Search by property
This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.
List of results
- འཆི་མེད་འཕགས་མའི་སྙིང་ཏིག་ལས། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ། + (།ཞེས་ལམ་ངེས་རྫོགས་ཀྱི་དབང་དུ་བྱས་ཏེ་ལས་དང་ … །ཞེས་ལམ་ངེས་རྫོགས་ཀྱི་དབང་དུ་བྱས་ཏེ་ལས་དང་པོ་པའི་རྣལ་འབྱོར་རམ། སྤྱིར་རྒྱུན་གྱི་ཉམས་ལེན་འཇུག་པ་བདེ་བ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་འདི་ཉིད། རྒྱལ་བས་ལུང་བསྟན་པ་ཀུན་མཁྱེན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་པའི་སྡེས་ཡང་ནས་ཡང་དུ་བཀའ་སྩལ་པ་དད་བརྒྱའི་གཙུག་གི་སྤྱི་བོར་མཆོད་དེ། གཏེར་གཞུང་རྩ་བའི་དགོངས་པ་ཇི་ལྟ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་དཔལ་སྤུངས་ཡིད་དགའ་ཆོས་འཛིན་གྱི་གནྡྷོ་ལ་སྒྲོལ་མ་དགྱེས་པའི་ཉེ་འདབས་སུ་བྲིས་པའི་དགེ་བས་དཔལ་ལྡན་བླ་མ་དམ་པ་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྗེ་བཙུན་འཆི་མེད་སྒྲོལ་མའི་ཡེ་ཤེས་ཀྱི་སྐུ་མངོན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །མངྒ་ལཾ།།ོན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །མངྒ་ལཾ།།)
- འོད་གསལ་འཆར་བའི་གསོལ་འདེབས་ཟབ་དོན་སྤྲིན་གྱི་རོལ་མོ། + (།ཞེས་ལམ་ཐམས་ཅད་ཀྱི་མཐར་ཐུག་འོད་གསལ་སྙིང་པོ … །ཞེས་ལམ་ཐམས་ཅད་ཀྱི་མཐར་ཐུག་འོད་གསལ་སྙིང་པོའི་རྣལ་འབྱོར་དུ་དྲིལ་ཏེ། རྡོ་རྗེའི་ལམ་གཞན་རྣམས་ཀྱང་ཞར་ལ་ཚང་བའི་དོན་བརྗོད་བྱར་བྱས་པའི་ངེས་གསང་རྒྱུད་སྡེའི་ཡང་བཅུད་ཁྱད་པར་ཅན་འདིའང་། གྲུབ་པའི་དབང་ཕྱུག་བྱེ་བ་གཤེགས་པའི་རིང་ལུགས་ལ་མོས་པ་བརྟན་པོར་ཐོབ་པའི་རྣལ་འབྱོར་གཞོན་ནུ་འཇིགས་པ་མེད་པའི་སྡེས་སྦྱར་བ་སིདྡྷི་རསྟུ།།་འཇིགས་པ་མེད་པའི་སྡེས་སྦྱར་བ་སིདྡྷི་རསྟུ།།)
- བྱིན་རྟེན་གྱི་དཀར་ཆག་མཐོང་བ་རང་གྲོལ་གྱི་ཁ་སྐོང་རྩ་བའི་ཐོ་བྱང་། + (།ཞེས་ལྕགས་ཕོ་སྤྲེའུའི་ལོའི་དབོ་ཟླ་བའི་ཡར་ཚེས་ལ་བྲིས་པ་དགེ །སརྦ་དཱ་སུ་ཤྲེ་ཡོ་སིདྡྷཾ་བྷ་བ་ཏུ།)
- ཞི་ཁྲོ་ངན་སོང་སྦྱོང་བའི་བདག་འཇུག་རྡོ་རྗེ་བཞི་བསྐྱེད། + (།ཞེས་ལྷོ་འབྲུག་ཉི་མ་ལུང་གི་བྱང་འདྲེན་སྒྲུབ … །ཞེས་ལྷོ་འབྲུག་ཉི་མ་ལུང་གི་བྱང་འདྲེན་སྒྲུབ་བརྩོན་བླ་མ་འཇམ་དབྱངས་བརྩོན་འགྲུས་ནས་བསྐུལ་བ་བཞིན་དུས་མཐའི་རྡོ་རྗེ་སློབ་དཔོན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་སྤ་གྲོ་སྐྱེར་ཆུའི་བསམ་གཏན་གྱི་ཁང་བུ་ཕུན་ཚོགས་དགའ་འཁྱིལ་དུ་སྦྱར་བས་འགྲོ་ཀུན་ཀུན་བཟང་རྡོ་རྗེ་སེམས་དཔའི་གོ་འཕང་ལ་དབང་འབྱོར་བའི་རྒྱུར་གྱུར་ཅིག །དགེའོ།། །།་དབང་འབྱོར་བའི་རྒྱུར་གྱུར་ཅིག །དགེའོ།། །།)
- ཕུན་ཚོགས་མཚན་གྱི་ཨུཏྤལ་ཆུན་པོ་ནི། ཞེས་སྡེ་དགེར་ཕུལ་བ། + (།ཞེས་ས་འབྲུག་དབོ་ཟླ་༢པའི་གྲལ་ཚེས་༢༡དགེ་བར་གུས་པས་ཕུལ་བ་སརྦ་དཱ་སུ་ཤྲེ་ཡོ་བྷ་བ་ཏུ།།)
- སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་ཐུགས་རྒྱུད་བསྐུལ་ཏེ་བསོད་ནམས་སྤེལ་བའི་ཆོ་ག་བསྟན་འགྲོའི་རྒུད་སེལ་ཕན་བདེའི་ཆར་འབེབས། + (།ཞེས་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་མཆོད་པའི … །ཞེས་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་མཆོད་པའི་ཆོ་ག་རྒྱས་བསྡུས་རྫོགས་པའི་སངས་རྒྱས་ཞེ་ཆེན་པ་ཡབ་སྲས་ཀྱི་རྡོ་རྗེའི་གསུང་ཁྱད་པར་ཅན་བཞུགས་ཀྱང་དུས་ཀྱི་འགྱུར་བས་དཔེ་རྙེད་པའི་སྐལ་པ་མ་བྱུང་བས་ཚུལ་འདི་ལྟ་བུ་ཞིག་འབྲི་བར་འོས་ཞེས་དད་དམ་རྣམ་པར་དཀར་བ་དོན་རྡོར་ནས་ལྷ་རྫས་བཅས་བསྐུལ་ངོར། དཔལ་མགོན་བླ་མའི་ལེགས་གསུང་གི་དགོངས་དོན་ཡིད་ལ་ཇི་ལྟར་ངེས་པ་རྣམས་དཀྱུས་གཅིག་ཏུ་རྒྱལ་སྲས་གཞན་ཕན་ཆོས་ཀྱི་མྱུ་གུ་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་ལྷ་རི་འབྲས་ལྗོངས་སྦས་པའི་གནས་ཀྱི་བྱེ་བྲག་སྒང་ཏོག་གི་གཙུག་ལག་ཁང་དང་ཉེ་བའི་ཞོལ་དུ་ལྕགས་གླང་མགོ་ཟླའི་ཚེས་ལ་རྣམ་སྣང་ཀོ་ཊི་རུ་བྲིས་པས་བསྟན་དང་ཡིད་ཅན་རིས་སུ་མ་ཆད་པར་ཕན་བདེའི་དཔལ་འབྱོར་མི་ཟད་པས་དབུགས་དབྱུང་བའི་རྒྱུར་གྱུར་ཅིག སརྦ་དཱ་མངྒ་ལམ།གས་དབྱུང་བའི་རྒྱུར་གྱུར་ཅིག སརྦ་དཱ་མངྒ་ལམ།)
- རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་བཞེད་པའི་ལྟ་བའི་རྣམ་བཞག་འཁྲུལ་མེད་དུ་སྟོན་པ་ཚིག་དོན་གྱི་ས་བོན། + (།ཞེས་སོགས་གསུངས་པའང་འདི་ལ་དགོངས་སོ། །།དཔལ་ས་སྐྱ་པའི་བཞེད་ཚུལ་གྱི་ལྟ་སྒོམ་གྱི་རྣམ་གཞག་ཉུང་ངུར་དྲིལ་བ། ཤུབྷཾ།།)
- ཞབས་དཀར་སྤྲུལ་སྐུ་མྱུར་འབྱོན། + (།ཞེས་སྐྱབས་མགོན་ཞབས་དཀར་རིན་པོ་ཆེའི་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པ་ཐོས་ཚེ། རྗེ་དེ་ཉིད་ཀྱི་སློབ་བུ། མདོ་སྔགས་རྒྱ་མཚོ་དང་། བསོད་ནམས་རྣམ་རྒྱལ་གཉིས་ཀྱིས་ཀྱང་བསྐུལ་ཏེ་དཔལ་དགེ་མཆོག་སྤྲུལ་རིན་པོ་ཆེས་གསུངས་པའོ། །དགེའོ།)
- བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་མཁྱེན་ནོ། + (།ཞེས་སྐྱོ་གླུ་ཟླ་ཚེས་ལའོ།།)
- རྒྱལ་མཆོག་ཐམས་ཅད་མཁྱེན་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པར་ཞབས་བརྟན་དུ་གསོལ་བ་འཆི་མེད་བདུད་རྩིའི་དབྱངས་སྙན། + (།ཞེས་སྒོ་གསུམ་དངོས་པོ་ཀུན་གྱིས་བཏུད་དེ་ཤར་ … །ཞེས་སྒོ་གསུམ་དངོས་པོ་ཀུན་གྱིས་བཏུད་དེ་ཤར་མདོ་ཁམས་ཀྱི་ལྗོངས་སུ་གནས་པ་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གུས་པ་ཆེན་པོས་དབུས་འགྱུར་འཆང་ལྷ་ལྡན་ར་ས་འཕྲུལ་སྣང་གི་ཆོས་འཁོར་ཆེན་པོའི་ལྷོ་ཕྱོགས་བསམ་འགྲུབ་ཕོ་བྲང་གི་གཟིམ་ཤག་ཏུ་གསོལ་བ་བཏབ་བཞིན་བྲིས་ཏེ་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་སྤྱན་སྔར་ཕུལ་བ་༧ཞབས་པད་བསྐལ་པ་རྒྱ་མཚོར་བཞུགས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱཎཾ་སུ་ཤྲེ་ཡོ་བྷ་བ་ཏུ།།ར་ཅིག །སརྦ་དཱ་ཀ་ལྱཱཎཾ་སུ་ཤྲེ་ཡོ་བྷ་བ་ཏུ།།)
- སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་འཛིན་ཆེན་པོ་རྣམས་ལ་བསྔགས་བརྗོད་ཨུཏྤལ་འཛུམ་ཕྲེང་། + (།ཞེས་སྔ་འགྱུར་བསྟན་པའི་སྲོལ་འབྱེད་ཆེན་པོ་རྣམས་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཕྲ་མོ་འདིའང་གཞོན་ནུ་ཨ་བྷཱ་ཡས་བཅོས་མིན་གྱི་མོས་གུས་ཆེན་པོས་མཚམས་སྦྱར་ཏེ་གང་ཤར་བཀོད་པ་ཛ་ཡནྟུ།།)
- བླ་མའི་རྣལ་འབྱོར་ཉུང་ངུར་བསྡུས་པ་བྱིན་རླབས་སྙིང་པོ། + (།ཞེས་སྔར་བྲིས་པའི་བླ་སྒྲུབ་ལ་རྒྱུན་ཁྱེར་ཉམ … །ཞེས་སྔར་བྲིས་པའི་བླ་སྒྲུབ་ལ་རྒྱུན་ཁྱེར་ཉམས་ལེན་བསྡུས་པ་ཞིག་དགོས་ཞེས་རྣམ་པར་དཀར་བའི་བློ་རྒྱུད་ཕྱུག་པ་ཟང་ཟང་སྦྲ་འཛིན་དབོན་བཙུན་པདྨ་མཆོག་གྲུབ་དབང་མོ་ནས་བསྐུལ་བ་ལྟར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པ་སྐྱེ་ཀུན་བླ་མ་མཆོག་དང་མི་འབྲལ་བར་རྡོ་རྗེའི་ཡེ་ཤེས་ཆེན་པོས་མྱུར་དུ་སྨིན་པའི་རྒྱུར་གྱུར་ཅིག །ཆེན་པོས་མྱུར་དུ་སྨིན་པའི་རྒྱུར་གྱུར་ཅིག །)
- སྙན་བརྒྱུད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབས་ཐབས་དབང་བསྐུར་དང་བཅས་པ་ཚེ་བསོད་རྒྱས་པའི་དྭངས་བཅུད། + (།ཞེས་སྙན་རྒྱུད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའ … །ཞེས་སྙན་རྒྱུད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་དབང་ཚེ་བསོད་རྒྱས་པའི་དྭངས་བཅུད་ཞེས་བྱ་བ་འདི་ཉིད། རྟག་བྲག་བཀྲ་སྟོབས་སོགས་དོན་གཉེར་ཅན་འགའ་ཡིས་རིང་མོ་ནས་ཡང་ཡང་བསྐུལ་བའི་ངོར། ལྷག་པའི་ལྷ་འདི་ཉིད་ཀྱི་བྱིན་རླབས་མཚན་མ་ཅུང་ཟད་ཐོབ་པའི་རྣལ་འབྱོར། འཕགས་ཡུལ་པ་ངེས་དོན་བཤད་སྒྲུབ་བསྟན་འཛིན་ནས་གཏེར་གཞུང་རྩ་བའི་དགོངས་པ་སོར་བཞག་ཐོག །འཚམས་སྦྱར་ཁ་སྐོང་གྱིས་ལེགས་པར་བརྒྱན་ཏེ། ལྷ་བྲག་པདྨ་ཤྲཱིའི་འདབ་ཞོལ། རིག་འཛིན་མཁའ་འགྲོ་འདུ་བའི་གནས་མཆོག་གསོལ་སྡེར་ཆོས་སྒར་དུ། སྤྱི་ལོ་ ༡༩༩༥ བོད་ཤིང་ཕག་ཧོར་ཟླ་ ༦ ཚེས་ ༤ ཉིན་སྟོན་པ་ཤཱཀྱའི་རྒྱལ་པོའི་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་སྦྱར་བའི་དགེ་བས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བརྟན་ཅིང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྗེ་བཙུན་ཡིད་བཞིན་འཁོར་ལོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།དགེའོ།།མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།དགེའོ།།)
- ལྟུང་བཤགས་ཀྱི་ཆོ་ག་ཤིན་ཏུ་བསྡུས་པའི་སྡིག་ལྟུང་གཞོམ་པའི་ཐོ་བ། + (།ཞེས་སྤྲོས་པ་ཚར་མ་ལྕོགས་པ་རྣམས་ཀྱི་དོན་དུ་རིགས་སྔགས་འཆང་བ་རྡོ་རྗེ་འཛིན་པ་མཆོག་གྲུབ་རྒྱལ་པོས་བྲིས་པ་ལ་མཉྫུ་གྷོ་ཥས་ཅུང་ཟད་སྒྲོས་པ་དགེ། །།སྤར་འདི་བདེ་ཆེན་རི་སུལ་བཞུགས། སརྦ་མངྒ་ལཾ།།)
- སྲོག་རླུང་གི་བཅོས་ཚུལ་ཕན་བདེའི་དོ་ཤལ། + (།ཞེས་སྲོག་རླུང་གི་བཅོས་ཐབས་སྙིང་པོར་དྲིལ་བ་ཕན་བདེའི་དོ་ཤལ་ཞེས་བྱ་བ་འདི་ཡང་ཁྱབ་བདག་དཔལ་ལྡན་བླ་མའི་བཀའ་སྩལ་གྱིས་ཡང་ཡང་བསྐུལ་བར་བརྟེན་ནས་ཀུན་རྨོངས་འཇིགས་མེད་མཁྱེན་བརྩེས་མྱུར་དུ་སྦྱར་བ་ཛཱ་ཡནྟུ།།)
- སྲོག་རླུང་གི་བཅོས་ཚུལ་སོགས་ཀྱི་མན་ངག་གུད་དུ་སྦས་པ། + (།ཞེས་སྲོག་རླུང་གི་བཅོས་ཚུལ་སོགས་ལེ་ཚན་བཞི་ཡི་མན་ངག་ཕྱོགས་གཅིག་ཏུ་བསྡེབས་པ་འདི་ཡང་རྨོངས་པ་ཀུན་གྱི་གྲལ་མཐར་སོན་པའི་བན་སྤྲང་འཇིགས་མེད་མཁྱེན་བརྩེའི་མྱུ་གུས་སྦྱར་བ་ཛ་ཡནྟུ།།)
- བླ་མ་བདེ་མཆོག་འཁོར་ལོའི་ལས་བྱང་གི་མཛེས་རྒྱན་ནོར་བུའི་མེ་ཏོག་སྤེལ་བའི་རྒྱན་ཕྲེང༌། + (།ཟབ་གཉན་ཉེ་བརྒྱུད་ཀྱི་ཚན་ཀ་མ་ཉམས་པ་འདི་ལྟ་ … །ཟབ་གཉན་ཉེ་བརྒྱུད་ཀྱི་ཚན་ཀ་མ་ཉམས་པ་འདི་ལྟ་བུ་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ལ་ཡིག་ཆས་ཕོངས་པ་མི་འདུག་ཀྱང་སྤྲོས་བཅས་སྒྲུབ་མཆོད་དང་ཚོགས་སྒྲུབ་ལ་ངོ་བོ་བདག་མདུན་དབྱེར་མེད་རྣམ་པ་སོ་སོའི་སྒྲུབ་ཚུལ་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལྟ་བུ་མཁས་གྲུབ་ཀྱི་གཞུང་ཚད་ཐུབ་ལས་འབྱུང་བ་བཞིན་ཅུང་ཟད་སྤྲོས་ན་འགལ་བ་མེད་སྙམ་གྱིས་ཐུན་མོང་མ་ཡིན་པའི་གསང་བ་འདི་ཉིད་རང་སྐལ་དུ་ཐོབ་པའི་ལས་འཕྲོ་དགེ་བར་རློམས་པའི་ཕྱོགས་མེད་ཀྱི་རྒྱལ་ཁམས་པ་པདྨ་དབང་མཆོག་དགྱེས་པ་རྩལ་ལམ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི་ལྟེ་བ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་གདན་ས་དགེ་འདུན་འདུས་པའི་སྡེ་ཆེན་པོས་བསྟེན་པའི་སྤུངས་ཐང་བདེ་བ་ཆེན་པོའི་རྫོང་དུ་ས་སྐྱོང་འཇིགས་མེད་སེང་གེ་དབང་ཕྱུག་གི་ལྷག་པའི་ལྷ་སྐལ་དུ་དཔལ་འཁོར་ལོ་སྡོམ་པ་ཆེན་པོའི་སྐུ་གསར་བཞེངས་མདུན་ཚུལ་འདིའི་སྒྲུབ་ཆེན་རྒྱུན་བཙུགས་སྐབས་ཉེར་མཁོའི་མཚམས་སྦྱར་བས་བྲིས་པ་འདིས་ཀྱང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་ཐམས་ཅད་དཔལ་ཧེ་རུ་ཀའི་གདུལ་བྱ་ལ་ངལ་འཚོ་བའི་རྟེན་འབྱུང་དུ་སྨོན་པ་སརྦ་ཨརྠ་སིདྡྷི་རསྟུ།།རྟེན་འབྱུང་དུ་སྨོན་པ་སརྦ་ཨརྠ་སིདྡྷི་རསྟུ།།)
- བླ་མ་བདེ་མཆོག་འཁོར་ལོའི་ལས་བྱང་གི་མཛེས་རྒྱན་ནོར་བུའི་མེ་ཏོག་སྤེལ་བའི་རྒྱན་ཕྲེང་། + (།ཟབ་གཉན་ཉེ་བརྒྱུད་ཀྱི་ཚན་ཀ་མ་ཉམས་པ་འདི་ལྟ་ … །ཟབ་གཉན་ཉེ་བརྒྱུད་ཀྱི་ཚན་ཀ་མ་ཉམས་པ་འདི་ལྟ་བུ་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ལ་ཡིག་ཆས་ཕོངས་པ་མི་འདུག་ཀྱང་སྤྲོས་བཅས་སྒྲུབ་མཆོད་དང་ཚོགས་སྒྲུབ་ལ་ངོ་བོ་བདག་མདུན་དབྱེར་མེད་རྣམ་པ་སོ་སོའི་སྒྲུབ་ཚུལ་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལྟ་བུ་མཁས་གྲུབ་ཀྱི་གཞུང་ཚད་ཐུབ་ལས་འབྱུང་བ་བཞིན་ཅུང་ཟད་སྤྲོས་ན་འགལ་བ་མེད་སྙམ་གྱིས་ཐུན་མོང་མ་ཡིན་པའི་གསང་བ་འདི་ཉིད་རང་སྐལ་དུ་ཐོབ་པའི་ལས་འཕྲོ་དགེ་བར་རློམས་པའི་ཕྱོགས་མེད་ཀྱི་རྒྱལ་ཁམས་པ་པདྨ་དབང་མཆོག་དགྱེས་པ་རྩལ་ལམ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི་ལྟེ་བ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་གདན་ས་དགེ་འདུན་འདུས་པའི་སྡེ་ཆེན་པོས་བསྟེན་པའི་སྤུངས་ཐང་བདེ་བ་ཆེན་པོའི་རྫོང་དུ་ས་སྐྱོང་འཇིགས་མེད་སེང་གེ་དབང་ཕྱུག་གི་ལྷག་པའི་ལྷ་སྐལ་དུ་དཔལ་འཁོར་ལོ་སྡོམ་པ་ཆེན་པོའི་སྐུ་གསར་བཞེངས་མདུན་ཚུལ་འདིའི་སྒྲུབ་ཆེན་རྒྱུན་བཙུགས་སྐབས་ཉེར་མཁོའི་མཚམས་སྦྱར་བས་བྲིས་པ་འདིས་ཀྱང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་ཐམས་ཅད་དཔལ་ཧེ་རུ་ཀའི་གདུལ་བྱ་ལ་ངལ་འཚོ་བའི་རྟེན་འབྱུང་དུ་སྨོན་པ་སརྦ་ཨརྠ་སིདྡྷི་རསྟུ།་རྟེན་འབྱུང་དུ་སྨོན་པ་སརྦ་ཨརྠ་སིདྡྷི་རསྟུ།)
- རིགས་ལྔའི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་ཕྲིན་ལས་དབང་ཆོག་དང་བཅས་པ་དུག་ལྔའི་སྟོབས་འཇོམས། + (།ཟབ་གཉན་དཀོན་པའི་གསང་སྔགས་སྐལ་བ་བཟང་པོའི་ད … །ཟབ་གཉན་དཀོན་པའི་གསང་སྔགས་སྐལ་བ་བཟང་པོའི་དཔྱིད་དུ་འོངས་པའི་ཞབས་ཏོག་དང་མི་ནུབ་འཕེལ་རྒྱས་ཀྱི་བཙས་སུ་དམིགས་ནས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བསྒྲིག་པའི་དབང་ཆོག་ལ་ཕུན་ཚོགས་རྣམ་རྒྱལ་པས་ལས་བྱང་གི་ཐོག་མཐའ་རིགས་མཐུན་ནས་བསྣན་ཅིང་དཀྱུས་གཅིག་ཏུ་བཀླག་ཆོག་ཏུ་སྤེལ་བ་དགེ་ལེགས་འཕེལ།།གཅིག་ཏུ་བཀླག་ཆོག་ཏུ་སྤེལ་བ་དགེ་ལེགས་འཕེལ།།)
- གཉན་སྲས་བསང་མཆོད་བྱ་བ། + (།ཟབ་གཏེར་འབྱུང་གནས་ཌཱཀྐི་མའི། །བཀའ་བཞིན་ཁྲག་འཐུང་དཔའ་བོ་ལས། །ཐོལ་བྱུང་་ཤར་བཞིན་ཐོགས་མེད་བྲིས། །ལས་མྱུར་གནམ་ལྕགས་ཐོག་འདྲའོ། །དགེ།)
- ཀུན་བཟང་ཐུགས་གཏེར་ལས། བླ་སྒྲུབ་ཀྱི་དབང་ཆོག་རིན་ཆེན་བུམ་བཟང་བཀླགས་ཆོག་ཏུ་བཀོད་པ་རིན་ཆེན་མཛེས་པའི་ཕྲ་ཚོམ། + (།ཟབ་ཆོས་འདི་ཉིད་ཀྱི་སྨིན་གྲོལ་བདུད་རྩིའི་ཟ … །ཟབ་ཆོས་འདི་ཉིད་ཀྱི་སྨིན་གྲོལ་བདུད་རྩིའི་ཟིལ་དངར་གསར་དུ་མྱོང་བའི་སྐལ་བ་བཟང་པོའི་རྫོགས་ལྡན་ཤར་བའི་སྐབས་སུ། ཁྱབ་བདག་བླ་མ་མ་ཧཱ་གུ་རུའི་ཞལ་སྐྱིན་ཉིད་ཀྱིས་རྗེས་སུ་གནང་བ་སྩལ་བ་ལྟར། རྒྱལ་དབང་པདྨཱ་ཀ་རའི་སྔགས་རིག་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་གཏེར་གཞུང་སོར་བཞག་གི་ཕྱག་ལེན་རྣམ་གསལ་དུ་བཀོད་པ་དགེ་ལེགས་འཕེལ།།་ཕྱག་ལེན་རྣམ་གསལ་དུ་བཀོད་པ་དགེ་ལེགས་འཕེལ།།)
- བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བསྙེན་སྒྲུབ་ཟིན་བྲིས་མདོར་བསྡུས་སུ་བཀོད་པ་སཱ་ལ་ཆེན་པོའི་ས་བོན། + (།ཟབ་ཆོས་འདིའི་མངའ་བདག་གཏེར་ཆེན་བླ་མ་རྣམ་གཉ … །ཟབ་ཆོས་འདིའི་མངའ་བདག་གཏེར་ཆེན་བླ་མ་རྣམ་གཉིས་ལས་སྨིན་གྲོལ་མན་ངག་གི་སྐལ་བཟང་རྫོགས་པར་ཐོབ་པས་རྒྱ་ཆེར་སྤྲོར་ཡོད་ཀྱང༌། དང་པོའི་ལས་ཅན་གྱི་ཉམས་ལེན་ཁྱེར་བདེ་ཙམ་ལ་དམིགས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དེ་བཱི་ཀོ་ཊི་གསུམ་པ་ཙྭ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།།ྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།།)
- གུར་དྲག་ཡེ་ཤེས་རབ་འབར་གྱི་རྒྱུན་ཁྱེར་ཡེ་ཤེས་བཅུད་ཐིག། + (།ཟབ་པའི་རྒྱུན་ཁྱེར་ཉུང་ངུ་འདི། །སྤྲུལ་སྐུ … །ཟབ་པའི་རྒྱུན་ཁྱེར་ཉུང་ངུ་འདི། །སྤྲུལ་སྐུ་པདྨ་རྒྱལ་མཚན་གྱིས། །བསྐུལ་བས་པདྨའི་མིང་ཅན་གྱིས། །མདོར་བསྡུས་ཉིད་དུ་སྦྱར་བའི་དགེས། །མ་གྱུར་འགྲོ་བ་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་རབ་གྲོལ་ནས། །སྲིད་པ་གསུམ་གྱི་གྲོང་ཁྱེར་རྣམས། །ཡེ་ཤེས་རབ་ཏུ་འབར་གྱུར་ཅིག །འདི་ནི་ཤིན་ཏུ་གསང་བས་ཉམས་སུ་བླང་བར་བྱའོ། །།ི་ནི་ཤིན་ཏུ་གསང་བས་ཉམས་སུ་བླང་བར་བྱའོ། །།)
- གཉན་སྲས་རྡོ་རྗེའི་བསང་མཆོད། + (།ཟོ་དོར་ཐ་ཚིག་བོར་བའི་ཚེ། །བདག་ཉིད་བློ་གསལ་དབང་མོ་ཡིས། །ཐོལ་བྱུང་ཤར་བཞིན་ཐོགས་མེད་བཀོད། །ཤིན་ཏུ་རྣོ་མྱུར་ཕྲིན་ལས་འགྲུབ། །ཞལ་དྲོ་བཀྲ་ཤིས་དཔལ་འབར་ཤོག །)
- སྟེང་ཡ་གི་དགའ་ལྡན་ལྷ་ཡུལ་ན་སོགས། + (།ཟླ་༡ཚེས་༢༧ལའོ།།)
- ཨ་ཧོཿ ལྔ་ལྡན་འཇའ་ཟེར་འཁྲིགས་པའི་འོད་ཁྱིམ་གྱི་ཀློང་ན་སོགས། + (།ཟླ་༣ཚེས་༡༡ལའོ།།)
- དག་སྣང་བཀའ་བརྒྱད་ཞི་ཁྲོ་རྣམ་རོལ་གྱི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེ་བཞི་ཡི་མཆོག་སྦྱིན། + (།འགྱུརྃ་བཅས་སྲིད་པའི་འཁྲུལ་སྣང་འཕོ་མེདྃ་ཀྱི། །རྡོ་རྗེ་བཞིར་སྡོམ་གསང་ཆེན་བསྟནྃ་པྃ་ཡི། །སྒོ་འབྱེད་སྨིན་ལམ་རྒྱལྃ་མཚནྃ་རྩེར་མཆོད་ནས། །གྲུབ་གཉིས་འདོད་འཇོའི་དགའ་ཚལ་གྱིས་ལ་གཟིགས། །དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀུན་འདུས་ཞི་ཁྲོ་རྣམ་རོལ་དབང་བསྐུར་གྱི་ལེའུ་ཚན་ནོ།།)
- རྡོ་རྗེའི་རྒྱ་ཅན་ལས། མཚོ་སྐྱེས་འཆི་མེད་རྡོ་རྗེའི་སྒྲུབ་ཕྲིན་དབང་ཆོག་དང་བཅས་པ་འཇུག་བདེར་བཀོད་པ་བྱིན་རླབས་བདུད་རྩིའི་འཛུམ་དཀར། + (།འགྱུརྃ་མེདྃ་དག་ཆེན་ནོར་བུའི་མེ་ལོང་ངོགས། །ཆོས་རྒྱུན་ཏིང་འཛིན་གཟུགས་བརྒྱ་བཀྲ་བས་ཤིས། །རྨད་བྱུང་ཐེགྃ་མཆོྃག་ཆོས་ཀྱི་བསྟནྃ་པའིྃ་རྒྱན། །གྲུབ་གཉིས་རྒྱལྃ་མཚྃན་མཛེས་པའི་དཔལ་འདི་རྨད། །ཐུགས་སྒྲུབ་མཚོ་སྐྱེས་འཆི་མེད་རྡོ་རྗེའི་སྒྲུབ་ཐབས་དང་དབང་གི་ལེའུ་ཚན་ནོ།།)
- དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། རིག་འཛིན་བླ་མའི་སྒོས་སྒྲུབ་ཀྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བྱིན་རླབས་བདུད་རྩིའི་མཆོག་སྟེར། + (།འགྱུརྃ་མེདྃ་བདེ་བ་ཆེན་པོའི་ཡེ་ཤེས་དབྱིངས། །མངོན་སུམ་རྟོགས་བྱེད་རིག་འཛིན་བླ་མ་ཡི། །དབང་དང་སྒྲུབ་ཐབས་ཐེགྃ་མཆོྃག་བསྟནྃ་པའིྃ་རྩེ། །སྲིད་ཞིའི་བླ་ན་མཛེས་འདི་རྒྱལྃ་མཚྃན་རྨད། །བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། རིག་འཛིན་བླ་མ་སྒྲུབ་པའི་ཕྲིན་ལས་དང་དབང་གི་ལེའུ་ཚན་ནོ།།)
- དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་སྒྲུབ་ཅིང་དབང་གི་ཆོ་ག་དྲག་རྩལ་རྡོ་རྗེའི་ཐོག་གཟེར། + (།འགྱུརྃ་མེདྃ་ཞི་བའི་དབྱིངས་ལས་ཐུགས་རྗེ་ཡི། །ཁྲོ་གཏུམ་གནམ་ལྕགས་འབར་བའི་ནག་པོའི་ཚོགས། །རླག་བྱེད་ཐེགྃ་མཆོགྃ་བསྟནྃ་པའིྃ་རྒྱལྃ་མཚནྃ་གྱི། །སྨིན་བྱེད་ངོ་མཚར་དཔལ་དུ་འབར་བའོ། །དྲག་སྔགས་སྟོབས་ལྡན་ནག་པོའི་དབང་དང་སྒྲུབ་ཐབས་ལེའུ་ཚན་ནོ།།)
- སྡིག་པའི་རྒྱ་ཅན་ལས། གུ་རུ་དྲག་པོ་བགེགས་དཔུང་ཀུན་འཇོམས་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་དབང་དྲག་དགྱེས་པའི་རོལ་མཚོ། + (།འགྱུརྃ་མེདྃ་ཞི་བའི་དབྱིངས་ལས་སྙིང་རྗེའི་རྩལ། །དབང་དྲག་པདྨ་དྲག་པོའི་སྨིན་བྱེད་བཅུད། །ཐེགྃ་མཆོགྃ་བསྟནྃ་པའིྃ་རྒྱལྃ་མཚནྃ་བསྒྲེངས་འདིས་ཀྱང༌། །ནག་ཕྱོགས་དཔུང་ལས་རྒྱལ་བའི་མཚན་རྟགས་རྨད། །གུ་རུ་དྲག་པོ་བགེགས་དཔུང་ཀུན་འཇོམས་ཀྱི་དབང་དང་སྒྲུབ་ཐབས་བཅས་ཀྱི་ལེའུ་ཚན་ནོ།།)
- རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས། གུ་རུ་དྲག་པོའི་ཕོ་ཉ་ཡཀྴ་མེ་དབལ་གྱི་སྒྲུབ་ཐབས་དབང་དང་བཅས་པ་བགེགས་དཔུང་མཐར་བྱེད་རྡོ་རྗེའི་མཚོན་ཆེན། + (།འགྱུརྃ་མེདྃ་རྡོ་རྗེའི་ཚིག་གི་ལྟེ་བ་ལ། །ཐེགྃ་མཆོགྃ་སྔ་འགྱུར་བསྟནྃ་པའིྃ་ཕྱག་བཞེས་ཀྱིས། །ལེགས་བརྒྱན་སྒྲུབ་ཐབས་དབང་གི་རྒྱལྃ་མཚྃན་ཆེ། །གྲུབ་གཉིས་འདོད་འཇོའི་དཔལ་དུ་ལེགས་པར་བསྐྲུན། གུ་རུ་དྲག་པོའི་ཕོ་ཉ་ཡཀྴ་མེ་དབལ་གྱི་སྒྲུབ་ཐབས་དབང་གི་ལེའུ་ཚན་ནོ།།)
- རྫོང་སར་འཇམ་དབྱངས་མཁྱེན་བརྩེ་པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀའ་བབས་སྨིན་གྲོལ་གྱི་བརྒྱུད་ཡིག་གསེར་ལྡན་དལ་འབབ། + (།འགྲན་བྲལ་བརྒྱུད་པའི་བཀའ་སྲོལ་ལས་འོང་པའི། … །འགྲན་བྲལ་བརྒྱུད་པའི་བཀའ་སྲོལ་ལས་འོང་པའི། །འགྲན་མེད་ཟབ་གཏེར་ཀུན་གྱི་སྙིང་པོ་འདི། །འགྲན་ཟླས་དབེན་པའི་མཁས་གྲུབ་ཚོགས་རྣམས་ཀྱིས། །ལེགས་བཟུང་སྲིད་མཐའི་བར་དུ་འཕེལ་རྒྱས་ཤོག །ཅེས་བཀའ་བབས་སྨིན་གྲོལ་གྱི་བརྒྱུད་ཡིག་རགས་རིམ་ཙམ་བཀོད་པའི་ཁུངས་ནི་རིན་ཆེན་གཏེར་མཛོད་ཀྱི་བརྒྱུད་ཡིག་དང༌། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་གྱི་གཏེར་མཛོད་གསན་ཡིག་དང་མི་ཕམ་བཀའ་འབུམ་མཁྱེན་བརྩེའི་བཀའ་འབུམ་སྙིང་ཐིག་མ་བུའི་གསན་ཡིག་སོགས་ལ་གཏུག་ཅིང༌། དེ་དག་ཏུ་ཞལ་གསལ་མེད་པ་འགའ་ཞིག་རྫོང་སར་སྒང་སྣ་སྤྲུལ་སྐུའི་གསན་ཡིག་ལས་ཀྱང་གསབ་ཏེ། བཀའ་བབས་སྐོར་དཀྱུས་གཅིག་ཏུ་བསྒྲིག་སྐབས་ཉེར་མཁོའི་ཡན་ལག་ཏུ་དམིགས་ནས། ཕུན་ཚོགས་རྣམ་རྒྱལ་པས་བསྡེབས་པ་དགེ་ལེགས་འཕེལ།།་ཚོགས་རྣམ་རྒྱལ་པས་བསྡེབས་པ་དགེ་ལེགས་འཕེལ།།)
- ཞི་ཁྲོའི་བསྐྱེད་རྫོགས་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འོད་གསལ་སྙིང་པོ། + (།འགྲན་ཟླ་དང་བྲལ་བའི་སྤྲུལ་པའི་ལོ་ཙཱ་བ་ཆེན་ … །འགྲན་ཟླ་དང་བྲལ་བའི་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་ཤེས་རབ་འོད་ཟེར་གྱིས་སྤྱན་དྲངས་པའི་ཞི་ཁྲོའི་བསྐྱེད་རྫོགས་ལམ་འབྲས་སྙིང་པོའི་ཀུན་བཟང་དོན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འདིའང་རང་གཞན་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རླབས་པོ་ཆེས་འོད་གསལ་སྙིང་པོ་ཡེ་ཤེས་ཀྱི་སྐུ་བསྒྲུབ་པའི་ཆ་རྐྱེན་དུ། བླ་མ་དང་ལྷག་པའི་ལྷས་གནང་བའི་བྱིན་རླབས་ཀྱི་བདུད་རྩིས་བློ་གྲོས་ཀྱི་པདྨོ་བྱེ་བ་མཚོ་སྐྱེས་རྡོ་རྗེ་འཆང་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བ་ལ། རྡོ་རྗེའི་གསུང་རིགས་མཐུན་གཞན་གྱིས་ཁ་བསྐངས་ཏེ་གྲུབ་པར་སྦྱར་བ་གཞན་དོན་མཁའ་ཁྱབ་ཏུ་རྟག་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།།རྒྱུར་གྱུར་ཅིག། །།སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།།)
- གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆོས་སྡེ། ཞི་ཁྲོའི་བསྐྱེད་རྫོགས་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འོད་གསལ་སྙིང་པོ། + (།འགྲན་ཟླ་དང་བྲལ་བའི་སྤྲུལ་པའི་ལོ་ཙཱ་བ་ཆེན་ … །འགྲན་ཟླ་དང་བྲལ་བའི་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་ཤེས་རབ་འོད་ཟེར་གྱིས་སྤྱན་དྲངས་པའི་ཞི་ཁྲོའི་བསྐྱེད་རྫོགས་ལམ་འབྲས་སྙིང་པོའི་ཀུན་བཟང་དོན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འདིའང་རང་གཞན་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རླབས་པོ་ཆེས་འོད་གསལ་སྙིང་པོ་ཡེ་ཤེས་ཀྱི་སྐུ་བསྒྲུབ་པའི་ཆ་རྐྱེན་དུ། བླ་མ་དང་ལྷག་པའི་ལྷས་གནང་བའི་བྱིན་རླབས་ཀྱི་བདུད་རྩིས་བློ་གྲོས་ཀྱི་པདྨོ་བྱེ་བ་མཚོ་སྐྱེས་རྡོ་རྗེ་འཆང་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བ་ལ། རྡོ་རྗེའི་གསུང་རིགས་མཐུན་པ་གཞན་གྱིས་ཁ་བསྐངས་ཏེ་གྲུབ་པར་སྦྱར་བ་གཞན་དོན་མཁའ་ཁྱབ་ཏུ་རྟག་པའི་རྒྱུར་གྱུར་ཅིག། །སརྦ་དྭ་ཤྲེ་ཡོ་བྷ་བ་ཏུ།།་རྒྱུར་གྱུར་ཅིག། །སརྦ་དྭ་ཤྲེ་ཡོ་བྷ་བ་ཏུ།།)
- ངག་འདོན་བསྡུས་པ་ཟུང་འཇུག་བདེ་ལམ། + (།འཇ༷མ་དབྱང༷ས་ལ་སོགས་ཕྱོགས་བཅུ་ཡི། །འཕགས་རྣམས་དགྱེས་པའི་བཤེས་གཉེན་ཆེ། །མཁྱེན༷་བརྩེ༷འི་དབ༷ང་པོ༷་སྐྱེར་སྒང་པའི། །ཐུགས་བཅུད་སྙིང་པོའི་མན་ངག་གོ། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་ངག་འདོན་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ།། །།མངྒལཾ།།)
- ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་མྱུར་ལམ། + (།འཇ༷མ་དབྱང༷ས་ལ་སོགས་ཕྱོགས་བཅུ་ཡི། །སྲས་བཅས་རྒྱལ་བའི་མཁྱེན༷་བརྩེ༷འི་དངོས། །འཕགས་མཆོག་སྙིང་རྗེའི་གཏེར་ཆེན་གྱི། །རྣལ་འབྱོར་ཟབ་མོ་འཇུག་བདེའི་ཕུལ།། །།ཐུགས་རྗེ་ཆེན་པོའི་དམར་ཁྲིད་དཔལ་མོ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ།།)
- ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་གསུང་ཐོར་བུའི་བཞུགས་བྱང་རིན་པོ་ཆེའི་སྙེ་མ། + (།འཇ༷མ་པའི་དབྱང༷ས་དངོས་ཀུན་མཁྱེ༷ན་ཆེའི། །གསུང་རབ་བཞེངས་པའི་ལེགས་བྱས་ཀྱིས། །མཁྱེན་བརྩེ༷འི་དབ༷ང་པོ༷་བསམ་ཡས་པས། །རྗེས་བཟུང་དོན་གཉིས་མཐར་ཕྱིན་ཤོག །སརྦ་དཱ་ཤྲི་ཡེ་བྷ་བ་ཏུ།)
- འབྲི་རྒྱུད་བཀྲ་ཤིས་ཆོས་ལུང་གི་གཞི་བདག་བསང་མཆོད་མདོར་བསྡུས། + (།འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག།)
- རྩ་གསུམ་ལམ་ཁྱེར་རྡོ་རྗེའི་ཐོལ་གླུ་ཟབ་གསང་སྦས་དོན་གསལ་བའི་སྣང་བ་ཉི་ཟླའི་སྤྲིན་གྱི་འཇོ་སྒེག། + (།འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་མགུར་ལས་ཟུར་ཕྱུང༌།།)
- ངོར་ཆེན་གྱིས་མཛད་པའི་རྣམ་དག་མའི་ཁ་སྐོང་། + (།འཇམ་དབྱངས་མཁྱེན་བརྩེས་སོ།)
- ཉང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལས། ནང་སྒྲུབ་ཀྱི་ཕྲིན་ལས་བལྟས་ཆོག་ཏུ་བཀོད་པ་དྲི་མེད་ཤེལ་དཀར་ཕྲེང་བ། + (།འདི་ཉིད་གངས་ཅན་མགོན་པོའི་སྒྲུབ་ཐབས་ཐམས་ཅད … །འདི་ཉིད་གངས་ཅན་མགོན་པོའི་སྒྲུབ་ཐབས་ཐམས་ཅད་ཀྱི་རྒྱལ་པོར་གྱུར་ཀྱང་དེང་སང་རྒྱུན་དཀོན་པས་གཏེར་གཞུང་ཁོ་ནར་གོ་སླ་ཁྱེར་བདེའི་གསལ་བྱེད་ཕྲན་བུས་བརྒྱན་ཏེ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཁམས་ཀྱི་ཟབ་བུ་ལུང་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།།ས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།།)
- སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་དེ་ཁོ་ན་ཉིད་བསྒོམ་པའི་ཞལ་ལུང་རྡོ་རྗེའི་ཚིག་གི་དུམ་བུ་འགའ་ཞིག་ཁོལ་དུ་ཕྱུང་བ། + (།འདི་ཉིད་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང་ལོ་ཙཱ་བ་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་བ་སྣང་ངོ་།)
- གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྨིན་བྱེད་ཀྱི་ལག་ལེན་ཁྲིགས་སུ་བསྡེབས་པ་ལེགས་བཤད་སྙིང་པོ། + (།འདི་ཉིད་རྩ་གཞུང་རྡོ་རྗེའི་ཚིག་རྐང་དུ་གྱུར … །འདི་ཉིད་རྩ་གཞུང་རྡོ་རྗེའི་ཚིག་རྐང་དུ་གྱུར་པས་གནད་དོན་ཤིན་ཏུ་ཁྲོལ་བར་དཀའ་རུང་ཁྱབ་བདག་གཏེར་ཆེན་བླ་མ་ཉིད་ལ་གསོལ་བ་བཏབ་ཅིང་ཞལ་ལུང་ཞིབ་མོར་ཞུས་པའི་དོན་ལེགས་པར་བཀོད་པ་པོ་ནི། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་ཏེ་རྫོང་གསར་བཀྲ་ཤིས་ལྷ་རྩེར་བྲིས་པ་དགེ་ལེགས་འཕེལ།།གསར་བཀྲ་ཤིས་ལྷ་རྩེར་བྲིས་པ་དགེ་ལེགས་འཕེལ།།)
- གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་སྲུང་ཟློག་གི་ལས་རིམ་གསལ་བར་བཀོད་པ་ཁྲོ་ཆེན་སྟོབས་འདུས། + (།འདི་ཉིད་སྤྲོས་པ་ཧ་ཅང་རྒྱས་པ་དང་བསྡུས་པའི་ … །འདི་ཉིད་སྤྲོས་པ་ཧ་ཅང་རྒྱས་པ་དང་བསྡུས་པའི་མཐའ་ལ་མ་ལྷུངས་ཤིང་བདེ་འདུས་སོགས་ཀྱི་གཟེར་ཁ་ཆེན་པོ་རྣམས་ཀྱི་གནད་མ་ཚང་བ་མེད་པའི་གཞུང་ཁྱད་པར་འཕགས་པར་སྣང་བས་དུས་ཞབས་ཀྱི་སྔགས་མཁན་ལ་ཤིན་ཏུ་ཕན་ཐོགས་པར་མཐོང་ནས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་གཏེར་གཞུང་ཉིད་ནག་འགྲོས་བཀླག་ཆོག་ཏུ་བསྡེབས་པ་དགེ་ལེགས་འཕེལ།།འགྲོས་བཀླག་ཆོག་ཏུ་བསྡེབས་པ་དགེ་ལེགས་འཕེལ།།)
- ཆོས་སྐྱོང་གི་འཁུ་ལྡོག་ཞི་བ་ཟ་ངུའི་ཕྲིན་བཅོལ། + (།འདི་མཚམས་སྤྲུལ་རིན་པོ་ཆེ་མགོ་ལོག་ཏུ་ཕེབས་སྐབས་དཔལ་སྤྲུལ་པས་སོ།)
- ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་བརྒྱུད་པའི་གསོལ་འདེབས་གྲུབ་གཉིས་དཔྱིད་སྟེར། + (།འདི་འང་མཆོག་གི་རིག་འཛིན་ཟུང་གིས་བྱིན་རླབས་རྗེས་གནང་ཐུན་མོང་མ་ཡིན་པ་ཐོབ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་ཏུ་གསོལ་བ་བཏབ་པ་དགེ་ལེགས་འཕེལ། མངྒ་ལཾ། །དགེའོ།།)
- གནས་ཆོག་ཟིན་བྲིས། + (།འདི་འཇམ་མགོན་ངག་དབང་ལེགས་གྲུབ་ཀྱི་ལྗགས་བསྒྲིགས་དྲྭ་སྒང་སྤར་མ་དེའི་ཕྱག་ལེན་ཐོ་གནང་བ་ལགས།)
- དངོས་གྲུབ་སྒོ་འབྱེད་བྱིན་རླབས་སྤྲིན་ཕུང་། + (།འདི་འདྲའི་བླ་མ་ནང་ལྟར་སྒྲུབ་པའི་རིམ་པ་དངོ … །འདི་འདྲའི་བླ་མ་ནང་ལྟར་སྒྲུབ་པའི་རིམ་པ་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་འདི་ནི། རྡོ་རྗེའི་མཆེད་པོ་བཛྲ་འཇིགས་མེད་ཀྱིས་ནན་ཏན་ཆེན་པོས་བསྐུལ་ངོར་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྒོ་གསུམ་བྱིན་གྱིས་བརླབས་པའི་སྲས་མིང་ནུས་ལྡན་འབོད་པ་དེས་སྦྲུལ་ལོ་མགོ་ཟླ་བའི་ཚེས་ལ་འཕྲལ་དུ་བྲིས་པའོ།།ྲུལ་ལོ་མགོ་ཟླ་བའི་ཚེས་ལ་འཕྲལ་དུ་བྲིས་པའོ།།)
- འཕགས་མ་སྒྲོལ་མའི་ཚོགས་མཆོད་དོན་འདུས་ཡེ་ཤེས་རོལ་མོ། + (།འདི་འདྲའི་རིགས་ཉམས་སུ་མི་ལོང་བའི་རང་བཞིན་ … །འདི་འདྲའི་རིགས་ཉམས་སུ་མི་ལོང་བའི་རང་བཞིན་ལས། གསར་དུ་འབྲི་བའི་དོན་ཅང་མ་མཐོང་ཡང་། དགེ་བརྩོན་འགྲུས་ལགས་ནས་དུས་ཚེས་དགེ་བའི་ཉིན་དར་དང་ལྕགས་ཕུར་སྒྲོས་གཙང་བཅས་ཏེ་བསྐུལ་ངོ་མ་ལྡོག་ཙམ་དུ་སྲས་མིང་པ་ཀུན་བཟང་རྡོ་རྗེ་རྩལ་གྱིས་ལྷག་བསམ་དད་པའི་ངང་ནས་ཤུགས་འབྱུང་དུ་བྲིས་པ་དགེ་ལེགས་ཤོག །དགེའོ།།ཤུགས་འབྱུང་དུ་བྲིས་པ་དགེ་ལེགས་ཤོག །དགེའོ།།)
- ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དོན་དབང་ཟུར་ཕྱུང་དུ་བཀོད་པ་བདུད་རྩིའི་སྙིང་པོ། + (།འདི་ཡང་ཁྱེར་བདེ་བའི་སླད་དུ་གཏེར་གཞུང་གི་དགོངས་པ་དང་གཏེར་ཆེན་བླ་མའི་བཞེད་པ་གུང་མཐུན་པར་ཟབ་ཆོས་འདི་ཉིད་ཀྱི་ཐོག་མའི་སྣོད་ལྡན་ཀུ་སཱ་ལི་པདྨ་གར་དབང་གིས་བཀླག་ཆོག་ཏུ་བཀོད་པ་དགེ་ལེགས་འཕེལ།)