Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
།ཞེས་པའང་རིགས་ཀུན་ཁྱབ་བདག་གཏེར་ཆེན་བླ་མ་མཆོག་གི་ཞལ་སྔ་ནས་ཚུལ་འདིའི་སྨིན་གྲོལ་ནོས་ཤིང་གཏོར་བཟློག་གི་རིམ་པ་འདི་ལྟ་བུའི་ཆོག་ཁྲིགས་གྱིས་ཞེས་རྗེས་སུ་གནང་བ་ལ་བརྟེན་ནས་བླ་མའི་བྲན་དུ་གྱུར་པ་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་འདིས་འགྲོ་ཀུན་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་ཞིང་དཔལ་ཧེ་རུ་ཀའི་གོ་འཕང་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།  +
བདག་འདྲ་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་ས་ཁམས་སྟག་གི་ལོར་ཤོག་དྲིལ་བཀོད་པ་རེ་ཞིག་གསང་རྒྱ་བྱས་ནས་ཕྱིས་ཆུ་ཁམ་སྟག་ལོར་དག་པར་ཕབ་པའོཿ  +
།ཅེས་རྒྱུད་དང་མན་ངག་གི་ངེས་པ་གྲུབ་པའི་ལུང་གིས་ལེགས་པར་ཕྱེ་བའི་རྗེས་སུ་འབྲངས་ཏེ། རིག་པ་འཛིན་པའི་བཙུན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་རྡོ་རྗེ་གཟི་བརྗིད་རྩལ་གྱིས་གཉིས་མེད་དང་པོའི་སངས་རྒྱས་ཀྱི་ཆོས་ཕུང་བདུད་རྩིས་ས་གསུམ་ཀུན་ཏུ་དགེ་བས་ཁྱབ་པར་མཛད་པའི་དུས་ཀྱི་རྒྱལ་པོའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལྷ་དང་དྲང་སྲོང་རིག་འཛིན་ཌཱ་ཀི་ཀུན་ཏུ་དགྱེས་རྒུར་སྤྱོད་པ་ན་རྫོགས་པར་བྲིས་པ་འདིས་ཀྱང་རིས་མེད་པའི་བསྟན་འཛིན་གྱི་སྐྱེས་བུ་དང༌། བསྟན་པ་མཆོད་པའི་ཆོས་ལྡན་གྱི་ ས་སྤྱོད་རྣམས་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང༌། འགྲོ་ཀུན་དྲི་མེད་གཉུག་མའི་རྡོ་རྗེའི་སྲོག་འགྲུབ་པའི་རྒྱུར་སིདྡྷི་རསྟུ།  +
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དགོངས་གཏེར་བདག་མི་ཕམ་རྣམ་པར་རྒྱལ་བ་ལ་གཏད་པ་ལགས་སོ། མངྒ་ལཾ།།  +
ཞེས་པའང་ཟླ་༨ཚེས༢༦ལ་མི་ཕམ་པས་སོ། །ཤུ་བྷཾ་མངྒ་ལཾ།།  +
ཅེས་པའང་གཏེར་གཞུང་ལ་གསལ་བྱེད་ཕྲན་བུས་བརྒྱན་པ་འདི་ཡང་ཆོས་ཀྱི་བློ་གྲོས་པས་སོ།།  +
།ཅེས་པའང་ཟབ་ཆོས་འདིའི་སྨིན་གྲོལ་ཐོག་མའི་སྣོད་རུང་གི་སྐལ་བཟང་ཐོབ་པ་བློ་གྲོས་མཐའ་ཡས་ཀྱིས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།  +
།ཅེས་གཏད་མེད་ནམ་མཁའི་རྣལ་འབྱོར་དྲུང་ཆེན་དྷརྨ་ས་རའི་ཞལ་སློབ་རྣམས་དང་ལྷག་མཐོང་ཀུན་དགས་ཆེད་བསྐུལ་ངོར་དིལ་མཁྱེན་རྒན་པོ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མའམ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་བྲིས་པ་འགྲོ་ཀུན་བླ་མ་མཆོག་དང་གཉིས་སུ་མེད་པར་འཚང་རྒྱ་བའི་རྒྱུར་གྱུར་ཅིག  +
* '''First colophon page 493:''' །ཅེས་པའི་ཞབས་བརྟན་འདིའང་གཏེར་སྟོན་དགོན་གྱི་མཆོག་སྤྲུལ་པད་དཀར་ནས་གསུང་གིས་བསྐུལ་བ་བཞིན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ས་ཟླའི་༡༠ཚེས་བཟང་པོར་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམ་སྐྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་འདིས་ཀྱང་རྗེ་བཙུན་བླ་མའི་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པའི་རྒྱུར་གྱུར་ཅིག * '''Second colophon page 494:''' །ཅེས་པའང་དྲྭ་སྒང་སྒྲུབ་སྡེས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་པ་དོན་དང་ལྡན་པར་གྱུར་ཅིག * '''Third colophon page 494:''' །ཅེས་པའང་ཆོས་ཀྱི་བློ་གྲོས་ཀྱིས་སོ།།   +
།ཞེས་པའང་འཁྲུལ་ཞིག་རིན་པོ་ཆེས་གསུང་ངོར། ཆོས་ཀྱི་བློ་གྲོས་པས་འབྲས་ལྗོངས་སྒང་ཐོག་ཏུ་སྤེན་པ་སྣར་མའི་འགྲུབ་སྦྱོར་བཟང་པོ་དང་ལྡན་པའི་དབོ་ཟླའི་ཚེས་༦ལ་བྲིས་པ་དགེ་ལེགས་སུ་གྱུར་ཅིག།  +
* '''First colophon page 497:''' །ཅེས་པའང་དད་ལྡན་ལྷག་བསམ་གསེར་བཟང་ལྟར་དཀར་བ་སྤར་བརྐོས་ཆོས་འཕེལ་གྱིས་བསྐུལ་ངོར་ཐབས་མཆོག་དཔའ་བོ་ཡེ་ཤེས་རྡོ་རྗེས་བྲིས་པ་འདིས་ཀྱང་དྷཱ་ཀིའི་ཚེ་འཕྲང་བཟློག་ཅིང་རིང་དུ་འཚོ་བའི་རྒྱུར་གུ་རུ་པད་འབྱུང་ཡབ་ཡུམ་གྱིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་མངྒ་ལཾ། * '''Second colophon page 500:''' ཕྱག་བྲིས་ལས་ཞལ་བཤུས།།   +
ཅེས་ཀུན་མཁྱེན་བླ་མ་བརྩེ་བ་ཆེན་པོས་ཤིང་ལུག་ས་ཟླའི་དཀར་ཕྱོགས་ཀྱི་འཕེལ་ཚེས་དྲུག་གི་ཉིན་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་རྩ་གསུམ་པདྨ་སྙིང་ཐིག་གི་གུ་རུ་ཞི་བའི་དབང་སྒྲུབ་སྐབས་ཞལ་ནས་གསུང་རིམ་བཞིན་གུས་པའི་འབངས་སྐལ་བཟང་མངྒ་ལའི་མིང་ཅན་གྱིས་ཡི་གེར་བྲིས་པ་དགེ་ལེགས་འཕེལ།།  +
།ངོ་བོ་འགྱུརྃ་མེདྃ་རྡོ་རྗེའི་ཡེ་ཤེས་ཉིད། །རྣམ་པ་སྐུ་གསུམ་རོལ་པའི་བྱིན་རླབས་ཚུལ། །ཐེགྃ་མཆོྃག་བསྟནྃ་པའིྃ་རྒྱལྃ་མཚྃན་རྨད་བྱུང་བ། །སྐལ་བཟང་ཕྱོགས་ལས་རྣམ་རྒྱལ་དཔལ་དུ་མཛེས། །བླ་མ་སྐུ་གསུམ་སྒྱུ་འཕྲུལ་རོལ་པའི་བྱིན་རླབས་ཀྱི་ལེའུ་ཚན་ནོ།།  +
ཅེས་པའང་དད་ལྡན་རྣམས་ཀྱི་ཡང་ཡང་བསྐུལ་པའི་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྤེལ་བ་དགེ་ལེགས་འཕེལ།།  +
།ཞེས་པའང་ལུང་ཟིན་སྤྲུལ་པའི་ཆོས་རྒྱལ་རིན་པོ་ཆེ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེས་ཉམས་བཞེས་གསལ་འདེབས་སུ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་ཕུལ་བ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།།  +
* '''First colophon:''' ཞེས་པ་འདིའང་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསུངས་སོ།། * '''Second colophon:''' །ཅེས་པའང་༧ཆོས་ཀྱི་བློ་གྲོས་པས་སོ།།   +
* '''First colophon:''' །ཅེས་པའང་རྗེ་བླ་མ་ཉིད་ཀྱིས་དྲྭ་སྒང་ཆོས་སྡེར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུང་པོད་༡༣ལྗགས་ལུང་གནང་སྐབས་ཞལ་སློབ་རྣམས་ཀྱིས་གསུང་བསྐུལ་ངོར། ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་བ་སིདྡྷི་རསྟུ། * '''Second colophon:''' །ཞེས་ཆོས་ཀྱི་བློ་གྲོས་བས་སོ།།   +
།ཅེས་པའང་འཇམ་མགོན་མི་ཕམ་རིན་པོ་ཆེའི་དུས་འཁོར་རྒྱུད་ཀྱི་བཤད་ཁྲིད་རྫོགས་སྐབས་རྒྱལ་རྩེ་ཁྲོ་དགའི་སྲས་སྤྲུལ་འགྱུར་མེད་ངག་དབང་ཆོས་དབྱིངས་རྒྱ་མཚོས་རྟེན་བཅས་བསྐུལ་ངོར་ཞེ་ཆེན་པ་འགྱུར་མེད་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་ཤིང་སྨོན་པ་བཞིན་འགྲུབ་པའི་རྟེན་འབྱུང་དུ་གྱུར་ཅིག།  +
།ཅེས་པའང་ས་ཁྱི་མགོ་ཟླའི་༡༡ཚེས་༢༢ལ་ཆོས་ཀྱི་བློ་གྲོས་པས་སོ།།  +
* '''First colophon:''' །ཅེས་པའང་ཟླ་ཚེས་༢༥སྨོན་པའོ། * '''Second colophon:''' །ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།།   +