ཆོས་སྐྱོང་གི་འཁུ་ལྡོག་ཞི་བ་ཟ་ངུའི་ཕྲིན་བཅོལ།

From Khyentse Lineage - A Tsadra Foundation Project
Wylie title chos skyong gi 'khu ldog zhi ba za ngu'i phrin bcol
Location dpal sprul bka' 'bum
Volume 6, Text 12, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Exhortations to Act - phrin bcol
Colophon

།འདི་མཚམས་སྤྲུལ་རིན་པོ་ཆེ་མགོ་ལོག་ཏུ་ཕེབས་སྐབས་དཔལ་སྤྲུལ་པས་སོ།

/'di mtshams sprul rin po che mgo log tu phebs skabs dpal sprul pas so/

[edit]
༄༅། །ཆོས་སྐྱོང་གི་འཁུ་ལྡོག་ཞི་བ་ཟ་ངུའི་ཕྲིན་བཅོལ།


བྱང་ཆུབ་སེམས་དང་ལྡན་པའི་སྐྱེས་བུ་ཡིས། །ཐུགས་བསྐྱེད་དམ་བཅའ་མི་ཉམས་བསྟན་འགྲོའི་དོན། །སྐལ་མེད་ཐར་པའི་ས་བོན་འདེབས་པ་ལ། །དམ་ཅན་རྒྱ་མཚོས་རུ་ང་ཕྲག་དོག་སྤོངས། །ཤིན་ཏུ་གདུལ་དཀའ་ལས་འབྲེལ་མེད་པའི་རིགས། །བཀའ་སྲུང་དྲེགས་པའི་ཟ་ཁ་ཟུག་པ་ལ། །ཕྱི་ཚུལ་འཇམ་པོས་འབྲེལ་བ་བཞག་ནའང་། །བཀའ་སྡོད་ཕོ་ཉའི་ཚོགས་ཀྱི་ཟ་ངུ་གྱིས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་། །རྒྱལ་བསྟན་དར་རྒྱས་འགྲོ་བའི་བདེ་སྐྱིད་འཕེལ། །དམག་ཇག་ཆོམ་པོའི་ལས་ངན་རྒྱུན་ཆད་ནས། །བསམ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །འདི་མཚམས་སྤྲུལ་རིན་པོ་ཆེ་མགོ་ལོག་ཏུ་ཕེབས་སྐབས་དཔལ་སྤྲུལ་པས་སོ། །