གུར་དྲག་ཡེ་ཤེས་རབ་འབར་གྱི་རྒྱུན་ཁྱེར་ཡེ་ཤེས་བཅུད་ཐིག།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-015
Wylie title gur drag ye shes rab 'bar gyi rgyun khyer ye shes bcud thig JKCL-KABUM-05-CA-015.pdf
Location chos kyi blo gros bka' 'bum
Volume 5, Text 15, Pages 249-259 (Folios 1a1 to 6a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ཀློང་གསལ་སྙིང་པོ་ (klong gsal snying po)
Citation 'jam dbyangs mkhyen brtse chos kyi blo gros. gur drag ye shes rab 'bar gyi rgyun khyer ye shes bcud thig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 249-259. Bir, H.P.: Khyentse Labrang, 2012.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle གུར་དྲག་ཡེ་ཤེས་རབ་འབར་ (gu ru drag po ye shes rab 'bar)
Deity gu ru drag po
Colophon

།ཟབ་པའི་རྒྱུན་ཁྱེར་ཉུང་ངུ་འདི། །སྤྲུལ་སྐུ་པདྨ་རྒྱལ་མཚན་གྱིས། །བསྐུལ་བས་པདྨའི་མིང་ཅན་གྱིས། །མདོར་བསྡུས་ཉིད་དུ་སྦྱར་བའི་དགེས། །མ་གྱུར་འགྲོ་བ་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་རབ་གྲོལ་ནས། །སྲིད་པ་གསུམ་གྱི་གྲོང་ཁྱེར་རྣམས། །ཡེ་ཤེས་རབ་ཏུ་འབར་གྱུར་ཅིག །འདི་ནི་ཤིན་ཏུ་གསང་བས་ཉམས་སུ་བླང་བར་བྱའོ། །།

/zab pa'i rgyun khyer nyung ngu 'di/__/sprul sku pad+ma rgyal mtshan gyis/__/bskul bas pad+ma'i ming can gyis/__/mdor bsdus nyid du sbyar ba'i dges/__/ma gyur 'gro ba sems can rnams/__/srid pa'i mtsho las rab grol nas/__/srid pa gsum gyi grong khyer rnams/__/ye shes rab tu 'bar gyur cig__/'di ni shin tu gsang bas nyams su blang bar bya'o/__//

1 Texts in this Section (sde tshan or chos tshan)

[edit]
༄༅། །གུར་དྲག་ཡེ་ཤེས་རབ་འབར་གྱི་རྒྱུན་ཁྱེར་ཡེ་ཤེས་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭ་སྟི། རང་རིག་བླ་མ་ཡེ་ཤེས་ཀྱི། །མེ་དཔུང་རབ་ཏུ་འབར་བ་ཡིས། །བདག་རྟོག་འཁྲུལ་པ་སྲེག་མཛད་དེར། །བཏུད་ནས་རྒྱུན་གྱི་རྣལ་འབྱོར་དབྱེ། །དེ་ལ་དབང་དང་དམ་ཚིག་ལ་གནས་པས་བདེ་བའི་སྟན་ལ་འཁོད་དེ་ངེས་འབྱུང་གི་བློ་སྦྱངས་ལ། སྐྱབས་ཡུལ་གསལ་བཏབ་ནས། ན་མོ། བདག་དང་མཐའ་ཡས་སེམས་ཅན་རྣམས༔དབང་དྲག་པདྨར་སྐྱབས་སུ་མཆི༔ངན་སོང་སྡུག་བསྔལ་སྦྱང་དུ་གསོལ༔འཁོར་བའི་འཁྲུལ་འཁོར་བཟློག་ཏུ་གསོལ༔ལན་གསུམ། བྱིན་རླབས་བླ་མའི་རྣལ་འབྱོར་ནི། རང་གི་མདུན་གྱི་ནམ་མཁའ་རུ། །བླ་མ་ཆེ་མཆོག་དྲག་པོ་རྩལ། །རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར། །ཡབ་ཀྱི་གནས་ལྔར་ར་ཙ་ཧྲཱི་ཡ་ལས། །དཔའ་བོ་རིགས་ལྔ་ཡུམ་གནས་ལྔར། །ཧ་རི་ནི་སས་མཁའ་འགྲོ་ལྔ། །བདེ་བའི་གར་སྟབས་ཐབས་ཤེས་ཀྱི། །ཕྱག་རྒྱའི་སྐུ་རུ་གསལ་བར་གྱུར། །ཨོཾ། ཆེ་བའི་ཆེ་མཆོག་ཐབས་ཀྱི་སྐུ༔ཤེས་རབ་རྡོ་རྗེ་རྩེ་མོ་སྒེག༔གཉིས་མེད་ཟུང་འཇུག་རོལ་པའི་གར༔ལུས་ཀྱི་དཀྱིལ་འཁོར་བདེ་བ་ཆེའོ༔ཨཱཿངག་གི་ཡན་ལག་དྲུག་ཅུ་ན༔དབྱངས་དང་གསལ་བྱེད་ཐབས་ཤེས་ཀྱི༔གཉིས་མེད་རྒྱུན་གྱི་རང་སྒྲ་སྒྲོགས༔ངག་གི་དཀྱིལ་འཁོར་བདེ་བ་ཆེའོ༔ཧཱུྃ༔སྣང་སྟོང་ཟུང་འཇུག་བདེ་སྟོང་གར༔མ་འགགས་རྟོགས་པའི་རོལ་རྩེད་བསྒྱུར༔ཐུགས་རྗེ་ཆགས་པས་གཞན་དོན་དུ༔ཡིད་ཀྱི་དཀྱིལ་འཁོར་བདེ་བ་ཆེའོཿཧྲཱིཿརང་བཞིན་སྙིང་རྗེ་བརྩེ་ཆགས་པའི༔དཀྱིལ་འཁོར་འབྲེལ་ཚད་བདེ་ཆེན་སར༔ཕྱམ་གཅིག་དཀྱིལ་འཁོར་འཁོར་ལོ་རུ༔ཕྲིན་ལས་དཀྱིལ་འཁོར་བདེ་བ་ཆེའོ༔ཞེས་རྩེ་གཅིག་གུས་པས་བསྟོད་ཅིང་གསོལ་བ་འདེབས། མཐར་དབང་བླང་བ་ནི། ཡབ་ཡུམ་གསང་གསུམ་རོལ་པ་ལས། །ཐབས་ཤེས་གཉིས་མེད་བདེ་ཆེན་ལྷས། །ལུས་ལ་ལྷ་ཡི་བྱིན་རླབས་ཀྱིས། །སྒྲུབ་མཆོག་ལུས་དབང་ལྷ་སྐུར་སྨིན། །ངག་ལ་སྔགས་ཀྱི་བྱིན་རླབས་ཀྱིས། །སྒྲུབ་མཆོག་ངག་དབང་སྔགས་སུ་སྨིན། །ཡིད་ལ་ལྟ་བའི་བྱིན་རླབས་ཀྱིས། །སྒྲུབ་མཆོག་ཡིད་དབང་ལྟ་བས་སྨིན། །ཡབ་ཡུམ་གནས་ལྔའི་དཀྱིལ་འཁོར་ལྷ། །རྗེས་ཆགས་བྱང་ཆུབ་སེམས་གཡོས་པའི། །གཉིས་མེད་ཡེ་ཤེས་ཟུང་འཇུག་རྒྱུན། །དགའ་བ་བཞི་ཡི་དངོས་གྲུབ་བཅུད། །བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། ཡབ་ཡུམ་གྱི་སྐུ་ཡི་ཆ་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཡི་གེ་ཨྃ་གྱི་རྣམ་པ་དཔག་ཏུ་མེད་པ་བྱུང་བས་རང་གི་ལུས་ལ་ཐིམ། ལུས་པདྨ་དྲག་པོ་སོགས་གཉིས་མེད་རྒྱུད་ཀྱི་ལྷ་ཐམས་ཅད་ཀྱི་སྐུའི་ངོ་བོར་སྨིན་པར་བསམས་ལ། སྣང་སྟོང་ཆུ་ཟླ་ལྟ་བུའི་ལྷ་སྐུ་སྒོམ་པ་ལ་དབང་། མགྲིན་པ་ནས་ཡེ་ཤེས་འོད་ཟེར་སྣ་ཚོགས་ཡི་གེ་དབྱངས་གསལ་གྱི་རྒྱུན་དཔག་ཏུ་མེད་པ་བྱུང་བས་བདག་གི་མགྲིན་པར་ཐིམ། ངག་པདྨ་དྲག་པོའི་གསུང་དང་གཉིས་སུ་མེད། གཉིས་མེད་རྒྱུད་ཀྱི་ལྷ་ཐམས་ཅད་ཀྱི་གསུང་གི་ངོ་བོར་སྨིན་པར་བསམས་ལ། གྲགས་སྟོང་བྲག་ཆ་ལྟ་བུའི་སྔགས་ཀྱི་འཁོར་ལོ་བཟླ་བ་ལ་དབང་། ཐུགས་ཀ་ནས་ཡེ་ཤེས་ལྔའི་འོད་ཟེར་ཁ་དོག་ལྔ་ལྡན་གསལ་འཚེར་དང་ལྡན་པ་བདག་གི་སྙིང་ལ་ཕོག་པས་སྟོང་ཉིད་ཡེ་ཤེས་ཀྱི་ཟག་པ་མེད་པའི་ཏིང་ངེ་འཛིན་རྒྱས་པར་བསྒོམ། བདེ་སྟོང་ལྷན་སྐྱེས་ཀྱི་སྐུར་མཉམ་པར་བཞག་པ་ལ་དབང་བར་བསམ། ཨོཾ་ཨཱཿཧཱུྃཿཨ་རྩིཀ་ནི་རྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊཿཨཱཿཧཱུྃ་ཧཱུྃ་ཕཊཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཀཱ་ཡ་ཨཱ་བྷི་ཥིཉྩ་ཨོཾ༔ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ཀ་ཁ་ག་གྷ་ང་༔ཙ་ཚ་ཛ་ཛྙ་ཉ༔ཊ་ཋ་ཌ་ཌྷ་ཎ༔ཏ་ཐ་ད་དྷ་ན༔པ་ཕ་བ་བྷ་མ༔ཡ་ར་ལ་ཝ༔ཤ་ཥ་ས་ཧ་ཀྵ༔ཨ་ཨཱ༔ཨི་ཨཱི༔ཨུ་ཨཱུ༔རྀ་རཱྀ༔ལྀ་ལཱྀ༔ཨེ་ཨཻ༔ཨོ་ཨཽ༔ཨཾ་ཨ༔ཞེས་བྱུང་བས་རང་གི་ཚངས་བུག་ཏུ་ཐིམ། ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་པར་བསྒོམ། བླ་མ་ཆེ་མཆོག་དྲག་པོ་རང་ལ་ཐིམ། ཐུགས་ཀར་ཞུགས། པདྨ་དྲག་པོ་དང་གོ་འཕང་མཉམ་པར་བསྒོམ། སྣང་བ་དབང་དྲག་ཆེ་བའི་མཆོག༔སྟོང་པ་ཤེས་རབ་དགྱེས་མཛད་སྒེགས༔སྣང་སྟོང་ཟུང་འཇུག་རོལ་པའི་གར༔དགའ་བཞིའི་བཅུད་ཀྱི་དངོས་གྲུབ་བསྐུལ༔རིགས་ལྔ་འཁོར་ལོའི་དཀྱིལ་འཁོར་ལྔར༔ཐབས་ཤེས་རིགས་ལྔ་མཉམ་སྦྱོར་བའི༔དགའ་བཞི་ཡེ་ཤེས་རྣམ་ལྔའི་བཅུད༔ཡེ་ཤེས་བདེ་བ་ཆེན་པོ་རོལ༔ཕུང་པོ་ཐབས་ཀྱི་སྐུར་བཞེངས་ནས༔ཁམས་ཀྱི་བཙུན་མོས་དགྱེས་མཛད་བསྐང་༔བདེ་ཆེན་རྒྱ་མཚོ་ཆེ་བའི་མཆོག༔རིན་ཆེན་འོད་འཕྲོས་ཆོས་འབྱུང་བསྐྱེད༔སྣང་སྟོང་ཐབས་ཤེས་ཟུང་འཇུག་ཏུ༔ཕྱག་རྒྱ་ཆེན་པོའི་ཀློང་ལས་གྲོལ༔ཨོཾ་ཨཱཿཛྙཱ་ན་མ་ཧཱ་སུ་ཁ་ཧོཿཨོཾ་ཨཱཿཧཱུྃ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཞེས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་ལ་མཉམ་པར་བཞག་གོ། དངོས་གཞི་བསྐྱེད་རིམ་བསྒོམ་པ་ནི། ཨོཾ་མ་ཧཱ་ཤུ་ནྱཱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾཿཅེས་དངོས་པོས་སྣང་བ་སྟོང་ཉིད་ཀྱིས་སྦྱངས་པའི་སྒྲས་བསྐུལ་ཏེ༔ས་རྡོའི་རྟེན་མི་དམིགས་པ་ལས༔པདྨ་ཧེ་རུ་ཀ་དམར་དཀར་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་སུ་རྡོ་རྗེ༔ཐོ་བ༔བསྐལ་པའི་མེ་དཔུང་༔གཡོན་དུ་བྷན་ཁྲག༔ལྕགས་སྡིག༔ལྕགས་ཕུར་འཛིན་པ༔དུར་ཁྲོད་དཔལ་ཆས་ཀྱིས་བརྒྱན་པའི་སྐུར་བཞེངས་པ༔ཆུ་མེས་གར་ཁྱབ་ཡུམ་ཡེ་ཤེས་གཙོ་མོ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པའི་སྐུར་བཞེངས་པ༔ཡབ་ཡུམ་བདེ་བའི་གར་བྱེད་པ༔གཉིས་ཀའི་སྤྱི་བོར་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཡུམ་གོས་དཀར་མོས་འཁྲིལ་བའི་ནང་ལྟར་ན་གཟུགས་ཀྱི་ཕུང་པོ་རྡོ་རྗེ་དྲག་པོ་རྩལ་གྱི་ཀློང་ན། རྣམ་ཤེས་ཀྱི་ཕུང་པོ་པདྨ་ཧེ་རུ་ཀ་གསལ་ཞིང་། ཚོར་བའི་ཕུང་པོ་རཏྣ་དྲག་པོ་རྩལ་དང་། འདུ་ཤེས་ཀྱི་ཕུང་པོ་པདྨ་དྲག་པོ་རྩལ་དང་། འདུ་བྱེད་ཀྱི་ཕུང་པོ་ཀརྨ་དྲག་པོ་རྩལ་དང་། འབྱུང་བ་ས་ཡི་རང་བཞིན་ཤ་ནི་རྡོ་རྗེ་མཁའ་འགྲོ། ཆུའི་རང་བཞིན་ཁྲག་ནི་རིན་ཆེན་མཁའ་འགྲོ། མེའི་རང་བཞིན་དྲོད་ནི་པདྨ་མཁའ་འགྲོ། རླུང་གི་རང་བཞིན་དབུགས་ནི་ལས་ཀྱི་མཁའ་འགྲོ། ནམ་མཁའི་རང་བཞིན་སེམས་ནི་ཡུམ་རྡོ་རྗེ་ཕག་མོ་དང་ལྔ་ཡང་མ་བསྐྱེད་རྫོགས་པའི་ཚུལ་དུ་ལྷུན་གྱིས་གྲུབ་ཅིང་། གསང་བ་རང་རིག་ཡི་དམ་གྱི་ལྷ་པདྨ་ཧེ་རུ་ཀ་ཉི་མ་ལྟ་བུའི་ཕྲིན་ལས་ཀྱི་ཟེར་རིགས་བཞིའི་དྲག་པོ་གཙོ་བོ་དང་དབྱེར་མེད་མཉམ་པ་ཉིད་ཀྱི་སྣང་བ་ཆེ་མཆོག་དྲག་པོ་རྩལ་དང་། སྟོང་པའི་བདག་ཉིད་རྡོ་རྗེ་རྩེ་མོ་སྣང་སྟོང་ཟུང་འཇུག་གི་བདེ་སྟོང་མཉམ་པ་ཉིད་ཀྱི་ངོ་བོ་རྩོལ་བྲལ་འཁོར་ཡུག་ཏུ་མ་ཡེངས་ཡེ་ཤེས་ཀྱི་བཅུད་དགའ་བའི་བདུད་རྩི་རོལ་ཞིང་མི་གཡོ་ཆོས་ཉིད་ཀྱི་ཡེ་ཤེས་རབ་འབར་གྱི་ངོ་བོར་ལྷུན་གྱིས་གྲུབ་པས་གནས་པ་སེམས་ཀྱི་རྒྱན་དུ་ཤེས་པ་འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ་གཉིས་མེད་མཉམ་པའི་ངང་དུ་གནས་པ་ལ་ཟག་མེད་བདེ་བ་ཆེན་པོའི་དབང་བསྐུར་ཞིང་ནུས་པས་རྒྱུད་གྲོལ་བར་བསྒོམ། སྔགས་བཟླ་བ་ལ་རྒྱལ་པོའི་ཕོ་ཉ་ལྟ་བུའི་བཟླས་པ་ནི། ཧཱུྃ་ཧྲཱིཿཨོཾ༔ཕུང་པོ་ཐབས་ཀྱི་ཆེ་མཆོག་ཏུཿཁམས་ཀྱི་རྣལ་འབྱོར་ཆགས་ཤིང་སྒེགས༔ཕུང་ཁམས་ཐབས་ཤེས་དབྱིངས་ཀྱི་ལྷ༔གཉིས་མེད་ཡེ་ཤེས་གཅིག་ཏུ་སྦྱོར༔ཨཱཿངག་གི་གསུང་དབྱངས་རང་བྱུང་སྒྲས༔ཐབས་ཀྱི་ཀློང་ལས་ཤེས་རབ་དང་༔ཤེས་རབ་མཁའ་ལས་ཐབས་བྱུང་བས༔དབྱངས་གསལ་ཡེ་ཤེས་གཅིག་ཏུ་སྦྱོར༔ཧཱུྃ༔ཕུང་ཁམས་ལྷ་དང་ལྷ་མོ་ཡི༔བདེ་སྟོང་གང་ཤར་རོལ་པའི་འཁོར༔རྡོ་རྗེ་གསུམ་གྱི་ལམ་ཁྱེར་ལ༔གཉིས་མེད་ཡེ་ཤེས་གཅིག་ཏུ་སྦྱོར༔ཞེས་ཐུགས་དམ་བསྐུལ་ནས༔རང་གི་ལུས་ཀྱི་ཕུང་ཁམས་ཡེ་ཤེས་ཐབས་ཤེས་གཉིས་སུ་མེད་པའི་སྙིང་ག་ཆོས་ཀྱི་འཁོར་ལོ་འོད་ཀྱི་ཙིཏྟའི་གོང་བུར་ཉི་ཟླའི་གདན་གྱི་སྟེང་དུ༔སྣང་བའི་རིག་མདངས་ཧཱུྃ་ཡིག་དམར་པོ་དང་། སྟོང་པའི་སྣང་ཆ་ཧྲཱིཿཡིག་མཐིང་ནག་ཏུ་གསལ་བའི་མཐའ་བསྐོར་དུ༔དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་རྩ་བའི་སྙིང་པོ་གཡས་སུ་འཁོར་བར་བསྒོམ། དེ་ཡང་གསང་སྔགས་ཀྱི་སྙིང་པོ་འབྲུ་རེ་རེ་ལའང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་འདུས་ལ༔འབྲུ་རེ་རེའི་འོད་ཟེར་གྱིས་ཀྱང་འགྲོ་བ་མང་པོའི་སྡུག་བསྔལ་སེལ་བར་ནུས་པ་ནི། དཔེ་རྒྱལ་པོའི་ཕོ་ཉ་ལྟ་བུ༔དོན་སངས་རྒྱས་ཀྱི་ཐུགས་རྗེས་ས་བོན་འཕྲོ་འདུ་བྱེད་པ༔འོད་ཟེར་ཕྱོགས་བཅུར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ལ་ཕོག་པས་སོ་སོའི་སྡུག་བསྔལ་ཞི་བར་བསྒོམ་ལ། ཨོཾ་ཨཱཿཧཱུྃ༔ཨ་རྩིཀ་ནི་རྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ཨཱཿཧཱུྃ་ཧཱུྃ་ཕཊ༔ཟླ་བ་སྐར་ཕྲེང་དགོངས་པ་ནི། ཧཱུྃ༔ཡབ་ཡུམ་སྐུ་ཡི་རྣམ་རོལ་གྱི༔ལུས་དབང་ལྷ་རུ་སྨིན་པ་དང་༔གྲགས་པའི་གསང་སྔགས་སྙིང་པོ་ཡིས༔ངག་ལ་ནུས་པའི་མཆོག་སྩོལ་ཅིག༔གསལ་བའི་སྣང་སྟོང་ཆུ་ཟླའི་སྐུ༔གྲགས་སྟོང་གསང་སྔགས་རང་བྱུང་སྒྲའི༔བདེ་ཆེན་རིག་པའི་རྩལ་དབང་དུ༔ཡི་དམ་ལྷ་ཡི་བྱིན་གྱིས་རློབས༔ཞེས་བསྐྱེད་པའི་ས་བོན་ཟླ་བ་ཉ་རྒྱས་པ་ལྟ་བུ་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་མཐའ་བསྐོར་དུ། བཟླས་པ་སྔགས་ཀྱི་ཡིག་འབྲུ་རབ་ཏུ་གསལ་ཞིང་འཚེར་བ༔འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། ཟླ་བ་ཟར་མའི་ཕྲེང་བ་སྒྲིལ་བ་ལྟར་ལྟར། དོན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞི་བ་དང་ཁྲོ་བོའི་སྐུར་དཀྱིལ་འཁོར་འཁོར་ལོའི་རྣམ་པར་རོལ་པའོ། །ཞེས་དམིགས་ལ་ཛབ྄་བཟླ། མགལ་མེ་ཀླད་བསྐོར་ནི། ཧཱུྃ༔བདེ་གཤེགས་ཀུན་འདུས་ཆེ་བའི་མཆོག༔འབུམ་ཕྲག་མཁའ་འགྲོ་གཙོ་མོ་རོལ༔དབྱངས་གསལ་ཐུགས་རྗེ་རྒྱུན་བསྐུལ་བའི༔བདེ་ཆེན་འགྲུབ་པའི་དཔལ་སྟེར་ཞིག༔ཁམས་ལྔ་ཡུམ་ལྔའི་ལང་ཚོ་ལས༔ཕུང་པོ་ཐབས་ཀྱི་རྗེས་ཆགས་བསྐུལ༔གསུང་གིས་སྐུ་ཡི་ཐུགས་བསྐུལ་བའི༔སྐུ་གསུམ་དངོས་གྲུབ་མཆོག་སྩོལ་ཞིག༔ཅེས་བསྐུལ་བས། ཡབ་ཀྱི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་གསང་བ་ནས་ཡབ་ཀྱི་གསང་བར་ཞུགས་ཏེ༔དཔེ་མགལ་མེ་འཁོར་བ་ལྟ་བུ་དོན་ཡབ་ཀྱིས་ཡུམ་གྱི་ཐུགས་རྒྱུད་བསྐུལ་བསཿདབང་དྲག་ཆེ་མཆོག་ཡབ་ཡུམ་གཉིས་སུ་མེད་པའི་ཟུང་འཇུག་བདེ་བ་ཆེན་པོའི་གོ་འཕང་ཐོབ་པར་མོས་ལ་ཛབ྄་བཟླ། བུང་བ་ཚང་ཞིག་ནི། ཧཱུྃ་ཧྲཱིཿཕུང་ཁམས་ཐབས་ཤེས་གཉིས་མེད་ལྷ༔དབྱངས་གསལ་རང་བྱུང་དབྱེར་མེད་གསུང་༔སྣང་སྟོང་སྐྱེ་འགག་གཉིས་མེད་ཀྱི༔ཡེ་ཤེས་རབ་འབར་གོ་འཕང་སྩོལ༔ཡང་བདག་ཉིད་ཡི་དམ་ཡབ་ཡུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔སྟོང་ཁམས་གཟུགས་སྣང་ཐམས་ཅད་པདྨ་དྲག་པོ་ཡབ་ཡུམ་གྱི་སྐུས་གང་བའི་ཞལ་ནས་གསང་སྔགས་སྙིང་པོའི་སྒྲ་སྒྲོགས་པ༔དཔེ་བུང་བ་ཚང་ཞིག་པ་ལྟ་བུ་ལ། དོན་ལུས་ལྷའི་དཀྱིལ་འཁོར། ངག་སྔགས་ཀྱི་དཀྱིལ་འཁོར། ཡིད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་མི་འདའ་བའི་དམ་ཚིག་གིས་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་བདེ་བ་ཆེན་པོའི་སྐུ་འགྲུབ་པར་བྱེད་པ་སྟེ་དེ་དག་ཀྱང་མེད་བཞིན་དུ་སྣང་ནའང་། སྣང་བཞིན་སྟོང་པ། སྣང་སྟོང་ཟུང་འཇུག་གི་ངང་ལས་མི་གཡོ་བར་ཛབ྄་བཟླའོ། །རྗེས་ལ་དབྱངས་གསལ་ཡེ་དྷར། ཡིག་བརྒྱ་རྣམས་ཀྱིས་ལྷག་ཆད་བསྐངས། མཆོད་བསྟོད་མདོ་བསྡུས་བྱ། བསྡུ་ལྡང་ནི། བསྐྱེད་པའི་ལྷ་ཚོགས་ཆུ་ཟླ་འཇའ་ཚོན་སྐུ༔བཟླས་པའི་སྙིང་པོ་གྲགས་སྟོང་བྲག་ཅའི་འགྲོས༔གཉིས་མེད་གཟུགས་བརྙན་མེ་ལོང་གཞི་ལ་ཐིམ༔རྩོལ་བྲལ་ཉག་གཅིག་དྲག་པོའི་འཛིན་ཕུར་ཐོབ༔བཟོ་མེད་གང་ཤར་པདྨ་དྲག་པོའི་སྐུ༔བཅོས་མེད་རང་གྲོལ་དྲག་པོའི་ཀློང་དུ་ཐིམ༔བཅིངས་གྲོལ་བློ་འདས་ཀུན་བཟང་བདེ་བའི་ཀློང་༔བདེ་ཆེན་བདེ་ཀློང་ཡངས་པའི་འཛིན་ཕུར་ཐོབ༔གང་ཤར་སྣང་བ་ལྷ་ཡི་རྣམ་རོལ་དུ༔སྟོང་པ་ཤེས་རབ་ཡུམ་གྱི་ངོ་བོར་འཇུག༔རང་གྲོལ་ལྟ་བ་མ་ཡེངས་སྒོམ་པའི་ངང་༔ཆེད་འཛིན་རྩོལ་སྒྲུབ་ལས་འདས་སྤྱོད་པ་ཡི༔འབྲས་བུ་ཡེ་ཤེས་རབ་འབར་མངོན་དུ་གྱིས༔ཨ་ཨ། རང་བྱུང་ཡེ་ཤེས་རང་གྲོལ་ལྟ་བ་ལ༔མ་ཡེངས་རྟག་ཏུ་སྐྱོང་པ་སྒོམ་པའི་ངང་༔ཆེད་འཛིན་རང་གྲོལ་རོལ་པའི་སྤྱོད་པ་སྟེ༔འབྲས་བུ་ཡེ་ཤེས་རབ་འབར་མངོན་དུ་འགྲུབ༔ཨོཾ་ཨཱཿཧཱུྃ༔གིས་གནས་གསུམ་བྱིན་གྱིས་བརླབས་ནས། དགེ་བ་འདི་ཡིས་མྱུར་དུ་བདག །པདྨ་དྲག་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །ཅེས་དགེ་བསྔོ་བྱའོ། །ཟབ་པའི་རྒྱུན་ཁྱེར་ཉུང་ངུ་འདི། །སྤྲུལ་སྐུ་པདྨ་རྒྱལ་མཚན་གྱིས། །བསྐུལ་བས་པདྨའི་མིང་ཅན་གྱིས། །མདོར་བསྡུས་ཉིད་དུ་སྦྱར་བའི་དགེས། །མ་གྱུར་འགྲོ་བ་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་རབ་གྲོལ་ནས། །སྲིད་པ་གསུམ་གྱི་གྲོང་ཁྱེར་རྣམས། །ཡེ་ཤེས་རབ་ཏུ་འབར་གྱུར་ཅིག །འདི་ནི་ཤིན་ཏུ་གསང་བས་ཉམས་སུ་བླང་བར་བྱའོ། །། །
[edit]

@#/__/gur drag ye shes rab 'bar gyi rgyun khyer ye shes bcud thig ces bya ba bzhugs so/__/ oM swa sti/__rang rig bla ma ye shes kyi/__/me dpung rab tu 'bar ba yis/__/bdag rtog 'khrul pa sreg mdzad der/__/btud nas rgyun gyi rnal 'byor dbye/__/de la dbang dang dam tshig la gnas pas bde ba'i stan la 'khod de nges 'byung gi blo sbyangs la/__skyabs yul gsal btab nas/__na mo/__bdag dang mtha' yas sems can rnams:dbang drag pad+mar skyabs su mchi:ngan song sdug bsngal sbyang du gsol:'khor ba'i 'khrul 'khor bzlog tu gsol:lan gsum/__byin rlabs bla ma'i rnal 'byor ni/__rang gi mdun gyi nam mkha' ru/__/bla ma che mchog drag po rtsal/__/rdo rje phag mo yum dang sbyor/__/yab kyi gnas lngar ra tsa hrI ya las/__/dpa' bo rigs lnga yum gnas lngar/__/ha ri ni sas mkha' 'gro lnga/__/bde ba'i gar stabs thabs shes kyi/__/phyag rgya'i sku ru gsal bar gyur/__/oM/__che ba'i che mchog thabs kyi sku:shes rab rdo rje rtse mo sgeg:gnyis med zung 'jug rol pa'i gar:lus kyi dkyil 'khor bde ba che'o:AHngag gi yan lag drug cu na:dbyangs dang gsal byed thabs shes kyi:gnyis med rgyun gyi rang sgra sgrogs:ngag gi dkyil 'khor bde ba che'o:hU~M:snang stong zung 'jug bde stong gar:ma 'gags rtogs pa'i rol rtsed bsgyur:thugs rje chags pas gzhan don du:yid kyi dkyil 'khor bde ba che'oHhrIHrang bzhin snying rje brtse chags pa'i:dkyil 'khor 'brel tshad bde chen sar:phyam gcig dkyil 'khor 'khor lo ru:phrin las dkyil 'khor bde ba che'o:zhes rtse gcig gus pas bstod cing gsol ba 'debs/__mthar dbang blang ba ni/__yab yum gsang gsum rol pa las/__/thabs shes gnyis med bde chen lhas/__/lus la lha yi byin rlabs kyis/__/sgrub mchog lus dbang lha skur smin/__/ngag la sngags kyi byin rlabs kyis/__/sgrub mchog ngag dbang sngags su smin/__/yid la lta ba'i byin rlabs kyis/__/sgrub mchog yid dbang lta bas smin/__/yab yum gnas lnga'i dkyil 'khor lha/__/rjes chags byang chub sems g.yos pa'i/__/gnyis med ye shes zung 'jug rgyun/__/dga' ba bzhi yi dngos grub bcud/__/bde ba chen po'i dngos grub stsol/__yab yum gyi sku yi cha thams cad nas 'od zer kha dog sna tshogs yi ge a~M gyi rnam pa dpag tu med pa byung bas rang gi lus la thim/__lus pad+ma drag po sogs gnyis med rgyud kyi lha thams cad kyi sku'i ngo bor smin par bsams la/__snang stong chu zla lta bu'i lha sku sgom pa la dbang /__mgrin pa nas ye shes 'od zer sna tshogs yi ge dbyangs gsal gyi rgyun dpag tu med pa byung bas bdag gi mgrin par thim/__ngag pad+ma drag po'i gsung dang gnyis su med/__gnyis med rgyud kyi lha thams cad kyi gsung gi ngo bor smin par bsams la/__grags stong brag cha lta bu'i sngags kyi 'khor lo bzla ba la dbang /__thugs ka nas ye shes lnga'i 'od zer kha dog lnga ldan gsal 'tsher dang ldan pa bdag gi snying la phog pas stong nyid ye shes kyi zag pa med pa'i ting nge 'dzin rgyas par bsgom/__bde stong lhan skyes kyi skur mnyam par bzhag pa la dbang bar bsam/__oM AHhU~MHa rtsika ni rtsika na mo b+ha ga wa te hU~M hU~M phaTaHAHhU~M hU~M phaTaHma ha ri ni sa ra tsa hri ya kA ya A b+hi Shiny+tsa oM:wA ka a b+hi Shiny+tsa AHtsit+ta a b+hi Shiny+tsa hU~M:ka kha ga g+ha nga :tsa tsha dza dz+nya nya:Ta Tha Da D+ha Na:ta tha da d+ha na:pa pha ba b+ha ma:ya ra la wa:sha Sha sa ha k+Sha:a A:i I:u U:r-i r-I:l-i l-I:e ai:o au:aM a:zhes byung bas rang gi tshangs bug tu thim/__zung 'jug rdo rje'i sku thob par bsgom/__bla ma che mchog drag po rang la thim/__thugs kar zhugs/__pad+ma drag po dang go 'phang mnyam par bsgom/__snang ba dbang drag che ba'i mchog:stong pa shes rab dgyes mdzad sgegs:snang stong zung 'jug rol pa'i gar:dga' bzhi'i bcud kyi dngos grub bskul:rigs lnga 'khor lo'i dkyil 'khor lngar:thabs shes rigs lnga mnyam sbyor ba'i:dga' bzhi ye shes rnam lnga'i bcud:ye shes bde ba chen po rol:phung po thabs kyi skur bzhengs nas:khams kyi btsun mos dgyes mdzad bskang :bde chen rgya mtsho che ba'i mchog:rin chen 'od 'phros chos 'byung bskyed:snang stong thabs shes zung 'jug tu:phyag rgya chen po'i klong las grol:oM AHdz+nyA na ma hA su kha hoHoM AHhU~M/__oM bo d+hi tsit+ta ma hA su kha dz+nyA na d+hA tu AHzhes skye 'gag gnas gsum dang bral ba'i ngang la mnyam par bzhag go/__dngos gzhi bskyed rim bsgom pa ni/__oM ma hA shu n+yA tA dz+nyA na badz+ra swA b+hA wa at+ma ko\u0f85haMHces dngos pos snang ba stong nyid kyis sbyangs pa'i sgras bskul te:sa rdo'i rten mi dmigs pa las:pad+ma he ru ka dmar dkar ljang ba'i zhal gsum phyag drug gi g.yas su rdo rje:tho ba:bskal pa'i me dpung :g.yon du b+han khrag:lcags sdig:lcags phur 'dzin pa:dur khrod dpal chas kyis brgyan pa'i skur bzhengs pa:chu mes gar khyab yum ye shes gtso mo sku mdog dmar mo gri gug dang thod khrag 'dzin pa'i skur bzhengs pa:yab yum bde ba'i gar byed pa:gnyis ka'i spyi bor rigs kyi bdag po snang ba mtha' yas yum gos dkar mos 'khril ba'i nang ltar na gzugs kyi phung po rdo rje drag po rtsal gyi klong na/__rnam shes kyi phung po pad+ma he ru ka gsal zhing /__tshor ba'i phung po rat+na drag po rtsal dang /__'du shes kyi phung po pad+ma drag po rtsal dang /__'du byed kyi phung po karma drag po rtsal dang /__'byung ba sa yi rang bzhin sha ni rdo rje mkha' 'gro/__chu'i rang bzhin khrag ni rin chen mkha' 'gro/__me'i rang bzhin drod ni pad+ma mkha' 'gro/__rlung gi rang bzhin dbugs ni las kyi mkha' 'gro/__nam mkha'i rang bzhin sems ni yum rdo rje phag mo dang lnga yang ma bskyed rdzogs pa'i tshul du lhun gyis grub cing /__gsang ba rang rig yi dam gyi lha pad+ma he ru ka nyi ma lta bu'i phrin las kyi zer rigs bzhi'i drag po gtso bo dang dbyer med mnyam pa nyid kyi snang ba che mchog drag po rtsal dang /__stong pa'i bdag nyid rdo rje rtse mo snang stong zung 'jug gi bde stong mnyam pa nyid kyi ngo bo rtsol bral 'khor yug tu ma yengs ye shes kyi bcud dga' ba'i bdud rtsi rol zhing mi g.yo chos nyid kyi ye shes rab 'bar gyi ngo bor lhun gyis grub pas gnas pa sems kyi rgyan du shes pa 'phro ba sems kyi rol par shar ba gnyis med mnyam pa'i ngang du gnas pa la zag med bde ba chen po'i dbang bskur zhing nus pas rgyud grol bar bsgom/__sngags bzla ba la rgyal po'i pho nya lta bu'i bzlas pa ni/__hU~M hrIHoM:phung po thabs kyi che mchog tuHkhams kyi rnal 'byor chags shing sgegs:phung khams thabs shes dbyings kyi lha:gnyis med ye shes gcig tu sbyor:AHngag gi gsung dbyangs rang byung sgras:thabs kyi klong las shes rab dang :shes rab mkha' las thabs byung bas:dbyangs gsal ye shes gcig tu sbyor:hU~M:phung khams lha dang lha mo yi:bde stong gang shar rol pa'i 'khor:rdo rje gsum gyi lam khyer la:gnyis med ye shes gcig tu sbyor:zhes thugs dam bskul nas:rang gi lus kyi phung khams ye shes thabs shes gnyis su med pa'i snying ga chos kyi 'khor lo 'od kyi tsit+ta'i gong bur nyi zla'i gdan gyi steng du:snang ba'i rig mdangs hU~M yig dmar po dang /__stong pa'i snang cha hrIHyig mthing nag tu gsal ba'i mtha' bskor du:dus gsum rgyal ba thams cad kyi rtsa ba'i snying po g.yas su 'khor bar bsgom/__de yang gsang sngags kyi snying po 'bru re re la'ang phyogs bcu'i rgyal ba thams cad kyi thugs rje byin rlabs 'dus la:'bru re re'i 'od zer gyis kyang 'gro ba mang po'i sdug bsngal sel bar nus pa ni/__dpe rgyal po'i pho nya lta bu:don sangs rgyas kyi thugs rjes sa bon 'phro 'du byed pa:'od zer phyogs bcur 'phros pas rigs drug gi sems can la phog pas so so'i sdug bsngal zhi bar bsgom la/__oM AHhU~M:a rtsika ni rtsika na mo b+ha ga wa te hU~M hU~M phaT:AHhU~M hU~M phaT:zla ba skar phreng dgongs pa ni/__hU~M:yab yum sku yi rnam rol gyi:lus dbang lha ru smin pa dang :grags pa'i gsang sngags snying po yis:ngag la nus pa'i mchog stsol cig:gsal ba'i snang stong chu zla'i sku:grags stong gsang sngags rang byung sgra'i:bde chen rig pa'i rtsal dbang du:yi dam lha yi byin gyis rlobs:zhes bskyed pa'i sa bon zla ba nya rgyas pa lta bu 'od zer dpag tu med pa 'phros pa'i mtha' bskor du/__bzlas pa sngags kyi yig 'bru rab tu gsal zhing 'tsher ba:'od zer dpag tu med pa 'phro ba/__zla ba zar ma'i phreng ba sgril ba ltar ltar/__don phyogs bcu'i sangs rgyas dang byang chub sems dpa' thams cad zhi ba dang khro bo'i skur dkyil 'khor 'khor lo'i rnam par rol pa'o/__/zhes dmigs la dzaba? bzla/__mgal me klad bskor ni/__hU~M:bde gshegs kun 'dus che ba'i mchog:'bum phrag mkha' 'gro gtso mo rol:dbyangs gsal thugs rje rgyun bskul ba'i:bde chen 'grub pa'i dpal ster zhig:khams lnga yum lnga'i lang tsho las:phung po thabs kyi rjes chags bskul:gsung gis sku yi thugs bskul ba'i:sku gsum dngos grub mchog stsol zhig:ces bskul bas/__yab kyi thugs ka'i sngags kyi 'od zer yum gyi zhal du zhugs/__yum gyi gsang ba nas yab kyi gsang bar zhugs te:dpe mgal me 'khor ba lta bu don yab kyis yum gyi thugs rgyud bskul bsaHdbang drag che mchog yab yum gnyis su med pa'i zung 'jug bde ba chen po'i go 'phang thob par mos la dzaba? bzla/__bung ba tshang zhig ni/__hU~M hrIHphung khams thabs shes gnyis med lha:dbyangs gsal rang byung dbyer med gsung :snang stong skye 'gag gnyis med kyi:ye shes rab 'bar go 'phang stsol:yang bdag nyid yi dam yab yum las 'od zer dpag tu med pa 'phros:stong khams gzugs snang thams cad pad+ma drag po yab yum gyi skus gang ba'i zhal nas gsang sngags snying po'i sgra sgrogs pa:dpe bung ba tshang zhig pa lta bu la/__don lus lha'i dkyil 'khor/__ngag sngags kyi dkyil 'khor/__yid ting nge 'dzin gyi dkyil 'khor las mi 'da' ba'i dam tshig gis tshe gcig lus gcig la zung 'jug bde ba chen po'i sku 'grub par byed pa ste de dag kyang med bzhin du snang na'ang /__snang bzhin stong pa/__snang stong zung 'jug gi ngang las mi g.yo bar dzaba? bzla'o/__/rjes la dbyangs gsal ye d+har/__yig brgya rnams kyis lhag chad bskangs/__mchod bstod mdo bsdus bya/__bsdu ldang ni/__bskyed pa'i lha tshogs chu zla 'ja' tshon sku:bzlas pa'i snying po grags stong brag ca'i 'gros:gnyis med gzugs brnyan me long gzhi la thim:rtsol bral nyag gcig drag po'i 'dzin phur thob:bzo med gang shar pad+ma drag po'i sku:bcos med rang grol drag po'i klong du thim:bcings grol blo 'das kun bzang bde ba'i klong :bde chen bde klong yangs pa'i 'dzin phur thob:gang shar snang ba lha yi rnam rol du:stong pa shes rab yum gyi ngo bor 'jug:rang grol lta ba ma yengs sgom pa'i ngang :ched 'dzin rtsol sgrub las 'das spyod pa yi:'bras bu ye shes rab 'bar mngon du gyis:a a/__rang byung ye shes rang grol lta ba la:ma yengs rtag tu skyong pa sgom pa'i ngang :ched 'dzin rang grol rol pa'i spyod pa ste:'bras bu ye shes rab 'bar mngon du 'grub:oM AHhU~M:gis gnas gsum byin gyis brlabs nas/__dge ba 'di yis myur du bdag__/pad+ma drag po 'grub gyur nas/__/'gro ba gcig kyang ma lus pa/__/de yi sa la 'khod par shog__/ces dge bsngo bya'o/__/zab pa'i rgyun khyer nyung ngu 'di/__/sprul sku pad+ma rgyal mtshan gyis/__/bskul bas pad+ma'i ming can gyis/__/mdor bsdus nyid du sbyar ba'i dges/__/ma gyur 'gro ba sems can rnams/__/srid pa'i mtsho las rab grol nas/__/srid pa gsum gyi grong khyer rnams/__/ye shes rab tu 'bar gyur cig__/'di ni shin tu gsang bas nyams su blang bar bya'o/__//__/

Footnotes

Other Information