གནས་ཆོག་ཟིན་བྲིས།

From Khyentse Lineage - A Tsadra Foundation Project
JKW-KABUM-21-ZHA-002-002
Wylie title gnas chog zin bris JKW-KABUM-21-ZHA-002.pdf
Location mkhyen brtse'i bka' 'bum
Volume 21, sde tshan 2, Text 2, Pages 136-137 (Folios 9b2 to 10a5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. gnas chog zin bris. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 136-137. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris
Colophon

།འདི་འཇམ་མགོན་ངག་དབང་ལེགས་གྲུབ་ཀྱི་ལྗགས་བསྒྲིགས་དྲྭ་སྒང་སྤར་མ་དེའི་ཕྱག་ལེན་ཐོ་གནང་བ་ལགས།

'di 'jam mgon ngag dbang legs grub kyi ljags bsgrigs drwa sgang spar ma de'i phyag len tho gnang ba lags

1 Texts in this Section (sde tshan or chos tshan)

[edit]
གནས་བརྟན་ཆོ་ག་ལ། སྐུ་བརྙན་མདུན་སྟེགས་དང་པོར་གཏོར་མ་དཀར་ཟླུམ་ཆ་བཞི། དེ་འོག་དང་ཉེ་ལོགས་གང་བདེར་མཎྜལ་ཚོམ་བུ་བདུན་མ་དང་། མཆོད་པ་རྣམ་བདུན་ཆ་ཉེར་གཉིས། དེ་སྟེང་སྤོས་དང་། མར་མེ་དང་། ཞལ་ཟས་གསུམ་ལྷག་གང་འབྱོར་བཅས་གཙང་ཞིང་བཀོད་པས་མཛེས་པར་བཤམ། ཚོགས་པ་རྣམས་ཀྱི་མདུན་དུ་མཎྜལ། ཁྲུས་ཆས། འཐོར་ནས། ཏིང་ཤག །སིལ་སྙན། རྔ་རྒྱ་གླིང་། དུང་དཀར་བཅས་འདུ་བྱ། །ཐོག་མར་འདུས་པ་ན་སྒོ་དྲུང་དུ་ཆབ་བླང་། ལྷྭམ་ཕུད། ནང་དུ་ཞུགས་ནས་རྟེན་ལ་ཕྱག་བྱས་ཏེ་རང་རང་གི་གྲལ་དུ་འཁོད། དཀོན་མཆོག་རྗེས་དྲན་ནས་ལོ་པཎ་སྤྱི་བསྟོད་བར་ཆོས་སྤྱོད་དཀྱུས་ལྟར་བཏང་། དེ་ནས་རྣམ་རྒྱལ་སྟོང་མཆོད་ལྟར་གསོ་སྦྱོང་བླང་། འདི་སྐབས་ཕྱག་འཚལ་དུས་བློ་ལ་ཡོད་ན་ལངས་ཏེ་དངོས་སུ་ཕྱག་བྱ། སྡོམ་བཟུང་ལ་ཙོག་པུར་ཐལ་མོ་སྦྱར། དེ་རྗེས་སྐྱབས་འགྲོ་ནས་བཟུང་ཆོ་ག་གཞུང་ལྟར་བསྒྲིགས་འདོན་དལ་བུས་བྱ། སྤྱན་འདྲེན་སྐབས་བཞེངས་ནས་བླ་མ་སོགས་ཀྱིས་སྤོས་རིང་དང་། མཆོད་དཔོན་གྱིས་དུང་ཆུ་ཐོགས་ལ་རོལ་མོའི་སྐབས་བཟེད་ཞལ་དུ་དུང་ཆུ་སྦྲེང་། ཁྲུས་ཀྱི་སྐབས་མཆོད་དཔོན་གྱིས་དངོས་སུ་ཁྲུས་གསོལ་སོགས་བྱ། ཡན་ལག་བདུན་པའི་རྗེས་མཎྜལ་ས་གཞི་སྤོས་བྱུགས་བརྒྱ་རྩ་སོགས་ཉི་ཚོད་དང་བསྟུན་ནས་གང་གྲུབ་དང་། ཕྱག་མཆོད་ཚིགས་བཅད་མ་ཚར་༢༡སོགས་གང་གྲུབ་གསོག །ཞྭ་ཡོད་ན་སྤྱན་འདྲེན། ཁྲུས་གསོལ། བཀྲ་ཤིས་རྣམས་ཀྱི་སྐབས་སུ་གྱོན། རྗེས་སུ་བརྟན་བཞུགས་མ་གཏོགས་གཤེགས་གསོལ་མི་དགོས། བཀྲ་ཤིས་རྗེས་སྨོན་ལམ་རྣམ་ལྔའམ། བཟང་སྤྱོད་སྨོན་ལམ་ཙམ་ཉི་ཚོད་དང་བསྟུན་ནས་གང་ཚར་འདོན་ལ་གྲོལ། འདི་ཉིན་གསོ་སྦྱོང་བླངས་པ་ཡིན་པས་གུང་ཚིགས་དགོངས་བཅད་སོགས་ཞིབ་ཆ་དགོས་སོ། །འདི་འཇམ་མགོན་ངག་དབང་ལེགས་གྲུབ་ཀྱི་ལྗགས་བསྒྲིགས་དྲྭ་སྒང་སྤར་མ་དེའི་ཕྱག་ལེན་ཐོ་གནང་བ་ལགས། ། ༈

Footnotes

Other Information