དྷཱ་ཀི་སིདྷུ་མུ་ཁཱ་དཀར་མོའི་ཚེ་སྒྲུབ།

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-048
Wylie title d+hA ki sid+hu mu khA dkar mo'i tshe sgrub JKCL-KABUM-09-TA-048.pdf
Location chos kyi blo gros bka' 'bum
Volume 9, Text 48, Pages 597-604 (Folios 1a to 4b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. d+hA ki sid+hu mu khA dkar mo'i tshe sgrub. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 597-604. Bir, H.P.: Khyentse Labrang, 2012.
Genre Longevity Rituals - tshe sgrub
Deity seng gdong dkar mo
Colophon

།ཞེས་པའང་འཁྲུལ་ཞིག་རིན་པོ་ཆེས་གསུང་ངོར། ཆོས་ཀྱི་བློ་གྲོས་པས་འབྲས་ལྗོངས་སྒང་ཐོག་ཏུ་སྤེན་པ་སྣར་མའི་འགྲུབ་སྦྱོར་བཟང་པོ་དང་ལྡན་པའི་དབོ་ཟླའི་ཚེས་༦ལ་བྲིས་པ་དགེ་ལེགས་སུ་གྱུར་ཅིག།

/zhes pa'ang 'khrul zhig rin po ches gsung ngor/__chos kyi blo gros pas 'bras ljongs sgang thog tu spen pa snar ma'i 'grub sbyor bzang po dang ldan pa'i dbo zla'i tshes 6la bris pa dge legs su gyur cig/

1 Texts in this Section (sde tshan or chos tshan)

[edit]
༄༅། །དྷཱ་ཀི་སིདྷུ་མུ་ཁཱ་དཀར་མོའི་ཚེ་སྒྲུབ་བཞུགས་སོ། ། བུདྡྷ་ཌཱ་ཀི་ལ་ན་མོ། སེང་གདོང་དཀར་མོའི་ཚེ་སྒྲུབ་ལ། ཚེ་འབྲང་། ཚེ་རིལ། ཆང་། མདའ་དར། ཕྱི་ནང་གི་མཆོད་གཏོར་རྣམས་བཤམས་ལ་འདི་སྐད་དོ། །ན་མོ། བླ་མ་ཡི་དམ་མཁའ་འགྲོ་མར། །གུས་པས་སྐྱབས་མཆི་བདག་གཞན་གྱི། །དུས་མིན་འཆི་བའི་འཇིགས་བསལ་ནས། །འཆི་མེད་སྒྲུབ་པར་སེམས་བསྐྱེད་དོ། །ལན་གསུམ། ཧཱུྃ་ཧྲཱིཿང་ནི་ཡེ་ཤེས་མཁའ་འགྲོ་སྟེ། །གདོན་བགེགས་འབྱུང་པོའི་ཚོགས་རྣམས་ཀུན། །གནས་འདིར་མ་འདུག་གཞན་དུ་དེངས། །ཁྲོ་ཚོགས་མེ་དཔུང་ཚུར་འདུས་པས། །གཞོམ་མེད་སྲུང་བའི་གུར་དུ་གྱུར། །སུཾ་བྷ་ནི་དང་གུལ་ཡུངས་བདུག་བྲབ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ། ཞེས་སྲུང་འཁོར་བསྒོམ། མཆོད་པ་བྱིན་བརླབ་ནི། ཧཱུྃ། མཆོད་པའི་དམ་རྫས་བརྟན་གཡོའི་དངོས་པོ་ཀུན། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རོལ་པར་གྱུར། །ཨོཾ་སརྦ་པཱུ་ཙ་མེ་གྷ་ས་མ་ཡེ་ཧཱུྃ། ལྷ་བསྐྱེད་ནི། ཨཿདེ་བཞིན་ཉིད་དབྱིངས་འོད་གསལ་ངང་། །ཀུན་སྣང་སྙིང་རྗེ་ཆེན་པོའི་སྤྲིན། །རྒྱུ་ཡི་ཏིང་འཛིན་ཨ་དཀར་ལས། །སྤྲོ་བསྡུས་ཆོ་འཕྲུལ་ཆེན་པོ་ཡིས། །ཆོས་འབྱུང་ཡངས་ཤིང་རྒྱ་ཆེའི་ནང་། །པད་དཀར་འདབ་བཞིའི་ལྟེ་བ་རུ། །ཟླ་ཉི་རོ་གདན་སྟེང་དུ་ནི། །ཨ་ཡིག་དཀར་པོ་ཡོངས་གྱུར་ལས། །བཅོམ་ལྡན་བུདྡྷ་སེང་གདོང་མ། །ཕྱག་གཡས་འཁོར་ལོའི་གྲི་གུག་འཕྱར། །གཡོན་པས་ཐོད་པ་བདུད་རྩིས་བཀང་། །སེང་ལྤགས་སྟག་ཤམ་རུས་རྒྱན་དང་། །སྐམ་རློན་ཕྲེང་བའི་དོ་ཤལ་དཔྱངས། །མཆན་གཡོན་རྡོ་རྗེ་ཁ་ཊྭཱྃ་བརྟེན། །གཡས་བསྐུམ་གཡོན་བརྐྱངས་གར་སྟབས་ཀྱིས། །བཞེངས་པའི་སྐུར་གསལ་གནས་གསུམ་དུ། །ཡིག་འབྲུས་མཚན་ལས་འོད་ཟེར་འཕྲོས། །གནས་ཡུལ་དག་པའི་ཞིང་ཁམས་ནས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར། །ཧཱུྃ་ཧྲཱིཿགནས་ཡུལ་དུར་ཁྲོད་ཌཱ་ཀིའི་ཞིང་། །སེང་གེའི་གདོང་ཅན་ལྷ་ཚོགས་རྣམས། །འཆི་བདག་བདུད་ཚོགས་འདུལ་བའི་ཕྱིར། །ཡེ་ཤེས་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བུདྡྷ་སིདྷ་མུ་ཁཱ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ། ཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛ་ལྷན། ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿམཆོད་ཅིང་བསྟོད་པ་ནི། ཨོཾ། ཡུལ་དང་དབང་པོ་མཉམ་སྦྱོར་ལས། །བདེ་བ་ཆེན་པོའི་མཆོད་སྤྲིན་ནི། །འཛད་པ་མེད་པར་ཕུལ་བ་ཡིས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོཿམ་ཧཱ་པཉྩ་རཀྟ་བ་ལིདྟ་ཁཱ་ཧི། དྷརྨ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ། ཨོཾ། ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། །འཆི་མེད་ཚེ་དང་ཡེ་ཤེས་སྩོལ། །ས་གསུམ་ཀུན་ཏུ་གར་མཛད་ཅིང་། །ཚེ་ཡི་བདག་མོར་ཕྱག་འཚལ་བསྟོད། །བཟླས་པ་ནི། ཐུགས་ཀར་ཚེ་དཔག་མེད་མགོན་དཀར། །མཉམ་བཞག་ཚེ་བུམ་འཛིན་པ་ཡི། །ཐུགས་དབུས་རྡོ་རྗེ་རྒྱ་གྲམ་དམར། །ལྟེ་བར་ཉི་ཟླའི་གྭའུ་ནང་། །སྲོག་གི་སྙིང་པོ་ཡི་གེ་ཧྲཱིཿཨ་ནྲྀ་ཧཱུྃ་བྷྲཱུྃ་དང་བཅས་གསལ། །འོད་འཕྲོས་སྲིད་ཞིའི་ཚེ་བཅུད་བསྡུས། །བསྟིམ་པས་འཆི་མེད་མཆོག་འགྲུབ་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་སིདྷ་མུ་ཁཱ་ཨ་ནྲྀ་ཧཱུྃ་བྷྲཱུྃ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་བཟླ། སྐབས་སུ་ཡང་གསང་ཧྲཱིཿགཅིག་བཟླ། །ཐུགས་དམ་བསྐུལ་ཏེ་ཚེ་བཅུད་དགུག །མདའ་དར་གཡབ་ལ། ཧཱུྃ་ཧྲཱིཿཡེ་ཤེས་ཌཱ་ཀི་སེང་གེའི་གདོང་། །གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས། །ཐུགས་དམ་ཆེན་པོས་རྗེས་སུ་དགོངས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་དང་། །ཕོ་ཉ་བསམ་མི་ཁྱབ་པར་འཕྲོས། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྱབ། །འཁོར་འདས་ཚེ་བསོད་ཡེ་ཤེས་དང་། །ཕྱོགས་སྐྱོང་སྡེ་བརྒྱད་མཐུ་བོ་ཆེས། །བླ་ཚེ་བརྐུས་འཕྲོག་འཁྱམས་པ་དང་། །ཡར་དང་འཐོར་བ་ཐམས་ཅད་ཀུན། །འོད་ཟེར་བདུད་རྩིའི་རྣམ་པར་བསྡུས། །བླ་ཚེ་སྲོག་ཡིད་སྒོ་གསུམ་གྱི། །དྭངས་མའི་ཐིག་ལེ་ལ་ཐིམ་པས། །གཞོམ་བྲལ་རྡོ་རྗེའི་སྲོག་རྩ་བརྟན། །ཡེ་ཤེས་ཆེན་པོའི་ལང་ཚོ་རྒྱས། །རྡོ་རྗེའི་སྐུ་མཆོག་འགྲུབ་པར་ཤོག །ཅེས་ཚེ་སྔགས་དང་བཅས་བསྐུལ། རྒྱས་གདབ་ནི། ཨཿསྲིད་དང་ཞི་བའི་ཚེ་བཅུད་རྣམས། །མི་ཤིགས་ཐིག་ལེ་ཆེན་པོར་སྦ། །རྒྱལ་བས་ཀྱང་ནི་མ་གཟིགས་ན། །ཚེ་བདུད་རྣམས་ཀྱིས་ལྟ་ཅི་སྨོས། །གཞོམ་མེད་རྡོ་རྗེའི་རྒྱས་གདབ་བོ། །བཛྲ་རཀྵ་རཀྵ། ཡེ་དྷརྨཱ་བརྗོད། རྗེས་ཚོགས་མཆོད་སོགས་སེང་གདོང་རྩ་བའི་གཞུང་ལྟར་རོ། །གཞན་ལ་ཚེ་དབང་བགྱིད་ན། ལས་བུམ་དུ་བདུད་རྩི་འཁྱིལ་པ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླས་མཐར། ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཁྲུས། བགེགས་བསྐྲད། སྲུང་འཁོར། སྔོན་འགྲོ་སེམས་བསྐྱེད་གསལ་བཏབ། དེ་ལ་འདིར་དུས་མིན་གྱི་འཆི་བའི་འཇིགས་པ་ལས་སྐྱོབ་པའི་སླད་དུ་ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་བུདྡྷ་སིང་ཧ་ལ་བརྟེན་པའི་རྡོ་རྗེའི་ཚེ་སྒྲུབ་པའི་སྨིན་བྱེད་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཚམས་སྦྱར་ལ། མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་འཆི་མེད་ཚེ་ཡི་ཡུམ། །ཡེ་ཤེས་མཁའ་འགྲོ་སེང་གདོང་མས། །འཆི་བདུད་བར་ཆད་བསལ་སླད་དུ། །འཆི་མེད་ཚེ་ཡི་དབང་མཆོག་སྩོལ། །ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་ཚོགས་ཞིང་འཆི་མེད་མཁའ་འགྲོའི་དཀྱིལ་འཁོར་བཞུགས་པའི་སྤྱན་སྔར་སྐྱབས་སེམས་འདིའི་རྗེས་ཟློས། ན་མོ། བླ་མ་ཡི་དམ་མཁའ་འགྲོ་མར། །གུས་པས་སྐྱབས་མཆི་བདག་གཞན་གྱི། །དུས་མིན་འཆི་བའི་འཇིགས་བསལ་ནས། །འཆི་མེད་བསྒྲུབ་པར་སེམས་བསྐྱེད་དོ། །ཞེས་ལན་གསུམ། ཡན་ལག་བརྒྱད་པས་བསགས་སྦྱོང་སྤེལ་བ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །སོགས་ལན་གསུམ། ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། གཟུང་འཛིན་གྱི་ཆོས་ཐམས་ཅད་རྣམ་ཐར་སྒོ་གསུམ་གྱི་དབྱིངས་སྟོང་པ་ཆེན་པོའི་ངང་ལས་སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་པད་ཟླ་ཉི་མ་བམ་རོའི་སྟེང་དུ་རིག་པའི་ངོ་བོ་ཨ་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་ཡེ་ཤེས་མཁའ་འགྲོའི་སྐུར་གྱུར་པ་ནི། བཅོམ་ལྡན་འདས་བུདྡྷ་སེང་གདོང་མ་སོགས་གོང་བཞིན་ལ། སྤྱན་འདྲེན་སྔགས་དང་བཅས་པས་བྱིན་དབབ་བོ། །རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། དབང་དངོས་ལ། ཚེ་འགུགས་བསྐུལ་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དང་། ལས་བྱེད་ཀྱི་ཕོ་ཉ་བསམ་གྱིས་མི་ཁྱབ་པ་སྤྲོས། འཁོར་འདས་ཀྱི་ཚེ་བཅུད་དང་། བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་བསྡུས་ནས་ཁྱེད་རང་དང་ཚེ་རྫས་ལ་ཐིམ་པར་མོས། གོང་ལྟར་ཚེ་འགུགས་སྔགས་བཅས་བརྗོད། ཚེ་བུམ་ཐོགས། ཨོཾཿསྣོད་བཅུད་དབྱིངས་ཀྱི་བུམ་པ་ན། །ཡེ་ཤེས་མཁའ་འགྲོ་ཞུ་བའི་རྒྱུན། །སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས། །རྡོ་རྗེའི་སྐུ་མཆོག་ཐོབ་པར་ཤོག །ཚེ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཚེ་ཆང་ཐོགས་ལ། ཨཱཿའཁོར་འདས་དྭངས་མའི་བཅུད་བསྡུས་པའི། །རཱ་ས་ཡ་ན་མྱོང་གྲོལ་རྫས། །སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས། །འགགས་མེད་གསུང་དབང་ཐོབ་པར་ཤོག །ཚེ་སྔགས། ཝཱཀ་ཨ་བྷི་ཥིཉྩ་ཨཱཿཚེ་རིལ་ཐོགས་ལ། ཧཱུྃཿསྲིད་ཞིའི་སྙིང་པོ་ཚེ་ཡི་བཅུད། །མི་ཤིགས་ཐིག་ལེའི་སྲོག་ཏུ་འདྲིལ། །སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས། །འཆི་མེད་ཐུགས་དབང་ཐོབ་པར་ཤོག །ཚེ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། རྒྱས་གདབ་པའི་སླད་དུ་ཚེ་མདའ་སྤྱི་བོར་བཞག་པས་ཚེ་ཡི་དངོས་གྲུབ་ཐམས་ཅད་དྭངས་མའི་རྩ་རླུང་ཐིག་ལེར་སྦ་བའི་མོས་པ་མཛོད། རྒྱས་གདབ་གོང་བཞིན། སྤྲོ་ན་སྤྱི་འབྲེལ་བཀྲ་ཤིས་རྫས་རྟགས་ཀྱང་་སྦྱིན། ནམ་མཁའ་གང་བའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱས་པའི་མོས་པ་མཛོད། བཀྲ་ཤིས་ཅི་རིགས་བརྗོད། དམ་ཚིག་ཁས་བླངས་སོགས་སྤྱི་ལྟར་བྱའོ། །སློབ་དཔོན་གྱི་རྗེས་རིམ་རྣམས་སེང་གདོང་རྩ་བའི་ལས་བྱང་ལྟར་བྱས་པས་གྲུབ་བོ། །ཞེས་པའང་འཁྲུལ་ཞིག་རིན་པོ་ཆེས་གསུང་ངོར། ཆོས་ཀྱི་བློ་གྲོས་པས་འབྲས་ལྗོངས་སྒང་ཐོག་ཏུ་སྤེན་པ་སྣར་མའི་འགྲུབ་སྦྱོར་བཟང་པོ་དང་ལྡན་པའི་དབོ་ཟླའི་ཚེས་༦ལ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།
[edit]

@#/__/d+hA ki sid+hu mu khA dkar mo'i tshe sgrub bzhugs so/__/ bud+d+ha DA ki la na mo/__seng gdong dkar mo'i tshe sgrub la/__tshe 'brang /__tshe ril/__chang /__mda' dar/__phyi nang gi mchod gtor rnams bshams la 'di skad do/__/na mo/__bla ma yi dam mkha' 'gro mar/__/gus pas skyabs mchi bdag gzhan gyi/__/dus min 'chi ba'i 'jigs bsal nas/__/'chi med sgrub par sems bskyed do/__/lan gsum/__hU~M hrIHnga ni ye shes mkha' 'gro ste/__/gdon bgegs 'byung po'i tshogs rnams kun/__/gnas 'dir ma 'dug gzhan du dengs/__/khro tshogs me dpung tshur 'dus pas/__/gzhom med srung ba'i gur du gyur/__/suM b+ha ni dang gul yungs bdug brab/__oM badz+ra rak+Sha rak+Sha hU~M b+h+rU~M/__zhes srung 'khor bsgom/__mchod pa byin brlab ni/__hU~M/__mchod pa'i dam rdzas brtan g.yo'i dngos po kun/__/kun tu bzang po'i mchod sprin rol par gyur/__/oM sarba pU tsa me g+ha sa ma ye hU~M/__lha bskyed ni/__aHde bzhin nyid dbyings 'od gsal ngang /__/kun snang snying rje chen po'i sprin/__/rgyu yi ting 'dzin a dkar las/__/spro bsdus cho 'phrul chen po yis/__/chos 'byung yangs shing rgya che'i nang /__/pad dkar 'dab bzhi'i lte ba ru/__/zla nyi ro gdan steng du ni/__/a yig dkar po yongs gyur las/__/bcom ldan bud+d+ha seng gdong ma/__/phyag g.yas 'khor lo'i gri gug 'phyar/__/g.yon pas thod pa bdud rtsis bkang /__/seng lpags stag sham rus rgyan dang /__/skam rlon phreng ba'i do shal dpyangs/__/mchan g.yon rdo rje kha T+wA~M brten/__/g.yas bskum g.yon brkyangs gar stabs kyis/__/bzhengs pa'i skur gsal gnas gsum du/__/yig 'brus mtshan las 'od zer 'phros/__/gnas yul dag pa'i zhing khams nas/__/ye shes lha tshogs spyan drangs gyur/__/hU~M hrIHgnas yul dur khrod DA ki'i zhing /__/seng ge'i gdong can lha tshogs rnams/__/'chi bdag bdud tshogs 'dul ba'i phyir/__/ye shes spyan 'dren gshegs su gsol/__/oM bud+d+ha sid+ha mu khA sa pa ri wA ra badz+ra sa mA dza/__dzaHhU~M ba~M hoHsa ma ya tiSh+Tha lhan/__a ti pu hoHpra tIts+tsha hoHmchod cing bstod pa ni/__oM/__yul dang dbang po mnyam sbyor las/__/bde ba chen po'i mchod sprin ni/__/'dzad pa med par phul ba yis/__/tshe dang ye shes dngos grub stsol/__/oM badz+ra ar+g+haM nas shab+da sarba pU dza sa ma ya hoHma hA pany+tsa rak+ta ba lid+ta khA hi/__d+harma d+hA tu At+ma ko\u0f85 haM/__oM/__ye shes dbyings kyi mkha' 'gro ma/__/'chi med tshe dang ye shes stsol/__/sa gsum kun tu gar mdzad cing /__/tshe yi bdag mor phyag 'tshal bstod/__/bzlas pa ni/__thugs kar tshe dpag med mgon dkar/__/mnyam bzhag tshe bum 'dzin pa yi/__/thugs dbus rdo rje rgya gram dmar/__/lte bar nyi zla'i gwa'u nang /__/srog gi snying po yi ge hrIHa nr-i hU~M b+h+rU~M dang bcas gsal/__/'od 'phros srid zhi'i tshe bcud bsdus/__/bstim pas 'chi med mchog 'grub bsam/__/oM AHhU~M badz+ra sid+ha mu khA a nr-i hU~M b+h+rU~M a mA ra Ni dzI wan+ti ye swA hA/__zhes bzla/__skabs su yang gsang hrIHgcig bzla/__/thugs dam bskul te tshe bcud dgug__/mda' dar g.yab la/__hU~M hrIHye shes DA ki seng ge'i gdong /__/gtso 'khor sprul pa yang sprul bcas/__/thugs dam chen pos rjes su dgongs/__/'od zer lcags kyu lta bu dang /__/pho nya bsam mi khyab par 'phros/__/steng 'og phyogs mtshams thams cad khyab/__/'khor 'das tshe bsod ye shes dang /__/phyogs skyong sde brgyad mthu bo ches/__/bla tshe brkus 'phrog 'khyams pa dang /__/yar dang 'thor ba thams cad kun/__/'od zer bdud rtsi'i rnam par bsdus/__/bla tshe srog yid sgo gsum gyi/__/dwangs ma'i thig le la thim pas/__/gzhom bral rdo rje'i srog rtsa brtan/__/ye shes chen po'i lang tsho rgyas/__/rdo rje'i sku mchog 'grub par shog__/ces tshe sngags dang bcas bskul/__rgyas gdab ni/__aHsrid dang zhi ba'i tshe bcud rnams/__/mi shigs thig le chen por sba/__/rgyal bas kyang ni ma gzigs na/__/tshe bdud rnams kyis lta ci smos/__/gzhom med rdo rje'i rgyas gdab bo/__/badz+ra rak+Sha rak+Sha/__ye d+harmA brjod/__rjes tshogs mchod sogs seng gdong rtsa ba'i gzhung ltar ro/__/gzhan la tshe dbang bgyid na/__las bum du bdud rtsi 'khyil pa gsal ba'i sku las bdud rtsi'i rgyun babs pas bum pa gang bar gyur/__oM badz+ra a mr-i ta kun+Da lI ha na ha na hU~M phaT/__ces bzlas mthar/__lha 'od du zhu ba bum chu dang dbyer med du gyur/__khrus/__bgegs bskrad/__srung 'khor/__sngon 'gro sems bskyed gsal btab/__de la 'dir dus min gyi 'chi ba'i 'jigs pa las skyob pa'i slad du ye shes mkha' 'gro seng gdong ma'i bud+d+ha sing ha la brten pa'i rdo rje'i tshe sgrub pa'i smin byed dbang bskur zhu ba'i yon du maN+Dal phul/__zhes mtshams sbyar la/__maN+Dal phul/__gsol ba 'debs pa 'di'i rjes zlos/__bla ma 'chi med tshe yi yum/__/ye shes mkha' 'gro seng gdong mas/__/'chi bdud bar chad bsal slad du/__/'chi med tshe yi dbang mchog stsol/__/lan gsum/__rgyud sbyong ba'i slad du tshogs zhing 'chi med mkha' 'gro'i dkyil 'khor bzhugs pa'i spyan sngar skyabs sems 'di'i rjes zlos/__na mo/__bla ma yi dam mkha' 'gro mar/__/gus pas skyabs mchi bdag gzhan gyi/__/dus min 'chi ba'i 'jigs bsal nas/__/'chi med bsgrub par sems bskyed do/__/zhes lan gsum/__yan lag brgyad pas bsags sbyong spel ba 'di'i rjes zlos mdzod/__rdo rje slob dpon sangs rgyas dpal/__/dus gsum bzhugs la phyag 'tshal lo/__/sogs lan gsum/__ye shes pa dbab pa la dmigs pa 'di bzhin du mdzod/__gzung 'dzin gyi chos thams cad rnam thar sgo gsum gyi dbyings stong pa chen po'i ngang las skye med skye ba'i cho 'phrul pad zla nyi ma bam ro'i steng du rig pa'i ngo bo a dkar po/__de yongs su gyur pa las khyed rang ye shes mkha' 'gro'i skur gyur pa ni/__bcom ldan 'das bud+d+ha seng gdong ma sogs gong bzhin la/__spyan 'dren sngags dang bcas pas byin dbab bo/__/rdo rje spyi bor bzhag la/__tiSh+Tha badz+ras brtan par bya/__dbang dngos la/__tshe 'gugs bskul ba ni/__bdag mdun gyi thugs ka nas 'od zer dang /__las byed kyi pho nya bsam gyis mi khyab pa spros/__'khor 'das kyi tshe bcud dang /__bla tshe chad nyams yar ba thams cad bsdus nas khyed rang dang tshe rdzas la thim par mos/__gong ltar tshe 'gugs sngags bcas brjod/__tshe bum thogs/__oMHsnod bcud dbyings kyi bum pa na/__/ye shes mkha' 'gro zhu ba'i rgyun/__/skal ldan khyod la bskur ba yis/__/rdo rje'i sku mchog thob par shog__/tshe sngags/__kA ya a b+hi Shiny+tsa oM/__tshe chang thogs la/__AH'khor 'das dwangs ma'i bcud bsdus pa'i/__/rA sa ya na myong grol rdzas/__/skal ldan khyod la bskur ba yis/__/'gags med gsung dbang thob par shog__/tshe sngags/__wAka a b+hi Shiny+tsa AHtshe ril thogs la/__hU~MHsrid zhi'i snying po tshe yi bcud/__/mi shigs thig le'i srog tu 'dril/__/skal ldan khyod la bskur ba yis/__/'chi med thugs dbang thob par shog__/tshe sngags/__tsit+ta a b+hi Shiny+tsa hU~M/__rgyas gdab pa'i slad du tshe mda' spyi bor bzhag pas tshe yi dngos grub thams cad dwangs ma'i rtsa rlung thig ler sba ba'i mos pa mdzod/__rgyas gdab gong bzhin/__spro na spyi 'brel bkra shis rdzas rtags kyang sbyin/__nam mkha' gang ba'i rtsa gsum rgyal ba rab 'byams kyi shis pa brjod pas dge legs su byas pa'i mos pa mdzod/__bkra shis ci rigs brjod/__dam tshig khas blangs sogs spyi ltar bya'o/__/slob dpon gyi rjes rim rnams seng gdong rtsa ba'i las byang ltar byas pas grub bo/__/zhes pa'ang 'khrul zhig rin po ches gsung ngor/__chos kyi blo gros pas 'bras ljongs sgang thog tu spen pa snar ma'i 'grub sbyor bzang po dang ldan pa'i dbo zla'i tshes 6la bris pa dge legs su gyur cig/___//__

Footnotes

Other Information