ན་མོ་གུ་ར་བེ། བྱིན་བརླབ་མཆོག་སྩོལ་བླ་མ་དང་ཞེས་སྐུ་གསུམ་བླ་མའི་རྣལ་འབྱོར་གྱི་ཟིན་ཐུན་དམིགས་ཁྲིད་ཉུང་ངུར།

From Khyentse Lineage - A Tsadra Foundation Project
JKCL-KABUM-08-NYA-007
Wylie title na mo gu ra be/ byin brlab mchog stsol bla ma dang zhes sku gsum bla ma'i rnal 'byor gyi zin thun dmigs khrid nyung ngur JKCL-KABUM-08-NYA-007.pdf
Location chos kyi blo gros bka' 'bum
Volume 8, Text 7, Pages 209-217 (Folios 1a1 to 5a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse chos kyi blo gros. na mo gu ra be byin brlab mchog stsol bla ma dang zhes sku gsum bla ma'i rnal 'byor gyi zin thun dmigs khrid nyung ngur. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: 209-217. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor  ·  Notes - zin bris
Cycle བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས་ (bla ma'i rnal 'byor ye shes char 'bebs)
Colophon

ཅེས་པའང་དད་ལྡན་རྣམས་ཀྱི་ཡང་ཡང་བསྐུལ་པའི་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྤེལ་བ་དགེ་ལེགས་འཕེལ།།

ces pa'ang dad ldan rnams kyi yang yang bskul pa'i ngor 'jam dbyangs chos kyi blo gros pas spel ba dge legs 'phel//

Notes For the root text see sku gsum bla ma'i rnal 'byor ye shes char 'bebs

1 Texts in this Section (sde tshan or chos tshan)

[edit]
ན་མོ་གུ་ར་བེ། བྱིན་བརླབ་མཆོག་སྩོལ་བླ་མ་དང་། །དངོས་གྲུབ་དཔལ་སྟེར་ཡི་དམ་ལྷས། །མཆོག་ཐུན་དངོས་གྲུབ་སྩོལ་བ་དང་། །དཔའ་བོ་མཁའ་འགྲོས་ཤིས་པ་སྩོལ། །དེ་ལ་འདིར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པས་ཟབ་མོ་དགོངས་པའི་གཏེར་མཛོད་ལས་ཕྱུང་བའི་རྒྱུད་ལུང་མན་ངག་བཅུད་དྲིལ་སྐུ་གསུམ་བླ་མའི་རྣལ་འབྱོར་གྱི་ཟིན་ཐུན་དམིགས་ཁྲིད་ཉུང་ངུར་འགོད་པ་ལ། ངེས་འབྱུང་གིས་སྣ་དྲངས་པའི་བློ་ལྡོག་རྣམ་བཞི་རྒྱུད་ལ་ཅི་འབྱོངས་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེར་བློ་སྦྱོང་བ་རྣམས་ཤུགས་དྲག་ཏུ་སྒོམ། རླུང་རོ་དགུ་ཕྲུགས་ཕྱག་ལེན་ལྟར་བུས་ལ་བདེ་བའི་སྟན་ལ་ལུས་སེམས་རྣལ་ཕབ་སྟེ་རང་ཉིད་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་རྒྱ་ཁྱོན་ཚད་ལས་འདས་པར་གསལ་བའི་མདུན་གྱི་ནམ་མཁར་སྣ་ཚོགས་པདྨའི་གདན་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཟླ་བ་ཉ་གང་བའི་དབུས་སུ་དྲིན་ཅན་རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཡུམ་མཚོ་རྒྱལ་དཀར་མོས་འཁྲིལ་བ་དར་དང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས་པ་སྐུ་མདོག་མཐིང་གསལ་ཁྲོ་འཛུམ་རྡོར་དྲིལ་འཛིན་པ་ཞབས་སྐྱིལ་སྐྲུང་དུ་བཞུགས་པ་དེ་ཉིད་སྐྱབས་གནས་ཀུན་འདུས་ནོར་བུ་ལུགས་སུ་སྒོམ་པ་དང་ཚེ་འདིའི་ཕ་མ་དགྲ་གཉེན་རྣམས་ཀྱིས་གཙོས་བྱས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཁྲོམ་འཚོགས་པ་ལྟ་བུར་འཁོད་པས་རང་དང་ལྷན་ཅིག་ཏུ་སྒོ་གསུམ་འདུན་པ་གཅིག་དྲིལ་གྱིས་སྐྱབས་འགྲོ་དང་། སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་ཤེས་པའི་སྒོ་ནས་སྐྱེས་བུ་ཆེན་པོའི་བློས་སྨོན་པ་དང་འཇུག་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྟབས་ཅིག་ཏུ་བླངས་བ་སོགས་ཁྲིད་གཞུང་གཞན་ནས་འབྱུང་བ་ལ་གོ་དོན་ཞིབ་མོར་བླངས་ཏེ་གྲངས་ཅི་མང་དང་། །མཐར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། རང་གཞན་རྣམས་ལ་ཐིམ་ཚོགས་རྫོགས་སྒྲིབ་པ་བྱང་། སྐུ་གཉིས་ཀྱི་ས་བོན་ཐེབས། སྐྱབས་ཡུལ་རང་ལ་ཐིམ་པར་བསམ་ལ་དམིགས་མེད་ཀྱི་ངང་དུ་འཇོག་གོ །རྡོར་སེམས་སྐབས་རང་གི་སྤྱིི་བོར་མཐོ་གང་ཙམ་གྱི་སྟེང་དུ་རྡོར་སེམས་གྱི་གདན་པདྨ། དེའི་ཡུ་བ་ཚངས་བུག་ཏུ་ཟུག་པ། རྩ་བའི་བླ་མ་དང་དབྱེར་མེད་པའི་རྡོར་སེམས་གཞུང་ཚིག་ལྟར་ལ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཐུགས་ཀར་ཟླ་བ་ལེབ་དཀྱིལ་གྱི་སྟེང་དུ་ཧཱུྃ་དཀར་པོ་དངུལ་ཆུ་དྭངས་བའི་མདོག་ཅན། དེའི་མདུན་གྱི་མཐའ་ཨོཾ་ནས་ཨཱཿབར་ཡི་གེ་བརྒྱ་པ་སྦྲུལ་འཁྱིལ་དུ་ཡོད་པ། ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས་ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར་བ་དང་འོད་ཟེར་སྤྲོ་བསྡུ། ཟླ་བ་སྔགས་ཕྲེང་དང་བཅས་པ་ལ་བདུད་རྩིའི་རྒྱུན་བབས་ནད་གདོན་སྡིག་སྒྲིབ་རྣམས་རྣག་ཁྲག་སྲོག་ཆགས་དུད་ཁུ་དང་སོལ་ཁུའི་རྣམ་པས་ཕྱིར་འཐོན། ལུས་ནང་རྩ་དང་བཅས་པ་བདུད་རྩིས་དྭངས་མས་གང་བར་བསམ་ལ་ཡི་གེ་བརྒྱ་པ་བཟླ། མཐར་རུ་ཏྲའི་སྨྲེ་བཤགས་སམ། མགོན་པོ་བདག་ནི་སོགས་གསོལ་འདེབས་དང་སྡིག་སྒྲིབ་དག་པའི་གནང་བ་བྱིན་ནས་རང་ལ་བསྟིམ་ཞིང་དམིགས་མེད་ཀྱི་ངང་དུ་འཇོག། དེ་ཡང་རྟེན་གྱི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སོར་ཆུད་པའི་སྟོབས་ཏེ་སྟོབས་བཞི་ཚང་བ་གལ་ཆེའོ། །བླ་མའི་རྣལ་འབྱོར་སྐབས་སྭ་བྷཱ་ཝཱའི་སྔགས་བརྗོད་པས་སྣོད་བཅུད་ཐམས་ཅད་སྟོང་ཉིད་བཙན་ཐབས་སུ་སྦྱོང་། དེའི་ངང་ལས་ཞིང་དང་གཞི་ལུས་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཐུགས་དཀར་སྟེང་འོག་ཏུ་འཛིན་པ་ཁྲོ་ཆས་སྤྱི་ལྟར་ལ་ཞབས་གཡས་བསྐུམ་གཡོན་བརྐྱང་དོར་སྟབས། རང་སྣང་ཡུམ་ཕག་མོ་མཐིང་ནག་པདྨ་དང་ཐོད་ཁྲག་འཛིན་པ་ཁྲོ་མོའི་ཆས་ཀྱིས་བརྒྱན་པ། རང་གི་སྤྱི་བོའི་སྟེང་བདེ་ཆེན་འཁོར་ལོ་ལ་སྤྲུལ་སྐུ་ཐོད་ཕྲེང་རྩལ་དེའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་ཤིན་ཏུ་རྒྱས་པའི་ཟེའུ་འབྲུས་སྟེང་ལོངས་སྐུ་སྤྱན་རས་གཟིགས། ཐོད་ཕྲེང་རྩལ་གྱི་དབུ་སྐྲ་རལ་པའི་ཐོར་ཅོག་གི་གསེབ་ཏུ་ཆོས་སྐུ་སྣང་བ་མཐའ་ཡས་གསལ། དེ་ཐམས་ཅད་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པ། དེ་ཐམས་ཅད་ཀྱང་སྣང་སྟོང་ཟུང་འཇུག་རེ་རེ་ཡང་སྐྱབས་གནས་ཀུན་འདུས་གདན་གསུམ་ཚང་བ་རེ་གསལ་བཏབ། དེ་ཀུན་ལ་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་སོགས་བསྐྱེད་རིམ་གྱི་བྱ་བ་སྤྱི་ལྟར་བསྒོམ། དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པའི་སྐབས་སྐུ་གསུམ་གྱི་ཞིང་ནས་བསྒོམ་པ་དང་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཡང་ཡང་བསྟིམ། ཚིག་བདུན་སྔགས་དང་བཅས་པ་ལན་གསུམ་མམ་བདུན་བྱ། ཚོགས་བསགས་སྡོམ་བཟུང་གི་སྐབས་ཡན་ལག་བདུན་པ་དམིགས་རིམ་ཞིབ་ཆ་གཞུང་གཞན་ནས་འབྱུང་བ་ལྟར་རོ། །མཎྜལ་གྱི་རྒྱུ་ཚོགས་དངོས་གཙང་བ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི་བརྡར། འབྲུ་ལ་དྲི་བཟང་གིས་ཆུས་བརླན་པ་གལ་ཆེ། ངག་འདོན་ཚོམ་བུ་སོ་བདུན་མ་སྤྱི་ལྟར་དང་། བསྡུ་ན་གཞུང་ནས་འབྱུང་བ་ལྟར་ལ། སྤྲུལ་སྐུའི་མཎྜལ་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ། རྣམ་པ་སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱར་སྤྲུལ་སྟེ་འབུལ་བ་དང་། ནང་རང་ལུས་དབང་པོའི་མཎྜལ་ཕུང་ལྔ་རིགས་ལྔའི་ཚོམ་བུ་གངས་ཆེན་མཚོའི་ཞིང་དང་མཉམ་པར་བཀོད་དེ་འབུལ་བ་དང་། གསང་བ་སྣང་སྲིད་གདོད་ནས་རྣམ་དག་གཞི་དབྱིངས་ཀ་དག་གཞོན་ནུ་བུམ་སྐུའི་སྦུབས་སུ་ཐུགས་རྗེའི་ལས་རྩལ་སྣང་འགགས་པ་མེད་པ་ཆོས་ཉིད་རིག་རྩལ་རོལ་པའི་རྒྱན་དབྱིངས་སྣང་མཐའ་ཡས་གདལ་ཁྱབ་ཐིག་ལེ་ཆེན་པོའི་ཀློང་དུ་འབུལ་བའོ། །གསོལ་འདེབས་རྒྱས་པ་ལེའུ་བདུན་པ་དང་། དེ་མཐར་གཞུང་གི་གསོལ་འདེབས་ཚིག་རྗེས་དོན་དྲན་བཞིན་མོས་གུས་ཀྱི་འཆི་མ་འཁྲུགས། དད་པའི་སྤུ་ལོང་གཡོས། སྙིང་ཁུང་རུས་པའི་གཏིང་ནས་གསོལ་འདེབས་ཤུགས་དྲག་པོ་བརྒྱ་རྩ་སོགས་བྱའོ། །འོད་ཟེར་སྤྲོ་བསྡུའི་སྐབས་དམིགས་པ་གཞུང་ལྟར་ལ། འོད་ཟེར་ཡར་མཆོད་སྐབས་འོད་གསལ་སྙིང་ཏིག་གི་རིག་འཛིན་བརྒྱུད་པའི་བླ་མ་ཡི་དམ་སོགས་ཐུགས་མཉེས་པའི་མཆོད་པ་འབུལ། མར་སྤྲོས་སྐབས་འགྲོ་བ་རིགས་དྲུག་སྦྱངས། འོད་ཟེར་ཚུར་འདུས་སྐབས་དེ་དག་གི་ཐུགས་རྗེ་བྱིན་བརླབ་ནུས་མཐུ་ཐམས་ཅད་གནས་གསུམ་དུ་ཐིམ་པར་བསྒོམ། སྐུ་ཕྱག་རྒྱ་ལ་སྐུ་གསུམ་སོ་སོའི་སྐུ་དང་། གསུངས་དབྱངས་གསལ་སྐུ་གསུམ་གྱི་སྙིང་པོ་རྣམས་རྒྱ་བོད་ཀྱི་ཡིག་གེ། བརྡ་ཡིག་བཅས་ཀྱི་རྣམ་པ་དང་། ཐུགས་རིགས་ལྔའི་ཕྱག་མཚན་དང་། གཞན་ཡང་ཁ་ཊྭཱྃ། གྲི་གུག། ཐོད་ཁྲག་སོགས་དཔག་ཏུ་མེད་པ་གསལ་བའོ། །གསོལ་འདེབས་ཀྱི་བསྙེན་པ་སོ་སོའི་སྙིང་པོ་རེ་རེ་བཞིན་བརྒྱ་སྟོང་ཅི་ནུས་སུ་བཟླ། གོང་དུ་སྨོས་པ་ལྟར་གྱི་དམིགས་པ་དང་། བླ་མ་སྐུ་གསུམ་ལས་དབང་བཞི་བླངས་པའི་དམིགས་པ་ཡང་ཡང་དུ་བྱའོ། །ལྷ་ལ་སེམས་འཛིན་པ་བསྙེན་པ། གསོལ་འདེབས་བྱ་བ་ཉེ་བསྙེན། འོད་ཟེར་སྤྲོ་བསྡུའི་སྒྲུབ་པ། གསང་བ་གསུམ་གྱིས་བྱིན་བསྡུ་བ་བསྒྲུབ་པ་ཆེན་པོ་སྟེ་བསྙེན་བསྒྲུབ་ཡན་ལག་བཞིའི་སྒྲོམ་དུ་ཚུད་པའོ། །ཚེ་སྒྲུབ་སྐབས་ཚེ་བཅུད་ཐམས་ཅད་འཇའ་འོད་ཟེར་ཐིག་ཨ་ནྲཱྀཿཧྲཱིཿགསུམ་གྱི་རྣམ་པས་བསྡུ་ཞིང་། དེ་ཡང་བརྣབ་སེམས་གྱིས་དབང་གིས་མ་བྱིན་པ་ལེན་པ་ལྟ་བུའི་དམིགས་པ་ནི་བྱ་མི་རུང་ངོ་། །ཚེའི་བཟླས་པ་བྱ་བ་ན་འཇམ་རླུང་བུམ་པ་ཅན་བཟུང་བཞིན་དུ་ཐོག་མར་རྡོར་བཟླས་དང་། དེ་ནས་ཡིད་བཟླས། ངག་བཟླས་སོགས་བྱའོ། །ལམ་དབང་བླངས་སྐབས་ཆོས་སྐུའི་བླ་མ་བརྒྱུད་པར་བཅས་པ་བདུད་རྩི་དམར་པོའི་རྣམ་པ་དང་། སྤྲུལ་སྐུ་རྡོ་རྗེ་ཐོད་ཕྲེང་རྩལ་བདུད་རྩི་སྔོན་པོ། སྤྱན་རས་གཟིགས་འོད་དུ་ཞུ་བ་བདུད་རྩི་དཀར་པོའི་རྣམ་པས་འོད་དུ་ཞུ་བ་བདུད་རྩི་དཀར་དམར་སྔོ་གསུམ་གྱི་ཆུ་རྒྱུན་གཅིག་ཏུ་འདྲེས་པས་སྨིན་མཚམས་ཡན་ཆད་གང་བུམ་དབང་། མགྲིན་པ་ཡན་ཆད་གང་གསང་དབང་། སྙིང་ག་ཡན་ཆད་གང་ཤེར་དབང་། ལུས་ཀྱི་ནང་ཐམས་ཅད་གང་དབང་བཞི་པ་ཐོབ། སྒོ་གསུམ་དང་ཤིན་ཏུ་ཕྲ་བ་སྙོམས་འཇུག་འཕོ་བའི་སྒྲིབ་པ་དག། སྐུ་གསུམ་དང་ངོ་བོ་ཉིད་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག། མཐར་ཐུག་བླ་མ་ལྷ་དང་རང་སེམས་དབྱེར་མེད་དུ་བསྲེས་པའི་རིག་སྟོང་ཟུང་འཇུག་ཀ་དག་གཏིང་གསལ་ཆ྄ོ༷ས྄༷་སྐ྄ུ༷་འདུས་མ་བྱས་པའི་དབྱིངས་ཆེན་པོར་ལྷུན་གྲུབ་རིག་གདངས་འོད་གསལ་སྐུ་དང་ཐིག་ལེའི་ཞིང་ཁམས་ཚད་མེད་པའི་རྣམ་རོལ་འགགས་མེད་ལོང྄༷ས་སྤྱོད་རྫོགས་སྐ྄ུ༷་དང་། དེ་ལྟར་སྟོང་གསལ་འགགས་མེད་ཟུང་འཇུག་ཤར་གྲོལ་རྒྱ་ཡན་འཁོར་འདས་རོ་མཉམ་ཀུན་ཁྱབ་རིག་རྩལ་ཐུགས་རྗེ་སྤྲུལ྄༷་པའི་སྐ྄ུ༷་སྟེ་སྐུ་གསུམ་པོ་དབྱེར་མི་ཕྱེད་པ་ད་ལྟ་གཉུག་མའི་ཤེས་པ་མ་བཅོས་སོ་མ་འདི་གའི་ངོ་བོར་ཡེ་ནས་ལྷུན་གྱིས་རྫོགས་པ་ལ་ཡེ་བབས་ཅོག་བཞག་ཆེན་པོའི་དགོངས་པས་ལ་བཟླ་བར་བྱའོ། །དེ་ལ་དབང་བཞིའི་ལམ་དང་སྦྱར་བའི་འགྲོས་ནི་གཞུང་ལྟར་ལ་ལྷ་ལ་སེམས་འཛིན་པ་བུམ་དབང་། རླུང་བུམ་ཅན་འཁོར་ལོ་བཞིར་གནད་དུ་བསྣུན་པ་གསང་དབང་། དགའ་བ་མཆོག་དགའ་དགའ་བྲལ། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་པ་ཤེར་དབང་། རིག་སྟོང་ཆོས་སྐུའི་རང་ཞལ་བལྟ་བ་དབང་བཞི་པའོ། །གཞི་ལུས་རྩ་བའི་ཡི་དམ་ལྷ་ཡི་བཟླས་པ་བྱས་པའི་སྐབས་རྟ་མགྲིན་གྱི་ཐུགས་ཀར་ཟླ་བ་འོག་ཉི་མ་སྟེང་དུ་གནས་པའི་དབུས་སུ་ཧྲཱིཿདམར་པོ། དེ་མཐར་སྔགས་ཕྲེང་བྱེ་རུའི་ཕྲེང་བ་ལྟ་བུ་གཡས་བསྐོར་དང་། དང་པོར་སྔགས་ཕྲེང་བརྟན་ཅིང་གསལ་སྣང་འདོན་པ་བསྙེན་པ། བརྟན་པ་མཐར་ཕྱིན་པ་ཉེ་བསྙེན། འོད་ཟེར་སྤྲོ་བསྡུར་བསྒྲུབ་པ། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རང་རྩལ་དུ་ཤར་བ་བསྒྲུབ་པ་ཆེན་པོའོ། །ཡབ་ཡུམ་གཉིས་ཀའི་དཔྲལ་བ་ནས་རིམ་བཞིན་རྡོ་རྗེ་དཔའ་དཀར་བོ་དང་། མཁའ་འགྲོ། མགྲིན་པ་ནས་རཏྣ་སེར་དཔའ་བོ་དང་མཁའ་འགྲོ། སྙིང་གར་པདྨ་དམར་མཁའ་འགྲོ་ཡབ་ཡུམ། ལྟེ་བ་ནས་ལས་ཀྱི་མཁའ་ལྗང་འགྲོ་ཡབ་ཡུམ་དཔག་མེད་སྤྲོས་པས་ལས་བཞི་གང་འདོད་པ་སྒྲུབ་ཅིང་། དེ་ཐམས་ཅད་ཀྱང་སྣང་སེམས་དབྱེར་མེད་འོད་གསལ་ཆེན་པོའི་སྦུབས་སུ་ཚུད་པ་དང་། ལས་སྦྱོར་སྔགས་ཀྱང་ཅུང་ཟད་བཟླ། ཐུན་བསྡུ་བ་ན་སྣོད་བཅུད་ཐམས་ཅད་འོད་སྔོན་པོའི་རྣམ་པས་ཞུ་ཞིང་རང་ལ་ཐིམ་པ་དང་། རང་རྟ་མགྲིན་དུ་གསལ་བ་ཡང་སྟོད་སྨད་ནས་རིམ་བཞིན་འོད་དུ་ཞུ་ཐུགས་སྲོག་ལ་བསྡུ། དེ་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་རྒྱུན་རིང་དུ་མཉམ་པར་བཞག་གོ །ཐུན་དེ་ལས་ལྡང་བ་ན་སྣོད་བཅུད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ཆེན་པོའི་ངང་དུ་དུས་འདའ་ཞིང་། སྤྱོད་ལམ་ལ་འཇུག་པའི་ཚེ་ཡང་ཐ་མལ་གྱི་སྣང་ཞེན་སྤངས་ཞིང་ཚོགས་དྲུག་གི་ལམ་ཁྱེར་དང་མ་བྲལ་བར་བྱ། ཉལ་དུས་འོད་གསལ་བཟུང་བ་དང་། ཐོ་རངས་འོད་གསལ་ལས་ལྡང་བའི་ཚུལ་རྣམས་གཞུང་ལྟར་ཉམས་སུ་ཆུ་བོའི་རྒྱུན་བཞིན་བླངས་པས་ཚེ་འདི་ལ་གྲོལ་བ་དང་། དབང་འབྲིང་འཆི་ཁར་གྲོལ་བ་འདའ་ཁ་མའི་རྣལ་འབྱོར། དབང་པོ་ཐ་མ་སྲིད་པ་བར་དོར་གྲོལ་བའི་གདམས་པ་རྣམས་ནི་རྩ་བའི་གཞུང་ལྟར་ཉམས་སུ་བླངས་པས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མཆོག་དཀའ་བ་མེད་པར་ཐོབ་པ་ནི་ཡང་དག་པའི་ངེས་པའོ། །རྩ་བ་རྡོ་རྗེའི་ཚིག་རྐང་གི །དགོངས་དོན་ལེགས་པར་བཤད་པ་ལ། །བྱིས་བློའི་སྒྲིབ་པ་མཆིས་གྱུར་ན། །བླ་མ་ལྷ་དང་བཅས་པར་བཤགས། །འདིར་འབད་དགེ་བ་ཉིན་མོར་བྱེད་པའི་མཐུས། །བདག་གཞན་རྨོངས་པའི་མུན་པ་ཀུན་བསལ་ནས། །ཡང་དག་ཆོས་ཀྱི་སྣང་བ་འོད་པོ་ཆེས། །ས་གསུམ་འཇིག་རྟེན་ཀུན་ཏུ་ཁྱབ་གྱུར་ཅིག། ཅེས་པའང་དད་ལྡན་རྣམས་ཀྱི་ཡང་ཡང་བསྐུལ་པའི་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྤེལ་བ་དགེ་ལེགས་འཕེལ།། །།
[edit]

na mo gu ra be/__byin brlab mchog stsol bla ma dang /__/dngos grub dpal ster yi dam lhas/__/mchog thun dngos grub stsol ba dang /__/dpa' bo mkha' 'gros shis pa stsol/__/de la 'dir bka' babs bdun ldan pad+ma 'od gsal mdo sngags gling pas zab mo dgongs pa'i gter mdzod las phyung ba'i rgyud lung man ngag bcud dril sku gsum bla ma'i rnal 'byor gyi zin thun dmigs khrid nyung ngur 'god pa la/__nges 'byung gis sna drangs pa'i blo ldog rnam bzhi rgyud la ci 'byongs dang /__byams snying rje byang chub kyi sems rin po cher blo sbyong ba rnams shugs drag tu sgom/__rlung ro dgu phrugs phyag len ltar bus la bde ba'i stan la lus sems rnal phab ste rang nyid gnas pa'i sa phyogs dag pa'i zhing khams rgya khyon tshad las 'das par gsal ba'i mdun gyi nam mkhar sna tshogs pad+ma'i gdan yangs shing rgya che ba'i steng du zla ba nya gang ba'i dbus su drin can rtsa ba'i bla ma o rgyan rdo rje 'chang yum mtsho rgyal dkar mos 'khril ba dar dang rin chen rus pa'i rgyan gyis spras pa sku mdog mthing gsal khro 'dzum rdor dril 'dzin pa zhabs skyil skrung du bzhugs pa de nyid skyabs gnas kun 'dus nor bu lugs su sgom pa dang tshe 'di'i pha ma dgra gnyen rnams kyis gtsos byas mkha' khyab kyi sems can thams cad khrom 'tshogs pa lta bur 'khod pas rang dang lhan cig tu sgo gsum 'dun pa gcig dril gyis skyabs 'gro dang /__sems can thams cad pha ma yin par shes pa'i sgo nas skyes bu chen po'i blos smon pa dang 'jug pa'i byang chub mchog tu sems bskyed pa stabs cig tu blangs ba sogs khrid gzhung gzhan nas 'byung ba la go don zhib mor blangs te grangs ci mang dang /__/mthar skyabs yul rnams kyi sku las 'od zer 'phros/__rang gzhan rnams la thim tshogs rdzogs sgrib pa byang /__sku gnyis kyi sa bon thebs/__skyabs yul rang la thim par bsam la dmigs med kyi ngang du 'jog go__/rdor sems skabs rang gi spyi+i bor mtho gang tsam gyi steng du rdor sems gyi gdan pad+ma/__de'i yu ba tshangs bug tu zug pa/__rtsa ba'i bla ma dang dbyer med pa'i rdor sems gzhung tshig ltar la dar dang rin po che'i rgyan gyis brgyan pa/__thugs kar zla ba leb dkyil gyi steng du hU~M dkar po dngul chu dwangs ba'i mdog can/__de'i mdun gyi mtha' oM nas AHbar yi ge brgya pa sbrul 'khyil du yod pa/__yig brgya gsol 'debs kyi tshul du bzlas pas thugs ka'i sngags phreng g.yas su 'khor ba dang 'od zer spro bsdu/__zla ba sngags phreng dang bcas pa la bdud rtsi'i rgyun babs nad gdon sdig sgrib rnams rnag khrag srog chags dud khu dang sol khu'i rnam pas phyir 'thon/__lus nang rtsa dang bcas pa bdud rtsis dwangs mas gang bar bsam la yi ge brgya pa bzla/__mthar ru tra'i smre bshags sam/__mgon po bdag ni sogs gsol 'debs dang sdig sgrib dag pa'i gnang ba byin nas rang la bstim zhing dmigs med kyi ngang du 'jog/__de yang rten gyi stobs/__rnam par sun 'byin pa'i stobs/__gnyen po kun tu spyod pa'i stobs/__sor chud pa'i stobs te stobs bzhi tshang ba gal che'o/__/bla ma'i rnal 'byor skabs swa b+hA wA'i sngags brjod pas snod bcud thams cad stong nyid btsan thabs su sbyong /__de'i ngang las zhing dang gzhi lus rta mgrin zhal gcig phyag gnyis gri thod thugs dkar steng 'og tu 'dzin pa khro chas spyi ltar la zhabs g.yas bskum g.yon brkyang dor stabs/__rang snang yum phag mo mthing nag pad+ma dang thod khrag 'dzin pa khro mo'i chas kyis brgyan pa/__rang gi spyi bo'i steng bde chen 'khor lo la sprul sku thod phreng rtsal de'i thugs kar pad+ma dkar po 'dab ma shin tu rgyas pa'i ze'u 'brus steng longs sku spyan ras gzigs/__thod phreng rtsal gyi dbu skra ral pa'i thor cog gi gseb tu chos sku snang ba mtha' yas gsal/__de thams cad kyi gnas gsum du oM AHhU~M gsum gyis mtshan pa/__de thams cad kyang snang stong zung 'jug re re yang skyabs gnas kun 'dus gdan gsum tshang ba re gsal btab/__de kun la rnam pa gsal ba/__rnam dag dran pa/__nga rgyal brtan pa sogs bskyed rim gyi bya ba spyi ltar bsgom/__de nas ye shes pa spyan 'dren pa'i skabs sku gsum gyi zhing nas bsgom pa dang 'dra ba dpag tu med pa spyan drangs nas yang yang bstim/__tshig bdun sngags dang bcas pa lan gsum mam bdun bya/__tshogs bsags sdom bzung gi skabs yan lag bdun pa dmigs rim zhib cha gzhung gzhan nas 'byung ba ltar ro/__/maN+Dal gyi rgyu tshogs dngos gtsang ba dang /__snying rje byang chub kyi sems dang mi 'bral ba'i brdar/__'bru la dri bzang gis chus brlan pa gal che/__ngag 'don tshom bu so bdun ma spyi ltar dang /__bsdu na gzhung nas 'byung ba ltar la/__sprul sku'i maN+Dal lus longs spyod dus gsum dge tshogs dang bcas pa/__rnam pa stong gsum 'jig rten bye ba phrag brgyar sprul ste 'bul ba dang /__nang rang lus dbang po'i maN+Dal phung lnga rigs lnga'i tshom bu gangs chen mtsho'i zhing dang mnyam par bkod de 'bul ba dang /__gsang ba snang srid gdod nas rnam dag gzhi dbyings ka dag gzhon nu bum sku'i sbubs su thugs rje'i las rtsal snang 'gags pa med pa chos nyid rig rtsal rol pa'i rgyan dbyings snang mtha' yas gdal khyab thig le chen po'i klong du 'bul ba'o/__/gsol 'debs rgyas pa le'u bdun pa dang /__de mthar gzhung gi gsol 'debs tshig rjes don dran bzhin mos gus kyi 'chi ma 'khrugs/__dad pa'i spu long g.yos/__snying khung rus pa'i gting nas gsol 'debs shugs drag po brgya rtsa sogs bya'o/__/'od zer spro bsdu'i skabs dmigs pa gzhung ltar la/__'od zer yar mchod skabs 'od gsal snying tig gi rig 'dzin brgyud pa'i bla ma yi dam sogs thugs mnyes pa'i mchod pa 'bul/__mar spros skabs 'gro ba rigs drug sbyangs/__'od zer tshur 'dus skabs de dag gi thugs rje byin brlab nus mthu thams cad gnas gsum du thim par bsgom/__sku phyag rgya la sku gsum so so'i sku dang /__gsungs dbyangs gsal sku gsum gyi snying po rnams rgya bod kyi yig ge/__brda yig bcas kyi rnam pa dang /__thugs rigs lnga'i phyag mtshan dang /__gzhan yang kha T+wA~M/__gri gug/__thod khrag sogs dpag tu med pa gsal ba'o/__/gsol 'debs kyi bsnyen pa so so'i snying po re re bzhin brgya stong ci nus su bzla/__gong du smos pa ltar gyi dmigs pa dang /__bla ma sku gsum las dbang bzhi blangs pa'i dmigs pa yang yang du bya'o/__/lha la sems 'dzin pa bsnyen pa/__gsol 'debs bya ba nye bsnyen/__'od zer spro bsdu'i sgrub pa/__gsang ba gsum gyis byin bsdu ba bsgrub pa chen po ste bsnyen bsgrub yan lag bzhi'i sgrom du tshud pa'o/__/tshe sgrub skabs tshe bcud thams cad 'ja' 'od zer thig a nr-IHhrIHgsum gyi rnam pas bsdu zhing /__de yang brnab sems gyis dbang gis ma byin pa len pa lta bu'i dmigs pa ni bya mi rung ngo /__/tshe'i bzlas pa bya ba na 'jam rlung bum pa can bzung bzhin du thog mar rdor bzlas dang /__de nas yid bzlas/__ngag bzlas sogs bya'o/__/lam dbang blangs skabs chos sku'i bla ma brgyud par bcas pa bdud rtsi dmar po'i rnam pa dang /__sprul sku rdo rje thod phreng rtsal bdud rtsi sngon po/__spyan ras gzigs 'od du zhu ba bdud rtsi dkar po'i rnam pas 'od du zhu ba bdud rtsi dkar dmar sngo gsum gyi chu rgyun gcig tu 'dres pas smin mtshams yan chad gang bum dbang /__mgrin pa yan chad gang gsang dbang /__snying ga yan chad gang sher dbang /__lus kyi nang thams cad gang dbang bzhi pa thob/__sgo gsum dang shin tu phra ba snyoms 'jug 'pho ba'i sgrib pa dag/__sku gsum dang ngo bo nyid sku thob pa'i sa bon rgyud la bzhag/__mthar thug bla ma lha dang rang sems dbyer med du bsres pa'i rig stong zung 'jug ka dag gting gsal cho?Xsa?X sku?X 'dus ma byas pa'i dbyings chen por lhun grub rig gdangs 'od gsal sku dang thig le'i zhing khams tshad med pa'i rnam rol 'gags med longa?Xs spyod rdzogs sku?X dang /__de ltar stong gsal 'gags med zung 'jug shar grol rgya yan 'khor 'das ro mnyam kun khyab rig rtsal thugs rje sprula?X pa'i sku?X ste sku gsum po dbyer mi phyed pa da lta gnyug ma'i shes pa ma bcos so ma 'di ga'i ngo bor ye nas lhun gyis rdzogs pa la ye babs cog bzhag chen po'i dgongs pas la bzla bar bya'o/__/de la dbang bzhi'i lam dang sbyar ba'i 'gros ni gzhung ltar la lha la sems 'dzin pa bum dbang /__rlung bum can 'khor lo bzhir gnad du bsnun pa gsang dbang /__dga' ba mchog dga' dga' bral/__lhan cig skyes dga'i ye shes rgyud la skyes par bsam pa sher dbang /__rig stong chos sku'i rang zhal blta ba dbang bzhi pa'o/__/gzhi lus rtsa ba'i yi dam lha yi bzlas pa byas pa'i skabs rta mgrin gyi thugs kar zla ba 'og nyi ma steng du gnas pa'i dbus su hrIHdmar po/__de mthar sngags phreng bye ru'i phreng ba lta bu g.yas bskor dang /__dang por sngags phreng brtan cing gsal snang 'don pa bsnyen pa/__brtan pa mthar phyin pa nye bsnyen/__'od zer spro bsdur bsgrub pa/__snang grags rig gsum lha sngags chos sku'i rang rtsal du shar ba bsgrub pa chen po'o/__/yab yum gnyis ka'i dpral ba nas rim bzhin rdo rje dpa' dkar bo dang /__mkha' 'gro/__mgrin pa nas rat+na ser dpa' bo dang mkha' 'gro/__snying gar pad+ma dmar mkha' 'gro yab yum/__lte ba nas las kyi mkha' ljang 'gro yab yum dpag med spros pas las bzhi gang 'dod pa sgrub cing /__de thams cad kyang snang sems dbyer med 'od gsal chen po'i sbubs su tshud pa dang /__las sbyor sngags kyang cung zad bzla/__thun bsdu ba na snod bcud thams cad 'od sngon po'i rnam pas zhu zhing rang la thim pa dang /__rang rta mgrin du gsal ba yang stod smad nas rim bzhin 'od du zhu thugs srog la bsdu/__de yang mi dmigs pa 'od gsal stong pa nyid kyi ngang du rgyun ring du mnyam par bzhag go__/thun de las ldang ba na snod bcud thams cad lha sngags ye shes kyi rol pa chen po'i ngang du dus 'da' zhing /__spyod lam la 'jug pa'i tshe yang tha mal gyi snang zhen spangs zhing tshogs drug gi lam khyer dang ma bral bar bya/__nyal dus 'od gsal bzung ba dang /__tho rangs 'od gsal las ldang ba'i tshul rnams gzhung ltar nyams su chu bo'i rgyun bzhin blangs pas tshe 'di la grol ba dang /__dbang 'bring 'chi khar grol ba 'da' kha ma'i rnal 'byor/__dbang po tha ma srid pa bar dor grol ba'i gdams pa rnams ni rtsa ba'i gzhung ltar nyams su blangs pas bcu gsum rdo rje 'dzin pa'i sa mchog dka' ba med par thob pa ni yang dag pa'i nges pa'o/__/rtsa ba rdo rje'i tshig rkang gi__/dgongs don legs par bshad pa la/__/byis blo'i sgrib pa mchis gyur na/__/bla ma lha dang bcas par bshags/__/'dir 'bad dge ba nyin mor byed pa'i mthus/__/bdag gzhan rmongs pa'i mun pa kun bsal nas/__/yang dag chos kyi snang ba 'od po ches/__/sa gsum 'jig rten kun tu khyab gyur cig/__ces pa'ang dad ldan rnams kyi yang yang bskul pa'i ngor 'jam dbyangs chos kyi blo gros pas spel ba dge legs 'phel//___//

Footnotes

Other Information