རྫོང་སར་འཇམ་དབྱངས་མཁྱེན་བརྩེ་པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀའ་བབས་སྨིན་གྲོལ་གྱི་བརྒྱུད་ཡིག་གསེར་ལྡན་དལ་འབབ།

From Khyentse Lineage - A Tsadra Foundation Project
JKW-KABAB-01-KA-003
Wylie title rdzong sar 'jam dbyangs mkhyen brtse pad+ma 'od gsal mdo sngags gling pa'i bka' babs smin grol gyi brgyud yig gser ldan dal 'bab JKW-KABAB-01-KA-003.pdf
Location mkhyen brtse'i bka' babs
Volume 1, Text 3, Pages 209-320 (Folios 1a to 56b5)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Citation Phun tshogs rnam rgyal. Rdzong sar 'jam dbyangs mkhyen brtse pad+ma 'od gsal mdo sngags gling pa'i bka' babs smin grol gyi brgyud yig gser ldan dal 'bab. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 1: 209-320. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Lineage Transmission Records - brgyud yig
Karchag page JKW-KABAB-Volume-01-KA-Karchag
Colophon

།འགྲན་བྲལ་བརྒྱུད་པའི་བཀའ་སྲོལ་ལས་འོང་པའི། །འགྲན་མེད་ཟབ་གཏེར་ཀུན་གྱི་སྙིང་པོ་འདི། །འགྲན་ཟླས་དབེན་པའི་མཁས་གྲུབ་ཚོགས་རྣམས་ཀྱིས། །ལེགས་བཟུང་སྲིད་མཐའི་བར་དུ་འཕེལ་རྒྱས་ཤོག །ཅེས་བཀའ་བབས་སྨིན་གྲོལ་གྱི་བརྒྱུད་ཡིག་རགས་རིམ་ཙམ་བཀོད་པའི་ཁུངས་ནི་རིན་ཆེན་གཏེར་མཛོད་ཀྱི་བརྒྱུད་ཡིག་དང༌། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་གྱི་གཏེར་མཛོད་གསན་ཡིག་དང་མི་ཕམ་བཀའ་འབུམ་མཁྱེན་བརྩེའི་བཀའ་འབུམ་སྙིང་ཐིག་མ་བུའི་གསན་ཡིག་སོགས་ལ་གཏུག་ཅིང༌། དེ་དག་ཏུ་ཞལ་གསལ་མེད་པ་འགའ་ཞིག་རྫོང་སར་སྒང་སྣ་སྤྲུལ་སྐུའི་གསན་ཡིག་ལས་ཀྱང་གསབ་ཏེ། བཀའ་བབས་སྐོར་དཀྱུས་གཅིག་ཏུ་བསྒྲིག་སྐབས་ཉེར་མཁོའི་ཡན་ལག་ཏུ་དམིགས་ནས། ཕུན་ཚོགས་རྣམ་རྒྱལ་པས་བསྡེབས་པ་དགེ་ལེགས་འཕེལ།།

'gran bral brgyud pa'i bka' srol las 'ong pa'i/__/'gran med zab gter kun gyi snying po 'di/__/'gran zlas dben pa'i mkhas grub tshogs rnams kyis/__/legs bzung srid mtha'i bar du 'phel rgyas shog_/ces bka' babs smin grol gyi brgyud yig rags rim tsam bkod pa'i khungs ni rin chen gter mdzod kyi brgyud yig dang*/__dil mkhyen bkra shis dpal 'byor gyi gter mdzod gsan yig dang mi pham bka' 'bum mkhyen brtse'i bka' 'bum snying thig ma bu'i gsan yig sogs la gtug cing*/__de dag tu zhal gsal med pa 'ga' zhig rdzong sar sgang sna sprul sku'i gsan yig las kyang gsab te/__bka' babs skor dkyus gcig tu bsgrig skabs nyer mkho'i yan lag tu dmigs nas/__phun tshogs rnam rgyal pas bsdebs pa dge legs 'phel

[edit]
༄༅། །རྫོང་སར་འཇམ་དབྱངས་མཁྱེན་བརྩེ་པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀའ་བབས་སྨིན་གྲོལ་གྱི་བརྒྱུད་ཡིག་གསེར་ལྡན་དལ་འབབ་ཞེས་བྱ་བ་བཞུགས་སོ། རྒྱལ་ཀུན་སྤྱི་གཟུགས་པདྨ་ཀ་ར་དང༌། །དབྱེར་མེད་དྲིན་ཅན་བླ་མ་ལ་བཏུད་ནས། །བརྒྱུད་པ་དྲུག་ལྡན་མཁྱེན་བརྩེའི་འཀའ་བབས་ཀྱི། །བརྒྱུད་ཡིག་གསེར་ལྡན་དལ་གྱིས་འདི་ན་འབབ། དེ་ལ་སྙིགས་མའི་དུས་འདིར་རིས་སུ་མ་ཆད་པའི་གངས་ལྗོངས་རྒྱལ་བསྟན་ཡོངས་ལ་བཀའ་དྲིན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ། གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཟབ་གཏེར་རྒྱ་མཚོ་ལྟ་བུའི་བཀའ་བབས་མངའ་བ་ལས། སྐྲ་རྩེའི་ཟིལ་ཐིགས་ཙམ་ཞིག་བདག་ཅག་གི་སྤྱོད་ཡུལ་དུ་སྣང་བར་མཛད་པ་རྣམས་ཀྱི་བརྒྱུད་ཡིག་རིམ་པར་འབྲི་བ་ལ་ཐོག་མར། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བཀའ་བབས་བསྐྱར་བསྒྲིག་ཀྱི་དཀར་ཆག་ཉུང་གསལ་ལ་ལུང་མི་དགོས། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀའ་བབས་སྨིན་གྲོལ་གྱི་བརྒྱུད་ཡིག་གསེར་ལྡན་དལ་འབབ་ལ་ལུང་མ་བྱས་ཀྱང་ཆོག་མོད་གསན་པ་པོ་རྣམས་སྤྲོ་བ་བསྐྱེད་པའི་ཆེད་དུ་དལ་ཤིང་གསལ་བར་བཀླག་ན་ལེགས་སོ། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བཀའ་བབས་ཀྱི་སྨིན་གྲོལ་དཀྱུས་གཅིག་ཏུ་འབོག་པའི་བཅའ་བཤམ་བྱ་ཚུལ་མཐོང་བ་དོན་རྟོགས་ལ་ལུང་མི་དགོས། བཀའ་བབས་བདུན་གྱི་གསང་མཛོད་ཐུན་མོང་གདུལ་བྱའི་སྣང་ངོར་ཇི་ཙམ་བཞུགས་པའི་དཀར་ཆག་ངོ་མཚར་ནོར་བུའི་ཕྲེང་བའི་ལུང་ནི་རྩོམ་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་འཇམ་དཔལ་་སྨྲ་བའི་སེངྒེ་སྙིགས་འགྲོའི་མགོན་དུ་ཆས་པ་་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་འཁྲུངས་རབས་རགས་བསྡུས་ཀྱི་གསོལ་འདེབས་ངོ་མཚར་དཔལ་བསྐྱེད་དང༌། ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་ཉུང་ངུར་བསྡུས་པ་བཅས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་གསུང་པའི་ལུང་ནི་དེ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །འཁོར་ལོའི་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བསྔགས་པ་དྲང་གཏམ་བདེན་ཚིག་རྡོ་རྗེའི་རོལ་མོ་འཇམ་མགོན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོསགསུང་པའི་ལུང་ནི། འཇམ་མགོན་མི་ཕམ་རིན་པོ་ཆེ། ཉེ་གནས་བླ་མ་འོད་གསལ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ནའི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཉི་མ་ཆེན་པོ་རིག་འཛིན་གཏེར་བདག་གླིང་པ་ལ་ངམ་ཤོད་གནམ་ལྕགས་བྲག་ནས་དཔལ་སྔགས་ཀྱི་སྲུང་མས་དངོས་སུ་ཕུལ་བའི་ཟབ་གཏེར་ཞི་བ་རྡོ་རྗེ་དབྱིངས་གསང་ཆེན་རིགས་གཅིག་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་སྐོར་འདི་ཉིད་སྒྲུབ་སྡེ་གཏེར་མའི་ཕྱོགས་སུ་གཏོགས་ཀྱང༌། བསྐྱེད་རྫོགས་ཀྱི་ཟབ་གནད་རྣམས་གསང་བ་སྒྱུ་འཕྲུལ་གྱི་མན་ངག་ཁོ་ནར་སྣང་བ་མ་ཟད། རྒྱལ་པོ་ཛཿནས་རིམ་པར་བརྒྱུད་པའི་བཀའ་མའི་རྡོར་སེམས་ཀྱི་བྱིན་རླབས་ཆུ་བོ་གཅིག་ཏུ་འདྲེས་པས་དོན་གྱིས་བཀའ་གཏེར་ཟུང་འཇུག་ཏུ་འགྱུར་བའི་ཕྱིར་དང༌། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གྱུར་པ་མ་ཟད་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་ཉེ་བརྒྱུད་དུ་བཀའ་བབས་ཅིང་རྡོར་སེམས་དངོས་ལས་བརྡའི་ལུང་བསྟན་ཀྱང་ཐོབ་པ་ཡིན་པས་ཐོག་མར་དགེ་བའི་ཚུལ་དུ་བཀའ་བབས་དང་པོའི་དབང་གི་ས་ཁོང་འཛིན་བྱེད་དུ་བཞག་པ་ཡིན་ནོ། །དེ་ལ་དབང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོར་སེམས། དགའ་རབ། ཤྲཱི་སིཾ་ཧ། ཧཱུྃ་མཛད། བི་མ་ལ། ཨོ་རྒྱན་ཆེན་པོ། མཚོ་རྒྱལ། བཻ་རོ། ཁྲི་སྲོང༌། གཏེར་ཆེན་འགྱུར་མེད་རྡོ་རྗེ། མཁན་ཆེན་ཆོས་དཔལ་རྒྱ་མཚོ། གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན། ཁྲི་ཆེན་སངས་རྒྱས་ཀུན་དགའ། དེ་གཉིས་ཀ་ལས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་་འཇམ་དཔལ་་སྨྲ་བའི་སེངྒེ་བདག་ཅག་གི་འདྲེན་པར་ཆས་པ་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་ཏེ་བདག་ཅག་ལ་སྩལ་བའོ། །ཡང་དབང་བརྒྱུད་གཅིག་ནི། ཁྲི་ཕྲིན་ལས་རྣམ་རྒྱལ་ནས། ཁྲི་ཆེན་པདྨ་དབང་རྒྱལ། དཔའ་བོ་གཙུག་ལག་ཆོས་རྒྱལ། འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲའོ། །ཡང་མཁྱེན་ཀོང་གཉིས་ཀ་ལས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་གསན། དེ་ལས་ཞེ་ཆེན་རྒྱལ་ཚབ་པདྨ་བི་ཛ། ཀཿཐོག་མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲའོ། །ཡང་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང༌། ཞེ་ཆེན་རྒྱལ་ཚབ་པདྨ་བི་ཛ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་གསན་པའོ། །ཡང་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས་འདིའི་དབང་ལན་དྲུག་གསན་པའི་མཆོག་གླིང་ཡང་སྲིད་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཕེལ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་གསན་པའོ། །སྨིན་གླིང་རྡོར་སེམས་བརྒྱུད་འདེབས། ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས། བྱིན་འབེབས་དངོས་གྲུབ་ཆར་འབེབས། དམ་ཅན་སྤྱིའི་གཏོར་མའི་ཆོ་ག་ཉུང་ངུར་བསྡུས་པ། སྔགས་སྲུང་མའི་གཏོར་འབུལ་ཁྱེར་བདེ། གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་གསོལ་མཆོད་བཅས་གཏེར་ཆེན་འགྱུར་མེད་རྡོ་རྗེས་གསུང་པ་སྟེ་དེ་ལས། རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན། དེས་རིན་ཆེན་རྣམ་རྒྱལ། དེ་ནས་རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན་བར་དབང་བརྒྱུད་དང་འདྲ་ཞིང་དེ་ལས་མཁྱེན་བརྩེ་དབང་པོ་མན་ཆད་འདྲ། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན་དང་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་རིམ་པ་ངག་འདོན་ཆུ་འབབས་སུ་བཀོད་པ། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་པ་གཏོང་ལུགས། རྒྱལ་ཐོ་བསྡུས་པ། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་ངག་འདོན་སྙིང་པོར་དྲིལ་བ་གཞན་ཕན་མཁའ་ཁྱབ་སོགས་ཚན་གཅིག་ཏུ་བྱས་པ། སྨིན་གླིང་རྡོར་སེམས་ཀྱི་རུས་སྦྱོང་ངག་འདོན། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོ་གའི་ཡན་ལག་སཱཙྪ་རབ་གནས་དང་སྒྲུབ་པའི་ངག་འདོན་སྙིང་པོར་དྲིལ་བ་བཅས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསུང་པ་སྟེ་དེ་ལས་འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲའོ། །དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང༌། རྡོར་སེམས་ཐུགས་ཀྱི་སྒྲུབ་པའྀ་སློབ་མ་རྗེས་འཛིན་གྱི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ་ཕྲིན་ལས་རབ་རྒྱས། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་མཆོད་རྒྱས་པར་བྱ་བའི་ལག་ལེན་རྣམ་གྲོལ་སྙེ་མ་བཅས་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་ཀྱིས་བསྒྲིག་པ་སྟེ་དེ་ལས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་མན་ཆད་འདྲ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་སྙིང་པོར་དྲིལ་བ། འཇམ་དཔལ་སྒྱུའཕྲུལ་དྲྭ་བའི་རྒྱུད་ལ་བརྟེན་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལམ་སྲོལ་འཆད་ཚུལ། སྤོང་བ་བསམ་གཏན་པ་ལ་གདམས་པའི་གཏམ་ལམ་རིམ་བདུད་རྩི་སྙིང་པོ། བུམ་དབང་གི་ལམ་ཁྱེར་དང་རྗེས་སུ་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་སྣང་སྟོང་ཟུང་འཇུག །གསང་དབང་ལམ་ཁྱེར་དང་རྗེས་སུ་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་གསལ་སྟོང་ཟུང་འཇུག །ཤེར་དབང་གི་ལམ་ཁྱེར་དང་རྗེས་སུ་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་བདེ་སྟོང་ཟུང་འཇུག །བཞི་པའི་དབང་དང་རྗེས་སུ་འབྲེལ་བ་རྡོ་རྗེའི་ཐོལ་གླུ་རིག་སྟོང་ཟུང་འཇུག །རྣལ་འབྱོར་ཆེན་པོ་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་དཀྱིལ་འཁོར་གསུམ་ལྡན། རྗེས་སུ་རྣལ་འབྱོར་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་བདེ་སྟོང་བདུད་རྩིའི་རླབས་ཕྲེང༌། ཟུང་འཇུག་རྫོགས་པ་ཆེན་པོའི་རྡོ་རྗེའི་ཐོལ་གླུ་བྱ་བྲལ་གཉུག་མའི་རྒྱན། དཔལ་གསང་བ་སྙིང་པོའི་བཤད་རྒྱུན་གྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཤིང་རྟ། དཔལ་རྡོ་རྗེ་སེམས་དཔའ་ལ་ཡང་སྙིང་གི་སྒོ་ནས་བསྔགས་པའི་རྡོ་རྗེའི་ཐོལ་གླུ་གསང་བདག་བཞད་པའི་དབྱངས་སྙན། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་རྡོ་རྗེའི་ཚིག་གི་དུམ་བུ་ཞིག་དོན་ཅུང་ཟད་རྒྱས་པར་བཀྲལ་བ་གྲུབ་པའི་ཞལ་ལུང༌། རྣལ་འབྱོར་གསུམ་གྱི་རྡོ་རྗེའི་ཐོལ་གླུ་འོད་གསལ་སྣང་བ། འོད་གསལ་རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་རིམ་པ་དང་འབྲེལ་བར་རདོ་རྗེའི་ཐོལ་གླུ་ཡེ་ཤེས་གྲུབ་པ། བློ་སྦྱོང་དོན་བདུན་མའི་གསོལ་འདེབས་ཡིད་ཀྱི་བདུད་རྩི། ཇོ་བོ་བཀའ་གདམས་པའི་གཞུང་གདམས་མན་ངག་མཐའ་དག་གི་བརྗོད་བྱ་མདོར་བསྡུས་པའི་གླུ་དབྱངས་ཕན་བདེའི་ཤིང་རྟ། བི་ཙ་ཏུ་རཱ་སྤྲ་ར་སཱ་སྶཾ་རཱ་བཱ་སྟི། ཞེན་པ་བཞི་བྲལ་གྱི་ཉམས་དབྱངས་སྙིང་གི་བདུད་རྩི། སྤྲོས་བྲལ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེའི་ཐོལ་གླུ་འོད་གསལ་དབུ་མའི་སྒྲ་དབྱངས། ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་སྨོན་ལམ་རྣམ་གྲོལ་དགའ་སྟོན། གཞན་སྟོང་དབུ་མའི་རྣམ་བཞག་སྙིང་པོར་བྲིལ་བ། རྗེ་བཙུན་བློ་བཟང་གྲགས་པའི་ལྟ་གྲུབ་ཀྱི་བཞེད་ཚུལ་མདོ་ཙམ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང༌། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་ལམ་ཟབ་བླ་མའི་རྣལ་འབྱོར་དང་འབྲེལ་བར་གསོལ་བ་འདེབས་པའི་རྡོ་རྗེའི་གླུ་བྱིན་རླབས་བདུད་རྩིའི་ཆར་འབེབས། ན་མོ་གུ་རུ་ཤྲཱི་ཧེ་བཛྲཱ་ཡ། དཔལ་ཀྱེ་རྡོ་རྗེའི་རྒྱུད་གསུམ་གྱི་ཉེར་མཁོའི་ཡིག་ཆ་ངོས་འཛིན། ལམ་འདུས་ཀྱི་གོ་དོན་རག་རིམ་འགའ་ཞིག་ཕལ་སྐད་དུ་གོ་བདེར་བྲིས་པ། ཁ་སྦྱོར་བདུན་ལྡན་རྒྱལ་བ་རྡོ་རྗེ་འཆང་སོགས། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་བཞེད་པའི་ལྟ་བའི་རྣམ་བཞག་འཁྲུལ་མེད་དུ་སྟོན་པ་ཚིག་དོན་གྱི་ས་བོན། འོད་གསལ་ཕྱག་རྒྱ་ཆེན་པོའི་ཤིང་རྟ་ཆེན་པོ་རྣམས་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་ངེས་དོན་དཀྱིད་ཀྱི་ཐིག་ལེ། སྒྲུབ་རྒྱུད་སྙིང་པོའི་གྲུབ་པའི་རྣལ་འབྱོར་རྣམ་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་ཟབ་དོན་རོལ་མོ། འོད་གསལ་ཕྱག་རྒྱ་ཆེན་པོའི་ལམ་གྱི་རིམ་པ་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་ངེས་དོན་གྲུབ་པ། ཟབ་དོན་སྙིང་པོའི་རྡོ་རྗེའི་ཐོལ་གླུ་པྲ་ཎི་དྷ་གྲུབ་པའི་ལམ་བཟང༌། གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་ནང་གི་རྣམ་པར་ཐར་པ་ལ་བསྔགས་པ་རྡོ་རྗེའི་ཐོལ་གླུ་རིག་པ་འཛིན་པའི་མེ་ཏོག །ཟབ་དོན་བསྡུས་པའི་རྡོ་རྗེའི་ཐོལ་གླུ་ངེས་དོན་ཐེམ་སྐས། གྲགས་སྟོང་རྡོ་རྗེའི་ཐོལ་གླུ་སྒྱུ་མའི་མཆོད་སྤྲིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་སྤྲོས་བྲལ་སྒྲ་དབྱངས། ཟབ་མོ་བདུད་ཀྱི་བཅོད་ཡུལ་དང་འབྲེལ་བའི་བརྟུལ་ཞུགས་ལམ་ཁྱེར་གྱི་རྡོ་རྗེའི་ཐོལ་གླུ་འཁོར་འདས་རང་གྲོལ། ན་ཚ་ལམ་ཁྱེར་གྱི་རྡོ་རྗེའི་ཐོལ་གླུ་ཆོས་ཉིད་གྲུབ་པའི་བདུད་རྩི། རེ་དོག་གཉིས་འཛིན་བྲལ་བའི་རྡོ་རྗེའི་ཐོལ་གླུ་ཕུང་པོ་མཆོད་སྦྱིན་ནོར་བུའི་འཁྲི་ཤིང༌། ཟླ་བ་སྒྲ་གཅན་ལ་ཞུགས་པའི་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་གྲུབ་པའི་རྣ་རྒྱན། དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེའི་ཞལ་སྔ་ནས་རྩ་བའི་ཁྲིད་བརྒྱའི་རྣམ་གྲངས་རྗེ་ཉིད་ཀྱིས་འགྲེལ་པ་ཡ་མཚན་འཕྲུལ་གྱི་ལྡེའུ་མིག་ལྟར་བརྗོད་པ། བཅས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་གསུང་པ་སྟེ་དེ་རྣམས་ཀྱི་ལུང་རྒྱུན་ནི། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང༌། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་རྣམ་གཉིས་ལས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། བཀའ་འགྱུར་བ་ཆེན་པོ་ངག་དབང་བསྟན་པ། པེ་ཝར་སྤྲུལ་སྐུ་འཇམ་དབྱངས་བསོད་ནམས་དབང་པོ། དེ་ལས་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །བཀའ་བབས་གཉིས་པ་ས་གཏེར་གྱི་སྐོར་ལ། སྔ་འགྱུར་རྡོ་རྗེའི་ཐེག་པའི་བརྒྱུད་པ་གསུམ་གྱི་བླ་མ་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས། རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབས། རྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབས། པདྨ་འོད་དུ་བགྲོད་པའི་སྨོན་ལམ་རིག་པ་འཛིན་པའི་ཤིང་རྟ། རྩ་གསུམ་བདེ་གཤེགས་འདུས་པའི་ཤིས་བརྗོད་དགེ་ལེགས་ཆར་འབེབས། རྩ་གསུམ་བདེ་གཤེགས་འདུས་པའི་བདག་འཇུག་གི་ཆོ་ག་ཡེ་ཤེས་ཆར་འབེབས། བཅས་ཀྱི་དབང་ལུང་གི་བརྒྱུད་པ་ནི། འཇམ་དབྱངས་མཁྱེན་བརྩེ་དབང་པོ། སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར། དེ་ལས་འཁོར་ལོའི་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །ཡང་ན་འཇམ་དབྱངས་མཁྱེན་བརྩེ་དབང་པོ། བླ་མ་བློ་གྲོས། ཐུབ་བསྟན་རྒྱལ་མཚན། གཏེར་སྟོན་དྲི་མེད། དིལ་མཁྱེན་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་མན་འདྲ། རྩ་གསུམ་བདེ་གཤེགས་འདུས་པའི་དབང་གི་མཚམས་སྦྱོར་ཡེ་ཤེས་སྣང་བའི་སྤྲིན་མཛེས་ཀྱི་ལུང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལས་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །འགྲོ་འདུལ་འཕགས་པའི་ཐུགས་ཏིག་ལས། ཐུགས་ཆེན་སེམས་ཉིད་ངལ་གསོའི་གཏེར་གཞུང་རྩ་བའི་ཕྲིན་ལས་ཀྱི་ལུང་དང་དབང་གི་བརྒྱུད་པ་ནི། འཇིགས་བྲལ་གྱི་སློབ་དཔོན་པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར། དེ་ལས་འཁོར་ལོའི་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །རྩ་བའི་དབང་བཀླག་ཆོག་ཏུ་བཀོད་པ་གཞན་ཕན་ཐུགས་རྗེའི་བཅུད་སྦྱིན་དིལ་མཁྱེན་རིན་པོ་ཆེས་བསྒྲིག་པའི་ལུང་ནི་དེ་ལས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །ཟླ་ཉིན་ཁ་ལ་རོང་སྒོའི་གཏེར་བྱོན་ཕྱི་ལྟར་བླ་མ་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་དུ་སྒྲུབ་པ་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལ་རྩ་དབང་རྒྱས་འབྲིང་བསྡུས་གསུམ། རྣམ་འཕྲུལ་བཅུ་གཉིས་སྒེར་དབང་སོགས་རྒྱ་ཆེར་བཞུགས་པ་ལས། འདིར་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཁྲུས་ཆོག་ཟླ་བའི་བདུད་རྩི། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་དཔལ་སྟེར། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་འབྲིང་པོ། ཕྲིན་ལས་སྙིང་པོའི་རྣལ་འབྱོར། རྒྱུན་གྱི་རྣལ་འབྱོར་བཀོལ་བྱང༌། གསོལ་འདེབས་བར་ཆད་ལམ་སེལ། སྐོང་བ་བསྡུས་པ་གཡུ་ཞལ་མ། ཚེ་འགུགས། ཨོ་རྒྱན་རིན་པོ་ཆེས་གསུང་པའི་སྨོན་ལམ། དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ། བསྙེན་སྒྲུབ་ཟིན་བྲིས་མདོར་བསྡུས་སུ་བཀོད་པ་སཱ་ལ་ཆེན་པོའི་ས་བོན། དེ་རྣམས་ཀྱི་དབང་ལུང་གཉིས་ཀའི་བརྒྱུད་པ་ནི། བླ་མ་སྐུ་གསུམ། བཀའི་སྡུད་པ་མོ། མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང༌། ལྷ་སྲས་དམ་འཛིན། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པ་དང༌། འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས་གསུམ་ཀ་ལས་གཏེར་སྲས་རིག་འཛིན་ཚེ་དབང་ནོར་བུས་གསན། དེ་ནས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །ཡང་ན་མཆོག་གྱུར་བདེ་ཆེན་གླིང་པ་ལས། གཏེར་སྲས་ཚེ་དབང་གྲགས་པ་དང་ཚེ་དབང་ནོར་བུ་གཉིས་ཀས་གསན། དེ་གཉིས་ཀ་ལས་གནས་བརྟན་མཆོག་གླིང་པདྨ་ཐེག་མཆོག་བསྟན་འཕེལ། དེ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲའོ། །ཡང་ན་མཆོག་གྱུར་བདེ་ཆེན་གླིང་པ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ།་་་འདིར་མ་བཞུགས་པའི་རྩ་དབང་རྒྱས་པའི་བརྒྱུད་པའང་གོང་ལྟར་ཤེས་པར་བྱའོ། །འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུངས་རྣམས་ཀྱི་ལུང་ནི་དེ་མན་འདྲའོ། ༈ ནོར་སྒྲུབ་རིན་ཆེན་བུམ་བཟང་གི་བརྒྱུད་འདེབས་དོན་འདུས་སྙིང་པོ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ནོར་སྒྲུབ་རིན་ཆེན་བུམ་བཟང༌། བླ་མ་ནོར་ལྷའི་བསངས་མཆོད་དགོས་འདོད་སྤྲིན་ཕུང༌། བླ་མ་ནོར་ལྷའི་ལས་ཚོགས་རྣམས་ཁོལ་ཕྱུངས་གསལ་བྱེད་ཀྱིས་བརྒྱན་པ་རིན་ཆེན་སྤུངས་པ། བཅས་ཀྱི་བརྒྱུད་པ་ནི་བླ་མ་སྐུ་གསུམ། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ཡབ་སྲས། མཆོག་གྱུར་བདེ་ཆེན་གླིང་པ་དང༌། འཇམ་དབྱངས་མཁྱེན་བརྩེ་དབང་པོ་གཉིས་ཀ་ལས། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དེ་ནས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུངས་རྣམས་ཀྱི་ལུང་ནི་དེ་མན་འདྲའོ། འགུགས་པའི་ལྷན་ཐབས་དང༌། བླ་མ་ནོར་ལྷའི་སྐོང་བ་ཕྱྭ་གཡང་དངོས་གྲུབ་འཁྱིལ་པ་བཅས་ཟུར་མང་མཁན་རཏྣའི་གསུང་ནི་དེ་ལས་ཟུར་མང་རོལ་རྡོར་ལྔ་པ། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་རཀྴ་ཐོད་ཕྲེང་གི་ཕྲིན་ལས་དང་དབང་བསྐུར་བཀླགས་ཆོག་ཏུ་བཀོད་པ་བདུད་འཇོམས་ཞུན་ཐིགས་དང༌། རིག་འཛིན་རཀྴ་ཐོད་ཕྲེང་གི་སྲུང་ཟློག་ལས་རིམ་ཁྱེར་བདེར་བཀོད་པ་བདུད་འཇོམས་རྡོ་རྗེའི་གོ་མཚོན་བཅས་ཀྱི་དབང་གི་བརྒྱུད་པ་ནི། མཆོག་གྱུར་བདེ་ཆེན་གླིང་པ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །ལུང་གི་བརྒྱུད་པ་ནི་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། ༈ །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་འཇིགས་པ་ཀུན་སེལ། རྗེ་བཙུན་སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་དབང་ཆོག་བྱིན་རླབས་ཆར་འབེབས། སྒྲོལ་མའི་དབང་གི་སྐབས་འཁོར་གྱི་ལྷ་བསྐྱེད་རྒྱས་པ། སྒྲོལ་མ་འཇིགས་པ་ཀུན་སེལ་དང་འབྲེལ་བའི་མཎྜལ་གྱི་ཆོ་ག་བཀྲ་ཤིས་ཆར་འབེབས། རྗེ་བཙུན་སྒྲོལ་མའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་སོགས། བརྒྱུད་པ་ནི། འོད་མི་འགྱུར་བ། གར་གྱི་དབང་ཕྱུག །རྡོ་རྗེ་རྣལ་འབྱོར་མ། ཨོ་རྒྱན་ཆེན་པོ། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེ་བཙན། དམ་འཛིན་ཆོས་ཀྱི་བློ་གྲོས། འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །རྩི་སྐེ་ནོར་བུ་སྤུན་གསུམ་གཏེར་བྱོན་ནང་ལྟར་བླ་མ་བདེ་བ་ཆེན་པོའི་སྐུར་སྒྲུབ་པ་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལའང་རྩ་བ་དང་ཡན་ལག་གི་སྨིན་བྱེད་མང་དུ་བཞུགས་པ་ལས་འདིར། བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། ལོ་རྒྱུས་ཤེལ་གྱི་ཕྲེང་བ། ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ། བརྒྱུད་པའི་གསོལ་འདེབས། ཕྲིན་ལས་དགོས་འདོད་ཀུན་འབྱུང༌། ཕྲིན་ལས་འབྲིང་པོ་བསམ་དོན་ཀུན་འགྲུབ། གསོལ་འདེབས་བསམ་པ་ལྷུན་གྲུབ། བཀའ་སྲུང་མཆོད་པའི་ཕྲིན་ལས་མདོར་བསྡུས་སྙིང་པོར་དྲིལ་བ། ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་སྤྱི་ལ་འཇུག་པའི་ལས་བྱང་གི་ཐོག་མཐའི་སྤར་ཁབ་བསམ་དོན་མྱུར་འགྲུབ། གུ་རུ་ཧོར་སོག་དམག་བཟློག་ཆེ་མཆོག་དྲག་པོའི་ཁྱད་པར་གྱི་ཕྲིན་ལས་ལས་ཚོགས་དང་བཅས་པ་ཡིད་བཞིན་རྡོ་རྗེའི་རྫོང་ཆེན། གུ་རུ་སྨན་གྱི་བླ་མའི་ཁྱད་པར་གྱི་ཕྲིན་ལས་ལས་ཚོགས་དང་བཅས་པ་ཡིད་བཞིན་སྨན་གྱི་ནོར་བུ། རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཡིད་བཞིན་དཔལ་འབྱུང༌། རྩ་བའི་དབང་བསྐུར་འབྲིང་པོའི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ་ཡིད་བཞིན་དཔལ་འབར། སྨིན་བྱེད་བསྡུས་པ་བྱིན་རླབས་གཏོར་མའི་དབང་བསྐུར་བའི་ཚུལ་ཡིད་བཞིན་དཔལ་སྟེར། འཆི་མེད་ཚེའི་དབང་སྐུར་བའི་ལག་ལེན་ཡིད་བཞིན་དཔལ་འཛིན། དེ་རྣམས་ཀྱི་དབང་ལུང་གཉིས་ཀའི་བརྒྱུད་པ་ནི། བླ་མ་སྐུ་གསུམ། བཀའི་སྡུད་པ་མོ། མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང༌། ལྷ་སྲས་དམ་འཛིན། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས་གསུམ་ཀ་ལས་གཏེར་སྲས་རིག་འཛིན་ཚེ་དབང་ནོར་བུས་གསན། དེ་ནས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །ཡང་ན་མཆོག་གྱུར་བདེ་ཆེན་གླིང་པ་ལས། གཏེར་སྲས་ཚེ་དབང་གྲགས་པ་དང་ཚེ་དབང་ནོར་བུ་གཉིས་ཀས་གསན། དེ་གཉིས་ཀ་ལས་གནས་བརྟན་མཆོག་གླིང་པདྨ་ཐེག་མཆོག་བསྟན་འཕེལ་གྱིས་གསན་དེ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲའོ། །སྨན་མཆོད། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་གསུངས་པའི་ལུང་ནི་དེ་ལས་ཀར་སྲས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུངས་རྣམས་ཀྱི་ལུང་ནི་དེ་མན་འདྲའོ། །དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་གྱི་གསུང་སྐོར་རྣམས་ཀྱི་ལུང་ནི་རྩོམ་པ་པོ་ཉིད་ལས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །དེ་ལྟར་བླ་སྒྲུབ་ཕྱི་ནང་གཉིས་དང༌། གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག་འོག་ཏུ་འབྱུང་ཤིང༌། ཡང་གསང་རྀག་འཛིན་རྡོ་རྗེ་དྲག་རྩལ་ནི་ལོགས་སུ་ཕབ་པར་མ་མཛད་མོད་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་ལས་འབྱུང་བའི་ཡང་གསང་བླ་མ་དྲག་པོ་ཡི་དམ་དགོངས་འདུས་ཀྱི་སྒྲུབ་པ་འདི་ཉིད་ཡིན་སྣང༌།སྤྱིར་ཕྱི་ནང་གསང་བའི་བླ་སྒྲུབ་སྐོར་བཞི་ཀ་ཐོག་མར་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབས་ཤིང༌། ཕྱིས་མཆོག་གླིང་ནས་ཀྱང་བར་ཆད་ཀུན་སེལ་རང་སྐལ་དུ་སྤྱན་དྲངས་པ་སོགས་མ་བུ་ཟུང་བསྡེབས་ཆུ་བོ་གཅིག་འདྲེས་ཀྱིས་ཡིད་ཆེས་ཚད་མར་གྲུབ་པ་ཡིན་ནོ། ༈ །གཏེར་གསར་འཁོར་བ་དོང་སྤྲུགས་བརྒྱུད་འདེབས། འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པ་གཞན་ཕན་མཁའ་ཁྱབ་ཀྱི་དབང་ལུང་གི་བརྒྱུད་པ་ནི། སྣང་བ་མཐའ་ཡས། འཇིག་རྟེན་དབང་ཕྱུག །པདྨ་ཀ་ར། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ཡབ་སྲས། མཆོག་གྱུར་བདེ་ཆེན་གླིང་པ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང༌། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གསུམ་ཀས་གསན། གསུམ་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དེ་ནས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། ༈ །རྗེ་བཙུན་སྒྲོལ་མའི་སྙིང་ཏིག་ལས། རྩ་བ་རྡོ་རྗེའི་ཚིག་རྐང་དང༌། །རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་རྒྱུན་ཁྱེར་སྙིང་པོར་དྲིལ་བ། འཕགས་མ་སྒྲོལ་མའི་ཚོགས་མཆོད་ཤིན་ཏུ་བསྡུས་པ་དངོས་གྲུབ་སྙིང་པོ། འཕགས་མ་སྒྲོལ་མ་ལ་རྩ་སྔགས་དང་སྦྱར་བའི་སྒོ་ནས་གསོལ་བ་འདེབས་པ་དོན་ཀུན་གྲུབ་པའི་དབྱངས་སྙན། རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲོལ་མའི་དོན་དབང་སྙིང་པོ་བསྡུས་པའི་ཟིན་ཐོ་བཅས་ཀྱི་དབང་དང་ལུང་གི་བརྒྱུད་པ་ནི། ཚེ་དཔག་མེད། རྣམ་རྒྱལ་མ། ཡིད་བཞིན་འཁོར་ལོ། ཤྲཱི་སིང་ཧ། བི་མ་མི་ཏྲ། ཨོ་རྒྱན་ཆེན་པོ། རྗེ་མངའ་བདག་ཡབ་སྲས། འབངས་ལོ་ཙཱ་བཞི། གྲོགས་ཡེ་ཤེས་མཚོ་རྒྱལ། བཀའ་བབས་བདུན་གྱི་མངའ་བདག་རྗེ་བཙུན་འཕགས་མ་དང་གྲུབ་པའི་སློབ་དཔོན་རྣམས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བ་པདྨ་འོད་གསལ་མདོ་སྔགས་གླིང་པ། སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ། སྨད་ཤོད་བླ་མ་བྱང་ཆུབ་བསྟན་འཕེལ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲའོ། །རྒྱུད་སྡེ་བཞི་དང་འབྲེལ་བའི་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་ཕྲིན་ལས་ཀུན་ཁྱབ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྲིག་པའི་ལུང་ནི་དེ་ལས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་མན་འདྲ། རྒྱུད་སྡེ་བཞི་དང་འབྲེལ་བའི་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་གྲུབ་གཉིས་འདོད་དགུའི་དཔལ་སྦྱིན་གྱི་ལུང་ནི། བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །གཏེར་ཀླུང་པདྨ་ཤེལ་རི་ནས་ཡེ་ཤེས་མཁའ་འགྲོས་སྤྱན་དྲངས་ཏེ་དངོས་སུ་ཕུལ་བའི་ཟབ་ཆོས་རྩ་གསུམ་སྤྱི་འདུས་སྙིང་ཏིག་གི་སྐོར་ལ། རྩ་གསུམ་སྤྱི་འདུས་སྙིང་ཏིག་ལས། ཕྲིན་ལས་ཡེ་ཤེས་ལམ་བཟང༌། རྩ་གསུམ་ཆོས་ཆོས་སྲུང་རྒྱ་མཚོའི་བསྐང་བཤགས་དང་གཏོར་བསྔོ་བཅས་ཉེ་བར་བསྡུས་པ་དངོས་གྲུབ་འདོད་རྒུའི་མཆོད་སྤྲིན། རྩ་གསུམ་སྤྱི་འདུས་སྙིང་ཐིག་ལས། དབང་གི་ཆོ་ག་ཚེ་དབང་དང་བཅས་པ་འཆི་མེད་ཡེ་ཤེས་ཆུ་རྒྱུན་བཅས་ཀྱི་དབང་ལུང་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ཁྲི་སྲོང༌། གཏེར་ཆེན་བླ་མ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པདང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །ཡང་རྗེ་མཁྱེན་བརྩེ་དབང་པོ་ལས་ཆོས་བདག་གྲུབ་དབང་ཤཀྱཱ་ཤྲི། དེའི་རིགས་སྲས་མཁྱེན་བརྩེའི་ཟློས་གར་འཕགས་མཆོག་རྡོ་རྗེ། དེ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། །ཡང་འཇམ་མགོན་བློ་གྲོས་མཐའ་ཡས། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།དེ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲའོ། །རྩ་གསུམ་སྤྱི་འདུས་སྙིང་ཐིག་ལས། གསོལ་འདེབས་བྱིན་རླབས་མྱུར་འབེབས། གྲུབ་དབང་ཤཀྱཱ་ཤྲིའི་གསུངས་པའི་ལུང་ནི་དེ་ལས་འབྲུག་སློབ་དཔོན་བསོད་ནམས་བཟང་པོ། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །རྩ་གསུམ་སྤྱི་འདུས་སྙིང་ཐིག་གི་ཟུར་འདེབས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ལུང་ནི། བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། ཟབ་ཆོས་འདི་ལ་རིམ་གསུམ་བྱོན་པ་སྟེ། དང་པོ་ཀུན་སྨན་པའམ་ཀུན་སྤངས་ཟླ་འོད་འབར་གྱིས་སྤ་གྲོ་གཅལ་ནས་སྤྱན་དྲངས་པ་རྩ་གསུམ་སོ་སོར་སྒྲུབ་པ་རྩ་གསུམ་རིགས་བསྡུས་སྤྱི་སྤུངས་ཆེན་མོ་དང༌། བར་པ་འཇའ་ཚོན་ལས་འཕྲོ་གླིང་པས་བྱང་ཀོང་ནས་སྤྱན་དྲངས་པ་རྩ་གསུམ་གནས་འགྱུར་དུ་སྒྲུབ་པ་དཀོན་མཆོག་སྤྱི་འདུས་ཀྱི་སྐོར་དང༌། ཐ་མ་མདོ་ཁམས་པདྨ་ཤེལ་རི་ནས་ཡེ་ཤེས་མཁའ་འགྲོས་དངོས་སུ་ཕུལ་བ་རྩ་གསུམ་གཙོ་བསྡུས་སུ་སྒྲུབ་པ་རྩ་གསུམ་སྤྱི་འདུས་སྙིང་ཏིག་འདི་ཉིད་དེ་ཐོག་མཐའ་བར་གསུམ་གྱི་བྱིན་རླབས་ཀྱི་རྒྱུན་འདིར་གཅིག་ཏུ་འདུ་བ་ཡིན་ནོ། ༈ །རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ལས། འདོད་རྒུའི་སྤྲིན་གྱི་ཏིང་འཛིན། འཕགས་མ་ནོར་རྒྱུན་ཡབ་ཡུམ་གྱི་རྒྱུན་ཁྱེར་སྙིང་པོ་དྲིལ་བའི་དབང་ལུང་གི་བརྒྱུད་པ་ནི། ནོར་རྒྱུན་མ། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ། མཆོག་གླིང་སྲས་མོ་དཀོན་མཆོག་དཔལ་སྒྲོན། སྤྲུལ་སྐུ་བསམ་གཏན་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། བཅོམ་ལྡན་འདས་མ་ནོར་རྒྱུན་ཡབ་ཡུམ་གྱི་ཕྲིན་ལས་འདོད་རྒུའི་སྤྲིན་གྱི་ཏིང་འཛིན་ཆེན་པོ་དང་འབྲེལ་བའི་ཕྲིན་དབང་ལས་ཚོགས་ཀྱི་གསལ་བྱེད་ཟུར་རྒྱན་ནོར་བུ་རྨད་དུ་བྱུང་བའི་ཆར་རྒྱུན། ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་གསུང་གི་ལུང་ནི་དེ་ལས་ཀར་སྲས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲའོ། ༈ །བཀའ་བབས་གསུམ་པ་ཡང་གཏེར་གྱི་སྐོར་ལ། ཐོག་མར་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པའི་དང་པོ། བོད་ཡུལ་གཏེར་སྟོན་ཐམས་ཅད་ཀྱི་ཐོག་མ་འགྲོ་འདུལ་སངས་རྒྱས་བླ་མས་གློ་བོ་དགེ་དཀར་ནས་སྤྱན་དྲངས་བའི་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོས་སྐོར་རྣམས་དུས་སྔ་ཆེས་པས་ཐུན་མོང་གི་སྤྱོད་ཡུལ་དུ་མི་སྣང་བར་ཡུན་རིང་འདས་པ་ལས། དེ་ཉིད་དང་ཐུགས་རྒྱུད་གཅིག་པ་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པའི་གཞུང་དངོས་ལ་ཆོས་ཚན་ཉེར་གཅིག་ཙམ་བཞུགས་པ་ཡིན་འདུག་ཀྱང་གཏན་ལ་འབེབས་པར་མ་གནང་ལ་སྙིང་བསྡུས་ཙམ་ནི། རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང༌། དཀྱིལ་འཁོར་སྤྱི་ཡི་ས་ཆོག་མདོར་བསྡུས། རྩ་གསུམ་དྲིལ་སྒྲུབ་ཀྱི་ཕྲིན་ལས་སྙིང་གི་ནོར་བུ། རྩ་གསུམ་རྒྱ་མཚོར་སྨན་མཆོད་འབུལ་བའི་ཚུལ་བདུད་རྩིའི་སྤྲིན་ཕུང༌། རྩ་གསུམ་གཏོར་བསྔོས་ཉུང་བསྡུས་ཕྲིན་ལས་ནོར་བུའི་རོལ་མཚོ། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་བསམ་དོན་མྱུར་འགྲུབ། རྩ་གསུམ་དྲིལ་སྒྲུབ་ཀྱི་དོན་དབང་གི་མཚམས་སྦྱོར་ཉུང་ངུར་བསྡུས་པ་སྨིན་བྱེད་སྙིང་པོའི་ནོར་བུ། རྩ་གསུམ་དྲིལ་སྒྲུབ་ཀྱི་ཚེ་དབང་སྙིང་པོར་དྲིལ་བ་འཆི་མེད་གྲུབ་པའི་ནོར་བུ། མཐའ་རྟེན་བཀྲ་ཤིས་རྟགས་རྫས་དང་རྒྱལ་སྲིད་སྣ་བདུན་སྦྱིན་པའི་ཚིག །རྩ་གསུམ་ཞི་ཁྲོ་སྤྱིའི་སྒྲུབ་པ་ཆེན་པོའི་ཁོག་དབུབ་ཁྱེར་བདེར་བཀོད་པ་གཅིག་ཤེས་ཀུན་གྲོལ། བདུད་རྩི་སྨན་གྱི་སྒྲུབ་པ་མདོར་བསྡུས་སུ་བྱ་ཚུལ་འཆི་མེད་རྟག་པའི་བཅུད་ལེན། རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབས། མཐའ་རྟེན་བཀྲ་ཤིས་རྫས་བརྒྱད་དང་སྣ་བདུན་འབུལ་ཚིག །རྩ་གསུམ་དྲིལ་སྒྲུབ་ཞལ་ཐང་འབྲིང་པོའི་བཀོད་ཡིག་བཅས་ཀྱི་དབང་དང་ལུང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ། གཏེར་སྟོན་སངས་རྒྱས་བླ་མ། ཀུན་གཟིགས་འཁོར་ལོའི་མགོན་པོ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོས་གསན། དེ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །ཡང་ན་མཁྱེན་བརྩེ་དབང་པོ་ལས་མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། ཁྱུང་སྤྲུལ་པདྨ་དབང་ཆེན་གསུམ་ཆར་གྱིས་གསན་ཅིང༌། དེ་གསུམ་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན་པ་སྟེ་མན་ཆད་འདྲའོ། །ལུང་ནི་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་རྣམས་ཉིད་མན་ཆད་འདྲ་ཞིང༌། བྱིན་འབེབས་ཐུགས་རྗེའི་ལྕགས་ཀྱུ། ཚོགས་གླུ་ཌཱ་ཀི་དགྱེས་རོལ། རྩ་གསུམ་ཚོགས་བསྡུས། རྩ་གསུམ་དྲིལ་བསྒྲུབ་ཀྱི་བསྙེན་ཡིག་ཉུང་གསལ་སྙིང་པོར་དྲིལ་བ། རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་དམིགས་ཟིན་བྲིས་བཅས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་གསུང་རྣམས་དེ་ལས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་དང་དིལ་མཁྱེན་ཉིད་ཀྱི་གསུང་རྣམས་བཅས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཟིན་བྲིས་ནོར་བུའི་འོད་ཟེར། ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་གསུང་པའི་བརྒྱུད་པ་ནི་དེ་ལས་འཇམ་དབྱངས་མཁྱེན་བརྩེ་དབང་པོ། སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་རྗེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་བཤགས་པའི་རྒྱལ་པོ་ན་རཀ་དོང་སྤྲུགས་ཀྱི་ལུང་རྗེ་མཁྱེན་བརྩེ་དབང་པོ་མན་འདྲ། སྨོན་ལམ་རྡོ་རྗེའི་རྒྱ་མདུད། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་པ་ནི་སྨིན་གླིང་རྡོར་སེམས་སྐབས་དང་འདྲ། རྩ་གསུམ་དྲིལ་སྒྲུབ་ཀྱི་ལས་བཞིའི་སྦྱིན་སྲེག་གྲུབ་གཉིས་དཔལ་སྟེར། ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་དང་རྗེས་འབྲེལ་གཤིན་པོར་ཕན་གདགས་པའི་ཆོ་ག་ཐུགས་རྗེའི་མཆིལ་རྣོན་བཅས་པེ་ཝར་སྤྲུལ་སྐུ་འཇམ་དབྱངས་བསོད་ནམས་དབང་པོས་གསུང་པ་ནི་དེ་ལས་རྗེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་གསུམ་པ་གཏེར་སྟོན་ཉི་མ་སེང་གེས་ཡང་གཏེར་དུ་གཏམས་པ་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡེ་ཤེས་མཁའ་འགྲོས་གཏེར་ཤོག་ཕུལ་ནས་རྒྱ་བཀྲོལ་བ་ལྟར་གཏན་ལ་ཕབ་པ་བླ་རྫོགས་ཐུགས་གསུམ་འདུས་པའི་ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ། ཐུགས་རྗེ་ཆེན་པད་རྒྱལ་བརྒྱུད་འདེབས། ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དབང་བསྐུར་གྱི་ཟིན་བྲིས་མཐོང་གསལ་སྒྲོན་མེ། དོན་དབང་འབྲིང་པོ་དང་གཏོར་དབང་བསྡུས་པ་ཁོལ་ཕྱུང་བཀླགས་ཆོག་ཏུ་བཀོད་པ། དབང་དང་གཏེར་གཞུང་ཁྲིད་ལུང་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། རྒྱལ་སྲས་ལྷ་རྗེ་དང་འགོས་བློན་རྡོ་རྗེ་འབར་ཟུང་འཇུག་གི་རྣམ་འཕྲུལ་གཏེར་སྟོན་ཉི་མ་སེང་གེ། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། ཡང་རྗེ་མཁྱེན་བརྩེ་དབང་པོ་ལས་ཆོས་བདག་པདྨ་གླིང་པའམ་གཏེ་ར་སྟོན་དྲི་མེད་འོད་ཟེར། དེ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲའོ། །འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་རྣམས་དེ་ལས་ཡབ་རྗེ་མན་འདྲ། ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་རྒྱུན་གྱི་རྣལ་འབྱོར་པདྨ་སྣང་བའི་རྒྱན་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་བསྒྲིག་པ་ནི་དེ་ལས་ཀར་སྲས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། བླ་རྫོགས་ཐུགས་གསུམ་འདུས་པའི་ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་གྱི་ལས་བྱང་ཡེ་ཤེས་སྣང་བ་དང༌། ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དབང་བསྐུར་གྱི་ཟིན་བྲིས་དང་རྗེས་སུ་མཐུན་པའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་བྱྀན་རླབས་རྒྱུན་འབེབས་བཅས་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་སྐྱབས་རྗེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །རྒྱལ་སྲས་ལྷ་རྗེའི་སྐྱེ་སྲིད་གཉིས་པ་རྒྱ་ལོ་ཙཱ་བ་རྡོ་རྗེ་བཟང་པོའི་ཟབ་གཏེར་བླ་མ་བསྟན་གཉིས་སྐོར་གསུམ་གྱི་བཅུད་དྲིལ་མཐོང་གྲོལ་འོད་ཀྱི་སྙིང་པོ་རྗེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བྱོན་པའི་བླ་མ་སྐུ་གསུམ་བདེ་གཤེགས་འདུས་པའི་ཟབ་ཏིག་མཐོང་བ་རང་གྲོལ། ཟབ་ཏིག་མཐོང་བ་རང་གྲོལ་གྱི་སྤྲོས་མེད་སྒྲུབ་པའི་ཕྲིན་ལས། སྙིང་པོའི་དོན་དབང་བཀླགས་ཆོག་ཏུ་བཀོད་པ་བདུད་རྩིའི་ཐིགས་པ། བླ་མ་བསྟན་གཉིས་སྐོར་གསུམ་གྱི་ཟབ་ཏིག་སྤྲོས་མེད་བསྙེན་པའི་ཉམས་ལེན་གསལ་བར་བྱེད་པ་ཡེ་ཤེས་མེ་ལོང་བཅས་ཀྱི་དབང་དང་ཁྲིད་ལུང་གི་བརྒྱུད་པ་ནི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོས་གསན། དེ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། རྗེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །ཡང་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལས་གཏེར་སྟོན་དྲི་མེད་འོད་ཟེར། དེ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། བླ་མ་བསྟན་གཉིས་སྐོར་གསུམ་གྱི་དོན་དབང་གི་ཟུར་བྱང་རིན་ཆེན་ཕྲེང་བའི་ལུང༌། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་གྱིས་གསུངས་པ་ནི། དེ་ལས་མཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །ལོ་ཆེན་བཻ་རོའི་རྣམ་འཕྲུལ་རོང་ཟོམ་པཎྜི་ཏ་ཆེན་པོས། གཙང་རོང་བྲག་དམར་ཟླ་གམ་ཕུག་ནས་སྤྱན་དྲངས་ཏེ་ཡང་གཏེར་དུ་གཏམས་པ་རྗེ་བླ་མ་རིན་པོ་ཆེ་ལ་གཏེར་སྲུང་ཌཱ་ཀིས་ཕུལ་ནས་གཏན་ལ་ཕབ་པ་ཡང་གཏེར་པདྨ་མཁའ་འགྲོ་མ་རིགས་བྱེད་རྩལ་གྱི་མན་ངག་ཁམས་གསུམ་དབང་དུ་བྱེད་པའི་རྟོག་པ་དང་དབང་གི་བརྒྱུད་པ་ནི༌། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་དབང་ཆེན་ཧེ་རུ་ཀ །རིག་འཛིན་རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ། སྤྲུལ་སྐུ་པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། བཻ་རོ་ཙ་ན། རོང་ཟོམ་ཆོས་ཀྱི་བཟང་པོ། །པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། ཡང་འཇམ་མགོན་བློ་གྲོས་མཐའ་ཡས། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་བསང་མཆོད་པདྨའི་དྲྭ་བ་དང༌། པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་བསྙེན་གྲུབ་ལས་གསུམ་གྱི་ཚུལ་མདོར་བསྡུས་སུ་བཤད་པ་ཨུཏྤལ་དམར་པོའི་ཕྲེང་བ་བཅས་ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་གསུང་པའི་བརྒྱུད་པ་ནི་དེ་ལས་འཇམ་དབྱངས་མཁྱེན་བརྩེ་དབང་པོ། སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་རྗེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །པདྨ་མཁའ་འགྲོ་མ་རིགས་བྱེད་རྩལ་གྱི་བསྙེན་སྒྲུབ་ཕྲིན་ལས་ཀྱི་བྱང་བུ་དབང་བསྐུར་དང་བཅས་པ་བདེ་ཆེན་དགྱེས་པའི་དབྱངས་སྙན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་བསྒྲིག་པའི་ལུང་ནི་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་མན་འདྲ། རོང་ཟོམ་པདྨ་མཁའ་འགྲོའི་བརྒྱུད་འདེབས་དང་པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་བསྐང་བ་བདེ་ཆེན་སྤྲིན་གྱི་རོལ་མོ། པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་ཚེ་སྒྲུབ་བཅས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་གྱིས་གསུང་པ་ནི་དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། རོང་ཟོམ་པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་སྦྱིན་སྲེག་གི་ཆོ་ག་སྲིད་གསུམ་དབང་དུ་བྱེད་པའི་ལྕགས་ཀྱུ་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་པ་ནི་དེ་ལས་རྗེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །མཆོག་གྲུབ་རྒྱལ་པོའི་སྐྱེ་སྲིད་བདུན་པ་ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་བཀའ་ཟབ་ཅིང་རྒྱ་ཆེ་བ་རྣམས་སྐབས་དེར་རྟེན་འབྲེལ་གྱི་དབང་ལས་མཁའ་འགྲོའི་གསང་མཛོད་དུ་བསྡམས་པ་ལས། གཏེར་ཆེན་དེ་ཉིད་དང་ཡེ་ཤེས་ཀྱི་དབྱིངས་ཐ་དད་མི་མངའ་བ་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པས་སྙིང་པོའི་ཡང་བཅུད་ཙམ་ཞིག་གཏན་ལ་ཕབ་པའི་སྐོར་ལས་དཔལ་བཀའ་འདུས་ཀྱི་རིག་འཛིན་བརྒྱུད་པའི་གསོལ་འདེབས་འབྲིང་པོ། ཕྲིན་ལས་ནར་མ་རིན་ཆེན་སྙིང་པོ། བཀའ་འདུས་སྨོན་ལམ། བཀའ་འདུས་བཀྲ་ཤིས། བཀའ་སྲུང་མཆོད་ཐབས་ཤིན་ཏུ་བསྡུས་པ། སྐོང་བསྡུས་རིན་ཆེན་སིལ་མ། སྙིང་པོ་དོན་གྱི་དབང་བཞི། སྙིང་པོ་དོན་གྱི་ཐུགས་ཁྲིད། རྣལ་འབྱོར་རྒྱུན་གྱིས་ལས་སྦྱོར། དཀྱིལ་འཁོར་བཀོད་པ། བསྙེན་བསྒྲུབ་བྱ་ཚུལ་མདོར་བསྡུས་སྙིང་པོ་རིན་ཆེན་དོ་ཤལ་བཅས་ཀྱི་དབང་ཁྲིད་ལུང་གསུམ་ཀའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་འཆང་ཆེན། ལོངས་སྐུ་རྡོ་རྗེ་སེམས་དཔའ། གསང་བདག་ལག་ན་རྡོ་རྗེ། རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར། རིགས་ལྡན་དེ་བ་བཟང་སྐྱོང༌། མཁའ་འགྲོ་ལས་དབང་ཆོས་འཚོ། །སློབ་དཔོན་པདྨ་བཛྲ། ལྷ་ལྕམ་མནྡཱ་ར་བ། རྒྱལ་སྲས་མཆོག་གྲུབ་རྒྱལ་པོ། ཡར་རྗེ་ཨོ་རྒྱན་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། དེ་གཉིས་ཀ་ལས་འདིའི་ཆོས་བདག་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བརྒྱུད་པའི་གསོལ་འདེབས་བསྡུས་པ། དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལས་བྱང་གི་མཆོད་ཕྲེང་ཅུང་ཟད་སྤྲོས་པ། སྙིང་པོའི་ཉམས་ལེན་རྒྱུན་གྱི་རྣལ་འབྱོར། སྙིང་པོ་དོན་གྱི་དབང་བཞི་མཚམས་སྦྱོར་ཕྱག་ལེན་གྱིས་བརྒྱན་པ་རྒྱུད་ལུང་རྒྱ་མཚོའི་བཅུད་ཐིག །ལྷ་དབང་བཀོལ་བྱང་བཅས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གསུང་པ་ནི་དེ་ལས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་མན་འདྲ། དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལས་བྱང་བདེ་ཆེན་རྣམ་པར་རོལ་པའི་དགའ་སྟོན། དབང་དོན་བདག་འཇུག་གི་ཆོ་ག་ཡེ་ཤེས་བཅུད་འབེབས། བཀའ་འདུས་ཀྱི་ཚོམ་བུ་ཚོགས་སུ་སྒྲུབ་པའི་ལས་ཐོ། མཆོག་གི་ཕྲིན་ལས་དམ་རྫས་བདུད་རྩིའི་སྒྲུབ་ཐབས་བདེ་ཆེན་སྒྲུབ་པའི་བཅུད་ལེན། ཕྲིན་ལས་སྦྱིན་སྲེག་གི་ཆོ་ག་བདེ་ཆེན་ཡེ་ཤེས་རབ་འབར། བཀའ་འདུས་སྒྲུབ་ཆེན་བཟླས་པའི་སྐབས་སུ་ཛབ྄་བསྐུལ་རྒྱས་པ། སྒྲུབ་ཆེན་གྱི་གཏོང་ཐུན་སྤྱི་ཁྱབ་ལྷའི་ཏམྦུ་རའི་དབྱངས་སྙན་བཅས་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསྒྲིག་པ་ནི་དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། དཔལ་བཀའ་འདུས་ཀྱི་ཕྲིན་ལས་ནར་མ་རིན་ཆེན་སྙིང་པོའི་ཟུར་འདེབས་རིན་ཆེན་ཕྲ་ཚོམ། རིམ་པ་གཉིས་པ་མཆོག་གི་དངོས་གྲུབ་བསྒྲུབ་པ་བདུད་རྩི་སྨན་གྱི་ལག་ལེན་ངག་འདོན་ཁྲིགས་སུ་བསྡེབས་པའི་རིན་ཆེན་སྙིང་པོའི་བུམ་བཟང༌། དཔལ་བཀའ་འདུས་ཀྱི་ཚོགས་སྒྲུབ་སྨན་སྒྲུབ་སྦྲེལ་མའི་སྐབས་ཉེར་མཁོའི་གཏོང་ཐུན་རྣམ་ཕྱོགས་གཅིག་ཏུ་བཀོད་པ་རིན་ཆེན་ལྷའི་སིལ་སྙན། དཔལ་བཀའ་འདུས་ཀྱི་རིམ་པ་གསུམ་པ་ཕྲིན་ལས་མྱུར་དུ་འགྲུབ་བྱེད་ལས་བཞིའི་མེ་མཆོད་ལག་ལེན་ངག་འདོན་ཁྲིགས་སུ་བསྡེབས་པ་རིན་ཆེན་འོད་ཀྱི་ཕྲེང་བ། དཔལ་བཀའ་འདུས་ཀྱི་རིམ་པ་དང་པོ་བར་ཆད་བཟློག་པ་དམར་ཆེན་གཏོར་མའི་ལས་རིམ་གྱི་ལག་ལེན་ངག་འདོན་ཁྲིགས་སུ་བསྡེབས་པ་རིན་ཆེན་རྩེ་མོ་བརྒྱ་པའི་རྡོ་རྗེ། བཀའ་འདུས་སྨན་སྒྲུབ་གཏོར་ཟློག་བཅས་ཀྱི་ཟིན་ཐོ་བཅས་རྒྱལ་དབང་ཀརྨ་པ་རང་བྱུང་མཁའ་ཁྱབ་རྟག་པའི་རྡོ་རྗེས་བྲིས་པ་ནི་དེ་ལས་འཇམ་མགོན་ཡང་སྲིད་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། དཔལ་བཀའ་འདུས་ལ་བརྟེན་པའི་རབ་གནས་ཀྱི་ཆོ་ག་མདོར་བསྡུས་ཡེ་ཤེས་ཆར་འབེབས་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་སྐྱབས་རྗེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་སླར་ཡང་མི་མོའི་རྣམ་པར་བྱོན་པ་ཡེ་ཤེས་ཌཱ་ཀི་པདྨ་མཚོ་སྐྱིད་དམ་ཡོངས་གྲགས་ཇོ་མོ་སྨན་མོ་ལ་ཨེ་གཟར་མོ་ལུང་གི་བདེ་ཆེན་གསང་བ་ཕུག་ནས་ཡེ་ཤེས་མཁའ་འགྲོ་སྡེ་ལྔས་དངོས་སུ་སྩལ་བའི་ཟབ་ཆོས་སྐོར་རྣམས། ཆོས་དབང་རིན་པོ་ཆེ་སླར་ཡང་བཤེས་གཉེན་གྱི་གཟུགས་སུ་བྱོན་པ་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་དབང་ཕྱུག་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བབས་པ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་སྐོར་ལ། ཆོས་སྤྱོད་ཀྱི་རིམ་པ་ཐར་ལམ་རབ་གསལ། མཁའ་འགྲོ་གསང་བ་ཀུན་འདུས་ལས། རྡོ་རྗེ་ཕག་མོའི་ཕྲིན་ལས། དཔའ་བོ་དཔའ་མོའི་སྒྲུབ་ཐབས། ཕག་མོའི་ཉེ་བསྙེན། རྡོ་རྗེ་ཕག་མོ་གསང་བ་ཀུན་འདུས་ཀྱི་ཚོགས་མཆོད་ཉེར་བསྡུས། རྡོ་རྗེ་ཕག་མོའི་མཆོད་སྐོང༌། མཁའ་འགྲོའི་སྨྲེ་བཤགས། རྡོ་རྗེ་ཕག་མོའི་ཚེ་སྒྲུབ། རྡོ་རྗེ་ཕག་མོའི་ནོར་སྒྲུབ། རྡོ་རྗེ་ཕག་མོའི་དབང་སྡུད། རྡོ་རྗེ་ཕག་མོའི་ཟོར་ལས། ཕག་མོ་འདུས་པའི་དབང་བསྐུར། རྡོ་རྗེ་ཕག་མོའི་གཏོར་དབང༌། རྡོ་རྗེ་ཕག་མོའི་ཟབ་ཁྲིད་བཅས་ཀྱི་དབང་ལུང་ཁྲིད་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་མོ། ལོངས་སྐུ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་ཁྲོས་མ་ནག་མོ། གུ་རུ་རྡོ་རྗེ་ཐོད་ཕྲེང༌། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ། མཁའ་འགྲོ་པདྨ་མཚོ་སྐྱིད། གཏེར་ཆེན་མདོ་སྔགས་གླིང་པ། ཆོས་བདག་རིག་འཛིན་སྣ་ཚོགས་རང་གྲོལ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་ཆོས་བློ་གྲོས་མན་འདྲ། སློབ་དཔོན་སངས་རྒྱས་གཉིས་པའི་གསོལ་འདེབས་ལེའུ་བདུན་མའི་ལུང་མཁྱེན་བརྩེ་དབང་པོ་མན་འདྲ། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་སྒྲ་དབྱངས། ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོའི་གསོལ་འདེབས། དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་པ་ཀུན་ཏུ་བཟང་པོའི་སྒྲ་དབྱངས། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན། མཁའ་འགྲོ་གསང་བ་ཀུན་འདུས་ལས། བརྒྱུད་པའི་གསོལ་འདེབས་པདྨའི་རྒྱུད་མངས། བཀའ་སྲུང་མཆེད་གསུམ་གཏོར་འབུལ་རྒྱུན་ཁྱེར། རྒྱུན་གྱི་ཚོགས་སྐོང་མདོར་བསྡུས། སྒྲུབ་པ་ཆེན་པོའི་ཁོག་དབུབ་ལྷན་སྐྱེས་གྲུབ་པ་མཆོག་གི་དགའ་སྟོན་བཅས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བྲིས་པའི་ལུང་ནི་དེ་ལས་སྣ་ཚོགས་རང་གྲོལ་མན་འདྲ། ཡང་ན་དེ་ལས་ཡབ་རྗེ་མན་འདྲ། མཁའ་འགྲོ་ཡོངས་རྫོགས་མཆོད་ཅིང་ཐུགས་དམ་སྐོང་བའི་མདོས་ཀྱི་ཆོ་ག་མཁའ་དབྱིངས་རོལ་པའི་རྒྱན་རྒྱལ་དབང་ཀརྨ་པ་རང་བྱུང་མཁའ་ཁྱབ་རྟག་པའི་རྡོ་རྗེས་བྲིས་པ་ནི་དེ་ལས་འཇམ་མགོན་ཡང་སྲིད་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། མཁའ་འགྲོ་གསང་བ་ཀུན་འདུས་མཆོད་སྐོང་བྱེ་བྲག་པ་དྲུག་གི་སྐབས་སུ་སྤྱན་འདྲེན་མཆོད་བསྟོད་མདོར་བསྡུས་བྱ་བ་ཚན་གཉིས། འབྱུང་ལྔའི་སྐོང་བའི་ལས་བྱེ་བྲག་པ་རྣམས་ལ་འདོད་གསོལ་རྒྱས་པར་བྱ་བ། མཆོད་བསྟོད་ནོངས་བཤགས་མདོར་བསྡུས་བཅས་གཏེར་ཆེན་ལས་རབ་གླིང་པས་བྲིས་པ་ནི་དེ་ལས་སྣ་ཚོགས་རང་གྲོལ་མན་འདྲ། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་འཕོ་རྫས་བསྡུ་བའི་རིམ་པ་ཨ་འཛོམས་འབྲུག་པ་སྣ་ཚོགས་རང་གྲོལ་གྱིས་བྲིས་པ་ནི་དེ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། སྔོན་འགྲོ་དང་བཅས་པའི་རིམ་གཉིས་རྒྱུན་གྱི་རྣལ་འབྱོར། སྨན་གྱི་བརྒྱུད་མཆོད། ཛབ྄་ཁང་དབྱེ་བ། མཁའ་འགྲོ་གསང་འདུས་ཀྱི་ཚོགས་ཤིན་ཏུ་བསྡུས་པ་འབུམ་ཐེར་བསགས་སྐབས་ལྟ་བུར་གྲངས་གསོགས། རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ཀྱི་བསྟོད་བསྐུལ་ཁོལ་དུ་ཕྱུང་བ། མཁའ་འགྲོ་གསང་བ་ཀུན་འདུས་ལ་སྦྱར་རྒྱུའི་ཆད་ཐོ། མཁའ་འགྲོ་གསང་འདུས་ཀྱི་ཕག་མོ་ཁྲོས་མའི་བདུད་རྩི་རིལ་བུ་བསྒྲུབ་པའི་ངག་འདོན་བཅས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་གསུང་པ་ནི། དེ་ལས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །མཁའ་འགྲོ་གསང་བ་ཀུན་འདུས་ལས། རྡོ་རྗེ་ཕག་མོའི་རྩ་བའི་ཕྲིན་ལས་འབྲིང་པོ་བདེ་ཆེན་གྲུབ་པའི་མྱུར་ལམ། བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བདེ་ཆེན་བདུད་རྩིའི་བུམ་བཟང༌། གནས་ལུང་གི་ཆོ་ག་ལྷན་སྐྱེས་ཐུགས་རྗེའི་ཕོ་ཉ། མཁའ་འགྲོ་གསང་བ་ཀུན་འདུས་ལས་བྱང་དབང་དང་སྒྲུབ་ཆེན་སོགས་ལ་ཉེ་བར་མཁོ་བའི་ཟུར་འདེབས་རཏྣའི་ཆུན་པོ། དམ་རྫས་བདུད་རྩི་སྨན་གྱི་སྒྲུབ་ཐབས་ཁྲིགས་སུ་བཀོད་པ་བདེ་ཆེན་བདུད་རྩིའི་མྱུར་ལམ། ལས་བཞིའི་སྦྱིན་སྲེག་རབ་འབྱམས་ཕྲིན་ལས་སྣང་བའི་ཉིན་བྱེད། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་སྒྲུབ་མཆོད་བཅས་བཤམས་ཐོ་དང་འདོན་ཟིན་ཀུན་གསལ་མེ་ལོང་བཅས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་གྱིས་གསུང་པ་ནི་དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། མཁའ་འགྲོ་གསང་བ་ཀུན་འདས་ཀྱི་སྨིནགྲོལ་འབོགས་པའི་བཀླག་ཆོག་ཌཱ་ཀཱིའི་འཛུམ་ཟེར་དང་ཐ མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་མདོས་སྐོང་མདོར་བསྡུས་བཅས་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་སྐྱབས་རྗེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །འཇིག་རྟེན་དྲེགས་པ་མཐའ་དག་གནད་ལ་འབེབས་པའི་དྲག་སྔགས་དྲང་སྲོང་དྲི་མེད་ཀུན་ཏུ་དགེ་བའི་གདམས་སྐོར་རྗེ་གཏེར་ཆེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་སྣང་གི་ཆོས་སྡེ་ལས་བྱོན་པའི་དྲང་སྲོང་དྲི་མེད་ཀུན་ཏུ་དགེ་བ་ཞི་བའི་སྒོ་ནས་འཆི་མེད་རྡོ་རྗེའི་སྲོག་སྒྲུབ་པའི་མན་ངག་རིག་པ་འཛིན་པའི་སྙིང་ཏིག་ཚེ་དབང་དང་བཅས་པའི་དབང་ལུང་གི་བརྒྱུད་པ་ནི། ཀུན་བཟང༌། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། དྲང་སྲོང་དྲི་མེད། རྒྱལ་པོ་མྱ་ངན་མེད། བྲམ་ཟེ་ལེགས་གྲུབ། པྲ་བྷ་ཧ་སྟི། ཨོ་རྒྱན་ཡབ་ཡུམ། མངའ་བདག་ཡབ་སྲས། གུ་རུ་ཆོས་དབང༌། རྡོ་རྗེ་འཆང་དབང་འོད་གསལ་སྤྲུལ་པའི་རྡོ་རྗེ་དང༌། འཇམ་མགོན་བློ་གྲོས་མཐའ་ཡས། སི་ཏུ་ཆོས་ཀྱི་རྒྱ་མཚོ་བཅས་གསུམ་ཀ་ལས་ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོས་གསན། དེ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །སྔགས་རྒོད་ལོཀྟྲིའི་རྒྱུན་ཁྱེར་སྙིང་པོ་དྲང་སྲོང་དམོད་པ་མཚོན་ཆའི་འཁོར་ལོ། ཕྱག་རྡོར་དྲེགས་འདུལ་སོགས་ཀྱི་གཏེར་སྲུང་ལྡང་ལྷ་མཆོད་པ། དྲང་སྲོང་དྲི་མེད་ཀུན་ཏུ་དགེ་བའི་ཚེ་སྒྲུབ་དག་སྣང་མའི་ཁྱད་པར་གྱི་བཀའ་སྲུང་འཆི་མེད་ཙཎྜཱི་ཀཱ་མཆོད་པ། དྲང་སྲོང་ཁྲོས་པའི་གཏོར་བཟློག་བཅུད་ཕུར། དྲང་སྲོང་ཞི་བའི་གཏོར་འབུལ་འདོད་གསོལ་བཅས་འཇམ་མགོན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གསུང་པ་ནི་དེ་ལས་ཉེ་གནས་བླ་མ་འོད་གསལ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲའོ། ༈ །གཉགས་ཆེན་ཛྙ་ནའི་རྣམ་རོལ་སྤྲུལ་པའི་གཏེར་སྟོན་ར་མོ་ཤེལ་སྨན་ཡེ་ཤེས་ཞབས་ཀྱིས་ཡར་ལུང་ཤེལ་བྲག་སོགས་ནས་བདུད་རྩི་སྨན་སྐོར་གཙོ་བོར་གྱུར་པའི་ཟབ་གཏེར་མང་དུ་བཞེས་ནས་འགྲོ་དོན་རྒྱ་ཆེར་མཛད། བཅོམ་ལྡན་འདས་རྡོ་རྗེ་བདུད་རྩིའི་སྐོར་རྣམས་ཐུགས་ཉམས་སུ་བཞེས་ཏེ་སླར་ཡང་གཏེར་དུ་རྒྱས་བཏབ་པ། གཏེར་སྟོན་མཁས་གྲུབ་ཡོངས་ཀྱི་རྒྱལ་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་བདག་མཁའ་འགྲོས་གཏེར་རྒྱ་བཀྲོལ་ནས་ཡང་གཏེར་དུ་བབས་པའི་སྐོར་ལས། དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཟབ་མོ་བླ་མའི་སྒྲུབ་པ། རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་ཐིག་ཟབ་མོ། དཔལ་རྡོ་རྗེ་བདུད་རྩིའི་སྔགས་ཀྱི་སྲུང་མའི་སྒྲུབ་ཐབས་བཅས་ཀྱི་དབང་ལུང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། དཔལ་ཆེན་རྡོ་རྗེ་བདུད་རྩི། ཨོ་རྒྱན་སྨན་གྱི་བླ་མ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཉགས་ལོ་ཡེ་ཤེས་གཞོན་ནུ། གཏེར་སྟོན་ར་མོ་ཤེལ་སྨན། ཁྱབ་བདག་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས། གཉིས་ཀ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། དེ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དེ་ནས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །དཔལ་རྡོ་རྗེ་བདུད་རྩི་ལས་བདེ་བ་ཆེན་པོ་བླ་མའི་སྒྲུབ་ཐབས་ཀྱི་དབང་བསྐུར་ཡང་ཟབ་བདུད་རྩིའི་བཅུད་ཐིགས། དཔལ་རྡོ་རྗེ་བདུད་རྩིའི་བརྒྱུད་འདེབས། དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་རྩ་བ་དང་ཡན་ལག་གི་དབང་བསྐུར་ཡོངས་རྫོགས་དཀྱུས་གཅིག་ཏུ་བཀོད་པ་དྲི་མེད་ཟླ་བའི་བསིལ་ཟེར། དཔལ་རྡོ་རྗེ་བདུད་རྩིའི་ཡན་ལག་ལས་སྒྲུབ་པའི་ལྷ་གསུམ་གྱི་བྱིན་རླབས་བྱ་བའི་ཚུལ་བཀླག་ཆོག་ཏུ་བཀོད་པ། དཔལ་རྡོ་རྗེ་བདུད་རྩིའི་བཀའ་སྲུང་ཨེ་ཀ་ཛཱ་ཊིའི་སྲོག་གཏད་ཀྱི་ཡི་གེ་སྲོག་གི་ཐིག་ལེ། དཔལ་རྡོ་རྗེ་བདུད་རྩི་རིགས་བཞི་ཡོངས་རྫོགས་ལ་བརྟེན་ནས་བདུད་རྩི་སྒྲུབ་པའི་ཁོག་དབུབ་རྡོ་རྗེ་ཉི་མའི་སྣང་བ། དཔལ་རྡོ་རྗེ་བདུད་རྩིའི་ཡན་ལག་གི་སྒྲུབ་པ་རྣམ་གསུམ་ལག་ཏུ་ལེན་པའི་ཟིན་བྲིས་མཐོང་བ་གོ་འབྱེད། དཔལ་རྡོ་རྗེ་བདུད་རྩིའི་ཕྲིན་ལས་ཀྱི་ཁ་སྐོང་ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་གྲུབ་གཉིས་འོད་ཟེར་འཁྱིལ་བ་བཅས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གསུང་པའི་ལུང༌། སི་ཏུ་ཆོས་ཀྱི་རྒྱ་མཚོ་མན་འདྲ། དཔལ་རྡོ་རྗེ་བདུད་རྩིའི་སྙིང་ཐིག་ལས། བཀའ་སྲུང་མ་མོ་སྔགས་ཀྱི་སྲུང་མའི་གསོལ་ཕྲིན་འཁྲུགས་སྐོང་མདོས་ཆོག་དང་བཅས་པ་དཀྱུས་གཅིག་ཏུ་གསར་བཀོད་མ་མོའི་མཁའ་འགྲོའི་དགྱེས་ཚལ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་གྱིས་གསུང་པའི་ལུང་ནི་དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །དཔལ་བདེ་བ་ཆེན་པོ་རྡོ་རྗེའི་བདུད་རྩིའི་ཟབ་མོ་བླ་མ་སྒྲུབ་པའི་བརྒྱུད་འདེབས། དཔལ་བདེ་བ་ཆེན་པོ་རྡོ་རྗེའི་བདུད་རྩིའི་ཟབ་མོ་བླ་མ་སྒྲུབ་པའི་ལས་བྱང་བདེ་ཆེན་བདུད་རྩིའི་ཟེགས་མ། རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་ཏིག་ཟབ་མོའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་བདུད་རྩིའི་སྤྲིན་ཕུང་བཅས་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་སྐྱབས་རྗེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་རྗེ་གཡུ་ཐོག་པའི་ཡེ་ཤེས་ཀྱི་སྐུས་ཡང་ཡང་རྗེས་སུ་བཟུང་ཞིང་བྱིན་རླབས་སྩལ་བའི་ཉེ་བརྒྱུད་སྨན་བླ་ལོངས་སྐུའི་དབང༌། ཟུར་མཁར་མཉམ་ཉིད་རྡོ་རྗེའི་དག་སྣང་འབྲི་གུང་ཆོས་ཀྱི་གྲགས་པས་བསྒྲིགས་པ་ལ་ཁ་འབང་དཀྱུས་སུ་བཀོད་པའི་སྨན་བླ་ལོངས་སྐུ་གཙོ་འཁོར་ལྔའི་དབང་གི་རིང་བརྒྱུད་གཡུ་ཐོག་སྙིང་ཐིག་བྱང་བདག་ཡབ་སྲས་ནས་བརྒྱུད་པ་ལྟར་ལ། ཉེ་བརྒྱུད། སྨན་གྱི་བླ་མ་གཡུ་ཐོག་པ། ཀུན་མཁྱེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་གཉིས་ཀྱིས་གསན། དེ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །སྒྲུབ་ཐབས་དབང་ཆོག་སྡེ་དགུའི་གཏོར་བསྔོ་བཅས་ཀྱི་ལུང་བརྒྱུད་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲའོ། ༈ །གནུབ་ཆེན་ཡང་སྲིད་དྲི་མེད་ཀུན་དགའི་ཟབ་གཏེར་གྱི་སྙིང་པོ་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་རྗེ་བླ་མས་བྲག་དམར་མགྲིན་བཟང་ནས་ཡང་གཏེར་དུ་བཞེས་པའི་གཏེར་གཞུང་ལེའུ་བདུན་པ་ཟབ་ལམ་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་སྐུ་གསུམ་འོད་ཀྱི་སྙིང་པོའི་དབང་ལུང་ཁྲིད་ཀྱི་བརྒྱུད་པ་ནི་ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་དྲི་མེད་ཀུན་དགའ། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ། གཏེར་སྟོན་དྲི་མེད་འོད་ཟེར། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། དྲི་མེད་བླ་སྒྲུབ་བརྒྱུད་འདེབས། ཟབ་ལམ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་མཆོད་ཕྲེང༌། ཟབ་ལམ་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་རྣམ་གྲོལ་རིག་པའི་སྙིང་པོ་བཅས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གསུང་པའི་ལུང༌། རྩོམ་པ་པོ་མན་ཆད་འདྲ། ཟབ་ལམ་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་སྐུ་གསུམ་འོད་ཀྱི་སྙིང་པོའི་ཕྲིན་ལས་གཏེར་གཞུང་ལས་ཁོལ་དུ་ཕྱུང་བ་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་སྐྱབས་རྗེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་ཨོ་རྒྱན་དྲི་མེད་ཀུན་དགས་མཆིམས་ཕུའི་བྲག་སྣ་སེང་གེའི་གདོང་པ་ནས་གདན་དྲངས་ཏེ་ལུང་བྱང་ལྟར་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་ནས་སླར་བྲག་དམར་མགྲིན་བཟང་དུ་རྒྱས་བཏབ། དེ་ནས་བརྩམ་རབ་བྱུང་སྐོར་བརྒྱད་འདས་པའི་སྐབས་སུ་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་གནས་དེ་ཉིད་ནས་འགྲོ་འདུལ་འཕགས་པའི་ཐུགས་ཏིག་དང་ལྷན་ཅིག་ཡེ་ཤེས་མཁའ་འགྲོས་ཤོག་སེར་དངོས་སུ་སྩལ་བ་ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོ་དང་ཕྱག་རྒྱ་ཆེན་པོའི་དམར་ཁྲིད་ཡེ་ཤེས་རང་གྲོལ་གྱི་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་ནི། མགོན་པོ་འོད་མི་འགྱུར། རྒྱལ་བ་རྒྱ་མཚོ། ཨོ་རྒྱན་ཆེན་པོ། མཁར་ཆེན་མཚོ་རྒྱལ། སངས་རྒྱས་ཡེ་ཤེས་རིན་པོ་ཆེ། དྲི་མེད་ཀུན་དགའ། ཁྱབ་བདག་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས། གཉིས་ཀ་ལས་མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཡང་ན་འཇམ་མགོན་བློ་གྲོས་མཐའ་ཡས་ལས་ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བརྒྱུད་པའི་གསོལ་འདེབས། ཕྲིན་ལས་ཁོལ་ཕྱུངས་བཀླག་ཆོག་ཏུ་བཀོད་པ་ཕན་བདེའི་སྙིང་པོ། སྒྲུབ་ཁོག་གསལ་བར་བསྡེབས་པ་ཡེ་ཤེས་རོལ་པའི་སྙིང་པོ། དོན་དབང་ཟུར་ཕྱུང་དུ་བཀོད་པ་བདུད་རྩིའི་སྙིང་པོ། གནས་ལུང་གི་ཆོ་ག་ཡེ་ཤེས་འོད་ཀྱི་ལྕགས་ཀྱུ། རྒྱལ་བ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོའི་བསྙེན་ཡིག་མདོར་དྲིལ་དུ་བཀོད་པ་ཟབ་གསལ་བདུད་རྩིའི་སྙིང་པོ་བཅས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གསུང་པའི་ལུང་ནི་ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ་མན་འདྲའོ། ༈ །ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་རྒྱ་སྟོན་པདྨ་དབང་ཕྱུག་གིས་གངས་བར་ཕུག་མོ་ཆེའི་སྒོ་དྲུང་ཕ་ཝཾ་དབང་ཕྱུག་གི་མཚན་རྟགས་ཅན་ནས་སྤྱན་དྲངས་ཏེ་ཡང་གཏེར་དུ་སྦས་པའི་ཤོག་སེར་གཏེར་སྲུང་མཁའ་འགྲོས་སྤྱན་དྲངས་ནས་རྗེ་བླ་མ་ལ་ཕུལ་ཏེ་གཏན་ལ་ཕབ་པ་ཟབ་མོ་བླ་མའི་ཐུགས་སྒྲུབ་བདེ་མཆོག་འཁོར་ལོའི་རིམ་གཉིས་སྙིང་པོ་བསྡུས་པ་བདེ་ཆེན་ཡེ་ཤེས་མཐོང་གྲོལ་གྱི་དབང་ལུང་ཁྲིད་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་རྡོར་འཆང༌། ལོངས་སྐུ་འཁོར་ལོ་བདེ་མཆོག །སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ། འཆི་མེད་པདྨ་བཛྲ། ལྷ་ལྕམ་མནྡཱ་ར་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ཡབ་སྲས། བཻ་རོ་ཙ་ན། རྒྱལ་བ་མཆོག་དབྱངས། གཏེར་སྟོན་པདྨ་དབང་ཕྱུག །པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ་དང་མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དེ་ནས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ། ཆོས་བདག་གྲུབ་དབང་ཤཀྱཱ་ཤྲི། སྲས་འཕགས་མཆོག་རྡོ་རྗེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། བླ་མ་བདེ་མཆོག་འཁོར་ལོའི་བརྒྱུད་པའི་གསོལ་འདེབས། ལས་བྱང་ཁོལ་དུ་ཕྱུང་བ་བདེ་ཆེན་ཡེ་ཤེས་མཐོང་གྲོལ། སྨིན་བྱེད་ཀྱི་ཆོ་ག་གཟུང་འཛིན་རང་གྲོལ། རིམ་པ་གཉིས་ཀྱི་ཁྲིད་ཡིག་དག་ཅིང་གསལ་བ་ཟུང་འཇུག་མྱུར་ལམ་བཅས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གསུངས་པ་ནི་གསུང་པ་པོ་མན་འདྲ། བདེ་མཆོག་འཁོར་ལོའི་སྔོན་འགྲོའི་ངག་འདོན་ཟུང་འཇུག་གྲུབ་པའི་སྲོལ་འབྱེད། ལས་བྱང་གི་མཛེས་རྒྱན་ནོར་བུའི་མེ་ཏོག་སྤེལ་བའི་རྒྱན་ཕྲེང༌། བསྟོད་པའི་ལྷན་ཐབས། ཕྱག་བཞི་པའི་གསོལ་མཆོད་མདོར་བསྡུས། མ་གཅིག་དུད་སོལ་ལྷ་མོའི་གཏོར་ཆོག་མདོར་བསྡུས་ཕྲིན་ལས་ཡོངས་འདུས། བླ་མ་བདེ་མཆོག་འཁོར་ལོའི་སྔགས་དོན། གཏོར་མའི་བཅའ་ཐབས། བདག་འཇུག་ཡེ་ཤེས་སྣང་བ་མྱུར་འདྲེན། མཆོག་གི་ལས་སྦྱོར་བདུད་རྩི་སྨན་གྱི་ལག་ལེན་འདུས་གསལ་དུ་བཀོད་པ་བདེ་བ་ཆེན་པོའི་མྱུར་ལམ། སྒྲུབ་ཁོག་གྲུབ་གཉིས་མཛོད་བརྒྱའི་ལྡེའུ་མིག །མཆོག་གི་སྦྱིན་སྲེག་ལྷན་སྐྱེས་ཡེ་ཤེས་དཔལ་བསྐྱེད་བཅས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་གྱིས་གསུང་པའི་ལུང་ནི་དེ་ལས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །གསར་མའི་དྲིལ་བུ་རིམ་ལྔའི་བྱིན་རླབས་ཀྱི་རྒྱུན་དེང་སང་ཆད་པ་ལ། འདིར་དབང་གི་སྐབས་སུ་བྱུང་ཞིང་ཁྲིད་ཀྱང་དོན་གཅིག་པ་ལ་ཟབ་གནད་མང་པོས་འཕགས་པ་དང༌། གྲུབ་ཆེན་དྲིལ་བུ་པའི་ཉེ་བརྒྱུད་ངོ་མཚར་བའང་བཞུགས་པ་བཅས་ཟབ་ཆོས་འདི་ནི་ཀུན་ལས་ཀྱང་ཁྱད་པར་དུ་འཕགས་པའོ། ༈ །གཏེར་སྟོན་ལྷ་བཙུན་སྔོན་མོས་སྒྲགས་ཡང་རྫོང་དུ་འདབ་གཏེར་དུ་སྦས་པའི་ཤོག་སེར་མཆོག་གྱུར་གླིང་པས་བཞེས་ནས་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་ཏུ་ཕུལ་བ་རྗེ་ཉིད་ཀྱིས་གཏན་ལ་ཕབ་པ་ཞི་བྱེད་སྐོར་བདུན་ཅེས། ནད་ཞི་བྱེད་སངས་རྒྱས་སྤྱན་མ། རིམས་ཞི་བྱེད་ལོ་གྱོན་མ། དགྲ་རྐུན་ཞི་བྱེད་འོད་ཟེར་ཅན་མ། བྱད་ཕུར་ཞི་བྱེད་གདུགས་དཀར་མོ། སེམས་ཀྱི་རྣམ་གཡེངས་ཞི་བྱེད་ཤེར་ཕྱིན་དཀར་མོ། འཇིགས་བརྒྱད་ཞི་བྱེད་སྒྲོལ་མ་དཀར་མོ། དུས་མིན་འཆི་བ་ཞི་བྱེད་རྨ་བྱ་ཆེན་མོ་རྣམས་ཀྱི་མན་ངག་གི་གཞུང་བདུད་རྩིའི་བུམ་པའི་དབང་ལུང་གི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། གསང་བདག །ནཱ་གཱརྫུ་ན། ཨོ་རྒྱན་ཡབ་ཡུམ། ལྷ་སྲས་ཡེ་ཤེས་རོལ་པ་རྩལ། ལྷ་དབང་རྒྱ་མཚོ་བློ་གྲོས། མཆོག་གྱུར་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། སི་ཏུ་ཆོས་ཀྱི་རྒྱ་མཚོ། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཞི་བྱེད་ལྷ་མོ་བདུན་གྱི་བརྒྱུད་འདེབས་དང༌། ཞི་བྱེད་སྐོར་བདུན་ཀྱི་ལས་ཚོགས་སྦྱིན་སྲེག་བྱབས་ཁྲུས་བྱད་དཀྲོལ་འཆི་བསླུ་རྣམས་གསལ་བར་བཀོད་པ་མུ་ཏིག་ཆུན་པོ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གསུངས་པའི་ལུང་ནི་རྩོམ་པ་པོ་མན་ཆད་འདྲ། ལྷ་མོ་སངས་རྒྱས་སྤྱན་མའི་ཕྲིན་ལས་འབྱུང་འཁྲུགས་ནད་ཀུན་སེལ་བའི་སྨན་མཆོག །ལྷ་མོ་རི་ཁྲོད་མའི་ཕྲིན་ལས་གཉན་རིམས་ཀུན་འཇོམས། ལྷ་མོ་འོད་ཟེར་ཅན་མའི་ཕྲིན་ལས་གདོན་བགེགས་ཆོམ་རྐུན་གྱི་གཤེད་མ། ལྷ་མོ་གདུགས་དཀར་མོའི་ཕྲིན་ལས་བྱད་ཕུར་གཞོམ་པའི་མེ་ལྕེ། ལྷ་མོ་ཤེར་ཕྱིན་དཀར་མོའི་ཕྲིན་ལས་སྡུག་བསྔལ་མུན་པ་སེལ་བའི་འོད་ཟེར། ལྷ་མོ་སྒྲོལ་མ་དཀར་མོའི་ཕྲིན་ལས་འཇིགས་བརྒྱད་སྒྲོལ་བའི་གྲུ་ཆེན། ལྷ་མོ་རྨ་བྱ་ཆེན་མོའི་ཕྲིན་ལས་དུས་མིན་འཆི་བ་འཇོམས་པའི་བདུད་རྩི། ཞི་བྱེད་ལྷ་མོ་བདུན་གྱི་དབང་བསྐུར་བའི་ཆོ་གའི་གསལ་བྱེད་ཡིད་འོང་ཟླ་བའི་བདུད་རྩི་ནག་འགྲོས་སུ་བཀོད་པ་བཅས་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་སྐྱབས་རྗེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་རོལ་གཏེར་སྟོན་བལ་པོ་ཨ་ཧཱུྃ་འབར་གྱིས་སྤལ་གྲོ་གཅལ་གྱི་བྲག་དམར་ནས་གཏོན་པའི་ཡཀྴ་ཛམྦྷ་ལའི་ཆོས་སྐོར་རྣམས་སླར་ཡང་གཏེར་བདག་མཁའ་འགྲོས་རྗེ་བླ་མ་རིན་པོ་ཆེར་ཕུལ་བའི་ཡང་གཏེར་རྡོ་རྗེའི་ཛམྦྷ་ལ་ནག་པོའི་སྐོར་ལས་གླང་ཆེན་བཅས་ཆོག་རབ་ཏུ་ཟབ་པ། ཡཀྵ་ཛམ་བྷ་ལའི་སྒྲུབ་ཐབས་ཀྱི་མན་ངག་རིན་ཆེན་གཏེར་སྤུངས། གནོད་སྦྱིན་ཛམ་བྷ་ལ་ནག་པོའི་སྲོག་གི་འཁོར་ལོ་རེག་པས་ནོར་སྡུད་པ་བཅས་ཆོག་ཡིད་བཞིན་ནོར་བུའི་མན་ངག །རྡོ་རྗེའི་ཛམྦྷ་ལ་ནག་པོའི་སྲོག་དབང་དང་ལུང་གི་བརྒྱུད་པ་ནི། གསང་བའི་བདག་པོ། མཁའ་འགྲོ་མ་ག་ཎ་སིདྡྷི། ཚོང་དཔོན་ཁྱེའུ་དྷ་ན་སཾ་བྷོ། རྒྱལ་རིགས་གུ་རུ་དེ་ཝ། ཨོ་རྒྱན་རིན་པོ་ཆེ། ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང༌། མུ་ཏིག་བཙད་པོ། རྒྱལ་བ་མཆོག་དབྱངས། རྡོ་རྗེ་བདུད་འཇོམས། བལ་པོ་ཨ་ཧཱུྃ་འབར། གུ་རུ་ཇོ་བོ་ཚེ་དབང་དང་པོ། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །རྡོ་རྗེའི་ནོར་ལྷ་ཡཀྵ་ཛམྦྷ་ལ་ནག་པོའི་བརྒྱུད་པའི་གསོལ་འདེབས་དབྱིག་གི་ང་རོ། སྒྲུབ་ཐབས་ཕྲིན་ལས་ཀྱི་བྱང་བུ་འདོད་དགུ་རིན་ཆེན་ཆར་འབེབས། སྲོག་དབང་བསྐུར་བའི་ཆོ་ག་རིན་ཆེན་ཆུ་འཛིན་བཅས་ལུང་རྩོམ་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། གཏེར་སྲུང་མཆོད་ཐབས་ཀྱི་ལུང་ནི་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲའོ། ༈ །མོན་སྒོམ་ཏ་མི་ནཱ་ཐའི་སྐྱེ་བ་མངའ་བདག་མོལ་མི་འཁྱིལ་གྱིས་བྱང་པྲ་དུན་རྩེའི་ཀ་ཕོག་ནས་སྤྱན་དྲངས་པའི་གཏེར་ཁ་འདིའི་རྒྱལ་པོ་སྒོ་གཅོད་སྲུང་བ་ཙམ་ཞིག་སྔར་དར་རྒྱས་སུ་ཡོད་འདུག་ཅིང་དབང་སོགས་མ་བྱོན་ལ་ཕྱིས་ནི་དཔེ་རྒྱུན་ཙམ་ཡང་མི་བཞུགས་ཀྱང༌། རྗེ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་དཔེ་རྙིང་མཁའ་འགྲོ་གཏད་རྒྱའི་བརྒྱུད་པར་བྱོན་ཅིང་གདམས་སྐོར་དག་པའི་སྣང་བར་གུ་རུ་རིན་པོ་ཆེས་སྩལ་བའི་དཔལ་རྟ་མགྲིན་དཔའ་བོ་གཅིག་པའི་མན་ངག་གནམ་ལྕགས་མེའི་འཁོར་ལོའི་དབང་ལུང་གི་བརྒྱུད་པ་ནི། གསུང་རྡོ་རྗེ་འོད་དཔག་མེད། རྟ་མཆོག་ཧེ་རུ་ཀ །མངའ་བདག་མོལ་མི་འཁྱིལ། ཨོ་རྒྱན་པདྨ་འབྱུང་གནས། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །རྟ་མགྲིན་དཔའ་བོ་གཅིག་པ་གནམ་ལྕགས་མེའི་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གདོན་བགེགས་ཀུན་འཇོམས་ཀྱི་ལུང་རྩོམ་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲའོ། ༈ །གཏེར་སྟོན་གཡག་ཕྱར་སྔོན་མོ་དང་རོང་པ་བདུད་འདུལ་གླིང་པའི་ཡང་གཏེར། ཨོ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་བའི་ཐུགས་བཅུད་འཕགས་མ་སྒྲོལ་མའི་མན་ངག་འཇིགས་པ་ཀུན་སྐྱོབ་ཀྱི་དབང་ལུང་གི་བརྒྱུད་པ་ནི། འཕགས་མ་སྒྲོལ་མ། ཨུ་རྒྱན་གུ་རུ་ཡབ་ཡུམ། ལོ་ཆེན་བཻ་རོ། །གཏེར་སྟོན་གཡག་ཕྱར་སྔོན་མོ། རོང་པ་བདུད་འདུལ་གླིང་པ། བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཡང་གཏེར་སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཀུན་དགའི་ཟླ་ཟེར་དང༌། མཆོད་སྦྱིན་མདོས་ཀྱི་ཆོ་ག་ཉེས་པ་ཀུན་སྐྱོབས་བཅས་ཀྱི་ལུང་རྩོམ་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲའོ། ༈ །སྔགས་འཆང་ཤཱཀྱ་འོད་ཀྱི་སྐྱེ་བ་དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་ཀྱིས་བྱང་པྲ་དུན་རྩེ་ནས་སྤྱན་དྲངས་ཤིང་ཐུགས་ཉམས་སུ་བཞེས་ཏེ་ཤོག་སེར་མཁའ་འགྲོ་ལ་གཉེར་དུ་གཏད་པ་ཌཱ་ཀི་ནཱིས་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་ཏུ་ཕུལ་ནས་གཏན་ལ་ཕབ་པ། དཔལ་གསང་བའི་བདག་པོ་རྡོ་རྗེ་མེ་འབར་གྱི་རྣལ་འབྱོར་གསུམ་དྲིལ་སྙིང་པོའི་དབང་ལུང་གི་བརྒྱུད་པ་ནི། གསང་བའི་བདག་པོ། ཨོ་རྒྱན་ཡབ་ཡུམ། ཤཱཀྱ་འོད། གཏེར་ཆེན་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །དཔལ་གསང་བའི་བདག་པོ་རྡོ་རྗེའི་མེ་འབར་གྱི་ཕྲིན་ལས་དབང་ཆོག་དང་བཅས་པ་རྡོ་རྗེའི་ཞུན་ཐིགས་ཀྱི་ལུང་རྩོམ་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲའོ། །ཡང་གཏེར་གསང་བདག་རྡོ་རྗེ་མེ་འབར་གྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཆེན་བདག་ཕུན་ཚོགས་རྣམ་རྒྱལ་གྱིས་བྲིས་པའི་ལུང་ནི་སྐྱབས་གཅིག་འཇམ་དབྱངས་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །བསམ་གཏན་བདེ་ཆེན་གླིང་པའི་བཀའ་བརྒྱད་ཡང་གསང་དྲེགས་འདུལ་སྐོར་སྔར་ནས་དཔེ་ལུང་གི་རྒྱུན་མ་བཞུགས་ཀྱང་གཏེར་ཆེན་མཁྱེན་བརྩེ་རིན་པོ་ཆེར་ཡང་གཏེར་དུ་བབས་པ་ལས་ས་བོན་ཙམ་ཞིག་སྣང་བར་མཛད་པ་བཀའ་བརྒྱད་དྲེགས་པ་ཀུན་འདུལ་ལས། ཕྲིན་ལས་ལམ་ཁྱེར་བསྡུས་པ་བདེ་ཆེན་སྙིང་པོའི་དོན་དབང་དང་ལུང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ། རྒྱ་གར་གྱི་རིག་འཛིན་བརྒྱད། ཀུན་འདུས་པདྨ་ཐོད་ཕྲེང༌། བོད་ཀྱི་གྲུབ་ཆེན་བརྒྱད། ཀུན་འདུས་ཚངས་པ་ལྷའི་མེ་ཏོག །བསམ་གཏན་བདེ་ཆེན་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །སྒྲུབ་ཆེན་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་བརྒྱུད་འདེབས་བདེ་ཆེན་གྲུབ་སྟེར་དང༌། མཆོད་ཕྲེང་ཅུང་ཟད་རྒྱས་པར་སྤྲོས་པ་བདེ་ཆེན་ཆར་འབེབས་བཅས་ཀྱི་ལུང་རྩོམ་པ་པོ་པདྨ་གར་དབང་བློ་གྲོས་མཐའ་ཡས་མན་འདྲ། བཀའ་བརྒྱད་དྲེགས་པ་ཀུན་འདུལ་ལས། དོན་གྱི་སྨིན་བྱེད་སྙིང་པོ་ཁྲིགས་སུ་བསྡེབས་པ་བདེ་ཆེན་མཆོག་སྟེར་གྱི་ལུང་བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ།་་་་་དིལ་མཁྱེན་རིན་པོ་ཆེས་འདིའི་དོན་དབང་གི་རིང་བརྒྱུད་མི་བཞུགས་ཀྱང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ཉེ་བརྒྱུད་དུ་སྤེལ་ཚུལ་ཡང་ཡང་གསུང་འདུག་པ་དབང་དཔེ་ལ་དགོངས་པ་ཡིན་ནམ། འདིར་ནི་གཏེར་མཛོད་བརྒྱུད་ཡིག་ལས་དོན་དབང་གི་རིང་བརྒྱུད་འབྱུང་བ་ལྟར་བཀོད་པའོ། ༈ །ལོ་ཆུང་དཀོན་མཆོག་འོད་ཀྱི་སྐྱེ་མཐའ་གར་དབང་ལས་འཕྲོ་གླིང་པས་ཡར་ལུང་ཤེལ་བྲག་པདྨ་བརྩེགས་པ་ནས་སྤྱན་དྲངས་ནས་ཡང་གཏེར་དུ་སྦས་པ་རྗེ་མཁྱེན་བརྩེའི་ཕྱག་ཏུ་ཆོས་བདག་མཁའ་འགྲོས་ཕུལ་བའི་དཔལ་རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་ཐབས་ཡེ་ཤེས་འཁོར་ལོ་ཞེས་བྱ་བ་གསང་བ་ཆེན་པོའི་ཐུགས་ཏིག་གི་དབང་ལུང་ཁྲིད་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་རྡོར་འཆང༌། ལོངས་སྐུ་འཁོར་ལོ་བདེ་མཆོག །སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ། མཁའ་འགྲོ་མ་ལས་ཀྱི་དབང་མོ། གུ་རུ་པདྨ་ཡབ་ཡུམ། སྐལ་ལྡན་རྗེ་འབངས་འདུས་པ། གཏེར་སྟོན་ཁྱུང་པོ་དཔལ་དགེ། ཁ་རག་བདེ་ཆེན་གླིང་པ། སྤྲུལ་སྐུ་མཆོག་ལྡན་མགོན་པོ། སྤེ་ལྕོག་ལས་འཕྲོ་གླིང་པ། དེ་ཉིད་དང་དགོངས་ཀློང་ཡེ་ཤེས་ཀྱི་དབྱིངས་སུ་གཅིག་པ་དུས་ཞབས་གཏེར་སྟོན་ཀུན་གྱི་རྒྱལ་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས་ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། དེ་ནས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཡང་གཏེར་ཕག་མོ་དཀར་མོའི་ཐུགས་ཏིག་ཡེ་ཤེས་འཁོར་ལོའི་བརྒྱུད་འདེབས་རྩོམ་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། ཕག་དཀར་གསང་ཆེན་ཐུགས་ཏིག་གི་ཕྲིན་ལས་ཀྱི་བྱང་བུ་བདེ་ཆེན་བཅུད་འབེབས་དང༌། དབང་བསྐུར་གྱི་ཆོ་ག་ལྷན་སྐྱེས་ཡེ་ཤེས་སྦྱིན་པའི་འདོད་འཇོ་བཅས་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །མི་འགྱུར་ལས་འཕྲོ་གླིང་པའི་པདྨ་གཏུམ་པོའི་ཡང་ཟབ་རྩ་གསུམ་སྙིང་པོའི་སྐོར་ལས། བླ་མ་དྲག་པོ་པདྨ་གཏུམ་པོའི་སྒྲུབ་ཐབས་དྲེགས་པ་ཚར་གཅོད་ཀྱི་དབང་དང་གཏེར་གཞུང་ལུང་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། མངའ་བདག །མི་འགྱུར་ལས་འཕྲོ་གླིང་པ། དེ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་དངོས་སུ་སྩལ། དེ་ལས་འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཡང་ཟབ་རྩ་གསུམ་སྙིང་པོའི་སྐོར་ལས་བླ་མ་དྲག་པོ་པདྨ་གཏུམ་པོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་དྲེགས་པ་ཀུན་འཇོམས་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་སྐྱབས་རྗེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །རྒྱལ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་སྲིད་བཅུ་གཅིག་པ་རྭ་ཞི་གཏེར་སྟོན་པདྨ་རིག་འཛིན་གྱིས་བདུད་རི་གནམ་ལྕགས་འབར་བ་ནས་སྤྱན་དྲངས་པའི་བླ་སྒྲུབ་ནོར་བུ་པད་ཕྲེང་ཞི་དྲག་གི་ཆ་ལག་ཁྱུང་ཆེན་རིགས་ལྔའི་སྒྲུབ་ཐབས་གདུག་པ་ཀུན་འདུལ་གྱི་དབང་དང་གཏེར་གཞུང་ལུང་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། ཡེ་ཤེས་མཚོ་རྒྱལ། པདྨ་གསལ། གཏེར་སྟོན་པདྨ་རིག་འཛིན། གྲུབ་དབང་པདྨ་རྡོ་རྗེ། རིག་འཛིན་ཆོས་ཀྱི་རྒྱ་མཚོ། རྗེ་པདྨ་གསང་སྔགས། རྭ་སྟོན་སྟོབས་ལྡན་རྡོ་རྗེ། རིག་འཛིན་ཐུགས་མཆོག་རྡོ་རྗེ། ཀུན་བཟང་བདེ་ཆེན་རྒྱལ་པོ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྤང་སྟོན་པདྨ་ཚེ་དབང༌། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། རྗེ་བླ་མ་མཁྱེན་བརྩེའི་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །རིགས་ལྔའི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་ཕྲིན་ལས་དབང་ཆོག་དང་བཅས་པ་དུག་ལྔའི་སྟོབས་འཇོམས་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་སྐྱབས་རྗེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །བཻ་རོའི་རྣམ་འཕྲུལ་སྟག་མོ་གཏེར་སྟོན་དབོན་སྲས་ཁྱུང་ཐོག་གིས་རྒྱང་ཡོན་པོ་ལུང་ནས་སྤྱན་དྲངས་པའི་ཟབ་གཏེར་རྫོགས་ཆེན་ཀུན་བཟང་སྙིང་ཐིག་ལས། རིགས་བདག་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་ཐུན་མོང་མ་ཡིན་པའི་དབང་དང་ལུང་གི་བརྒྱུད་པ་ནི་སྣང་བ་མཐའ་ཡས། ཚེ་དཔག་མེད། འཆི་མེད་པད་འབྱུང༌། མཚོ་རྒྱལ། ལོ་ཆེན་བཻ་རོ། གཏེར་སྟོན་དབོན་སྲས་ཁྱུང་ཐོག །རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་གི་སྒྲུབ་ཐབས་དབང་བསྐུར་དང་བཅས་པའི་ཆོ་ག་དངོས་གྲུབ་སྒོ་འབྱེད་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་སྐྱབས་རྗེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །ལོ་ཆེན་བཻ་རོའི་ཐུགས་སྤྲུལ་པདྨ་བདེ་ཆེན་གླིང་པའི་ཡང་སྲིད་རྟའུ་རོག་རྗེ་གླིང་པས་རོང་དོང་ལུང་པ་ནག་པོ་ནས་སྤྱན་དྲངས་པའི་རྟ་མགྲིན་ཡིད་བཞིན་འབར་བ་ལས། རིག་འཛིན་ཚེ་ཡི་སྒྲུབ་ཐབས་གསང་བ་རྨད་བྱུང་དབང་ལུང་ནི། ཚེ་དཔག་མེད། གར་གྱི་དབང་ཕྱུག །འཆི་མེད་པད་འབྱུང༌། མཚོ་རྒྱལ། ལོ་ཆེན་བཻ་རོ། རོག་རྗེ་གླིང་པ། རྡོ་རྗེ་འཆང་པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཚེ་སྒྲུབ་གསང་བ་རྨད་བྱུང་གི་སྒྲུབ་ཐབས་དབང་བསྐུར་དང་བཅས་པའི་ཆོ་ག་དགོས་པ་རྨད་བྱུང་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་སྐྱབས་རྗེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །མངའ་བདག་ཉང་རིན་པོ་ཆེས་སྲིན་མོ་སྤར་རྗེས་ནས་སྤྱན་དྲངས་པའི་ཚེ་སྒྲུབ་མཚོ་སྐྱེས་རྡོ་རྗེ་འཆི་མེད་བདུད་རྩི་བུམ་པའི་དབང་གི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཚེ་དཔག་མེད། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། ཉང་ཉི་མ་འོད་ཟེར། སྲས་འགྲོ་བའི་མགོན་པོ། བློ་ལྡན། བདུད་འདུལ། མདོ་སྡེ་སེང་གེ། པདྨ་དངོས་གྲུབ། འཇམ་དཔལ་ནོར་བུ། ཀུན་དགའ་རྒྱལ་མཚན། དེ་བ་བྷ་དྲ། བཟང་པོ་ལྷུན་གྲུབ། ལྷུན་གྲུབ་འོད་ཟེར། མངའ་བདག་ཀུན་དགའ་ལྷུན་གྲུབ། རིག་འཛིན་ལེགས་ལྡན་རྗེ། བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། ཟིལ་གནོན་བཞད་པ་རྩལ། པདྨ་ཕྲིན་ལས། ཚེ་བདག་འགྱུར་མེད་རྡོ་རྗེ། པདྨ་ཀུན་གསལ། དགོན་བྱང་པདྨ་ཐེག་མཆོག །ཆོས་ཀྱི་རྒྱལ་མཚན། རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། ཉེ་བརྒྱུད་ལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཉང་ཉི་མ་འོད་ཟེར་གྱིས་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་དངོས་སུ་སྩལ་ཤིང༌། དེ་ལས་འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཉང་གཏེར་གུ་རུ་མཚོ་སྐྱེས་རྡོ་རྗེའི་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་པ་དབང་བསྐུར་བཅས་བཀླག་ཆོག་ཏུ་བསྡེབས་པ་བདུད་རྩིའི་ཆུ་རྒྱུན་གྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲའོ། ༈ །ཟབ་གཏེར་རྒྱ་མཚོའི་ཤིང་རྟ་ཆེན་པོ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱིས་ལྷོ་བྲག་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལས། བུམ་པའི་གཟུངས་ཁྲུས་ཀྱི་ཆོ་ག །ནང་སྒྲུབ་ཀྱི་ཕྲིན་ལས་བལྟས་ཆོག་ཏུ་བཀོད་པ་དྲི་མེད་ཤེལ་དཀར་ཕྲེང་བ། དབང་གི་ལག་ཁྲིད་གསལ་བར་བཀོད་པ་དྲི་མེད་པད་དཀར་སྡོང་བུ། ཚེ་སྒྲུབ་ཆེན་མོ་བཅས་ཀྱི་ལུང་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ཁྲི་སྲོང༌། ཉང་རིན་པོ་ཆེ། སྲས་འགྲོ་པའི་མགོན་པོ། ཉང་སྟོན་བློ་ལྡན། མངའ་བདག་བདུད་འདུལ། མངའ་བདག་མདོ་སྡེ་སེང་གེ། ཉང་པདྨ་དངོས་གྲུབ། ཉང་འཇམ་དཔལ་ནོར་བུ། ཉང་ཀུན་དགའ་རྒྱལ་མཚན། ཉང་ཀུན་དགའ་འོད་ཟེར། ཀུན་དགའ་ལྷུན་གྲུབ། ཀརྨ་གུ་རུ། བསྟན་པ་རྒྱལ་མཚན། ཆོས་དབང་ཀུན་བཟང༌། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། འགྱུར་མེད་དོན་ལྡན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། རྡོ་རྗེ་འཆང་པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཀརྨ་བཀྲ་ཤིས་ཆོས་འཕེལ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །དབང་ནི། ཉང་རིན་པོ་ཆེའི་ཡེ་ཤེས་ཀྱི་སྐུ་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཉེ་བརྒྱུད་གསན་ཅིང་མན་ཆད་འདྲའོ། ༈ །འདིར་རྣམ་སྣང་ལོ་ཙཱ་བ་ཆེན་པོ་དང་འབྲོག་མི་དཔལ་གྱི་ཡེ་ཤེས་ཟུང་དུ་འཇུག་པའི་རྣམ་རོལ་སྤྲུལ་སྐུ་ར་ཤག་ཆེན་པོ་བསོད་ནམས་རྡོ་རྗེས་སྤ་སྲོག་ཅལ་གྱི་ཕ་ཝང་སྡིག་རུ་ནས་བཏོན་པའི་སྲིད་པ་མ་མོ་སྒང་ཤར་གྱི་དབང་གི་རིང་བརྒྱུད་ནི། སྟོན་པ་མངོན་རྫོགས་རྒྱལ་པོ། ཡུམ་སྲིད་པ་བདེ་འགྲོ། ཕྱག་ན་རྡོ་རྗེ། ལྷ་མོ་ཡིད་འོང་མ། མཛེས་ལྡན་མ། གྲུབ་ལྡན་མ། གྲགས་ལྡན་མཆོག་སྐྱོང༌། ཡོངས་སུ་དེ་བ་རྣམས་ལས། དྷ་ན་སཾ་སྐྲྀ་ཏ། ཨོ་རྒྱན་པདྨ། འབྲོག་མི་དཔལ་ཡེ། ར་ཤག་ཆོས་འབར། ཡོལ་རྡོ་རྗེ་དབང་ཕྱུག །གུ་རུ་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ། ཇོ་སྲས་ཉི་མ་སེང་གེ། ཇོ་སྲས་རྩིར་པོ། གཡུ་ཐོག་ཡོན་ཏན་མགོན་པོ། གནུབས་སྟོན་ལྷ་རྗེ་དར་པོ། དྷརྨ་རཱ་ཛ། ལྷ་རྗེ་ཡེ་ཤེས་གཟུངས། བླ་མ་མེས་སྟོན་ཡབ་སྲས། ཨ་མེས་ཐང་སྟོན་ཇོ་ཡེས། རྩ་བརྒྱད་པ་རྡོ་རྗེ་སེང་གེ། བླ་ཆེན་ཆོས་དཔལ་བཟང་པོ། པཎ་ཆེན་བློ་གྲོས་བཟང་པོ། སྤ་སྟོན་ནམ་མཁའ་རིན་ཆེན། ཚེ་བརྟན་རྒྱལ་པོ། དྲི་མེད་ཟླ་ཤར། གཞན་ཕན་རྡོ་རྗེ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། ཚེ་བདག་མི་འགྱུར་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། དཔང་སྟོན་པདྨ་ཚེ་དབང༌། སྒྲོལ་སྟོན་ཆོས་ཀྱི་རྒྱལ་མཚན། བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལའོ། །ཉེ་བརྒྱུད་ནི། ཡར་རྗེ་ཨོ་རྒྱན་གླིང་པ་ལ་སྒང་ཤར་གྱི་ཚིག་བརྒྱུད་པར་མ་ཆད་པ་དང་ཉེ་བརྒྱུད་བཀའ་བབས་ཟུང་འབྲེལ་བཞུགས་པ་ཡིན་འདུག་ཅིང༌། དེ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་རྗེ་བླ་མ་ལ་སྨིན་གྲོལ་ཆིག་རྫོགས་སུ་སྩལ་བས་སྣང་སྲིད་མ་མོ་རྩ་རླུང་རྣམ་དག་གི་དགོངས་པ་མངོན་དུ་གྱུར། བཀའ་སྲུང་བྱ་རོག་གདོང་མས་ཀྱང་ར་ཤག་ཆེན་པོའི་གཏེར་དཔེ་རྣམས་དགྱེས་པའི་མདོངས་གསོལ་དུ་ཕུལ་བ་སྟེ། དེ་ལྟར་ན། ར་ཤག་ཆོས་འབར། ཨོ་རྒྱན་གླིང་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དེ་ནས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། སྲིད་པ་མ་མོ་སྒང་ཤར་གྱི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་རང་སྒྲ། ཕྲིན་ལས་ཁྲིགས་བསྡེབས་རྣམ་གསལ་དུ་བཀོད་པ་བདེ་ཆེན་ཆར་འབེབས། རྒྱུན་གྱི་ཕྲིན་ལས་སྙིང་པོར་དྲིལ་བ་བདེ་ཆེན་ཐིག་ལེ། དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་ཆོ་ག་གསལ་བར་བཀོད་པ་བདེ་ཆེན་རོལ་མཚོ་བཅས་ཀྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲའོ། ༈ །བྱང་ཆུབ་གླིང་དུ་སྐྱེས་པའི་སྔགས་འཆང་དཔལ་རྒྱལ་མཚན་གྱི་ཡང་གཏེར། ཀུན་བཟང་ཐུགས་གཏེར་གྱི་གུ་རུ་རིན་པོ་ཆེའི་ལས་བྱང་ཡིད་བཞིན་ནོར་བུའི་དབང་དང་ལུང་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ནམ་མཁའི་སྙིང་པོ། གཏེར་སྟོན་དཔལ་རྒྱལ་མཚན། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཀུན་བཟང་ཐུགས་གཏེར་གྱི་གཏེར་སྲུང་སྤུ་གྲི་རྣམ་གསུམ་གིང་ཆེན་བཅས་པའི་གཏོར་ཆོག་མདོར་བསྡུས། བླ་སྒྲུབ་ཀྱི་དབང་ཆོག་རིན་ཆེན་བུམ་བཟང་བཀླགས་ཆོག་ཏུ་བཀོད་པ་རིན་ཆེན་མཛེས་པའི་ཕྲ་ཚོམ། བླ་སྒྲུབ་བྱིན་རླབས་སྒྲོན་མེ་ལས་འབྱུང་བའི་དོན་དབང་བསྐུར་བའི་ཚུལ་ནོར་བུའི་སྒྲོན་མེ་བཅས་ཀྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། ཀུན་བཟང་ཐུགས་གཏེར་ལས་བླ་སྒྲུབ་བྱིན་རླབས་སྒྲོན་མའི་བརྒྱུད་འདེབས་དང༌། བླ་སྒྲུབ་བྱིན་རླབས་སྒྲོན་མེའི་ལས་བྱང་ཡིད་བཞིན་ནོར་བུ་བཀླག་ཆོག་ཏུ་བཀོད་པ་ཟབ་ལམ་སྒོ་འབྱེད་བཅས་བདག་ཕུན་ཚོགས་རྣམ་རྒྱལ་པས་གཏེར་གཞུང་ལས་བཏུས་པའི་ལུང་སྐྱབས་གཅིག་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །དགེ་སློང་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་མང་པོ་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱིས་དཔལ་མོ་དཔལ་ཐང་གི་ནུབ་ཕྱོགས་བྱ་མང་ཕུག་ནས་སྤྱན་དྲངས་པའི་ཀུན་བཟང་ཐུགས་གཏེར་ལས་ནང་གཏེར་ར་སྐོར་ལས་སྒྲོན་མ་དྲུག་གི་གཉིས་པ་ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་དབང་ལུང་གི་བརྒྱུད་པ་ནི། ཀུན་བཟང༌། རྡོ་རྗེ་འཆང༌། ཕྱག་རྡོར། རྡོ་རྗེ་ཕག་མོ། ཨོ་རྒྱན་ཆེན་པོ། ནམ་མཁའི་སྙིང་པོ། གཏེར་སྟོན་དཔལ་རྒྱལ་མཚན། དེ་ནས་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ལས་བྱོན་ཀྱང་ཕྱིས་འདིར་རྒྱུན་མི་བཞུགས་པ་ལས། བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པས་ལུང་ཚན་ཐོར་བུའི་རྒྱུན་འབད་པས་བཙལ། རྗེ་ཉིད་སྲས་བསམ་འགྲུབ་རྡོ་རྗེར་འཁྲུངས་པའི་བག་ཆགས་གསལ་བར་སད་ཅིད་གཏེར་སྟོན་ཆེན་པོས་ཉེ་བརྒྱུད་སྩལ་བ་ལ་བརྟེན་ནས་སྨིན་གྲོལ་ཡོངས་རྫོགས་བཀའ་བབས། དེ་ལས་འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཀུན་བཟང་ཐུགས་གཏེར་ལས། ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་ཕྲིན་ལས་ཀྱི་བྱང་བུ་གྲུབ་གཉིས་ནོར་བུའི་རྒྱ་མཚོ། བཀའ་སྲུང་མ་མགོན་ལྕམ་དྲལ་གཏོར་ཆོག་མདོར་བསྡུས། དབང་གི་ཆོ་ག་གྲུབ་གཉིས་བདུད་རྩིའི་རྒྱུན་འབེབས། ཡང་དག་གི་ཆ་ལག་ཚེ་སྒྲུབ་གསང་བ་ཡང་ཁོལ་གྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་འཆི་མེད་བཅུད་ལྡན་བཅས་ཀྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། ཀུན་བཟང་ཐུགས་གཏེར་ལས་ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་བརྒྱུད་འདེབས་བདག་ཕུན་ཚོགས་རྣམ་རྒྱལ་པས་བྲིས་པའི་ལུང་སྐྱབས་གཅིག་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །མངའ་བདག་རྣམ་འཕྲུལ་གྲུ་གུ་ཡང་དབང་གཏེར་གྱིས་སྤ་གྲོ་ཅལ་གྱི་བྲག་དམར་ནས་སྤྱན་དྲངས་པའི་དཔལ་རྟ་མཆོག་རོལ་པ་བདེ་གཤེགས་དྲེགས་པ་ཀུན་སྒྲོལ་གྱི་ཕྲིན་ལས་དང་མངོན་རྟོགས་ཁྲིགས་སུ་བསྡེབས་པ། བདུད་རྩི་ལག་མཆོད། ལྷག་མ་དང་བྲོ་རབས། གཏོར་མའི་ལས་རིམ། བདེ་གཤེགས་ནུས་མཐུ་དྲིལ་བའི་དྲག་སྔགས་གཅོད་བྱེད་སྤུ་གྲིའི་མན་ངག་གསལ་བྱེད་སྒྲོན་མེ། དཀྱིལ་འཁོར་རྩ་བའི་བསྟོད་པ་རྔམས་ཆེན་འགྱིང་གླུ། བསྐུལ་བ། སྒྲུབ་ཐབས་མན་ངག་གི་ཤོག་དྲིལ། རྟེན་གཏོར། དྲག་བསྙེན་ལུགས་གསུམ་གྱི་གདམས་པ། དྲག་སྔགས་སྤུ་གྲིའི་ཐེམས་ཡིག །སྲེག་པ་མེའི་ལས་བཅས་ཀྱི་དབང་ལུང་གི་བརྒྱུད་པ་ནི་གསུང་རྡོ་རྗེ་འོད་དཔག་མེད། རྟ་མཆོག་ཧེ་རུ་ཀ །གསང་བའི་བདག་པོ། ཨོ་རྒྱན་གྲུབ་པའི་རྒྱལ་པོ་གཟི་བརྗིད་རྩལ། མ་ཧཱ་རཱ་ཛ། པྲ་ཧ་སྟི། གོ་མ་དེ་བཱི། པདྨ་ཐོད་ཕྲེང༌། ཆོས་རྒྱལ་ཁྲི་སྲོང༌། ལོ་ཆེན་བཻ་རོ། གྲུ་གུ་ཡང་དབང་གཏེར་ནས་རིམ་པར་བརྒྱུད་ཅིང་དར་རྒྱས་སུ་བྱུང་ཡང་ཕྱིས་དུས་རྒྱུན་མི་བཞུགས་པ་ལ། རྗེ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པས་དཔེ་རྙིང་འཐོར་སྡུད་མཛད་སྐབས་རྟ་མཆོག་ཨོ་རྒྱན་གཏེར་སྟོན་གསུམ་གཅིག་དྲིལ་གྱིས་བྱིན་གྱིས་བརླབས་ཤིང་གདམས་པ་དང་དོགས་སེལ་གྱིས་ཞུས་ལན་སྩལ། ཁྱད་པར་འཕགས་པའི་ཉེ་བརྒྱུད་བརྙེས། དེ་ལས་འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་སྨིན་བྱེད་ལག་ལེན་རྣམ་གསལ་དུ་བཀོད་པ་དབང་ཆེན་རོལ་པའི་གཟི་བརྗིད། དྲེགས་པ་བཅོ་བརྒྱད་ཀྱི་རྗེས་གནང་གི་ཡི་གེ་དབང་གི་བེ་ཅོན། ལས་བྱང་གི་འདོན་འགྲིགས་ཕྱོགས་མཚོན་བཅས་ཀྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། དཔལ་རྟ་མཆོག་རོལ་པ་དྲེགས་པ་ཀུན་སྒྲོལ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་དབང་ཆེན་རྔམས་པའི་བཞད་སྒྲའི་ལུང་བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །ལོ་ཆེན་བཻ་རོ་ཙ་ནའི་སྤྲུལ་པའི་སྒྱུ་འཕྲུལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་གླིང་པས་ངོམ་ཤོད་གནམ་ལྕགས་བྲག་རྟ་མགྲིན་ཕུག་ནས་སྤྱན་དྲངས་པའི་ཟབ་ཆོས་འདུས་པ་ཆེན་པོ་བཞིའི་དང་པོ་བླ་མ་ཞི་བ་བཀའ་འདུས་རིན་ཆེན་གཏེར་སྤུངས་ལ་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལས་བྱང་ལེའུ་གསུམ་པ་དང་མཁའ་འགྲོ་སྡེ་ལྔའི་མཆོད་བསྟོད་ཟུར་བཀོལ་བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་ལས་བྱང་གི་ལྷན་ཐབས་སུ་སྦྱར་བ་བཅས་ཀྱི་དབང་ལུང་གི་བརྒྱུད་པ་ནི། ཀུན་བཟང་ཧེ་རུ་ཀ །རིག་འཛིན་རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་ཆེན། རིག་འཛིན་བརྒྱད། ཨོ་རྒྱན་ཆེན་པོ། བཻ་རོ་ཙ་ན། ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་རྡོ་རྗེ་གླིང་པ། དེའི་ཡེ་ཤེས་ཀྱི་སྐུས་ཡང་ནས་ཡང་དུ་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཡབ་རྗེ་རིག་འཛིན་ཚེ་དབང་རྒྱ་མཚོ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེ་ནས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །བླ་མ་བཀའ་བརྒྱད་འདུས་པའི་དབང་བསྐུར་ཆེན་མོ་བཀླགས་ཆོག་ཏུ་བཀོད་པ་རིན་ཆེན་དབྱིག་གི་རྫིང་བུ་དང་དོན་དབང་བསྐུར་བའི་ཡི་གེ་རིན་ཆེན་དབྱིག་གི་སྙིང་པོ་བཅས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བསྒྲིག་པའི་ལུང་དེ་མན་ཆད་འདྲའོ། ༈ །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་གླིང་པས་སྒྲགས་ཡང་རྫོང་ནས་སྤྱན་དྲངས་པ་རྫོགས་པ་ཆེན་པོ་སྙིང་པོ་ཧཱུྃ་གི་སྐོར་ལས། རང་བྱུང་ཉམས་ལེན་ཁྲིད་ཀྱི་སྔོན་འགྲོ། བར་དོའི་མ་ཡིག །གཅོད་ཡུལ་སྣང་བ་ལམ་ཁྱེར། ཞི་བྱེད་རིན་ཆེན་ཕྲ་བཀོད། གཏུམ་མོ་དྲན་ཆོག་མེ་འབར། འོད་གསལ་ཤེས་བྱ་བུམ་འཇུག་དང་བཅས་པའི་དབང་ལུང་ཁྲིད་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རྡོ་རྗེ་འཆང༌། ཨོ་རྒྱན་ཆེན་པོ། མཚོ་རྒྱལ། བཻ་རོ་ཙ་ན། རྒྱལ་སྲས་རྡོ་རྗེ་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་སྒྲུབ་ཐབས་དང་ཕྲིན་ལས་གུང་བསྡེབས་པ་ཡེ་ཤེས་རོལ་པའི་སྙིང་པོ། སྨིན་བྱེད་དབང་ལྔ་མཐར་ཆགས་སུ་བསྐུར་བའི་ལག་ལེན་ཡེ་ཤེས་རོལ་པའི་ཆུ་རྒྱུན་དང༌། ཁྲིད་འཆད་ཐབས་མདོར་བསྡུས་བཅས་ཀྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། ༈ །རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་རིན་ཆེན་གླིང་པས་རྒྱ་གར་ཕ་ཝཾ་རུ་སྦལ་ནག་པོ་ནས་སྤྱན་དྲངས་པ་རྫོགས་པ་ཆེན་པོ་ཨ་ཏི་གཅིག་ཆོད་ཀུན་གྲོལ་གྱི་སྐོར་ཀུན་གྲོལ་ཐེམ་བྱང་ནས་ལུང་བསྟན་གཏད་རྒྱའི་བར་ཆོས་ཚན་བཅོ་ལྔ་དཀྱུས་གཅིག་ཏུ་བཀོད་པའི་སྨིན་གྲོལ་གྱི་བརྒྱུད་པ་ནི། ཀུན་བཟང༌། རྡོ་རྗེ་འཆང༌། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིཾ་ཧ། ཨོ་རྒྱན་པདྨ། མཚོ་རྒྱལ། གཏེར་སྟོན་རིན་ཆེན་གླིང་པ། དེས་འདིའི་ལུང་བྱང་དུ་ཆོས་འདིའི་བཀའ་བརྒྱུད་ཉམས་པའི་ཚེ་ཆོས་རྒྱལ་སྐྱེ་བས་སླར་སྤེལ་བར་གསུངས་པ་བཞིན་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་དག་པའི་སྣང་བར་ཉེ་བརྒྱུད་དུ་སྩལ་ཞིང༌། དེ་ལས་འཇམ་མགོན་བློ་གྲོས་མཐའ་ཡས། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས། དབང་བཞིའི་བརྡ་ཁྲིད་བཀླགས་ཆོག་ཏུ་བཀོད་པ་གནས་ལུགས་གཅེར་མཐོང༌། སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་རིམ་མདོར་བསྡུས་པ་འཆིང་བ་ཀུན་གྲོལ། རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གི་དོན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཐོས་གྲོལ་ཡེ་ཤེས་སྒྲ་དབྱངས་བཅས་ཀྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། ༈ །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་དང་ཐུགས་རྒྱུད་གཅིག་པ་མངའ་རིས་གྲུབ་ཆེན་ཚུལ་ཁྲིམས་བཟང་པོ་ཞེས་དགུང་ལོ་བརྒྱ་དང་སུམ་བཅུ་བཞུགས་པའི་མཐར་འཇའ་ལུས་སུ་གྱུར་པ་དེ་ཉིད་ལ་ཐུགས་རྗེ་ཆེན་པོས་དངོས་སུ་སྩལ་བའི་གསོལ་འདེབས་ཀྱི་སྒྲུབ་ཐབས་ངོ་མཚར་ཅན། གྲུབ་ཆེན་ཉིད་བྱ་བྲལ་གྱི་རྣམ་པས་དངོས་སུ་ཕེབ་སྟེ་རྗེ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གནང་བའི་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་ཀྱི་སྒྲུབ་ཐབས་བྱིན་རླབས་ཅན་གྱི་རིག་གཏད་དང་ལུང་གི་བརྒྱུད་པ་ནི། སྤྱན་རས་གཟིགས། གྲུབ་ཆེན་མངའ་རིས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དེ་ནས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཡང་ན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་ཀརྨ་བཀྲ་ཤིས་ཆོས་འཕེལདང་སྒ་སྟོན་ངག་དབང་ལེགས་པ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་སྒྲུབ་ཐབས་དང་འབྲེལ་བའི་རིག་གཏད་ཀྱི་ཆོ་ག་མཆོག་དམན་སྙིང་གི་བདུད་རྩིའི་ལུང་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། ཇོ་བོ་ཐུགས་རྗཻ་ཆེན་པོའི་སྨྱུང་གནས་ཀྱི་ཆོ་གའི་ཁྲིད་ཡིག་གསལ་བའི་སྒྲོན་མེའི་ལུང་རྩོམ་པ་པོ་རྫ་རོང་ཕུག་གི་གཡུ་སྒྲའི་རྣམ་འཕྲུལ་ངག་དབང་བསྟན་འཛིན་ནོར་བུ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། ༈ །ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ལྷ་ལྕམ་ལེགས་བཞེར་ཟུང་འཇུག་གི་རྣམ་འཕྲུལ་གཏེར་ཆེན་པདྨ་གླིང་པའི་དངོས་སློབ་འགྲོ་འདུལ་ལས་འཕྲོ་གླིང་པས་བལ་ཡུལ་གླང་མ་བྲག་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས། བརྒྱུད་པའི་གསོལ་འདེབས། ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས། ལས་བྱང་རིན་ཆེན་འཕྲེང་བའི་དབང་ལུང་གི་བརྒྱུད་པ་ནི། འོད་དཔག་མེད། སྤྱན་རས་གཟིགས། བྲམ་ཟེ་རྣམ་གསུམ། ཨོ་རྒྱན་པདྨ། ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་ནང་ཚན་རིན་ཆེན་བཟང་པོ། གྲོ་ཤུལ་ལས་འཕྲོ་གླིང་པ། མཁའ་འགྲོ་མ་པདྨའི་དྲྭ་བ་ཅན། དེས་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྨིན་གྲོལ་བྱིན་རླབས་ཉེ་བརྒྱུད་དུ་སྩལ། དེ་ནས་འཇམ་མགོན་བློ་གྲོས་མཐའ་ཡས། སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས། དབང་བསྐུར་གྱི་རིམ་པ་དཀྱུས་གཅིག་ཏུ་བཀོད་པ་མཐོང་ཆོག་སྒྲོན་མེའི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲའོ། ༈ །ལོ་ཆེན་བཻ་རོའི་རྣམ་འཕྲུལ་རིག་འཛིན་མཆོག་ལྡན་མགོན་པོ་ལ་གུ་རུ་རིན་པོ་ཆེས་སྙན་བརྒྱུད་དུ་སྩལ་བ་ཉིད་སླད་ཆར་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་རིག་འཛིན་དེ་ཉིད་ཀྱི་ཡེ་ཤེས་ཀྱིས་སྐུས་སྙན་དུ་བརྒྱུད་པ་དཔལ་རྟ་མགྲིན་གཉེན་པོ་ལྷ་ལྔ་སྙན་བརྒྱུད་སྙིང་པོའི་ཡང་ཞུན་གྱི་དབང་ལུང་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། བཻ་རོ། མཚོ་རྒྱལ། མཆོག་ལྡན་མགོན་པོ། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །སྙན་བརྒྱུད་རྟ་མགྲིན་གཉེན་པོ་ལྷ་ལྔའི་ཕྲིན་ལས་དབང་སྐུར་དང་བཅས་པ་གདུག་པ་ཀུན་འཇོམས་ཀྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲའོ། ༈ །ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་ཟབ་གཏེར། ཚེ་གཡང་འགུགས་པའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཚེ་བསོད་འདོད་རྒུའི་དཔལ་སྟེར་གྱི་དབང་ལུང་གི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། པད་འབྱུང་ཡབ་ཡུམ། ལྷ་བཙུན་མཁའ་འགྲོའི་དབང་ཕྱུག །ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། མི་འགྱུར་དཔལ་སྒྲོན། ཁྲི་པདྨ་བསྟན་འཛིན། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། པད་སྤྲུལ་པདྨ་དབང་རྒྱལ། སྒྲོལ་སྟོན་ཆོས་ཀྱི་རྒྱལ་མཚན། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་དང༌། འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས༌། སི་ཏུ་ཆོས་ཀྱི་རྒྱ་མཚོ། དེ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །ཚེ་གཡང་འགུག་པ་ལ་སྦྱར་རྒྱུའི་བསང་མཆོད་འདོད་རྒུའི་སྤྲིན་ཕུང་དང༌། ཚེ་གཡང་འགུགས་པའི་དབང་གི་མཚམས་སྦྱོར་ཉུང་ངུ་བཅས་རྩོམ་པ་པོ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲའོ། ༈ །འཕྲེང་མགོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་ཡང་གཏེར། གྲོལ་ཐིག་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོས་སྡེ། ཞི་ཁྲོའི་བསྐྱེད་རྫོགས་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འོད་གསལ་སྙིང་པོ། དམ་པ་རིགས་བརྒྱའི་ལྷ་དབང་གི་བཀོལ་བྱང༌། པདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས། ཆོས་ཉིད་ཀློང་བཤགས་བཅས་ཀྱི་དབང་ལུང་གི་རིང་བརྒྱུད་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། ཨོ་རྒྱན་ཡབ་ཡུམ། བཻ་རོ། པྲཛྙཱ་རསྨི། སྲས་ཀརྨ་ཀུན་བཟང༌། རིན་ཆེན་དར་རྒྱས། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་པདྨ། ཀུན་བཟང་འོད་ཟེར། པདྨ་དབང་ཆེན། ཆོས་ཀྱི་ཉི་མ། པདྨ་འོད་གསལ་མདོ་སྔགས་གླིང་པའོ། །ཡང་ན། ཀློང་ཆེན་ནམ་མཁའི་རྣལ་འབྱོར། ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ། མཁན་པདྨ་རྡོ་རྗེ། ཀུན་མཁྱེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའོ། །ཉེ་བརྒྱུད་ནི། གཏེར་སྟོན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། མཆོག་གྱུར་གླིང་པ་གཉིས་ཀ་ལ་བྱིན་རླབས་སྩལ། དེ་གཉིས་ཀ་ལས་འཇམ་མགོན་བློ་གྲོས་མཐའ་ཡས། འཇམ་མགོན་མཁྱེན་ཀོང་གཉིས་ཀ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །གྲོལ་ཐིག་ཞི་ཁྲོའི་བརྒྱུད་འདེབས་བྱིན་རླབས་ཆར་འབེབས་རྫོང་གསར་མཁན་ཆེན་པདྨ་དམ་ཆོས་ཀྱིས་གསུང་པའི་ལུང་ནི་དེ་ལས་བདག་ཕུན་ཚོགས་རྣམ་རྒྱལ་པས་ཞུས་ཏེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། །གྲོལ་ཏིག་ཞི་ཁྲོའི་དབང་བསྐུར་གྱི་ཆོ་ག་སྡིག་སྒྲིབ་རྒྱུན་གཅོད། བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །བཀའ་བབས་བཞི་པ་དགོངས་གཏེར་གྱི་སྐོར་ལ། གསང་བ་བླ་མ་མཚོ་སྐྱེས་རྡོ་རྗེར་སྒྲུབ་པ་འཆི་མེད་མཚོ་སྐྱེས་སྙིང་ཏིག་ལ་ཆོས་སྡེ་ཟབ་རྒྱས་སུ་བཞུགས་པར་སྣང་ཡང་སྐབས་འདིར་འཆི་མེད་མཚོ་སྐྱེས་སྙིང་ཏིག་ལས། རྩ་བའི་སྒྲུབ་ཐབས་སྒྱུ་འཕྲུལ་དྲྭ་བ། རྩ་གསུམ་སྐོང་བཤགས་ཉེར་བསྡུས་ཀུན་བཟང་མཆོད་སྤྲིན། སྨིན་བྱེད་རྩ་བའི་དབང་བཞི་བཅས་ཀྱི་དབང་ལུང་གི་བརྒྱུད་པ་ནི། བླ་མ་སྐུ་གསུམ། བཀའི་སྡུད་པ་མོ་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང༌། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །འཆི་མེད་མཚོ་སྐྱེས་སྙིང་ཏིག་གི་བརྒྱུད་པའི་གསོལ་འདེབས་སྒྱུ་འཕྲུལ་རོལ་མོ། མཆོད་ཕྲེང་ལྷན་ཐབས་སུ་སྦྱར་བ་སྒྱུ་འཕྲུལ་དྲྭ་བའི་རྒྱན། རྩ་བ་ཡན་ལག་དང་བཅས་པའི་སྐོང་བ་སྒྱུ་འཕྲུལ་རྣམ་པར་བཀོད་པའི་སྤྲིན་ཕུང༌། སྨིན་བྱེད་རྩ་བའི་དབང་བཞི་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་ཆར་རྒྱུན་བཅས་ཀྱི་ལུང་ནི་རྩོམ་པ་པོ་བློ་གྲོས་མཐའ་ཡས་མན་འདྲ། ༈ །འཆི་མེད་འཕགས་མའི་སྙིང་ཐིག་ལས། ཕྲིན་ལས་ཡེ་ཤེས་སྣང་བ། སྐོང་བ་རིན་ཆེན་ཕྲེང་མཛེས། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ། སྨིན་བྱེད་རྩ་བའི་དབང་ཆོག་ཡེ་ཤེས་ཐིག་ལེ། ཐུན་མོང་ཚེ་ཡི་རྗེས་གནང༌། ཡང་ཟབ་ཚེ་ཡི་བྱིན་རླབས་བཅས་ཀྱི་དབང་ལུང་གི་བརྒྱུད་པ་ནི། ཚེ་དཔག་མེད། རྣམ་རྒྱལ་མ། ཡིད་བཞིན་འཁོར་ལོ། ཤྲཱི་སིང་ཧ། བི་མ་མི་ཏྲ། ཨོ་རྒྱན་ཆེན་པོ། རྗེ་མངའ་བདག་ཡབ་སྲས། འབངས་ལོ་ཙཱ་བཞི། གྲོགས་ཡེ་ཤེས་མཚོ་རྒྱལ། བཀའ་བབས་བདུན་གྱི་མངའ་བདག་རྗེ་བཙུན་འཕགས་མ་དང་གྲུབ་པའི་སློབ་དཔོན་རྣམས་ཀྱིས་མངོན་སུམ་རྗེས་སུ་བཟུང་བ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། ཚེ་འགུགས་ཀྱི་ལུང་ནི་གཏེར་ཆེན་མཆོག་གྱུར་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲའོ། །འཆི་མེད་འཕགས་མའི་སྙིང་ཐིག་གི་བརྒྱུད་པའི་གསོལ་འདེབས་ཚེ་དབང་བཅུད་འཛིན། སྨན་མཆོད། ཚོགས་གྲངས་བསོགས། སྒྲོལ་དཀར་མཆོད་ཕྲེང་ཅུང་ཟད་རྒྱས་པ། བདག་འཇུག་ངག་འདོན་ཡེ་ཤེས་དྭངས་བཅུད། རྩ་བའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ། ཐུན་མོང་ཚེའི་རྗེས་གནང་བྱ་བའི་ཚུལ་གསལ་བར་བཀོད་པ། ཡང་ཟབ་ཚེའྀ་བྱིན་རླབས་ཀྱི་ཕྱག་ལེན་གསལ་བར་བཀོད་པ་ཡེ་ཤེས་ཐིག་ལེ། སྦྱིན་སྲེག་ཆོ་ག་ཡེ་ཤེས་རབ་ཏུ་རྒྱས་པ། བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཟིན་བྲིས་ཟླ་ཟེར་བདུད་རྩིའི་ཐིག་ལེ། འཆི་མེད་འཕགས་མའི་སྙིང་ཐིག་གི་ཆ་ལག་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་སྒྲུབ་དང་མཆོད་པའི་ཆོ་ག་བལྟས་གསལ་དུ་བཀོད་པ་དྲི་མེད་ནོར་བུ་བཅས་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། འཆི་མེད་འཕགས་མའི་སྙིང་ཏིག་གི་དངོས་གྲུབ་ལེན་པའི་བཟླས་དམིགས། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་དང་འབྲེལ་བའི་བསྐྱེད་རྫོགས་ཀྱི་ཁྲིད་མདོར་བསྡུས་འཆི་མེད་གྲུབ་པའི་ཟིལ་དངར། བསྙེན་སྒྲུབ་ལས་བརྩམས་པའི་དྲིས་ལན་ཅུང་ཟད། ཡོངས་རྫོགས་འཆི་མེད་སྙིང་ཐིག་དང༌། གཏོར་མའི་པྲ་ཁྲིད་འཆི་མེད་འདོད་པ་འཇོ་བའི་དགའ་སྟོན། སྒྲུབ་ཁོག་ཡེ་ཤེས་གཏེར་མཛོད་བཅས་རྩོམ་པ་པོ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་དམིགས། རྣམ་རྒྱལ་མ་རིག་ལྔའི་སྟོང་མཆོད་ཀྱི་བརྒྱུད་འདེབས་འཆི་མེད་རྟག་པའི་དབྱངས་སྙན་བཅས། རྩོམ་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། ཚེ་ལྷ་རྣམ་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འཆི་མེད་གྲུབ་པའི་གསེང་ལམ། བླ་མ་ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན། འཕགས་མ་སྒྲོལ་མ་ལ་རྩ་སྔགས་དང་སྦྱར་བའི་སྒོ་ནས་གསོལ་བ་འདེབས་པ་དོན་ཀུན་གྲུབ་པའི་དབྱངས་སྙན། མཎྜལ་རྒྱས་པ་ཚོམ་བུ་སོ་བདུན་མ། འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་བསྟོད་པ་འཆི་མེད་ཟླ་གཞོན་གསར་པའི་རོལ་མོ། འཕགས་མ་གཙུག་ཏོར་རྣམ་རྒྱལ་ལ་བསྟོད་པ་འཆི་མེད་གྲུབ་པ་སྤྲིན་གྱི་རོལ་མོ། རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འཆི་མེད་སྤྲིན་དཀར་འཛུམ་པའི་རོལ་མོ་བཅས་ཀྱི་ལུང་རྩོམ་པ་པོ་མཁྱེན་བརྩེ་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་མན་འདྲ། ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས། གསང་བདག་བློ་གཏེར་དབང་པོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ་ཞིང༌། གོང་གི་བསྟོད་པ་ལེའུ་ཚན་དང་ཚོམ་བུ་སོ་བདུན་མའི་ལུང་རྒྱུན་སྒྲུབ་ཐབས་ཀུན་བཏུས་ལྟར་འདྲེན་ཀྱང་ཆོག་གོ། ༈ །འཆི་མེད་འཕགས་མའི་སྙིང་ཏིག་ལས། བླ་སྒྲུབ་བྱིན་རླབས་སྙིང་པོའི་དབང་ལུང་ཁྲིད་ཀྱི་བརྒྱུད་པ་ནི་ཀུན་བཟང་ཡབ་ཡུམ། ཆེ་མཆོག་ཧེ་རུ་ཀ །རྒྱལ་བ་རིགས་ལྔ། རྡོ་རྗེ་སེམས་དཔའ། གསང་བའི་བདག་པོ། མཁའ་འགྲོ་ལས་ཀྱི་དབང་མོ། རྒྱལ་པོ་ཛཿ། དགའ་རབ་རྡོ་རྗེ། རིག་འཛིན་མཆོག་བརྒྱད། ཤྲཱི་སིང་ཧ། པདྨ་འབྱུང་གནས། ཆོས་རྒྱལ་ཡབ་སྲས། བཻ་རོ་ཙ་ན། མཁར་ཆེན་ཡེ་ཤེས་མཚོ་རྒྱལ། པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་གཉིས་ཀས་གསན། དེ་གཉིས་ཀས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ། དེས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། བླ་སྒྲུབ་བྱིན་རླབས་སྙིང་པོའི་ལས་བྱང་བཀླག་ཆོག་ཏུ་བསྡེབས་པ་བྱིན་རླབས་བཅུད་འདྲེན། བཤགས་སྐོང་གི་ལག་ལེན་དང་འདོན་འགྲིགས་ཁྲིགས་སུ་བཀོད་པ། དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་བྱིན་རླབས་བཅུད་འབེབས་བཅས་ཀྱི་ལུང་ནི་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། བླ་སྒྲུབ་བྱིན་རླབས་སྙིང་པོའི་བརྒྱུད་འདེབས་བྱིན་རླབས་སྣང་བ། རྡོ་རྗེ་ཚེའི་དབང་ཟབ་མོ་ཁོལ་དུ་ཕྱུང་བ་བྱིན་རླབས་སྲོག་འཚོ། ལམ་ཡོངས་རྫོགས་ཀྱི་ཁྲིད་ཡིག་བྱིན་རླབས་བདུད་རྩིའི་སྣང་བ་བཅས་ཀྱི་ལུང་བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། བླ་སྒྲུབ་བྱིན་རླབ་སྙིང་པོའི་སྒྲུབ་ཆེན་གྱི་ལག་ལེན་འདུས་གསལ་དུ་བཀོད་པ་བདེ་ཆེན་ཉིན་བྱེད་འདྲེན་པའི་ཤིང་རྟ་དང༌། སྨན་སྒྲུབ་ཀྱི་ངག་འདོན་གསལ་བར་བཀོད་པ་འཕོ་མེད་བདུད་རྩིའི་བཅུད་ལེན་བཅས་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཟབ་མོ་དག་སྣང་གི་ཆོས་སྡེ་ལས་དགུངས་གྲངས་བཅོ་ལྔ་བཞེས་པའི་སྐབས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་དངོས་སུ་སྩལ་བའི་གྲུབ་ཐོབ་ཐུགས་ཏིག་གི་སྐོར་ལ། གྲུབ་ཐོབ་ཆེན་པོའི་ཐུག་ཏིག་ལས། ཕྲིན་ལས་ཡེ་ཤེས་སྙིང་པོ། ཚེ་སྒྲུབ་འཆི་མེད་སྙིང་པོ། མན་ངག་རྡོ་རྗེའི་ཚིག་རྐང་བཅས་ཀྱི་དབང་ལུང་ཁྲིད་ཀྱི་བརྒྱུད་པ་ནི། འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། པདྨ་འོད་གསལ་མདོ་སྔགས་གླིང་པ་དངའཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་གསུམ་ཀས་གསན། དེ་གསུམ་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་གསན། དེས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །དགོངས་གཏེར་གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་གི་བརྒྱུད་པའི་གསོལ་འདེབས། སྨིན་བྱེད་ཀྱི་ལག་ལེན་ཁྲིགས་སུ་བསྡེབས་པ་ལེགས་བཤད་སྙིང་པོ། ཚེ་སྒྲུབ་འཆི་མེད་སྙིང་པོའི་མཚམས་སྦྱོར་བདུད་རྩིའི་སྙིང་པོ་བཅས་ཀྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། བཀའ་བབ་ལྔ་ལྡན་གྱི་མན་ངག་རྡོ་རྗེའི་ཚིག་རྐང་གི་ཁྲིད་རིམ་བཅུད་བསྡུས་ཟབ་གསང་རྡོ་རྗེའི་མདུད་གྲོལ་གྱི་ལུང་རྩོམ་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །རྗེ་གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་གྱི་གཙོ་བོ་གྲུབ་ཐོབ་ཐུགས་ཏིག་གི་ཆོས་སྐོར་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔ་འི་དབང་ལུང་ཁྲིད་ཀྱི་བརྒྱུད་པ་ནི། སྣང་བ་མཐའ་ཡས། སྤྱན་རས་གཟིགས་ཞི་དྲག །འཆི་མེད་པད་འབྱུང། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། གཏེར་ཆེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས། ལུང་ཟིན་ཆོས་བདག་སི་ཏུ་ཆོས་ཀྱི་རྒྱ་མཚོས་གསན། དེ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་ཕྲིན་ལས་དང་དབང་གི་གསལ་བྱེད་མདོར་བསྡུས་པ། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་གདམས་པའི་ས་བཅད་ཟིན་ཐོར་བཀོད་པ་ངོ་མཚར་སྙིང་པོ་བཅས་ཀྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་གི་སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་སྙིང་པོའི་ལུང་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། ཀར་སྲས་མཁྱེན་བརྩེའི་འོད་ཟེར། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་སྨིན་གྲོལ་གྱི་ས་བཅད་ཟིན་ཐོར་སྤེལ་བའི་ལུང་རྩོམ་པ་པོ་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་བླ་མ་ཞི་བའི་ཕྲིན་ལས་བཀླག་ཆོག་ཏུ་བཀོད་པ་བཀའ་གཏེར་བདུད་རྩིའི་ཉིང་ཁུ། བླ་མ་དྲག་པོའི་ཕྲིན་ལས་དབང་དྲག་རྡོ་རྗེའི་མེ་ཆར། ཡི་དམ་ཞི་བ་འགྲོ་འདུལ་འཕགས་པའི་སྒྲུབ་ཐབས་ཀུན་ཕན་བདུད་རྩིའི་འཇའ་ཟེར། ཡི་དམ་ཁྲོ་བོ་རྟ་མཆོག་རོལ་པའི་སྒྲུབ་ཐབས་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་ཐུགས་ཀྱི་ཐིག་ལེ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བཀླག་ཆོག་ཏུ་བཀོད་པ་བདེ་ཆེན་མཆོག་གི་གསེང་ལམ། གུ་རུ་དྲག་པོའི་སྨད་ལས་རྟ་མགྲིན་ལ་སྦྱར་སྐབས་ཁ་སྒྱུར་བཅས་ཀྱི་ལུང་བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་བླ་མ་ཞི་བའི་ལས་བྱང་མཚོ་སྐྱེས་གྲུབ་པའི་གསང་ལམ། བཤགས་སྐོང་ཁོལ་ཕྱུང༌། བླ་མ་དྲག་པོའི་ལས་བྱང་རྒྱལ་གདོན་ཀུན་འཇོམས། ཐུགས་རྗེ་ཆེན་པོའི་ལས་བྱང་སྙིང་རྗེའི་ལང་ཚོ། བླ་མ་རྟ་མགྲིན་གྱི་ལས་བྱང་གར་དབང་བཞད་པའི་སྒྲ་དབྱངས། རྡོ་རྗེ་ཕག་མོའི་ལས་བྱང་བདེ་སྟོང་བདུད་རྩིའི་དཔལ་སྦྱིན། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་དབང་མཐར་ཆགས་སུ་བསྐུར་བའི་ཆོ་ག་གྲུབ་གཉིས་དགའ་སྟོན་བཅས་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །ཀུན་མཁྱེན་འཇིགས་མེད་གླིང་པ་ལ་ཡེ་ཤེས་མཁའ་འགྲོས་ཀློང་ཆེན་སྙིང་ཐིག་གི་སྐོར་ཤོག་སེར་ཤོག་དྲིལ་ལྔ་གནང་བ་ལས་ཕབ་འཕྲོར་གྱུར་པ། དེ་ཉིད་གར་དབང་འོད་གསལ་གླིང་པའམ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཟབ་མོ་དགོངས་པའི་ཀློང་ནས་གཏན་ལ་ཕབས་པའི་རྩ་གསུམ་འོད་གསལ་སྙིང་ཐིག་གི་སྐོར་ལ། རྩ་གསུམ་འོད་གསལ་སྙིང་ཏིག་ལས། སྔོན་འགྲོ་ཟབ་ལམ་སྒོ་འབྱེད། གསོལ་འདེབས་བྱིན་རླབས་མྱུར་ལམ། བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང༌། ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ། ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་ཕྲིན་ལས་འཆི་མེད་སྲོག་སྒྲུབ། ཡན་ལག་ཚོགས་ཀྱི་འཁོར་ལོ། སྐོང་བཤགས་འོད་གསལ་ཐོལ་གླུ། ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེ། དབང་བཞི་ཡེ་ཤེས་དཔལ་སྟེར། གཏོར་དབང་བྱིན་རླབས་དཔལ་སྟེར། བྱིན་རླབས་བརྡ་ཡི་དབང་བཞི། ལྷ་དབང་ཡེ་ཤེས་ཆར་འབེབས། ནང་སྒྲུབ་པདྨའི་དྲྭ་བ། གསང་སྒྲུབ་འོད་གསལ་དྲྭ་བ། ཡང་གསང་བླ་མ་དྲག་པོ་ཡི་དམ་དགོངས་འདུས་ཀྱི་སྒྲུབ་པ། རིག་འཛིན་རྩ་རྒྱུད་ཡེ་ཤེས་དྲྭ་བ། རྩ་གསུམ་སྒྲུབ་ཐབས་ལུང་གི་དུམ་བུ། མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང༌། ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ། ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ། རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ། དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ། དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ། རྡོ་རྗཻ་རྣམ་པར་འཇོམས་པའི་སྒྲུབ་པ། འཇམ་དཔལ་འཆི་བདག་ཟིལ་གནོན། འཆི་མེད་དབང་ཆེན་འདུས་པ། འཆི་མེད་དབང་ཆེན་འདུས་པའི་སྨིན་བྱེད་བྱིན་རླབས་སྣང་བ། ཁྲག་འཐུང་འདུས་པའི་དྲིལ་སྒྲུབ། ཁྲག་འཐུང་འདུས་པའི་དབང་ཆོག་བདུད་རྩི་བདེ་ཆེན་སྙིང་པོ། ཕུར་པ་འདུས་པའི་དྲིལ་སྒྲུབ། ཕུར་པ་འདུས་པའི་དབང་ཆོག་ཕུར་པ་འདུས་པའི་དྲིལ་སྒྲུབ། ཚེ་སྒྲུབ་འཆི་མེད་དྲྭ་བ། ཚེ་སྒྲུབ་འཆི་མེད་དྲྭ་བའི་དབང་བཞི་ཡེ་ཤེས་སྙིང་པོ། ཚེ་སྒྲུབ་འཆི་མེད་དྲྭ་བའི་བྱིན་འབེབས་ཡེ་ཤེས་མཆོག་སྩོལ། ཕག་མོ་དཀར་མོའི་སྒྲུབ་ཐབས་ཡེ་ཤེས་སྣང་བ། ཕག་མོ་དཀར་མོའི་ཚེ་སྒྲུབ། ཕག་མོ་དཀར་མོའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཡེ་ཤེས་སྣང་བའི་རྒྱན། ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཀྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ། ཕག་མོའི་མེ་མཆོད་ཕྲིན་ལས་སྣང་བའི་རྒྱན། བཀའ་སྲུང་མཆོད་གསོལ་རྡོ་རྗེའི་དྲྭ་བ་བཅས་ཀྱི་དབང་ལུང་ཁྲིད་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། དགའ་རབ་རྡོ་རྗེ། འཇམ་དཔལ་གཤེས་གཉེན། ཤྲཱི་སིངྷ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། འཆི་མེད་པདྨ་ཐོད་ཕྲེང༌། ཌཱ་ཀི་ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། ཀུན་མཁྱེན་ཀློང་ཆེན་པ། གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ་ཞེས་སྤྱིར་བཏང་དང༌། དམིགས་བསལ་སྦྱར་བར་སྤྲོ་ན་ཕག་དཀར་ལྟ་བུ་ལ་མཚོན་ན་ཀུན་ཏུ་བཟང་མོ། རྡོ་རྗེ་རྣལ་འབྱོར་མ། གུ་རུ་ཡབ་ཡུམ་སོགས། པདྨ་འོད་གསལ་མདོ་སྔགས་གླིང་པ་ཡན་སོ་སོའི་སྐབས་ཕྱེད་པས་སྦྱར་བར་བྱའོ། །ཕག་དཀར་ཡེ་ཤེས་གསལ་བྱེད་ཀྱི་སྨིན་བྱེད་ཀྱི་ཆོ་ག་བྱིན་རླབས་སྣང་བའི་རྒྱན་གྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། རྩ་གསུམ་འོད་གསལ་སྙིང་ཐིག་ལས། སྔོན་འགྲོ་ཟབ་ལམ་སྒོ་འབྱེད་ཀྱི་བླ་མའི་རྣལ་འབྱོར་ཟབ་ལམ་སྙིང་པོ། ཕྱི་སྒྲུབ་རྡོ་རྗེ་ཐོད་ཕྲེང་གི་རྒྱུན་གྱི་རྣལ་འབྱོར། ནང་སྒྲུབ་པདྨ་དྲྭ་བ་ཐུགས་རྗེ་ཆེན་པོའི་རྒྱུན་ཁྱེར། ཡང་གསང་བླ་མ་དྲག་པོའི་རྒྱུན་ཁྱེར། རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་འོད་གསལ་སྣང་བ། བླ་མ་རྩ་གསུམ་སྤྱི་དང་བྱེ་བྲག་གི་སྨིན་ལམ་དབང་གི་ཕྲེང་བ་འཇུག་བདེ་དཀྱུས་གཅིག་ཏུ་བཀོད་པ་སྨིན་གྲོལ་ཡེ་ཤེས་བདུད་རྩིའི་གསང་མཛོད། ཕུར་པ་འདུས་པའི་དྲིལ་སྒྲུབ། ཕུར་པ་འདུས་པའི་དྲིལ་སྒྲུབ་ཀྱི་དབང་ཆོག །རྩ་གསུམ་འོད་གསལ་སྙིང་ཐིག་གི་ཁ་སྐོང་ཕུར་པ་འདུས་པའི་དྲིལ་སྒྲུབ་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེ་བདུད་རྩིའི་བུམ་བཟང༌། ཕག་མོ་དཀར་མོའི་སྦྱིན་སྲེག་སྐབས་ལྷ་བསྐྱེད། རྡོ་རྗེ་ཕག་མོ་བདེ་ཆེན་དཀར་མོའི་ཚེ་དབང་གི་རིམ་པ། བཀའ་སྲུང་གསོལ་མཆོད་རྡོ་རྗེའི་དྲྭ་བའི་ཕྲིན་ལས་རྒྱས་པར་སྤྲོས་པ་རྡོ་རྗེའི་སྒྲ་དབྱངས། བཀའ་སྲུང་སྤྱི་ཡི་གསོལ་མཆོད་ཕྲིན་ལས་འདོད་དགུའི་རྒྱན། བཀའ་སྲུང་གསོལ་མཆོད་རྡོ་རྗེའི་དྲྭ་བའི་སྲོག་དབང་རྡོ་རྗེའི་རྒྱ་ཅན། རྩ་གསུམ་འོད་གསལ་སྙིང་ཐིག་གི་བཀའ་སྲུང་ལྕམ་དྲལ་དྲིལ་སྒྲུབ་ཀྱི་སྲོག་དབང༌། རྒྱུད་ལུང་མན་ངག་གི་དགོངས་དོན་འདུས་གསལ་དུ་བཤད་པ་འོད་གསལ་ཡེ་ཤེས་ཉིན་བྱེད་བཅས་ཀྱི་ལུང་བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་ལུང་གི་བརྒྱུད་པ་ནི། པདྨ་འོད་གསལ་མདོ་སྔགས་གླིང་པ་ཡན་སྒྲུབ་ཐབས་ཀུན་བཏུས་ལྟར་ལ། དེ་ནས་གསང་བདག་བློ་གཏེར་དབང་པོ། མཁན་ཆེན་བསམ་གཏན་བློ་གྲོས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། ཚེ་སྒྲུབ་འཆི་མེད་དྲྭ་བའི་ཕྲིན་ལས་མི་ཤིགས་དཔལ་སྟེར་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྒྲིག་པའི་ལུང་སྐྱབས་རྗེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །བཀའ་བབས་ལྔ་པ་རྗེས་དྲན་གྱི་སྐོར་ལ། པཎ་ཆེན་བི་མ་ལ་མི་ཏྲའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཁྱབ་བདག་གཏེར་ཆེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེས་གསང་བའི་གནས་རྗེས་སུ་དྲན་པའི་ཆོ་འཕྲུལ་གྱིས་གཏན་ལ་ཕབ་པ་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་སྐོར་ལ་རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ། སྔོན་འགྲོའི་ངག་འདོན་ཆུ་འབབས་སུ་བཀོད་པ་ཡེ་ཤེས་གསང་རྫོགས། དབང་བཞི་ཁྱད་པར་བྱིན་རླབས་གུད་སྦས། ཟབ་ཁྲིད། ལུང་བཅས་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། ཤྲཱི་སེང༌། བི་མ་ལ་མི་ཏྲ། འོད་ལུས་གྲུབ་པ་ལྕེ་བཙུན་སེང་གེ་དབང་ཕྱུག །མཁའ་འགྲོའི་གཙོ་མོ་དཔལ་གྱི་བློ་གྲོས། རིག་འཛིན་གྲུབ་པའི་རྒྱལ་པོ་འོད་གསལ་སྤྲུལ་པའི་རྡོ་རྗེའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས། ཞེ་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་དང་ཆོས་བདག་རིག་འཛིན་སྣ་ཚོགས་རང་གྲོལ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན། ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལས། གཏེར་ཆེན་ལས་རབ་གླིང་པ་དང་ཡབ་རྗེ་འགྱུར་མེ་ཚེ་དབང་རྒྱ་མཚོས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན། དེ་ནས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ། རྗེ་དྲུང་བྱམས་པའི་འབྱུང་གནས། སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། གདུང་སྲས་ཕྲིན་ལས་ནོར་བུ། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་བརྒྱུད་པའི་གསོལ་འདེབས། སྨིན་བྱེད་ལག་ལེན་གསལ་བར་བཀོད་པ་གསེར་འགྱུར་རྩི་མཆོག །ཁྲིད་ཡིག་སྙིང་པོའི་བཅུད་དྲིལ་ཐིག་ལེ་གསང་རྫོགས་བཅས་ཀྱི་ཁྲིད་ལུང་རྩོམ་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། རྡོ་རྗེ་སེམས་དཔའ་གསང་བ་དྲི་མེད་ཀྱི་རྒྱུད་ལས་རུ་ཏྲའི་སྨྲེ་བཤགས་ཀྱི་ལུང་ནི་པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། དཔལ་ཡུལ་སྐུ་ཆེན་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། ལྕེ་བཙུན་ཆེན་པོ་བི་མའི་ཟབ་ཏིག་གི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས། སྔོན་འགྲོའི་ངག་འདོན་ཡེ་ཤེས་ལམ་བཟང༌། འཕོ་བའི་བརྒྱུད་འདེབས་འོད་གསལ་རང་གྲོལ། འཕོ་བའི་ངག་འདོན་འོད་གསལ་མཆོག་སྟེར། གསང་བ་དོན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབ་པ་ཡེ་ཤེས་ལམ་བཟང༌། ཁ་སྐོང་བུམ་པ་སྒྲུབ་པ་ནི། ཚོགས་མཆོད། རུ་ཟུང་བཞིའི་སྐོང་བཤགས་མདོར་བསྡུས་བྱ་ཚུལ་ཡེ་ཤེས་རབ་སྣང༌། ཉེ་བརྒྱུད་སྐོང་བ་དད་པའི་གདུང་དབྱངས། བཀའ་སྲུང་རྒྱུན་གཏོར་ཕྲིན་ལས་ཐོགས་མེད། ལྕེ་བཙུན་ཆེན་པོ་བི་མའི་ཟབ་ཏིག་གི་སྨིན་ཁྲིད་ཉམས་ལེན་བྱེད་པའི་སྐབས། དབང་ཆོག་བདུད་རྩིའི་གྲུ་ཆར། སྔོན་འགྲོའི་ཁྲིད་ཡིག་རིག་འཛིན་ཞལ་ལུང༌། འོད་གསལ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་སྤྱིའི་ཁྱད་པར་གྱི་ཁྲིད་ཡིག་ལམ་བཟང་ཡེ་ཤེས་སྙིང་པོ། རྩ་བའི་དམ་ཚིག་གི་རིམ་པ་བཅས་ཀྱི་ཁྲིད་ལུང་ནི་རྩོམ་པ་པོ་རིགས་འཛིན་སྣ་ཚོགས་རང་གྲོལ་མན་འདྲ། རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ལྕེ་བཙུན་ཆེན་པོའི་བཱི་མ་ལའི་ཟབ་ཏིག་གི་བཤད་ཁྲིད་ཆུ་འབབས་སུ་བཀོད་པ་སྙིང་པོའི་བཅུད་དྲིལ་ཡེ་ཤེས་ཐིག་ལེའི་བརྒྱུད་པ་ནི། ཟིན་བྲིས་བཏབ་པ་པོ་གཏེར་ཆེན་ལས་རབ་གླིང་པ་མན་འདྲ། འདིར་ལྕེ་བཙུན་ཆེན་པོའི་བི་མའི་ཟབ་ཏིག་གི་ཁྲིད་ཀྱི་ཟིན་བྲིས་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱིས་བཏབ་པ་ནི་དེ་ལས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་མན་འདྲའམ་སྙམ། རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཐིག་ལས། ཁྲིད་ཀྱི་ཟིན་བྲིས་བླ་མའི་དགོངས་རྒྱན་ནི་ཟིན་བྲིས་བཏབ་པ་པོ་མཁྱེན་རབ་ནོར་བུ། ནང་ཆེན་བླ་མ་མཆོག་ལྡན། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་མན་འདྲ། །ལྕེ་བཙུན་སྙིང་ཐིག་གི་འཕོ་བ་མ་སྒོམ་སངས་རྒྱས་བདག་ཕུན་ཚོགས་རྣམ་རྒྱལ་པས་བསྡེབས་པའི་ལུང་སྐྱབས་རྗེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །མངའ་བདག་དང་ལང་གྲོ་ལོ་ཙཱ་བའི་ཡེ་ཤེས་གཅིག་བསྡུས་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྗེས་དྲན་གྱི་ཆོས་སྡེ། ཁོད་སྤུངས་དྲན་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་གསང་བའི་རྒྱ་ཅན་གྱི་དབང་དང་གཏེར་གཞུང་ལུང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཚད་མེད་འོད་ལྡན། དྲན་པ་ནམ་མཁའ། ལོ་ཆེན་བཻ་རོ་ཙ་ན། ལང་གྲོ་དཀོན་མཆོག་འབྱུང་གནས། མི་ཤིགས་གཡུ་དྲུང་འབྱུང་གནས་རྩལ་ལམ་པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེ་ཚེ་དབང་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །བརྒྱུད་འདེབས་དང༌། བཻ་རོའི་ཐུགས་ཏིག་དྲན་པ་ཚེ་སྒྲུབ་ཀྱི་ཕྲིན་ལས་དབང་བསྐུར་གྱི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ་ཚེ་དབང་གཡུང་དྲུང་འཁྱིལ་བའི་ལུང་བཅས་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། ༈ ཟབ་གསང་འཆི་མེད་སྙན་བརྒྱུད་ཌཱ་ཀི་ནཱི་སེང་གདོང་གཞད་པའི་སྙིང་ཐིག་གི་བཅུད་ལེན་ནི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། ༈ །བྱིན་རླབས་བླ་མའི་ཐུགས་སྒྲུབ་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པའི་ལུང་པདྨ་འོད་གསལ་མདོ་སྔགས་གླིང་པ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། གཏེར་སྟོན་དྲི་མེད་པདྨ་གླིང་པ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། ༈ །བཀའ་བབས་དྲུག་པ་དག་སྣང་གི་སྐོར་ལ། པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་གི་ཆོས་སྡེ་ལས་བྱོན་པ་ཚེ་སྒྲུབ་འཆི་མེད་ཐུགས་ཏིག་ལས་ཚེ་ཡུམ་ཙཎྜ་ལཱིའི་དབང་དང༌། པདྨ་ཚེ་ཡི་སྙིང་ཏིག་ལས༔ འཆི་མེད་མཁའ་འགྲོའི་གདམས་པ། འཆི་མེད་གྲུབ་པའི་བརྒྱུད་བསྐུལ་བཅས་ཀྱི་ལུང་གི་བརྒྱུད་པ་ནི། ཚེ་དཔག་མེད། ལྷ་མོ་ཙཎྜ་ལཱི། རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཆར་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོས་གསན། དེ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །ཡང་ན་འཇམ་མགོན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ། ཆོས་བདག་གྲུབ་དབང་ཤཀྱཱ་ཤྲི། སྲས་མཁྱེན་བརྩེའི་ཐུགས་སྤྲུལ་འཕགས་མཆོག་རྡོ་རྗེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། འཆི་མེད་ཙཎྜ་ལིའི་བརྒྱུད་འདེབས། ཚེ་ཡུམ་ཙཎྜ་ལཱིའི་དབང་གི་ཆོ་ག་བདུད་རྩིའི་ཟིལ་ཐྀགས་བཅས་ཀྱི་བརྒྱུད་པ་ནི་རྩོམ་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲའོ། ༈ །གྲུབ་ཆེན་མི་ཏྲའི་སྙིང་ཐིག་ལས། ཚེ་སྒྲུབ་ཡེ་ཤེས་སྙིང་པོ། གྲུབ་ཆེན་མི་ཏྲའི་སྙིང་ཐིག་ལས། ཚེ་སྒྲུབ་ཡེ་ཤེས་སྙིང་པོའི་ནང་སྒྲུབ། མི་ཏྲའི་ཚེ་དཀར་དམར་གྱི་བརྒྱུད་འདེབས་འཆི་མེད་མཆོག་སྦྱིན། མི་ཏྲའི་ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་ཡེ་ཤེས་གྲུབ་པ། མི་ཏྲའི་ཚེ་སྒྲུབ་ཚོགས་མཆོད། ཚེ་འགུགས། དག་སྣང་མི་ཏྲའི་ཚེ་དཀར་ཕྱི་སྒྲུབ་ཀྱི་ཚེ་དབང༌། དག་སྣང་མི་ཏྲའི་ཚེ་དཀར་ནང་སྒྲུབ་ཀྱི་ཚེ་དབང༌། བཅས་ཀྱི་དབང་ལུང་གི་བརྒྱུད་པ་ནི། ཚེ་དཔག་མེད། ཚེ་ཡུམ་ཙནྡྲ་ལི། མི་ཏྲ་ཛྭ་ཀི། པདྨ་འོད་གསལ་མདོ་སྔགས་གླིང་པ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་རིག་འཛིན་སྣ་ཚོགས་རང་གྲོལ་གཉིས་ཀས་གསན། དེ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །ཆོག་བསྒྲིག་རྣམས་ཀྱི་ལུང་ནི་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲའོ། ༈ །སྐུ་གསུམ་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས། བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས་ཀྱི་སྨིན་བྱེད་ཡེ་ཤེས་བཅུད་སྦྱིན། སྣང་བ་མཐའ་ཡས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བདེ་ཆེན་ལམ་བཟང༌། གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་དང་འབྲེལ་བའི་སྨོན་ལམ་ཕན་བདེའི་དགའ་སྟོན། ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྲུབ་གཉིས་ལམ་བཟང༌། འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་དང་འབྲེལ་བའི་སྨོན་ལམ་སྐལ་བཟང་དགའ་སྟོན། རྗེ་བཙུན་པདྨཱ་ཀ་ར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རིག་པ་འཛིན་པའི་ལམ་བཟང༌། འཆི་མེད་པདྨཱ་ཀ་རའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་དང་བཅས་པ་གྲུབ་གཉིས་དགའ་སྟོན། བླ་མ་སྐུ་གསུམ་དྲིལ་སྒྲུབ་ཁྱེར་བདེ་བྱིན་རླབས་སྙིང་པོ། སྐུ་གསུམ་བླ་མའི་ལས་བྱང་སྙིང་པོའི་མཛེས་རྒྱན་བཅས་ཀྱི་དབང་ལུང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མངའ་བདག་ཁྲི་སྲོང་ལྡེའུ་བཙན། བེ་རོ་ཙ་ན། ཡེ་ཤེས་མཚོ་རྒྱལ། གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོས་གསན། དེ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། ༈ །འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་རྣལ་འབྱོར་ཡེ་ཤེས་སྣང་བ་རྒྱས་པ། འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བྱིན་རླབས་དབང་གི་ཆོ་ག་བདུད་རྩིའི་སྤྲིན་ཆེན་གྱི་དབང་དང་ལུང་གི་བརྒྱུད་པ་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། པདྨ་འོད་གསལ་མདོ་སྔགས་གླིང་པ། སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ། སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ། ཤེས་རབ་འོད་ཟེར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བླ་སྒྲུབ་ཀྱི་བརྒྱུད་འདེབས་ཡེ་ཤེས་བདུད་རྩིའི་དགའ་སྟོན་དང༌། བྱིན་རླབས་དབང་གི་ཆོ་ག་བདུད་རྩིའི་སྤྲིན་ཆེན་གྱི་མཚམས་སྦྱོར་བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །ཀློང་སྙིང་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་རིག་འཛིན་འཇིགས་མེད་གླིང་པས་དགོངས་ཀློང་ནས་ཕབས་པའི་འཕྲོ་རྣམས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་དགོངས་གཏེར་དུ་བབས་པའི་སྐོར་ལ། ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་བརྒྱུད་འདེབས་བྱིན་རླབས་ཆར་འབེབས། ཀློང་ཆེན་སྙིང་གི་ཐིག་ལེ་ལས། ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན། རྒྱལ་བ་རིག་འཛིན་གྱི་སྲོག་འཁོར་དཔལ་གྱི་གདུ་བུ། ཡང་གསང་བླ་སྒྲུབ་ཀྱི་རྗེས་ཆོག་ཚོགས་ཀྱི་མཆོད་པ་བསོད་ནམས་སྤྲིན་གྱི་རོལ་མོ། སྨིན་བྱེད་ཡེ་ཤེས་མཆོག་སྦྱིན། མྱོང་གྲོལ་རིལ་བུའི་སྒྲུབ་ཐབས། བསྙེན་ཡིག་གྲུབ་གཉིས་ཤིང་རྟ། འོད་གསལ་རྡོ་རྗེ་སྙིང་པོའི་རིག་འཛིན་བརྒྱུད་པའི་སྐོང་བཤགས་ཌཱ་ཀིའི་ཐོལ་གླུ། རྡོ་རྗེའི་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་མདོར་བསྡུས་པ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན་བཅས་ཀྱི་དབང་ལུང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིཾ་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། མཚོ་སྐྱེས་རྡོ་རྗེ། རྗེ་འབངས་གྲོགས་གསུམ། ཀུན་མཁྱེན་ཀློང་ཆེན་པ། རིག་འཛིན་འཇིགས་མེད་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། རྡོ་གྲུབ་བསྟན་པའི་ཉི་མ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་རིག་འཛིན་སྣ་ཚོགས་རང་གྲོལ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲའོ། །ཀློང་ཆེན་སྙིང་ཐིག་གི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་སྨིན་བྱེད་ཡེ་ཤེས་མཆོག་སྦྱིན་གྱི་མཚམས་སྦྱོར་ཉུང་ངུར་བཀོད་པ་བདེ་ཆེན་ཐིག་ལེའི་ལུང་བསྒྲིག་པ་པོ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ལས། ཀར་སྲས་མཁྱེན་བརྩེའི་འོད་ཟེར། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། ཀློང་སྙིང་ཡང་གསང་བླ་སྒྲུབ་ཀྱི་བཤགས་སྐོང་དང་བདག་འཇུག་གི་རིམ་པ་འོད་གསལ་སྣང་བའི་རྒྱན་དང༌། སྨིན་བྱེད་ཡེ་ཤེས་མཆོག་སྦྱིན་བཀླགས་ཆོག་ཏུ་བཀོད་པ་ཡེ་ཤེས་གསལ་བའི་མཛེས་རྒྱན་བཅས་བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་ཐིག་ལས། རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་བརྒྱུད་འདེབས་བདེ་ཆེན་ཆར་འབེབས། བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་གི་དབང་དང་ལུང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིང་ཧ། མཚོ་སྐྱེས་རྡོ་རྗེ། བི་མ་ལ་མི་ཏྲ། ཀུན་མཁྱེན་ཀློང་ཆེན་པ། རིག་འཛིན་འཇིགས་མེད་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། རྡོ་གྲུབ་བསྟན་པའི་ཉི་མ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་རིག་འཛིན་སྣ་ཚོགས་རང་གྲོལ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། ཡང་ན་པདྨ་འོད་གསལ་མདོ་སྔགས་གླིང་པ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲའོ། །རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་དང་འབྲེལ་བའི་ཁྱད་པར་གྱི་ཕྲིན་ལས་བདེ་ཆེན་སྙིང་པོ། བླ་མ་མཆོད་པའི་ཁྱད་པར་གྱི་ཕྲིན་ལས་བདེ་ཆེན་སྙིང་པོའི་ཚེའི་དབང་བསྐུར་མཚམས་སྦྱོར་དང་བཅས་པ་བདེ་ཆེན་བཅུད་ལེན་དང༌། བླ་མ་མཆོད་པའི་ཆོ་ག་བདེ་ཆེན་ལམ་བཟང་གི་བསྙེན་སྒྲུབ་བྱ་ཚུལ་བདེ་ཆེན་ཤིང་རྟ་བཅས་ཀྱི་ལུང་བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །ཁྱབ་བདག་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཏིག་གི་ཆོས་སྡེ་ལས་ཁྲག་འཐུང་བདེ་གཤེགས་འདུས་པའི་དབང་བསྐུར་ཡོངས་རྫོགས། རྒྱུད་ལུང་གི་བཤད་པ། རིམ་ལྔའི་ཁྲིད། གཏེར་གཞུང་ལུང་བཅས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང༌། ལོངས་སྐུ་ཆེ་མཆོག །སྤྲུལ་སྐུ་རྡོར་སེམས། གསང་བདག་ཕྱག་རྡོར། ལས་ཀྱི་དབང་མོ་ཆེ། རིག་འཛིན་རྣམ་བརྒྱད། པདྨ་ཐོད་ཕྲེང་རྩལ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། གཏེར་ཆེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་དངའཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོས་གསན། དེ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་འགྲོལ་བྱང་གི་ལུང་རིང་བརྒྱུད་གཏེར་མཛོད་བརྒྱུད་ཡིག་ལྟར་ལ། ཉེ་བརྒྱུད་ནི། ཀུན་བཟང༌། ཆེ་མཆོག །ཞི་ཁྲོ་རབ་འབྱམས། ཤཱཀ་ཐུབ། གསང་བདག་རྡོ་རྗེ་ཆོས། ལས་ཀྱི་དབང་མོ། རིག་འཛིན་བརྒྱད། ཨོ་རྒྱན་ཆེན་པོ། རྗེ་འབངས་གྲོགས་གསུམ། ཆོས་དབང་རིན་པོ་ཆེ། པདྨ་འོད་གསལ་མདོ་སྔགས་གླིང་པ་མན་འདྲ། ཁྲག་འཐུང་བདེ་གཤེགས་འདུས་པའི་ལས་བྱང་བཀླགས་ཆོག་ཏུ་བཀོད་པ་དངོས་གྲུབ་ཀུན་འདུས། དབང་བསྐུར་བཀླགས་ཆོག་ཏུ་བཀོད་པ་བྱིན་རླབས་བཅུད་འདུས། ཚོམ་བུ་ཚོགས་སྒྲུབ་ཀྱི་ལག་ལེན་གསལ་བར་བཀོད་པ་རིག་འཛིན་དགྱེས་པའི་རོལ་མོ། སྨན་སྒྲུབ་ལག་ལེན་འདུས་གསལ་དུ་བཀོད་པ་བདུད་རྩིའི་ཞུན་ཐིགས། སྲུང་ཟློག་གི་ལས་རིམ་གསལ་བར་བཀོད་པ་ཁྲོ་ཆེན་སྟོབས་འདུས། རྒྱུད་ལུང་གི་ཚིག་འགྲེལ་མདོར་བསྡུས་པ་ལེགས་བཤད་སྒོ་འབྱེད། རིམ་ལྔའི་ཁྲིད་ཡིག་ཟབ་ལམ་སྙིང་པོ་བཅས་ཀྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། ཡི་དམ་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྐང་བཤགས་དཔལ་ཆེན་དགྱེས་པའི་བཞད་སྒྲ། རྒྱུན་ཀྱི་རྣལ་འབྱོར་ཁྲག་འཐུང་ཐུགས་ཀྱི་ཐིག་ལེ། རྒྱུན་གྱི་རྣལ་འབྱོར་དངོས་གྲུབ་དཔལ་སྟེར། གྲུབ་ཐོབ་བཀའ་བརྒྱད་ཀྱི་རྒྱུན་གྱི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོ། ཡི་དམ་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་རྡོ་རྗེའི་ལམ་ཡོངས་སུ་རྫོགས་པའི་སྨོན་ལམ་མི་ཤིག་རྡོ་རྗེའི་དབྱངས་སྙན་བཅས་ཀྱི་ལུང་བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་གཞན་དོན་ལ་དགོངས་པའི་སྐབས་སུ་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་ཇི་ལྟ་བར་གཟིགས་ནས་སྒྲུབ་ཐབས་གཏན་ལ་ཕབ་པ་སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། ཕྲིན་ལས་བདེ་ཆེན་ཐིག་ལེ། དབང་ཆོག་བདེ་ཆེན་བུམ་བཟང༌། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ་བཅས་ཀྱི་དབང་ལུང་གི་བརྒྱུད་པ་ནི། སེམས་དཔའ་ཆེན་པོ་པདྨའི་མྱུ་གུ། པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དེ་ནས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །འདི་ཡི་རྩ་དབང་རྒྱས་པ་ནི་པདྨ་འོད་གསལ་མདོ་སྔགས་གླིང་པ། སི་ཏུ་ཆོས་ཀྱི་རྒྱ་མཚོ་མན་འདྲ། སྐུ་གསུམ་རིག་འདུས་ཟབ་ཏིག་ལས། བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཐིག་ལེ། སྐོང་བཤགས་དངོས་གྲུབ་ཐིག་ལེ། རྣམ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཀུན་དགའི་ཐིག་ལེ་བཅས་ཀྱི་ལུང་རྩོམ་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། བླ་སྒྲུབ་སྐུ་གསུམ་རིགས་འདུས་ཟབ་ཏིག་དང་འབྲེལ་བའི་རྡོ་རྗེ་ཐེག་པའི་གསོ་སྦྱོང་རྡོར་སེམས་ཞལ་ལུང་ཉུང་ངུར་བསྡུས་པ་བདུད་རྩིའི་ཐིག་ལེའི་ལུང་བསྒྲིག་པ་པོ་གཏེར་སྲས་སྤྲུལ་སྐུ་འགྱུར་མེད་ཚེ་དབང་བསྟན་འཕེལ་ལས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། རྩ་བའི་དབང་བསྐུར་རྒྱས་པ་བདེ་ཆེན་བུམ་བཟང་བཀླག་ཆོག་ཏུ་བཀོད་པ་ངོ་མཚར་མཆོག་གི་སྣང་བའི་ལུང་བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །བཀའ་བབས་བདུན་པ་སྙན་བརྒྱུད་ཀྱི་སྐོར་ལ། པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་དུར་ཁྲོད་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་བཀའ་བབས་རིག་འཛིན་ཆེན་པོ་རྣམ་དགུས་གདམས་པའི་སྙན་བརྒྱུད་ཀྱི་སྐོར་ལས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་སྩལ་བའི་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་དབང་དང༌། འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པའོ། །སྔོན་འགྲོའི་རྣལ་འབྱོར་སྙིང་པོ། རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཅས་ཀྱི་ལུང་གི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། པདྨ་འོད་གསལ་མདོ་སྔགས་གླིང་པ་དངའཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གསུམ་ཀས་གསན། དེ་གསུམ་ཀ་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་གསན། དེ་ནས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལའོ། །ཡང་ན་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མན་འདྲ། འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་མཐུ་སྟོབས་མེ་འབར་མཆོག་གྱུར་བདེ་ཆེན་གླིང་པས་སྦྱར་བའི་ལུང་པདྨ་འོད་གསལ་མདོ་སྔགས་གླིང་པ་མན་འདྲ། འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། ཕྲིན་ལས་ཀྱི་རིམ་པ་གསལ་བར་བཀོད་པ་ཡེ་ཤེས་གསང་བའི་འཁོར་ལོ། སྨིན་གྲོལ་འབོགས་པའི་ལག་ལེན་ཕྱག་རྒྱ་གསང་བའི་བཅུད་འདུས། གཏོར་ཟློག་གི་ལས་རིམ་ཡེ་ཤེས་འབར་བའི་མཚོན་ཆ་བཅས་ཀྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་རྣམ་བཤད་སྙིང་པོར་དྲིལ་བ་ཟིལ་གནོན་གྲུབ་པའི་དགོངས་གསལ་ནི་རྩོམ་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལས། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །རྗེ་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་སྙན་བརྒྱུད་སྐོར་ལས་སློབ་དཔོན་ནཱ་གརྫུ་ནས་སྩལ་བའི་རྟ་མཆོག་རོལ་པའི་སྙིང་ཐིག་གི་དབང་དང༌། རྟ་མཆོག་རོལ་པའི་སྙིང་ཏིག །སློབ་དཔོན་ནཱ་གརྫུ་ནའི་དགོངས་པའོ། །དབང་ཆེན་ཚེ་སྒྲུབ་ཟབ་མོའི་རྒྱུན་གྱི་རྣལ་འབྱོར་སྙིང་པོ། སྐོང་བ་དངོས་གྲུབ་ཆར་འབེབས་བཅས་ལུང་གི་བརྒྱུད་པ་ནི། དབང་ཆེན་རྟ་མགྲིན། འཕགས་པ་ཀླ་སྒྲུབ། གུ་རུ་པདྨ་རྒྱལ་པོ། རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཆར་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །སྙན་བརྒྱུད་རྟ་མཆོག་རོལ་པའི་སྙིང་ཐིག་གི་ཕྲིན་ལས་དང་དབང་བསྐུར་བཀླག་ཆོག་ཏུ་བསྡེབས་པ་རྟ་མཆོག་དགྱེས་པའི་བཞད་སྒྲའི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། སྙན་བརྒྱུད་རྟ་མཆོག་རོལ་པའི་བརྒྱུད་འདེབས་གསུངས་པ་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོ་མན་འདྲ། སྙན་བརྒྱུད་རྟ་མཆོག་རོལ་པའི་ཕྲིན་ལས་སྙིང་པོར་དྲིལ་བ་གསུང་བ་པོ་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་ཀྱི་ཆོས་སྡེ་ལས། རྡོ་རྗེ་ཧཱུྃ་ཀཱ་རའི་དགོངས་པ། དཔལ་ཆེན་ཡང་དག་ཟབ་ཏིག་གི་རྩ་དབང་དང༌། དཔལ་ཆེན་ཡང་དག་ཟབ་ཏིག །རྡོ་རྗེ་ཧཱུྃ་ཀ་རའི་དགོངས་པའོ། །རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཅས་ཀྱི་ལུང་གི་བརྒྱུད་པ་ནི། ཀུན་བཟང༌། བཛྲ་ཧེ་རུ་ཀ །ཧཱུྃ་ཀཱ་ར། རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་སི་ཏུ་ཆོས་ཀྱི་རྒྱ་མཚོ་གཉིས་ཆར་ལས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོས་གསན། དེ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །དཔལ་ཆེན་ཡང་དག་ཟབ་ཏིག་གི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བདེ་ཆེན་ཆར་འབེབས་མཆོག་གྱུར་བདེ་ཆེན་གླིང་པས་སྦྱར་བའི་ལུང་པདྨ་འོད་གསལ་མདོ་སྔགས་གླིང་པ་མན་འདྲ། སྙན་བརྒྱུད་ཡང་དག་ཟབ་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་བདེ་ཆེན་གསང་བའི་བཅུད་འདུས་ཀྱི་ལུང་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། ཡང་དག་རྒྱུན་ཁྱེར་གྱི་ལུང་བསྒྲིག་པ་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། ༈ །རྗེ་མཁྱེན་བརྩེ་དགུང་ལོ་བརྒྱད་པར་བསྙུན་གྱིས་གཙེས་པའི་སྐབས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སྙན་བརྒྱུད་དུ་སྩལ་བའི་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་དབང་དང་ལུང་གི་བརྒྱུད་པ་ནི། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ། རིགས་ལྔ་ཞི་ཁྲོ། ལས་ཀྱི་དབང་མོ། ཧཱུྃ་ཀ་ར། པྲ་བྷ་ཧསྟི། གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ། མཆོག་གྲུབ་རྒྱལ་པོ། པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཆར་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེ་ནས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །ཡང་ན་འཇམ་མགོན་བློ་གྲོས་མཐའ་ཡས་དང་སི་ཏུ་ཆོས་ཀྱི་རྒྱ་མཚོ་གཉིས་ཆར་ལས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོས་གསན། དེ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་ཕྲིན་ལས་ཀྱི་བྱང་བུ་གྲུབ་གཉིས་ཡོངས་འདུ་དང་དབང་གི་ལག་ལེན་གྲུབ་གཉིས་བཅུད་འབེབས་བཅས་ཀྱི་ལུང་ནི་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། སྙན་བརྒྱུད་ཡང་ཕུར་སྦྲག་མའི་ཟབ་ཏིག་གི་རྣམ་བཤད་སྙིང་པོར་དྲིལ་བ་གྲུབ་གཉིས་འདོད་འཇོའི་དགའ་ཚལ་གྱི་བཤད་ལུང་རྩོམ་པ་པོ་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། དེ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། སྙན་བརྒྱུད་ཡང་ཕུར་སྦྲག་མའི་ཟབ་ཏིག་གི་རྫོགས་རིམ་གུད་སྦས་ཀྱི་ཁྲིད་དང་སྙན་བརྒྱུད་ཡང་ཕུར་སྦྲགས་མའི་གཏོར་བཟློག་བདུད་ལས་རྣམ་རྒྱལ་གྱི་ལུང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། སྙན་བརྒྱུད་ཡང་ཕུར་ཟབ་ཏིག་ལས། རྒྱུན་གྱི་རྣལ་འབྱོར་དངོས་གྲུབ་མཆོག་སྦྱིན། འགལ་རྐྱེན་ཟློག་བྱེད་དྲག་པོ་གཏོར་མའི་ལས་རིམ་མཐུ་སྟོབས་རྡོ་རྗེའི་ཐོག་ཆར། རྫོགས་རིམ་གུད་སྦས་ཀྱི་དམིགས་ཁྲིད་ཟབ་གསང་ཌཱ་ཀའི་ཐུགས་ཏིག་མཆོག་གི་ཡེ་ཤེས་གྲུབ་པའི་གསེང་ལམ་བཅས་ཀྱི་ཁྲིད་ལུང་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སློབ་དཔོན་བི་མ་ལ་མི་ཏྲ་དང་རང་བྱུང་པདྨ་སཾ་བྷ་བས་སྙན་བརྒྱུད་དུ་གདམས་པའི་ཡོན་ཏན་བདུད་རྩིའི་མཆོག་ཏིག་གི་དབང་དང་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། ཆེ་མཆོག་ཧེ་རུ་ཀ །བི་མ་ལ་མི་ཏྲ། གུ་རུ་པདྨ་སཾ་བྷ་ཝ། ཡེ་ཤེས་མཚོ་རྒྱལ། པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཆར་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །སྙན་བརྒྱུད་བདུད་རྩིའི་མཆོག་ཏིག་གི་ཕྲིན་ལས་དང་དབང་བསྐུར་བའི་ཆོ་ག་བལྟས་ཆོག་ཏུ་བཀོད་པ་བདེ་མཆོག་བདུད་རྩིའི་ཡང་ཞུན་གྱི་ལུང་ནི་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། སྙན་བརྒྱུད་བདུད་རྩི་མཆོག་ཏིག་གི་བརྒྱུད་འདེབས་བདག་ཕུན་ཚོགས་རྣམ་རྒྱལ་པས་སྦྱར་བའི་ལུང་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ །པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སློབ་དཔོན་པྲ་བྷ་ཧ་སྟེའི་དགོངས་པ་གུ་རུ་ཤཱཀྱ་སེང་གེས་སྙན་བརྒྱུད་དུ་གནང་བའི་ཕུར་པའི་གནད་ཏིག་གི་དབང་དང་གཏེར་གཞུང༌། སྙན་བརྒྱུད་ཕྲིན་ལས་ཕུར་པའི་གནད་ཏིག་གི་ས་བཅད། སྙན་བརྒྱུད་ཕུར་པའི་གནད་ཏིག་གི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་ཕྲིན་ལས་ཆར་འབེབས། སྔོན་འགྲོའི་རྣལ་འབྱོར་སྙིང་པོ། རྒྱུན་གྱི་རྣལ་འབྱོར་སྙིང་པོ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་བཅས་ཀྱི་ཁྲིད་ལུང་གི་བརྒྱུད་པ་ནི། པྲ་བྷ་ཧ་སྟི། ཤཱཀྱ་སེང་གེ། གཏེར་ཆེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། །སྙན་བརྒྱུད་ཕྲིན་ལས་ཕུར་པའི་གནད་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་ཕྲིན་ལས་གསང་བའི་བཅུད་འདུས། བསྙེན་ཡིག་བཅས་ཀྱི་ལུང་ནི་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། ཕུར་པ་རྩ་དུམ་རྒྱུད་ཀྱི་བཀླགས་ཐབས་ཕྲིན་ལས་མཆོག་གྲུབ། ཕྲིན་ལས་ཀྱི་བྱང་བུ་ཁྲིགས་སུ་བསྡེབས་པ་ཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན། ལས་བྱང་ཕྲིན་ལས་རྣམ་རོལ་མཛེས་པར་བྱེད་པའི་རྒྱན། ཚེ་སྒྲུབ་ཀྱི་དམིགས་བཟླས་གཏེར་གཞུང་ལས་ཁོལ་ཕྱུང༌། སྐོང་བ་བདུད་ལས་རྣམ་རྒྱལ། ལས་བཞིའི་སྦྱིན་སྲེག་མདོར་བསྡུས་ཕྲིན་ལས་མྱུར་འགྲུབ། གཏོར་བཟློག་ཕྲིན་ལས་རྡོ་རྗེའི་ཐོག་འབེབས་དགྲ་བགེགས་ཀུན་འཇོམས། མནན་པ་རྡོ་རྗེའི་རི་རབ་བཅས་ཀྱི་ལུང་སྦྱར་བ་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། སྙན་བརྒྱུད་ཕུར་པའི་གནད་ཏིག་གི་སྨད་ལས་དྲག་པོའི་སྲུང་ཟློག་བསད་པའི་ལས་རིམ་ཁྱེར་བདེར་བཀོད་པ་སྲིད་པ་ཐལ་འབྱིན་རྡོ་རྗེའི་མཚོན་ཆར་དང༌། སྙན་བརྒྱུད་ཕུར་པའི་གདབ་ཁ་ལ་ཉེ་བར་མཁོ་བའི་ཟུར་འདེབས་ཅུང་ཟད་བཀོད་པ་བཅས་བསྒྲིག་པ་པོ་ཀརྨ་པ་མཁའ་ཁྱབ་་རྡོ་རྗེ། ཀར་སྲས་མཁྱེན་བརྩེའི་འོད་ཟེར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། རྡོ་རྗེ་ཕུར་པའི་གནད་ཏིག་གི་ཁྲིད་ཀྱི་ཟིན་བྲིས་བླ་མའི་མན་ངག་ཡེ་ཤེས་སྣང་བའི་བཤད་ལུང་ནི་ཟིན་བྲིས་བཏབ་པ་པོ་ཉག་གི་བན་དེ་པདྨ་ཡོན་ཏན་རྒྱ་མཚོ། དེ་ལས་གཏེར་སྟོན་དྲི་མེད་འོད་ཟེར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲའོ། སྙན་བརྒྱུད་ཕུར་པའི་གནད་ཏིག་ལས། བསྐྱེད་རིམ་སྲིད་པ་ཕུར་བུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ལས་རིགས་གྲུབ་པའི་སྲོལ་འབྱེད་ནི་བསྒྲིག་པ་པོ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་མན་འདྲའོ། ༈ །པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སློབ་དཔོན་དྷ་ན་སཾ་སྐྲྀཏ་དང་གུ་རུ་ཉི་མ་འོད་ཟེར་གྱིས་སྙན་བརྒྱུད་དུ་གདམས་པའི་སྲིད་པ་མ་མོའི་གནད་ཏིག་གི་དབང་དང་ཁྲིད། མདོས་ཀྱི་ལས་འགྲིགས་སྒོ་དབྱེ་བཅས་ཀྱི་ལུང་གི་བརྒྱུད་པ་ནི། ཀུན་བཟང་ཡབ་ཡུབ། སྟོན་པ་མངོན་རྫོགས་རྒྱལ་པོ། ཡུམ་སྲིད་པ་བདེ་འགྲོ། ཕྱག་ན་རྡོ་རྗེ། ལྷ་མོ་ཡིད་འོང་མ། མཛེས་ལྡན་མ། གྲུབ་ལྡན་མ། གྲགས་ལྡན་མཆོག་སྐྱོང༌། ཡོངས་སུ་དེ་བ། དྷ་ན་སཾ་སྐྲྀ་ཏ། གུ་རུ་ཉི་མ་འོད་ཟེར། ལོ་ཆེན་བཻ་རོ་ཙ་ན། ཆོས་རྒྱལ་ཁྲི་སྲོང་ཡབ་སྲས། ཡེ་ཤེས་མཚོ་རྒྱལ། འབྲོག་མི་དཔལ་གྱི་ཡེ་ཤེས། པདྨ་འོད་གསལ་མདོ་སྔགས་གླིང་པ་དང་འཇམ་མགོན་བློ་གྲོས་མཐའ་ཡས་གཉིས་ཀ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེ་ནས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་གི་ཕྲིན་ལས་དང་དབང་བསྐུར་བའི་ལག་ལེན་བཀླགས་ཆོག་ཏུ་བཀོད་པ་མ་མོ་དགྱེས་པའི་དགའ་ཚལ་གྱི་ལུང་ནི་བསྒྲིག་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་མན་འདྲ། སྙན་བརྒྱུད་མ་མོའི་གནད་ཏིག་གི་བརྒྱུད་འདེབས་བདེ་ཆེན་ཆར་འབེབས་ཀྱི་ལུང་སྦྱར་བ་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། སྙན་བརྒྱུད་མ་མོའི་གནད་ཏིག་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་རོལ་མོ། རྒྱུན་གྱི་རྣལ་འབྱོར་སྙིང་པོ། བསྐང་བ་མངོན་རྫོགས་དགྱེས་གླུ་བཅས་ཀྱི་ལུང་ནི་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲལ་རྩལ་ལས། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོ། བཤད་རྒྱུན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་གཏེར་ཆེན་མཆོག་གྱུར་གླིང་པ་གཉིས་ཀ་ལས། ཚ་སྒང་ལོ་ཙྭ་བ་རིན་ཆེན་རྣམ་རྒྱལ། དེ་ནས་མཆོག་གླིང་ཡང་སྲིད་པདྨ་ཐེག་མཆོག་བསྟན་འཕེལ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་བསྡུས་དོན་ནི། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ཉེ་གནས་ཤེས་རབ་འོད་གསལ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལས། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པ་ནི། རྩོམ་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས། རིག་འཛིན་ཚེ་དབང་ནོར་བུ། ཀུན་གཟིགས་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། ཡང་ན་རིག་འཛིན་ཚེ་དབང་ནོར་བུ། ཀུན་གཟིགས་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཀརྨ་བཀྲ་ཤིས་ཆོས་འཕེལ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲ། ཡང་ན་རིག་འཛིན་ཚེ་དབང་ནོར་བུ། མཆོག་གླིང་ཡང་སྲིད་པདྨ་ཐེག་མཆོག་བསྟན་འཕེལ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མན་འདྲའོ། ༈ །གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ་དང༌། དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་པར་བཤད་པ་དངོས་གྲུབ་སྙིང་པོ་བཅས་ཀྱི་རྒྱུན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན། ཡང་ན་མི་ཕམ་རིན་པོ་ཆེ། ཉེ་གནས་བླ་མ་འོད་གསལ། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའོ། ༈ །བདེན་བཞི་དང་རྟེན་འབྲེལ་གྱི་རྣམ་གཞག་ཚིག་གི་ས་བོན་དང༌། ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ལེགས་བཤད་ངོ་མཚར་ཆུ་གཏེར། ཐེག་པ་རིམ་དགུའི་སྨོན་ལམ་རྡོ་རྗེའི་ཚིག་རྐང༌། སྡོམ་པ་གསུམ་གྱི་སྨོན་ལམ་དོན་གཉིས་ངལ་བསོ། རྒྱུན་གྱི་དམ་བཅའ་སྨོན་ལམ་ཆེན་མོ་ཕན་བདེའི་ས་བོན། ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་སྨོན་ལམ་རྣམ་གྲོལ་དགའ་སྟོན། ཐེག་པ་རིམ་དགུའི་སྨོན་ལམ་ཤིན་ཏུ་བསྡུས་པ་དོན་གཉིས་ཆུ་སྐྱེས། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྡེ་ཚན་དགུ་དཀྱུས་གཅིག་ཏུ་བཀོད་པ་བཅས་ཀྱི་ལུང་ནི་འཇམ་དབྱངས་མཁྱེན་བརྩེ་དབང་པོ། སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། བཀའ་འགྱུར་བ་ངག་དབང་བསྟན་པ། པེ་ཝར་འཇམ་དབྱངས་བསོད་ནམས་དབང་པོ། སྐྱབས་རྗེ་བཀའ་དྲིན་མཚུངས་མེད་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའོ། །དེ་དག་ནི་བྱེ་བྲག་གི་བརྒྱུད་ཚུལ་གཙོ་བོར་བཀོད་པ་སྟེ། ༈ །གཏེར་མཛོད་དུ་བཞུགས་པ་རྣམས་ཀྱི་སྤྱི་ཡི་བརྒྱུད་རིམ་ནི། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། དཔལ་ཡུལ་སྐུ་ཆེན་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར། དེ་ལས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསན་པའི་ཚུལ་གོང་འོག་ཀུན་ཏུ་ཤེས་དགོས་པ་ལགས་སོ། །འགྲན་བྲལ་བརྒྱུད་པའི་བཀའ་སྲོལ་ལས་འོང་པའི། །འགྲན་མེད་ཟབ་གཏེར་ཀུན་གྱི་སྙིང་པོ་འདི། །འགྲན་ཟླས་དབེན་པའི་མཁས་གྲུབ་ཚོགས་རྣམས་ཀྱིས། །ལེགས་བཟུང་སྲིད་མཐའི་བར་དུ་འཕེལ་རྒྱས་ཤོག །ཅེས་བཀའ་བབས་སྨིན་གྲོལ་གྱི་བརྒྱུད་ཡིག་རགས་རིམ་ཙམ་བཀོད་པའི་ཁུངས་ནི་རིན་ཆེན་གཏེར་མཛོད་ཀྱི་བརྒྱུད་ཡིག་དང༌། དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་གྱི་གཏེར་མཛོད་གསན་ཡིག་དང་མི་ཕམ་བཀའ་འབུམ་མཁྱེན་བརྩེའི་བཀའ་འབུམ་སྙིང་ཐིག་མ་བུའི་གསན་ཡིག་སོགས་ལ་གཏུག་ཅིང༌། དེ་དག་ཏུ་ཞལ་གསལ་མེད་པ་འགའ་ཞིག་རྫོང་སར་སྒང་སྣ་སྤྲུལ་སྐུའི་གསན་ཡིག་ལས་ཀྱང་གསབ་ཏེ། བཀའ་བབས་སྐོར་དཀྱུས་གཅིག་ཏུ་བསྒྲིག་སྐབས་ཉེར་མཁོའི་ཡན་ལག་ཏུ་དམིགས་ནས། ཕུན་ཚོགས་རྣམ་རྒྱལ་པས་བསྡེབས་པ་དགེ་ལེགས་འཕེལ།། །།

Footnotes

Other Information