འབྲི་རྒྱུད་བཀྲ་ཤིས་ཆོས་ལུང་གི་གཞི་བདག་བསང་མཆོད་མདོར་བསྡུས།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-103
Wylie title 'bri rgyud bkra shis chos lung gi gzhi bdag bsang mchod mdor bsdus JKCL-KABUM-11-DA-103.pdf
Location chos kyi blo gros bka' 'bum
Volume 11, Text 103, Pages 511-512 (Folios 1a1 to 1b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'bri rgyud bkra shis chos lung gi gzhi bdag bsang mchod mdor bsdus. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 511-512. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon

།འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག།

/'jam dbyangs blo gros rgya mtshos bris pa don dang ldan par gyur cig/

1 Texts in this Section (sde tshan or chos tshan)

[edit]
འབྲི་རྒྱུད་བཀྲ་ཤིས་ཆོས་ལུང་གི་གཞི་བདག་བསང་མཆོད་མདོར་བསྡུས་བཞུགས་སོ། །རྃ་ཡྃ་ཁྃ། ཡེ་ཤེས་མེ་རླུང་ཆུ་ཡིས་བསྲེག་གཏོར་བཀྲུས། །སྤྱན་མའི་རང་བཞིན་ཐབས་ཁུང་འཁྱིལ་པའི་དབུས། །གོས་དཀར་ལྷ་མོས་བསྐུལ་བའི་ཡེ་ཤེས་མེར། །རྨད་བྱུང་སྒྱུ་འཕྲུལ་རྒྱན་གྱི་རྫས་མཆོག་རྣམས། །ལྷན་ཅིག་སྦྱར་བ་ལས་བྱུང་བདུད་རྩིའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱི་སྤྲིན་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཀྱཻ། བསང་ངོ་སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་དང་། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་དང་། །ཌཱ་ཀི་ཞིང་སྐྱོང་ཆོས་སྲུང་ནོར་ལྷའི་ཚོགས། །རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་སྙེད་ལ། །བསང་ངོ་མཆོད་དོ་དངོས་གྲུབ་རྣམ་གཉིས་སྩོལ། །ཁྱད་པར་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ཡི། །དམ་ལ་གནས་པའི་བོད་སྐྱོང་བརྟན་མ་དང་། །མགུར་ལྷ་དགེ་བསྙེན་རི་དབང་སྤུན་དགུ་སོགས། །གནས་དང་གཏེར་སྲུང་དཀར་ཕྱོགས་སྐྱོང་རྣམས་ལ། །བསང་ངོ་མཆོད་དོ་རྣམ་བཞིའི་ཕྲིན་ལས་སྒྲུབས། །སྡེ་བཞི་དགེ་བཅུའི་དཔལ་ཡོན་འཁྲིགས་པའི་ལྗོངས། །འབྲི་ཀླུང་དམ་པ་ཆོས་ཀྱི་ཕྱུག་པ་ཡི། །ལྷ་ཀླུ་དགེ་བསྙེན་བདུད་བཙན་གནོད་སྦྱིན་དང་། །རྡོ་རྗེ་གཡུང་དྲུང་རྡོ་རྗེ་དབང་དྲག་དང་། །རྡོ་རྗེ་བློ་གྲོས་ལ་སོགས་སྲིད་ཆགས་ཀྱི། །ལྷ་རབ་དགེ་བསྙེན་མཆེད་ཡུམ་བློན་འཁོར་དང་། །རྒུའུ་རྨའི་ཐི་བསྟན་པའི་རྒྱལ་མཚན་སྒྲེངས། །མི་ཡི་རྒྱལ་པོ་བྲག་རི་གཡུ་མཁར་ཆེ། །འབའ་རྒྱལ་ཇོ་བོ་ཚེ་དབང་དར་པོ་སོགས། །ཡུལ་འདིའི་གནས་གཏེར་སྐྱོང་བ་འཁོར་བཅས་ལ། །བསང་ངོ་མཆོད་དོ་ཁ་འཛིན་སྡོང་གྲོགས་མཛོད། །གཉུག་མར་གནས་དང་གློ་བུར་ལྷག་པའི་མགྲོན། །སྙིང་རྗེའི་ཡུལ་དང་བགེགས་ཀྱི་རིགས་གྱུར་པའི། །ལན་ཆགས་མགྲོན་རྣམས་མ་ལུས་ཐམས་ཅད་ལ། །བསང་མཆོད་བདུད་རྩིའི་ལྷག་མ་འདི་སྦྱིན་ནོ། །གནོད་འཚེ་གདུག་སེམས་མ་ལུས་ཞི་བར་མཛོད། །དེ་ལྟར་མགྲོན་རིགས་བཞི་པོ་འཁོར་བཅས་ལ། །འདོད་ཡོན་ལྔ་ལྡན་བསང་མཆོད་ཕུལ་བའི་མཐུས། །བསྟན་དང་དེ་འཛིན་སྦྱིན་བདག་དང་བཅས་པའི། །འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་འབད་མེད་སྒྲུབས། །སྲིད་ཞིའི་ཕྱྭ་གཡང་མ་ལུས་འདིར་བསྡུས་ནས། །བཀྲ་ཤིས་ཨུཏྤལ་དཀར་པོས་ཁྱབ་གྱུར་ཅིག །འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།

Footnotes

Other Information