སྙན་བརྒྱུད་ཟབ་མོའི་ཆོས་སྐོར་ལས། གཏེར་སྲུང་གསོལ་མཆོད་རྒྱུན་ཁྱེར།

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-006
Wylie title snyan brgyud zab mo'i chos skor las/ gter srung gsol mchod rgyun khyer DKR-KABUM-10-THA-006.pdf
Location dil mgo mkhyen brtse bka' 'bum
Volume 10, Text 6, Pages 30 (Folios 1a1 to 1b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཁྱུང་སྤྲུལ་པདྨ་དབང་ཆེན་བསྟན་འཛིན་ཕྲིན་ལས་ (khyung sprul pad+ma dbang chen bstan 'dzin phrin las)
Citation Khyentse, Dilgo. Snyan brgyud zab mo'i chos skor las gter srung gsol mchod rgyun khyer. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 30. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Protector Rituals - gsol mchod
Cycle བླ་སྒྲུབ་དྭངས་མའི་ཐིག་ལེ་ (bla sgrub dwangs ma'i thig le)
Deity pad+ma kI la ya
Colophon

།ཅེས་པ་འདི་ལྟར་མཆོག་སྤྲུལ་ཚེ་དབང་རྒྱལ་མཚན་བསྟན་པའི་ཉི་མ་མཆོག་ནས་གསུང་བསྐུལ་བླ་མ་དྲག་པོའི་ཐུགས་དམ་ཉམས་བཞེས་གོང་འཕེལ་འབྱུང་ཕྱིར་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྐབས་སུ་སྒྲུབ་གནས་ཟངས་བྲག་རིན་ཆེན་འབར་བའི་གནས་སུ་པདྨ་དབང་ཆེན་མཁའ་ལྡིང་རྩལ་གྱིས་སོ། །དགེའོ།།

/ces pa 'di ltar mchog sprul tshe dbang rgyal mtshan bstan pa'i nyi ma mchog nas gsung bskul bla ma drag po'i thugs dam nyams bzhes gong 'phel 'byung phyir rten 'brel phun sum tshogs pa'i skabs su sgrub gnas zangs brag rin chen 'bar ba'i gnas su pad+ma dbang chen mkha' lding rtsal gyis so/__/dge'o//

[edit]
༄༅། །སྙན་བརྒྱུད་ཟབ་མོའི་ཆོས་སྐོར་ལས། གཏེར་སྲུང་གསོལ་མཆོད་རྒྱུན་ཁྱེར་བཞུགས། ཧཱུྃ་ཧྲཱིཿ བདག་ཉིད་གུ་རུ་པདྨར་གསལ་བ་ཡི། །ཐུགས་སྲོག་འོད་ཀྱིས་ཆོས་སྲུང་གཏེར་གྱི་བདག །མ་ལུས་འཁོར་བཅས་སྤྱན་དྲངས་དགྱེས་པར་བཞུགས། །ཆོས་ཉིད་སྟོང་པའི་རིག་རྩལ་རོལ་པ་ལས། །འདོད་ཡོན་མི་ཟད་ནམ་མཁའ་མཛོད་ཀྱི་སྒོ། །ས་དང་བར་སྣང་ཡོངས་གང་མི་ཟད་གཏེར། །ལྷ་ཚོགས་ཐམས་ཅད་ཐུགས་དམ་དགྱེས་བསྐང་གྱུར། ཧཱུྃ་བྷྲཱུྃ་ཏྲཱྃ་ཧྲཱི་ཨ༔ ཀ་དག་སྐྱེ་མེད་ངང་ལས་མ་གཡོས་བཞིན། །རྩ་གསུམ་ལྷ་ཚོགས་ཞི་དང་ཁྲོ་གར་བསྒྱུར། །དམ་ཅན་རྒྱ་མཚོའི་ཕྲིན་ལས་གློག་ལྟར་འཁྱུག །ནོར་ལྟ་གཏེར་བདག་འདོད་རྒུའི་གྲུ་ཆར་འབེབས། །ཁྱད་པར་ཨོ་རྒྱན་པདྨའི་བཀའ་སྲུང་ཆེ། །གནོད་སྦྱིན་ཆེན་པོ་རོལ་པ་སྡེ་བདུན་དང༌། །བྲག་བཙན་ཆེན་པོ་རྡོ་རྗེ་དགྲ་འདུལ་འཁོར། །བཙུན་མོ་བྲན་འཁོར་སྡེ་བརྒྱད་དྲེགས་པའི་ཚོགས། །འདིར་གཤེགས་དམ་སྐོང་བཅོལ་བའི་ཕྲིན་ལས་སྒྲུབས། ཧཱུྃ། མ་གཡེལ་ངང་ཉིད་ཆོས་ཀྱི་དབྱིངས་ཉིད་ལས། །བླ་མ་དྲག་པོ་པདྨ་ཀཱི་ལ་ཡ། །གོ་ཆའི་ལྷ་དང་སྤྲུལ་འཁོར་ཡོངས་རྫོགས་ཀྱི། །ཕྱི་རོལ་བཀའ་སྲུང་མ་མགོན་སྡེ་བརྒྱད་ཚོགས། །ཁྱད་པར་བརྟན་རྡོར་ཐང་གསུམ་ཀླུ་ཡི་དབང༌། །གདོལ་པ་ཞི་དྲག་ཚེ་རིང་མཆེད་ལྔར་བཅས། །སྔོན་ཚེ་རྒྱལ་བའི་བཀའ་བསྒོས་དམ་བཞག་བཞིན། །དམ་ལས་མ་འདའ་སྒྲུབ་པའི་བར་ཆད་སོལ། །རྣལ་འབྱོར་བསམ་དོན་ཆོས་བཞིན་འགྲུབ་པ་དང༌། །ཡང་ཟབ་སྙན་བརྒྱུད་ཟབ་མོའི་རིམ་གཉིས་ལམ། །རང་དོན་ཉམས་རྟོགས་ཡེ་ཤེས་རབ་ཏུ་སྤེལ། །གཞན་དོན་རང་ཆོས་ཟབ་གཏེར་བརྒྱུད་འཛིན་རྣམས། །ཐོག་མཐའ་བར་དུ་ཕུན་ཚོགས་དགེ་ལེགས་ཀྱི། །ས་ལམ་ཡོན་ཏན་ཉམས་རྟོགས་མཐར་ཕྱིན་མཛོད། །ས་གསུམ་འགྲོ་བའི་དཔལ་མགོན་བླ་མ་ཡིས། །ཡོངས་བསྔགས་གསང་སྔགས་རྡོ་རྗེ་ཐེག་པ་ཡི། །ལུང་རྟོགས་དམ་ཆོས་སྤེལ་བའི་གྲོགས་མཛོད་ལ། །བཀྲ་ཤིས་སྣང་བས་འཛམ་གླིང་ཡོངས་ཁྱབ་ཤོག །ཅེས་པ་འདི་ལྟར་མཆོག་སྤྲུལ་ཚེ་དབང་རྒྱལ་མཚན་བསྟན་པའི་ཉི་མ་མཆོག་ནས་གསུང་བསྐུལ་བླ་མ་དྲག་པོའི་ཐུགས་དམ་ཉམས་བཞེས་གོང་འཕེལ་འབྱུང་ཕྱིར་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྐབས་སུ་སྒྲུབ་གནས་ཟངས་བྲག་རིན་ཆེན་འབར་བའི་གནས་སུ་པདྨ་དབང་ཆེན་མཁའ་ལྡིང་རྩལ་གྱིས་སོ། །དགེའོ།།

Footnotes

Other Information