DKR-KABUM-04-NGA-016

From Khyentse Lineage - A Tsadra Foundation Project

སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་ཐུགས་རྒྱུད་བསྐུལ་ཏེ་བསོད་ནམས་སྤེལ་བའི་ཆོ་ག་བསྟན་འགྲོའི་རྒུད་སེལ་ཕན་བདེའི་ཆར་འབེབས།
Wylie title sems dpa' chen po sa yi snying po'i thugs rgyud bskul te bsod nams spel ba'i cho ga bstan 'gro'i rgud sel phan bde'i char 'bebs DKR-KABUM-04-NGA-016.pdf
Location dil mgo mkhyen brtse bka' 'bum
Volume 4, Text 16, Pages 239-243 (Folios 1a to 5b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Sems dpa' chen po sa yi snying po'i thugs rgyud bskul te bsod nams spel ba'i cho ga bstan 'gro'i rgud sel phan bde'i char 'bebs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 4: 239-243. Delhi: Shechen Publications, 1994.
Genre Offering Rituals - mchod sbyin  ·  Ritual and Liturgical Texts - cho ga phyag len
Deity sa yi snying po
Colophon

།ཞེས་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་མཆོད་པའི་ཆོ་ག་རྒྱས་བསྡུས་རྫོགས་པའི་སངས་རྒྱས་ཞེ་ཆེན་པ་ཡབ་སྲས་ཀྱི་རྡོ་རྗེའི་གསུང་ཁྱད་པར་ཅན་བཞུགས་ཀྱང་དུས་ཀྱི་འགྱུར་བས་དཔེ་རྙེད་པའི་སྐལ་པ་མ་བྱུང་བས་ཚུལ་འདི་ལྟ་བུ་ཞིག་འབྲི་བར་འོས་ཞེས་དད་དམ་རྣམ་པར་དཀར་བ་དོན་རྡོར་ནས་ལྷ་རྫས་བཅས་བསྐུལ་ངོར། དཔལ་མགོན་བླ་མའི་ལེགས་གསུང་གི་དགོངས་དོན་ཡིད་ལ་ཇི་ལྟར་ངེས་པ་རྣམས་དཀྱུས་གཅིག་ཏུ་རྒྱལ་སྲས་གཞན་ཕན་ཆོས་ཀྱི་མྱུ་གུ་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་ལྷ་རི་འབྲས་ལྗོངས་སྦས་པའི་གནས་ཀྱི་བྱེ་བྲག་སྒང་ཏོག་གི་གཙུག་ལག་ཁང་དང་ཉེ་བའི་ཞོལ་དུ་ལྕགས་གླང་མགོ་ཟླའི་ཚེས་ལ་རྣམ་སྣང་ཀོ་ཊི་རུ་བྲིས་པས་བསྟན་དང་ཡིད་ཅན་རིས་སུ་མ་ཆད་པར་ཕན་བདེའི་དཔལ་འབྱོར་མི་ཟད་པས་དབུགས་དབྱུང་བའི་རྒྱུར་གྱུར་ཅིག སརྦ་དཱ་མངྒ་ལམ།

/zhes sems dpa' chen po sa yi snying po mchod pa'i cho ga rgyas bsdus rdzogs pa'i sangs rgyas zhe chen pa yab sras kyi rdo rje'i gsung khyad par can bzhugs kyang dus kyi 'gyur bas dpe rnyed pa'i skal pa ma byung bas tshul 'di lta bu zhig 'bri bar 'os zhes dad dam rnam par dkar ba don rdor nas lha rdzas bcas bskul ngor/_dpal mgon bla ma'i legs gsung gi dgongs don yid la ji ltar nges pa rnams dkyus gcig tu rgyal sras gzhan phan chos kyi myu gu mkhyen brtse'i 'od zer du 'bod pas lha ri 'bras ljongs sbas pa'i gnas kyi bye brag sgang tog gi gtsug lag khang dang nye ba'i zhol du lcags glang mgo zla'i tshes la rnam snang ko Ti ru bris pas bstan dang yid can ris su ma chad par phan bde'i dpal 'byor mi zad pas dbugs dbyung ba'i rgyur gyur cig_sarba dA mang+ga lam/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་ཐུགས་རྒྱུད་བསྐུལ་ཏེ་བསོད་ནམས་སྤེལ་བའི་ཆོ་ག་བསྟན་འགྲོའི་རྒུད་སེལ་ཕན་བདེའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།། ༄༅། ཨོཾ་སྭསྟི། དེ་ཡང་སྙིགས་མའི་རྒུད་པ་སེལ་ཞིང་ཚོགས་གཉིས་སྤེལ་བའི་ཐབས་རྨད་དུ་བྱུང་བ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་ཐུགས་རྒྱུད་བསྐུལ་ཏེ་ཚོགས་བསགས་པར་འདོད་པས་ལྷག་པའི་ལྷ་འདིའི་རྗེས་སུ་གནང་བ་ནོད་ཅིང༌། དམ་ཚིག་ལ་གནས་ཤིང་དད་མོས་སྙིང་རྗེའི་ཡིད་དང་མ་བྲལ་བས་གཙང་མའི་གནས་སུ་གཞུང་མཐུན་སྐུ་རྟེན་བཀྲམ་པའི་དྲུང་དུ་སྟེགས་གཙང་མར་མཎྜལ་འབྲུ་ཡི་ཚོམ་བུ་བརྒྱད་བཀོད་པའི་དྲུང་དུ་མཆོད་པ་ཇི་ལྟར་འབྱོར་བ་བརྒྱ་རྩ་སོགས་བཀོད་ལེགས་སུ་བསྟར། སྒྲུབ་པ་པོའི་མདུན་དུའང་རྡོར་དྲིལ། ཁྲུས་བུམ། མཎྜལ་སོགས་འདུ་བྱ་ཞིང་བདེ་བའི་སྟན་ལ་འཁོད་དེ་ངེས་འབྱུང་དང༌། བྱང་ཆུབ་ཀྱི་སེམས་ལ་བློ་གཞོལ་བ་དང་བཅས་ཉམས་སུ་ལེན་པ་ལ་སྔོན་དངོས་རྗེས་གསུམ་ལས། སྔོན་འགྲོའི་ཐོག་མར་སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སོགས་ཚད་མེད་བཞིས་རྒྱུད་སྦྱངས། གཉིས་པ་གནས་ཡོ་བྱིན་རླབས་ནི། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང༌། སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་རླབས་དང༌། ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཆེན་ཞིང་གི་འབྱོར་པའི་དབུས། །རིན་ཆེན་གཞལ་མེད་བཀོད་མཛེས་གདན་ཁྲི་བཅས། །ཀུན་བཟང་མཆོད་པའི་སྤྲིན་གྱིས་མཛེས་གྱུར་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་མཆོད་གཟུངས་ལན་གསུམ་རོལ་མོ་བཅས་པས་བྱིན་གྱིས་རླབས། གཉིས་པ་དངོས་གཞི་ལ་དང་པོ་ཚོགས་ཞིང་སྤྱན་འདྲེན་པ་ནི། སྤོས་བཏུལ་ཞིང་སྙན་པའི་དབྱངས་དང་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཞེས་སྤྱན་དྲངས། ཁྲུས་ཁང་བསྐྱེད་ཅིང་སྙན་བརྣན་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ་སོགས་དང༌། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ་སོགས། ཁྲུས་གསོལ་བ་ནི། ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་མཆོག༴ རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ་སོགས། སྐུ་ཕྱི་བ་ནི། དེ་དག་སྐུ་ལ་སོགས། གོས་འབུལ་བ་ནི། དེ་ནས་དེ་ལ༴ སྣ་ཚོགས་དབང་པོའི༴ དྲི་མེད་མཚན་ལ་སོགས་སྤྱི་ལྟར་བྱས་ལ། གཉིས་པ་ཚོགས་རྟེན་གསལ་གདབ་པ་ནི། ཕྱོགས་བཅུའི་དག་པའི་ཞིང་རབ་འབྱམས་ནས་བླ་མ་རྒྱལ་བ་སྲས་དང་བཅས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་རྣམ་པར་བྱོན་ནས་མདུན་གྱི་གཞལ་ཡས་ཁང་སེར་པོ་རིན་པོ་ཆེའི་བྲག་རི་དང་གངས་རིས་བསྐོར་བ། གཞལ་མེད་ཁང་གི་དབུས་སུ་སེང་གེའི་ཁྲི་ལ་བཞུགས་པ་ནི་ས་ཡི་སྙིང་པོ་སྐུ་མདོག་སེར་པོ། སྟོད་གཡོགས་སེར་པོ་ཅན་ཞི་བ། སྤྱན་རྩ་དམར་བ། མེ་ཏོག་སྔོན་པོའི་ཕྲེང་བའི་ཐོད་ཅན། ཕྱག་གཡས་ཤིང་ཐོག་དང་གཡོན་པདྨའི་སྟེང་ན་ནོར་བུ་དང་བཅས་པ་འཛིན་པ། འོད་ཟེར་ལྗང་གུ་འཕྲོ་ཞིང་རྡོ་རྗེ་ས་འོག་ལ་སོགས་པའི་འཁོར་གྱིས་བསྐོར་བ། དར་དང་རིན་པོ་ཆེས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ཤིང་རྒྱལ་བ་རིགས་ལྔའི་དབུ་རྒྱན་ཅན་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཇིག་རྟེན་སྐྱོང་བའི་ཚོགས་དང་བཅས་པས་བསྐོར་ཏེ་བཞུགས་པར་མོས། གསུམ་པ་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པས་ཚོགས་བསགས་པ་ནི། མདུན་རྟེན་ཚོགས་ཀྱི་ཞིང་དེ་དག་གི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་སོགས་ཡན་ལག་བདུན་པའི་བསག་སྦྱང་ལ་འཇུག་པར་གྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ། ཞེས་མེ་ཏོག་འཐོར་བ་བཅས་ལན་བདུན་སོགས་བརྗོད་མཐར། སྤྲོ་ན་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་རྒྱལ་སྲས་ས་ཡི་སྙིང་པོའི་བསྟོད་པ་ས་གཞིའི་མཛེས་རྒྱན་ཉིད་སྔོན་དུ་འགྲོ་བས། ཆོས་དབྱིངས་ཀུན་ཁྱབ་སྲས་བཅས་རྒྱལ་བ་ཡི། །ཚོགས་གཉིས་ལས་བྱུང་ཡོན་ཏན་ནོར་བུའི་སྤྲིན། །སེམས་དཔའ་ས་ཡི་སྙིང་པོའི་ཚུལ་བསྟན་པ། །དགེ་ལེགས་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །གསེར་མདོག་མཚན་དཔེའི་གཟི་བྱིན་འབར་བའི་སྐུ། །ཟབ་རྒྱས་ཚངས་པའི་དབྱངས་ཀྱི་འབྱུང་གནས་གསུང༌། །དཔག་ཡས་མཁྱེན་བརྩེའི་གཏིང་དཔག་དཀའ་བའི་ཐུགས། །འཕགས་མཆོག་ས་ཡི་སྙིང་པོར་ཕྱག་འཚལ་ལོ། །གཞན་ཡང་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །སངས་རྒྱས་བྱང་སེམས་ཕྱོགས་དུས་སྐྱབས་ཡུལ་ཚོགས། །རབ་འབྱམས་སྲས་དང་བཅས་པའི་མགོན་རྣམས་ལ། །གུས་ཤིང་དྭངས་བ་ཆེན་པོས་ཕྱག་འཚལ་ལོ། སྐབས་འདིར་སྤྲོ་ན་མཎྜལ་རྒྱས་བསྡུས་སྤྱི་ལྟར་བྱ། དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །སེམས་དཔའ་ས་ཡི་སྙིང་པོའི་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ན་བདག་སོགས་འགྱུར་བར་ཤོག །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་རྒྱས་ཤིང་ཡུན་རིང་ཞབས་བརྟན་གསོལ། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང༌། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང༌། །སྙན་གྲགས་ནམ་མཁའ་ལྟ་བུར་ཁྱབ་པ་ཡི། །བཀྲ་ཤིས་བདེ་ལེགས་འབྱུང་བར་མཛད་དུ་གསོལ། །ཞེས་ལན་ཉེར་གཅིག་གམ། བདུན་སོགས་ཇི་ལྟར་རིགས་པར་བསགས། བཞི་པ་རིགས་སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་བ་ནི། སྐྱབས་ཡུལ་རྣམས་ཀྱི་ཕྱག་མཆོད་ཐུགས་དམ་བསྐུལ་བས་སྐུ་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཚོགས་གཉིས་དཔག་ཏུ་མེད་པའི་བདག་ཉིད་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་བདག་དང་བསྒྲུབ་བྱ་རྣམས་ལ་ཐིམ་པས་ཚེ་དཔལ་བསོད་ནམས་ཀྱི་སྟོབས་སྤེལ་ཞིང་བསྐྱེད། སླར་ཡང་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག །ལས་ཉོན་གྱི་རྒུད་པ་བསལ་ཞིང་ཕན་བདེའི་འདོད་དགུའི་དཔལ་ལ་བཀོད། བདག་དང་གནས་ཡུལ་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྟོབས་དཔལ་བསོད་ནམས་ཐམས་ཅད་བསྐྱེད་པར་མོས་ལ། ཨོཾ་ཀྵིཾ་ཧི་རཱ་ཛ་ཡ་སྭཱ་ཧཱ། ཞེས་དང༌། ཨོཾ་ཀྵི་ཏི་གྷརྦྷ་ཀྵིཾ་སྭཱ་ཧཱ། ཞེས་དང༌། ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་ཧ་ར་ཙ་ར། མ་ཧཱ་པཱ་ཤ། མ་རུ་ཏ། ཨ་མོ་གྷ་བཛྲ་སཏྭ་སྭཱ་ཧཱ། ཞེས་ས་སྙིང་གི་མཚན་བརྒྱ་རྩ་བརྒྱད་པ་ལས་གསུངས་པའི་ཡོན་ཏན་སྦྱིན་པ་ཞེས་བྱ་བའི་གཟུངས་ཕན་ཡོན་ཆེན་པོ་དང་ལྡན་པ་ཉིད་ཅི་ནུས་སུ་བཟླ། མཆོད་ཆོག་གྲངས་བསགས་ན་གནས་ཡོ་བྱིན་རླབས་ནས་བརྩམས་འདིའི་བར་རམ། བསྡུ་ན་མཚན་ནས་བརྗོད་ཅིང༌། ཡན་ལག་བདུན་པའི་བར་གྲངས་བསགས་ཤིང༌། བར་སྐབས་རྣམས་སུའང་བཟླས་པ་ཅུང་ཟད་བྱས་ཀྱང་ལེགས། གསུམ་པ་རྗེས་ཀྱི་བྱ་བ་ནི། གང་ལྟར་ཡང་མཇུག་ཏུ། །ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང༌། །ཕྱོགས་བཅུ་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་འདི་དག་བཞེས་སུ་གསོལ། །ཞེས་མཆོད་གཟུངས་བཅས་དང༌། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །ས་ཡི་སྙིང་པོ་ཁྱེད་ལ་བསྟོད། །ཅེས་པས་བསྟོད། མཆོད་པའི་ཡོ་བྱད་མ་འབྱོར་བ་ལ་སོགས། །ནོངས་པ་གང་མཆིས་སྙིང་ནས་བཟོད་བཞེས་ལ། །འཕགས་མཆོག་སེམས་དཔའ་འཁོར་དང་བཅས་པ་རྣམས། །རྟེན་མཆོག་རྣམས་ལ་བརྟན་པར་བཞུགས་སུ་གསོལ། །བདག་གཞན་དགེ་བའི་རྩ་བ་འདི་ཡི་མཐུས། །ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་པོ་ཆེར། །རྙེད་དང་བཀུར་སྟིའི་དཔལ་གྱིས་མངོན་མཐོ་ཞིང༌། །སྲིད་ཞིའི་ལེགས་ཚོགས་རྒྱས་པར་མཛད་དུ་གསོལ། །བདག་གཞན་མཁའ་ཁྱབ་ཡིད་ཅན་མ་ལུས་པ། །ཚེ་རབས་ཀུན་ཏུ་མངོན་མཐོ་ངེས་ལེགས་ཀྱི། །ཕུན་ཚོགས་ཡོན་ཏན་དཔལ་གྱིས་རྟག་འབྱོར་ཞིང༌། །མཐུན་རྐྱེན་ལེགས་ཚོགས་རྒྱས་ཤིང་བརྟན་གྱུར་ཅིག །རྒྱལ་སྲས་ས་ཡི་སྙིང་པོའི་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེའི་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཅི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །སྣོད་བཅུད་སྲིད་དང་ཞི་བའི་ཁྱོན་གནས་པའི། །བཀྲ་ཤིས་དགེ་ལེགས་དཔལ་གྱི་ཉིན་བྱེད་ཀྱིས། །འཇིག་རྟེན་གསུམ་ན་གསལ་ཞིང་འཆར་བ་ཡིས། །ཕན་བདེའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་དང་ཐུན་མཚམས་སུ་ཕྱག་མཆོད་མཎྜལ་སོགས་བསོད་ནམས་ཀྱི་ཚོགས་སྤེལ་བའི་ཐབས་སྤྱི་དང༌། ཁྱད་པར་ས་སྙིང་གི་མཚན་བརྒྱ་རྩ། འཁོར་ལོ་བཅུ་པའི་མདོ་སོགས་བཀླག་པར་བྱའོ། །འདི་ལྟར་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་མཚན་བརྗོད་པ་དང༌། ཕྱག་མཆོད་ཐུགས་དམ་བསྐུལ་བས་གནས་སྐབས་མཐར་ཐུག་གི་ཡོན་ཏན་གྱི་ལེགས་ཚོགས་སྤྱི་དང༌། ཁྱད་པར་སྲིད་བརྟན། འབྱོར་པ་རྒྱས། ཇི་འདོད་པ་ཐོབ། དཔལ་ཡོན་རྒྱ་ཆེར་འཕེལ་བ་ལ་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་གྱིས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་གཞན་རྣམས་བསྐལ་པར་མཆོད་ཅིང་གསོལ་བ་བཏབ་པ་ལས་སེམས་དཔའ་ས་ཡི་སྙིང་པོ་ཡུད་ཙམ་དྲན་པས་ཁྱད་པར་དུ་འཕགས་པ་སྟོན་པ་ཐམས་ཅད་མཁྱེན་པས་མདོ་སྡེ་ལས་རྒྱ་ཆེར་བསྔགས་པའི་བཀའ་ལ་ཡིད་གཉིས་མེད་པའི་དད་མོས་བརྟན་པོས་སྙིགས་མའི་བསྟན་འགྲོའི་རྒུད་པ་ཞི་ཞིང་ལེགས་ལམ་འཕེལ་བའི་ཕྱིར་ཉམས་སུ་ལེན་པ་གལ་ཆེའོ། །ཞེས་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་མཆོད་པའི་ཆོ་ག་རྒྱས་བསྡུས་རྫོགས་པའི་སངས་རྒྱས་ཞེ་ཆེན་པ་ཡབ་སྲས་ཀྱི་རྡོ་རྗེའི་གསུང་ཁྱད་པར་ཅན་བཞུགས་ཀྱང་དུས་ཀྱི་འགྱུར་བས་དཔེ་རྙེད་པའི་སྐལ་པ་མ་བྱུང་བས་ཚུལ་འདི་ལྟ་བུ་ཞིག་འབྲི་བར་འོས་ཞེས་དད་དམ་རྣམ་པར་དཀར་བ་དོན་རྡོར་ནས་ལྷ་རྫས་བཅས་བསྐུལ་ངོར། དཔལ་མགོན་བླ་མའི་ལེགས་གསུང་གི་དགོངས་དོན་ཡིད་ལ་ཇི་ལྟར་ངེས་པ་རྣམས་དཀྱུས་གཅིག་ཏུ་རྒྱལ་སྲས་གཞན་ཕན་ཆོས་ཀྱི་མྱུ་གུ་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་ལྷ་རི་འབྲས་ལྗོངས་སྦས་པའི་གནས་ཀྱི་བྱེ་བྲག་སྒང་ཏོག་གི་གཙུག་ལག་ཁང་དང་ཉེ་བའི་ཞོལ་དུ་ལྕགས་གླང་མགོ་ཟླའི་ཚེས་ལ་རྣམ་སྣང་ཀོ་ཊི་རུ་བྲིས་པས་བསྟན་དང་ཡིད་ཅན་རིས་སུ་མ་ཆད་པར་ཕན་བདེའི་དཔལ་འབྱོར་མི་ཟད་པས་དབུགས་དབྱུང་བའི་རྒྱུར་གྱུར་ཅིག སརྦ་དཱ་མངྒ་ལམ།
[edit]

@#/_sems dpa' chen po sa yi snying po'i thugs rgyud bskul te bsod nams spel ba'i cho ga bstan 'gro'i rgud sel phan bde'i char 'bebs zhes bya ba bzhugs so// @#/_oM swasti/_de yang snyigs ma'i rgud pa sel zhing tshogs gnyis spel ba'i thabs rmad du byung ba sems dpa' chen po sa yi snying po'i thugs rgyud bskul te tshogs bsags par 'dod pas lhag pa'i lha 'di'i rjes su gnang ba nod cing*/_dam tshig la gnas shing dad mos snying rje'i yid dang ma bral bas gtsang ma'i gnas su gzhung mthun sku rten bkram pa'i drung du stegs gtsang mar maN+Dal 'bru yi tshom bu brgyad bkod pa'i drung du mchod pa ji ltar 'byor ba brgya rtsa sogs bkod legs su bstar/_sgrub pa po'i mdun du'ang rdor dril/_khrus bum/_maN+Dal sogs 'du bya zhing bde ba'i stan la 'khod de nges 'byung dang*/_byang chub kyi sems la blo gzhol ba dang bcas nyams su len pa la sngon dngos rjes gsum las/_sngon 'gro'i thog mar skyabs sems ni/_sangs rgyas chos dang tshogs kyi mchog rnams sogs lan gsum/_sems can thams cad bde ba dang ldan sogs tshad med bzhis rgyud sbyangs/_gnyis pa gnas yo byin rlabs ni/_dkon mchog rin chen gsum gyi bden pa dang*/_sangs rgyas byang sems rnams kyi byin rlabs dang*/_tshogs gnyis mnga' thang chos dbyings dag stobs kyis/_/snod bcud bde chen zhing gi 'byor pa'i dbus/_/rin chen gzhal med bkod mdzes gdan khri bcas/_/kun bzang mchod pa'i sprin gyis mdzes gyur cig_/na mo rat+na tra yA ya sogs mchod gzungs lan gsum rol mo bcas pas byin gyis rlabs/_gnyis pa dngos gzhi la dang po tshogs zhing spyan 'dren pa ni/_spos btul zhing snyan pa'i dbyangs dang bcas/_ma lus sems can kun gyi mgon gyur cing*/_/bdud sde dpung bcas mi zad 'joms mdzad lha/_/dngos rnams ma lus ji bzhin mkhyen gyur pa'i/_/bcom ldan 'khor bcas gnas 'dir gshegs su gsol/_/badz+ra sa ma ya dzaH_zhes spyan drangs/_khrus khang bskyed cing snyan brnan pa ni/_khrus kyi khang pa shin tu dri zhim pa sogs dang*/_de bzhin gshegs pa rnams dang de sras la sogs/_khrus gsol ba ni/_ji ltar bltams pa sogs/_'di ni khrus mchog=_rgyal ba'i sku gsung thugs mchog la sogs/_sku phyi ba ni/_de dag sku la sogs/_gos 'bul ba ni/_de nas de la=_sna tshogs dbang po'i=_dri med mtshan la sogs spyi ltar byas la/_gnyis pa tshogs rten gsal gdab pa ni/_phyogs bcu'i dag pa'i zhing rab 'byams nas bla ma rgyal ba sras dang bcas pa byang chub sems dpa' sems dpa' chen po sa yi snying po'i rnam par byon nas mdun gyi gzhal yas khang ser po rin po che'i brag ri dang gangs ris bskor ba/_gzhal med khang gi dbus su seng ge'i khri la bzhugs pa ni sa yi snying po sku mdog ser po/_stod g.yogs ser po can zhi ba/_spyan rtsa dmar ba/_me tog sngon po'i phreng ba'i thod can/_phyag g.yas shing thog dang g.yon pad+ma'i steng na nor bu dang bcas pa 'dzin pa/_'od zer ljang gu 'phro zhing rdo rje sa 'og la sogs pa'i 'khor gyis bskor ba/_dar dang rin po ches brgyan pa/_sems dpa'i skyil krung gis bzhugs shing rgyal ba rigs lnga'i dbu rgyan can la/_sangs rgyas dang byang chub sems dpa' 'jig rten skyong ba'i tshogs dang bcas pas bskor te bzhugs par mos/_gsum pa bsags sbyang gi snying po yan lag bdun pas tshogs bsags pa ni/_mdun rten tshogs kyi zhing de dag gi spyan sngar bdag sogs sems can thams cad lus zhing gi rdul snyed du sprul nas phyag sogs yan lag bdun pa'i bsag sbyang la 'jug par gyur/_byang chub sems dpa' sems dpa' chen po sa yi snying po la phyag 'tshal lo/_mchod do/_skyabs su mchi'o/_zhes me tog 'thor ba bcas lan bdun sogs brjod mthar/_spro na 'jam mgon mi pham rin po che'i gsung rgyal sras sa yi snying po'i bstod pa sa gzhi'i mdzes rgyan nyid sngon du 'gro bas/_chos dbyings kun khyab sras bcas rgyal ba yi/_/tshogs gnyis las byung yon tan nor bu'i sprin/_/sems dpa' sa yi snying po'i tshul bstan pa/_/dge legs 'byung gnas de la phyag 'tshal lo/_/gser mdog mtshan dpe'i gzi byin 'bar ba'i sku/_/zab rgyas tshangs pa'i dbyangs kyi 'byung gnas gsung*/_/dpag yas mkhyen brtse'i gting dpag dka' ba'i thugs/_/'phags mchog sa yi snying por phyag 'tshal lo/_/gzhan yang dkon mchog rin chen rnam pa gsum/_/sangs rgyas byang sems phyogs dus skyabs yul tshogs/_/rab 'byams sras dang bcas pa'i mgon rnams la/_/gus shing dwangs ba chen pos phyag 'tshal lo/_skabs 'dir spro na maN+Dal rgyas bsdus spyi ltar bya/_dngos bshams gzungs rig mos stobs kyis sprul pa'i/_/mchod tshogs kun 'bul sdig ltung thams cad bshags/_/dge la yi rang chos 'khor bskor bzhin du/_/bskal brgyar bzhugs gsol dge tshogs 'gro la bsngo/_/sems dpa' sa yi snying po'i thugs bskyed dang*/_/mdzad pa smon lam mkhyen brtse nus pa'i tshul/_/bla med ye shes sgyu 'phrul ji 'dra ba/_/de 'dra kho na bdag sogs 'gyur bar shog_/srid zhi'i dpal 'byor ma lus 'byung ba'i gzhi/_/thub pa'i bstan pa yun ring gnas pa dang*/_/de 'dzin byed pa'i skyes bu dam pa rnams/_/dpal 'byor rgyas shing yun ring zhabs brtan gsol/_/bsod nams ri bo bzhin du brtan pa dang*/_/brgyud 'dzin nyi zla bzhin du gsal ba dang*/_/snyan grags nam mkha' lta bur khyab pa yi/_/bkra shis bde legs 'byung bar mdzad du gsol/_/zhes lan nyer gcig gam/_bdun sogs ji ltar rigs par bsags/_bzhi pa rigs sngags bzlas pas thugs rgyud bskul ba ni/_skyabs yul rnams kyi phyag mchod thugs dam bskul bas sku las byung ba'i ye shes kyi 'od zer gyis chos kyi dbyings kun tu khyab/_rgyal ba sras dang bcas pa'i thugs rgyud bskul/_tshogs gnyis dpag tu med pa'i bdag nyid mkhyen brtse nus pa'i byin rlabs thams cad 'od zer gyi rnam par bsdus nas bdag dang bsgrub bya rnams la thim pas tshe dpal bsod nams kyi stobs spel zhing bskyed/_slar yang 'od zer 'phros sems can thams cad la phog_/las nyon gyi rgud pa bsal zhing phan bde'i 'dod dgu'i dpal la bkod/_bdag dang gnas yul snod bcud thams cad la phog pas stobs dpal bsod nams thams cad bskyed par mos la/_oM k+ShiM hi rA dza ya swA hA/_zhes dang*/_oM k+Shi ti g+har+b+ha k+ShiM swA hA/_zhes dang*/_oM suM b+ha ni suM b+ha ni ha ra tsa ra/_ma hA pA sha/_ma ru ta/_a mo g+ha badz+ra satwa swA hA/_zhes sa snying gi mtshan brgya rtsa brgyad pa las gsungs pa'i yon tan sbyin pa zhes bya ba'i gzungs phan yon chen po dang ldan pa nyid ci nus su bzla/_mchod chog grangs bsags na gnas yo byin rlabs nas brtsams 'di'i bar ram/_bsdu na mtshan nas brjod cing*/_yan lag bdun pa'i bar grangs bsags shing*/_bar skabs rnams su'ang bzlas pa cung zad byas kyang legs/_gsum pa rjes kyi bya ba ni/_gang ltar yang mjug tu/_/lha dang klu dang gnod sbyin mi rnams dang*/_/phyogs bcu byang chub sems dpa'i mchod pa rnams/_/yon tan chen po 'jig rten gtso la 'bul/_/mchog gi mchod pa 'di dag bzhes su gsol/_/zhes mchod gzungs bcas dang*/_rin chen kun bdag dbang phyug ste/_/khyab bdag rin chen kun gyi mchog_/sems can kun yid tshim par byed/_/sa yi snying po khyed la bstod/_/ces pas bstod/_mchod pa'i yo byad ma 'byor ba la sogs/_/nongs pa gang mchis snying nas bzod bzhes la/_/'phags mchog sems dpa' 'khor dang bcas pa rnams/_/rten mchog rnams la brtan par bzhugs su gsol/_/bdag gzhan dge ba'i rtsa ba 'di yi mthus/_/phan bde'i 'byung gnas thub bstan rin po cher/_/rnyed dang bkur sti'i dpal gyis mngon mtho zhing*/_/srid zhi'i legs tshogs rgyas par mdzad du gsol/_/bdag gzhan mkha' khyab yid can ma lus pa/_/tshe rabs kun tu mngon mtho nges legs kyi/_/phun tshogs yon tan dpal gyis rtag 'byor zhing*/_/mthun rkyen legs tshogs rgyas shing brtan gyur cig_/rgyal sras sa yi snying po'i thugs bskyed dang*/_/mdzad pa smon lam mkhyen brtse'i nus pa'i tshul/_/bla med ye shes sgyu 'phrul ci 'dra bar/_/de 'dra kho nar bdag sogs 'gyur bar shog_/snod bcud srid dang zhi ba'i khyon gnas pa'i/_/bkra shis dge legs dpal gyi nyin byed kyis/_/'jig rten gsum na gsal zhing 'char ba yis/_/phan bde'i legs tshogs rgyas pa'i bkra shis shog_/ces dang thun mtshams su phyag mchod maN+Dal sogs bsod nams kyi tshogs spel ba'i thabs spyi dang*/_khyad par sa snying gi mtshan brgya rtsa/_'khor lo bcu pa'i mdo sogs bklag par bya'o/_/'di ltar sems dpa' chen po sa yi snying po'i mtshan brjod pa dang*/_phyag mchod thugs dam bskul bas gnas skabs mthar thug gi yon tan gyi legs tshogs spyi dang*/_khyad par srid brtan/_'byor pa rgyas/_ji 'dod pa thob/_dpal yon rgya cher 'phel ba la thugs bskyed dang smon lam gyi khyad par gyis sangs rgyas dang*/_byang chub sems dpa' gzhan rnams bskal par mchod cing gsol ba btab pa las sems dpa' sa yi snying po yud tsam dran pas khyad par du 'phags pa ston pa thams cad mkhyen pas mdo sde las rgya cher bsngags pa'i bka' la yid gnyis med pa'i dad mos brtan pos snyigs ma'i bstan 'gro'i rgud pa zhi zhing legs lam 'phel ba'i phyir nyams su len pa gal che'o/_/zhes sems dpa' chen po sa yi snying po mchod pa'i cho ga rgyas bsdus rdzogs pa'i sangs rgyas zhe chen pa yab sras kyi rdo rje'i gsung khyad par can bzhugs kyang dus kyi 'gyur bas dpe rnyed pa'i skal pa ma byung bas tshul 'di lta bu zhig 'bri bar 'os zhes dad dam rnam par dkar ba don rdor nas lha rdzas bcas bskul ngor/_dpal mgon bla ma'i legs gsung gi dgongs don yid la ji ltar nges pa rnams dkyus gcig tu rgyal sras gzhan phan chos kyi myu gu mkhyen brtse'i 'od zer du 'bod pas lha ri 'bras ljongs sbas pa'i gnas kyi bye brag sgang tog gi gtsug lag khang dang nye ba'i zhol du lcags glang mgo zla'i tshes la rnam snang ko Ti ru bris pas bstan dang yid can ris su ma chad par phan bde'i dpal 'byor mi zad pas dbugs dbyung ba'i rgyur gyur cig_sarba dA mang+ga lam/

Footnotes

Other Information