་བདེ་ཆེན་གླིང་པས་ལྷོ་མོན་སྐུ་རྗེས་རྡོ་རྗེ་བཀོད་པའི་ཀེའུ་ཚང་ནས་དབུ་བརྩམས། ཕ་རན་སེའི་རྒྱལ་ཁབ་ཀྱི་དབེན་གནས་རྡོ་གདོང་ཞི་བའི་ནགས་ཀླུང་དུ་གྲུབ་པར་བགྱིས་པ་ཡི་གེ་གཉིས་པའི་མཐུན་འགྱུར་གྲུབ་དབང་ཡེ་ཤེས་རྡོ་རྗེའི་མཆོག་སྤྲུལ་ཐུབ་བསྟན་ལུང་རིགས་སྨྲ་བའི་ཉི་མས་མཛད་པ་ཀུན་བཟང་ཐུགས་ཀྱི་བསྟན་པའི་སྤོང་ཀློག་དང༌། འཛམ་གླིང་རྒྱལ་ཁབ་ཞི་བདེའི་བདུད་རྩིའི་དགའ་སྟོན་ལ་སྤྱོད་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག།ད་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག།)
  • དགེ་བསྙེན་རྡོ་རྗེ་ཐོག་སྲས་ལ་བསང་མཆོད།  + (།ཅེས་པ་འདིའང་འགུལ་དགོན་དགེ་སློང་དམ་ཆོས་རབ་རྒྱས་ཀྱིས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ། སརྦ་མངྒ་ལཾ།།)
  • བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། འཆི་མེད་ཚེའི་དབང་སྐུར་བའི་ལག་ལེན་ཡིད་བཞིན་དཔལ་འཛིན།  + (།ཅེས་པ་འདིའང་འཆི་མེད་བླ་མ་པདྨ་བདེ་བ་ཆེན་པོ།ཅེས་པ་འདིའང་འཆི་མེད་བླ་མ་པདྨ་བདེ་བ་ཆེན་པོ་དང་ཞལ་མི་གཉིས་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱི་རྡོ་རྗེའི་གསུང་གི་སྣང་བ་ལ་བརྟེན་ཏེ། པདྨའི་རྗེས་འཇུག་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་རྡོ་རྗེའི་རི་སྤོ་འཆི་མེད་བདེ་ཆེན་གྱི་དགའ་ཚལ་དུ་སྦྱར་བ་དགེ་ལེགས་འཕེལ།།ེ་ཆེན་གྱི་དགའ་ཚལ་དུ་སྦྱར་བ་དགེ་ལེགས་འཕེལ།།)
  • འཇམ་དབྱངས་བླ་མ་དགྱེས་པའི་གཟི་འོད་ལ་སོགས་མྱུར་འབྱོན།  + (།ཅེས་པ་འདིའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ། མངྒ་ལཾ་ཤུ་བྷཾ།།)
  • འཇམ་པའི་དབྱངས་ལ་བརྟེན་པའི་སྨོན་ཚིག་ཤིས་བརྗོད་ན་མཿཤྲཱི་གུ་ར་ཝེ་སོགས།  + (།ཅེས་པ་འདིའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་ནས་སྨོན་པ་དགེ་ལེགས་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།)
  • ཞལ་གདམས་གང་གི་མཚན་ཙམ།  + (།ཅེས་པ་འདིའང་འཇམ་དབྱངས་མཁྱེན་བརྩེས་ཐོལ་བྱུང་དུ་སྨྲས་སོ།།)
  • མཁའ་སྤྱོད་སྨོན་ལམ་བདེ་བའི་ཐེམ་སྐས་རིག་འཛིན་དཔའ་བོའི་གསང་ལམ།  + (།ཅེས་པ་འདིའང་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་ལྷ་།ཅེས་པ་འདིའང་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་ལྷ་སྔགས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་ཞིང་། ལྷག་བསམ་དང་བློ་གྲོས་བཟང་པོའི་སྟོབས་ཀྱིས་མཁའ་སྤྱོད་གྲུབ་པའི་རིག་འཛིན་དོན་དུ་གཉེར་བ་ཛྙཱ་ནའི་མིང་གིས་ཡང་ནས་ཡང་དུ་འདི་ལྟ་བུ་དགོས་ཞེས་བསྐུལ་པའི་རྐྱེན་བྱས་ནས། རྙིང་བཙུན་ཡོངས་ཀྱི་གྲལ་མཐའ་བ་རིག་འཛིན་པདྨ་ལ་མོས་པ་མ་དོར་ཙམ་གྱིས་གནས་པ་པདྨཧྱསྱབཛྲ་ཞེས་འབོད་པས་རབ་ཚེས་ས་ཡོས་ཟླ་༡ཚེས་༣༠འི་གུང་ཐུན་ལ་རྫོང་སར་བཀྲ་ཤིས་ལྷ་རྩེར་གང་ཤར་ལྷུག་པར་བྲིས་པ་མངྒ་ལཾ།།་ཤིས་ལྷ་རྩེར་གང་ཤར་ལྷུག་པར་བྲིས་པ་མངྒ་ལཾ།།)
  • གསང་འདུས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཉུང་ངུ་བྱིན་རླབས་ཟླ་བའི་ཟིལ་དངར།  + (།ཅེས་པ་འདིའང་ཡོན་གྱི་བདག་པོ་སྨོན་འགྲུབ་ཁྱུ།ཅེས་པ་འདིའང་ཡོན་གྱི་བདག་པོ་སྨོན་འགྲུབ་ཁྱུང་རྩེ་རམ་པ་བའི་མི་དབང་གཞོན་ནུ་ཀུན་དགའི་མཚན་ཅན་གྱི་ཐུགས་དམ་ཉམས་བཞེས་ཟབ་མོ་སྤེལ་བའི་ཕྱིར་དང་། ཚུལ་འདིའི་རྣལ་འབྱོར་བསྒོམ་པར་འདོད་པའི་དགེ་ཚུལ་མ་རྣམ་རྒྱལ་ཆོས་སྒྲོན་གྱི་བློ་གྲོས་ཀྱི་ནུས་པ་དང་སྦྱར་ནས་བཙུན་པ་བློ་གསལ་བསྟན་སྐྱོང་གིས་སྒྲུབ་ཐབས་མ་མོའི་གཞུང་དོན་ཉུང་ངུར་བསྡུས་ནས་བྲིས་པའོ།མ་མོའི་གཞུང་དོན་ཉུང་ངུར་བསྡུས་ནས་བྲིས་པའོ།)
  • ཨོཾ་སྭསྟི། སྐྱབས་བླ་མ་རྣམས་ཀྱིས་ཐུགས་རྗེས་ཟུངས་སོགས་རང་སློབ་ཡེ་ན་དགོན་གྱི་བླ་མ་ཤེས་རབ་ཕུན་ཚོགས་ལ་གནང་བ།  + (།ཅེས་པ་འདིའང་རང་སློབ་ཡེ་ན་དགོན་གྱི་བླ་མ་ཤེས་རབ་ཕུན་ཚོགས་ལ་གདམས་པ་ཉུང་བསྡུས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སོ།།)
  • བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཡིད་བཞིན་དཔལ་འབྱུང༌།  + (།ཅེས་པ་འདིའང་རིགས་ཀུན་ཁྱབ་བདག་ཐམས་ཅད་མཁྱེན།ཅེས་པ་འདིའང་རིགས་ཀུན་ཁྱབ་བདག་ཐམས་ཅད་མཁྱེན་གཟིགས་འཇམ་མགོན་བླ་མའི་གསུང་གིས་རྗེས་སུ་གནང་བ་སྩལ་བ་ལས། རྗེ་ཉིད་ཀྱིས་བཀའ་དྲིན་ཏུ་སྩལ་བའི་ཟིན་བྲིས་སོར་བཞག །མཚམས་སྦྱོར་སོགས་ཅུང་ཟད་རྒྱས་པར་སྤྲོས་པ་ལས་རང་རྟོག་གིས་མ་བསླད་པར། པདྨའི་རྒྱལ་ཚབ་རྡོ་རྗེ་འཆང་པདྨ་དབང་ཆེན་དང་སྤྲུལ་པའི་རིག་འཛིན་ཆེན་པོ་རྣམ་པ་གཉིས་སོགས་ཡོངས་འཛིན་དམ་པ་དུ་མའི་ཞབས་རྡུལ་ལ་སྤྱི་བོས་རེག་པ། པདྨ་གར་གྱི་དབང་ཕྱུག་རྩལ་ལམ། ཀུ་སཱ་ལི་བློ་གྲོས་མཐའ་ཡས་པའི་སྡེས་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད་ཤྲཱི་དེ་བཱི་ཀོ་ཊིའི་སྙིང་པོ་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་ཆོ་འཕྲུལ་ཆེན་པོས་བདུད་དཔུང་འདུལ་བའི་དཀར་ཚེས་བཟང་པོར་བྲིས་པ་རིས་མེད་པའི་བསྟན་འགྲོ་ལ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།།ས་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།།)
  • བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། རྩ་བའི་དབང་བསྐུར་འབྲིང་པོའི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ་ཡིད་བཞིན་དཔལ་འབར།  + (།ཅེས་པ་འདིའང་རིགས་ཀུན་ཁྱབ་བདག་ཐམས་ཅད་མཁྱེན།ཅེས་པ་འདིའང་རིགས་ཀུན་ཁྱབ་བདག་ཐམས་ཅད་མཁྱེན་གཟིགས་འཇམ་མགོན་བླ་མའི་གསུང་གིས་རྗེས་སུ་གནང་བ་སྩལ་བ་ལས། རྗེ་ཉིད་ཀྱིས་བཀའ་དྲིན་ཏུ་སྩལ་བའི་ཟིན་བྲིས་སོར་བཞག །མཚམས་སྦྱོར་སོགས་ཅུང་ཟད་རྒྱས་པར་སྤྲོས་པ་ལས་རང་རྟོག་གིས་མ་བསླད་པར། པདྨའི་རྒྱལ་ཚབ་རྡོ་རྗེ་འཆང་པདྨ་དབང་ཆེན་དང་སྤྲུལ་པའི་རིག་འཛིན་ཆེན་པོ་རྣམ་པ་གཉིས་སོགས་ཡོངས་འཛིན་དམ་པ་དུ་མའི་ཞབས་རྡུལ་ལ་སྤྱི་བོས་རེག་པ་པདྨ་གར་གྱི་དབང་ཕྱུག་རྩལ་ལམ། ཀུ་སཱ་ལི་བློ་གྲོས་མཐའ་ཡས་པའི་སྡེས་གདན་ས་ཆེན་པོ་དཔལ་སྤུངས་ཡང་ཁྲོད་ཤྲཱི་དེ་བཱི་ཀོ་ཊིའི་སྙིང་པོ་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།།བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།།)
  • གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་མན་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་།  + (།ཅེས་པ་འདིའང་རིས་མེད་པའི་བསྟན་པ་ལ་མཆོག་ཏུ་དད་པའི་བློ་གྲོས་ཀྱི་ཨུཏྤལ་ཁ་ཡོངས་སུ་བྱེ་བ་ཤཱཀྱའི་དགེ་སློང་གཞོན་ནུ་མཁྱེན་བརྩེའི་མིང་ཅན་གྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ།།)
  • ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དོན་གཉིས་ལྷུན་གྲུབ།  + (།ཅེས་པ་འདིའང་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ལ་མི་ཕྱེད་པའི་དད་པས་མཚམས་སྦྱར་ཏེ་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་བཞི་པ་ཆུ་མོ་སྦྲུལ་གྱི་ལོར་གང་ཤར་བཟོ་མེད་དུ་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ནུབ་མོར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག)
  • ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལ་གསོལ་འདེབས་བྱིན་རླབས་ཆར་འབེབས།  + (།ཅེས་པ་འདིའང་རྗེ་གང་གི་བཀའ་འབངས་གྱི་ཐ་ཆུང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རབ་བྱུང་བཅུ་བཞི་པའི་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་གི་ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་ལ་བྲིས་ཏེ་རྩེ་གཅིག་གུས་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།)
  • རྗེ་བླ་མ་ལ་གསོལ་འདེབས་བློ་གསལ་བསྟན་སྐྱོང་གིས་མཛད་པ་ཕུན་ཚོགས་པདྨ་རཱ་ག་ཞེས་པ།  + (།ཅེས་པ་འདིའང་རྗེ་བླ་མ་འདི་ཉིད་མདོ་ཁམས་སུ་ཆིབས་བསྐྱོད་པའི་ཚེ། བཙུན་པ་བློ་གསལ་རི་ཁྲོད་པས་གསོལ་བ་བཏབ་པ་སརྦ་དཱ་མངྒ་ལཾ།།)
  • ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་རཀྴ་ཐོད་ཕྲེང་གི་སྲུང་ཟློག་ལས་རིམ་ཁྱེར་བདེར་བཀོད་པ་བདུད་འཇོམས་རྡོ་རྗེའི་གོ་མཚོན།  + (།ཅེས་པ་འདིའང་ལག་ལེན་བྱེད་པ་རྣམས་ལ་ཤིན་ཏུ་ཕན་ཐོགས་ཆེ་བར་གྲགས་པ་དང་གཞན་ལ་མེད་པའི་ཁྱད་ཆོས་ཤིན་ཏུ་ཉེ་བར་མཁོ་བ་མཐོང་ནས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྗོད་ཤོང་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།།)
  • པདྨ་ཐོད་ཕྲེང་རྩལ་ལ་གསོལ་འདེབས་བྱིན་རླབས་བདུད་རྩིའི་རོལ་མཚོ།  + (།ཅེས་པ་འདིའང་ཤངས་ཟབ་བུ་ལུང་བདེར་གཤེགས་འདུས་པའི་ཕོ་བྲང་ཆེན་པོའི་ཉེ་འདབས་ཀྱི་སྨན་ལྗོངས་ཉམས་དགའ་བ་ཞིག་ཏུ་སྣྲོན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་སྙིང་ནས་གུས་པ་ཆེན་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།།)
  • སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་ཕྲིན་ལས་བྱང་བུ་གྲུབ་གཉིས་ཡོངས་འདུ།  + (།ཅེས་པ་འདིའང་སྔ་འགྱུར་བསྟན་པའི་སྣང་བྱེད་ཆེ།ཅེས་པ་འདིའང་སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་ཟེ་ཆེན་རྒྱལ་ཚབ་མཆོག་གི་སྤྲུལ་པའི་སྐུས་གསུང་བསྐུལ་གནང་དོན་ལྟར། གཏེར་ཆེན་བླ་མ་ཉིད་ལ་ཐོག་མར་གཏན་ལ་འབེབས་པར་གསོལ་བ་འདེབས་པ་པོ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་དཔལ་དེ་ཝཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེར་གཏེར་གཞུང་དུམ་བུ་རྣམས་ཁྲིགས་སུ་བསྡེབས་པ་དགེ་ལེགས་འཕེལ།།་བུ་རྣམས་ཁྲིགས་སུ་བསྡེབས་པ་དགེ་ལེགས་འཕེལ།།)
  • རིགས་དང་དཀྱིལ་འཁོར་ཞེས་པའི་དབུ་ཅན་གྱི་གླུ།  + (།ཅེས་པ་འདིའང་སྙིགས་དུས་ཀྱི་རིག་པ་འཛིན་པ་པདྨ་དགྱེས་པ་རྩལ་གྱི་གསང་གཏམ་མོ། །གུ་ཧྱ།།)
  • བླ་མ་ནོར་ལྷའི་བསངས་མཆོད་དགོས་འདོད་སྤྲིན་ཕུང༌།  + (།ཅེས་པ་འདིའང་སྙིགས་དུས་ཀྱི་སྐྱོབས་པ་པདྨ་སཾ།ཅེས་པ་འདིའང་སྙིགས་དུས་ཀྱི་སྐྱོབས་པ་པདྨ་སཾ་བྷ་བའི་ཞལ་སྐྱིན་གཏེར་ཆེན་བླ་མའི་གསུང་བསྐུལ་ནོར་བུའི་ཅོད་པན་སྤྱི་བོར་སྩལ་བའི་མོད་ལ། སྔགས་རིགས་ཀྱི་རྟགས་ཙམ་འཛིན་པ་པདྨ་གར་དབང་བདེ་བའི་རྡོ་རྗེས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།ནས་སུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།)
  • འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས་གཏོར་ཟློག་གི་ལས་རིམ་ཡེ་ཤེས་འབར་བའི་མཚོན་ཆ།  + (།ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་།ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་སྔ་ནས་རྗེས་སུ་བསྐུལ་ཞིང༌། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་ཁྲི་ཆེན་རྡོ་རྗེ་འཆང་འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོས་ཐུགས་དམ་ཉམས་གཞེས་སུ་རྗེ་བླ་མར་བཀའ་སྩལ་པ་དང༌། གཏེར་སྲས་རིག་འཛིན་ཚེ་དབང་གྲགས་པས་བཀའ་ནན་ཡང་ཡང་ཕེབ་པར་བརྟེན། འཁོར་ལོའི་མགོན་པོ་གཏེར་ཆེན་བླ་མ་ཉིད་ལས་བཀའི་གནང་བ་ཞུས་ཏེ་སྔགས་རིག་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དེ་བི་ཀོ་ཊཱིའི་སྒྲུབ་གནས་སུ་བགྱིས་བ་དགེ་ལེགས་འཕེལ།།ཊཱིའི་སྒྲུབ་གནས་སུ་བགྱིས་བ་དགེ་ལེགས་འཕེལ།།)
  • ལྷ་ཆེན་གཉན་པོ་གཡུ་རྩེའི་བསང་མཆོད།  + (།ཅེས་པ་འདིའང་ཨ་ཏི་རྫོགས་པ་ཆེན་པོའི་དོན་གྱི་རྣལ་འབྱོར་པ་མཐུ་སྟོབས་བདུད་འདུལ་རྩལ་ལ་དགྲ་ལྷ་འདིའི་དངོས་སུ་གཟུགས་བསྟན་ཞིང་བྲོ་བོར་བའི་ཚེ་ཤར་མར་སྤེལ་བར་རང་གི་བརྒྱུད་འཛིན་མ་གཏོགས་གཞན་ལ་སྤེལ་བར་མི་བྱའོ།།)
  • བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒོམ་རིམ་རབ་གསལ་ཉི་མ།  + (།ཅེས་པ་འདིའང་ཨ་བུ་ཧྲལ་པོས་སྨྲས་སོ། །དགེའོ། །བཀྲ་ཤིས།)
  • བསྙུང་གནས་ཉུང་བསྡུས།  + (།ཅེས་པ་སྔགས་བཙུན་བདེ་ཆེན་རིག་པའི་རལ་གྲིས་བྲིས་པ་དགེའོ། སརྦ་མངྒ་ལམ།)
  • རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ལྕེ་བཙུན་ཆེན་པོ་བི་མ་ལའི་ཟབ་ཏིག་གི་ཁྲིད་ཡིག་སྙིང་པོའི་བཅུད་དྲིལ་ཐིག་ལེ་གསང་རྫོགས།  + (།ཅེས་པཎ་ཆེན་བི་མ་ལ་དང་རྣམ་དབྱེར་མེད་པའི་ཡེ།ཅེས་པཎ་ཆེན་བི་མ་ལ་དང་རྣམ་དབྱེར་མེད་པའི་ཡེ་ཤེས་སྒྱུ་མའི་རང་གཟུགས་ཁྱབ་བདག་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞལ་སྔ་ནས། །ཐོག་མའི་སྣོད་ལྡན་དང་བཀའ་བབ་ཏུ་དབུགས་དབྱུང་སྟེ་སྨིན་གྲོལ་བདུད་རྩི་ཆིག་རྫོགས་སུ་སྩལ་ཅིང་ཁྲིད་ཡིག་འབྲི་བར་འོས་པའི་རྗེས་སུ་གནང་བ་དམིགས་བསལ་དུ་ཐོབ་ཀྱང་རིང་ཞིག་འགྱང་བ། སླར་རིན་པོ་ཆེ་གཏེར་གྱི་གསང་མཛོད་ཆེན་མོར་དབྱིག་མཆོག་ཀུན་གྱི་སྙིང་པོར་བཞུགས་སུ་གསོལ་བའི་སླད་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཀྱི་སྙིང་པོ་འོད་གསལ་རྡོ་རྗེ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།།ེ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།།)
  • ཟབ་མོ་བླ་མའི་སྒྲུབ་ཐབས་གདུང་བ་ཞི་བྱེད་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཡེ་ཤེས་སྙིང་པོ།  + (།ཅེས་པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་།ཅེས་པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་ཆོས་སྡེ་བླ་སྒྲུབ་གདུང་བ་ཞི་བྱེད་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འདིའང་རང་གཞན་མང་པོར་བྱིན་རླབས་ཀྱི་ཡེ་ཤེས་ལྷག་པར་སྨིན་པའི་སླད་དུ། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྡོ་རྗེའི་ཚིག་རྐང་ཁོ་ན་རྒྱས་བསྡུས་འཚམས་པར་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།མངྒལཾ།།ྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།མངྒལཾ།།)