Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
།ཞེས་པའང་ཉེར་མཁོའི་ཆེད་དུ་བློ་གྲོས་མཐའ་ཡས་ཀྱིས་གཏེར་གཞུང་ལས་བསྡུས་ཏེ་བྲིས་པ་ཉེས་འགལ་མཆིས་ན་རྩ་གསུམ་དམ་ཅན་ཚོགས་ལ་བཟོད་པར་གསོལ་ལོ། །དགེ་ལེགས་འཕེལ།།  +
ཅེས་པའང་ཕུན་ཚོགས་རྣམ་རྒྱལ་པས་མཁྱེན་བརྩེའི་དབང་ཁང་དུ་འདིའི་སྨིན་གྲོལ་འབོགས་སྐབས་གསོལ་བ་བཏབ་པའོ།  +
།ཅེས་དམིགས་པ་མེད་པའི་ཐུགས་རྗེའི་བདག་ཉིད་ཀུན་མཁྱེན་བླ་མ་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོའི་ཞལ་སྔ་ནས་བཀའ་དྲིན་ཇི་ལྟར་སྩལ་བ་བཞིན་ཏུ། ཟབ་ལམ་གྱི་རྒྱུན་ལ་ཕན་ཏུ་རེ་བའི་ལྷག་བསམ་གྱིས་དྲངས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་དེ་བཱི་ཀོ་ཊའི་སྒྲུབ་གནས་ཀྱི་སྙིང་པོར་བགྱིས་པ་དགེ་ལེགས་འཕེལ།  +
ཅེས་པའང་༢༠༠༨ ལོར་བཀའ་བབས་སྐོར་བསྐྱར་བསྒྲིག་སྐབས། ༧འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཐུབ་བསྟན་ཆོས་རྒྱ་མཚོའི་ཞལ་སྔ་ནས་ཟབ་ཆོས་འདི་དག་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་ཐོབ་པ་ཕུན་ཚོགས་རྣམ་རྒྱལ་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་རང་གནས་ཀྱི་ཁང་བུར༌། གཏེར་གཞུང་ལས་བཏུས་ཏེ་བཀླག་ཆོག་ཏུ་བསྡེབས་པའི་དགེ་བས་འགྲོ་ཀུན་པདྨ་འོད་དུ་བགྲོད་པའི་རྒྱུར་གྱུར་ཅིག།  +
* '''Author colophon:''' །ཅེས་པའང་འདི་རྒྱུན་ཤིན་ཏུ་དཀོན་ཅིང་རྙེད་པར་དཀའ་བས་ཞབས་ཏོག་ཏུ་དམིགས་པའི་ལྷག་བསམ་བཟང་པོས། རྗེ་བླ་མའི་ཕྱག་བཞེས་མ་འཁྲུལ་བར་བློ་གྲོས་མཐའ་ཡས་པའི་སྡེ་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྤེལ་བ་དགེ་ལེགས་འཕེལ། * '''Editor colophon:''' སླར་༢༠༠༨ ལོར་ཕུན་ཚོགས་རྣམ་རྒྱལ་པས་དབང་སྒྲུབ་ཀྱི་ཆོ་ག་མ་གཏོགས་པ་ནག་འགྲོས་སུ་བསྒྱུར་བའོ།།   +
།ཅེས་པའང ༢༠༠༨ ཚེས་བཅོ་ལྔ་ལ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་ཀྱི་གྲྭ་ཆེན་པོར་འདི་དག་གི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་འབོགས་པའི་གཡར་ཁྲལ་ལྷུར་ལེན་པའི་སྲོད་ཀྱི་ཐུན་ལ་ཕུན་ཚོགས་རྣམ་རྒྱལ་པས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།  +
།ཟབ་ཆོས་འདི་ཉིད་ཀྱི་སྨིན་གྲོལ་བདུད་རྩིའི་ཟིལ་དངར་གསར་དུ་མྱོང་བའི་སྐལ་བ་བཟང་པོའི་རྫོགས་ལྡན་ཤར་བའི་སྐབས་སུ། ཁྱབ་བདག་བླ་མ་མ་ཧཱ་གུ་རུའི་ཞལ་སྐྱིན་ཉིད་ཀྱིས་རྗེས་སུ་གནང་བ་སྩལ་བ་ལྟར། རྒྱལ་དབང་པདྨཱ་ཀ་རའི་སྔགས་རིག་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་གཏེར་གཞུང་སོར་བཞག་གི་ཕྱག་ལེན་རྣམ་གསལ་དུ་བཀོད་པ་དགེ་ལེགས་འཕེལ།།  +
* '''Author colophon:''' །ཅེས་པའང་ཁྱབ་བདག་ཀུན་མཁྱེན་བླ་མ་དཔལ་ཆེན་པོ་དང་དབྱེར་མ་མཆིས་པ་རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞལ་སྔ་ནས་ཉེ་བརྒྱུད་བྱིན་རླབས་དང་ལྡན་གྱིས་རྗེས་སུ་བཟུང་ཞིང་བཀའི་གནང་བ་སྩལ་བ་ལྟར། དུས་ཞབས་ཀྱི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་བཛྲ་ཙིཏྟ་ཀོ་ཊིའི་སྒྲུབ་གནས་དཔལ་ཆེན་རྣམ་པར་རོལ་པའི་ཕོ་བྲང་དུ་གཏེར་གཞུང་རྡོ་རྗེའི་གསུང་བཅོས་བསླད་མེད་པ་ལ་རྣམ་གསལ་མཚམས་སྦྱོར་གྱིས་ལེགས་པར་བརྒྱན་པ་དགེ་ལེགས་འཕེལ། * '''Editor colophon:''' སླར་༢༠༠༨ ལོར་ཕུན་ཚོགས་རྣམ་རྒྱལ་པས་ནག་འགྲོས་སུ་བསྒྱུར་བའོ།།   +
།འདིའི་ཆོག་ཁྲིགས་ཀྱི་དཔེ་རྒྱུན་ཕྱོགས་འདིར་མ་བཞུགས་ཤིང་གཏེར་གཞུང་ཉིད་རྒྱ་འགྱུར་ཟང་མ་ལྟ་བུར་སོང་གཤིས་ཕན་ཚུན་གབ་འཁྲུགས་བསྡེབ་དགོས་མང་བས་དབང་རྒྱུན་ཙམ་དང་སྒྲུབ་མཆོད་སོགས་ཀྱི་སྐབས་སུ་འཕྲལ་འཕྲལ་ལག་ལེན་འདེབས་དཀའ་བར་མཐོང་ནས། །སངས་རྒྱས་གཉིས་པ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྔགས་རིག་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བསྡེབས་པ་དགེ་ལེགས་འཕེལ།།  +
།ཅེས་འདི་དད་བརྩོན་བློ་ལྡན་པའི། ལུང་རྟོགས་ཡོན་ཏན་ཐུགས་བརྩེའི་གཏེར། །ཀརྨ་ཕྲིན་ལས་ཀྱིས་བསྐུལ་བས། །ཐེག་མཆོག་རྡོ་རྗེ་སྙིང་པོའི་ཡི། །སྨིན་གྲོལ་བདུད་རྩིའི་སྐལ་བཟང་ཅན། །འོད་གསལ་སྣ་ཚོགས་རང་གྲོལ་གྱིས། །ཀརྨ་རྫོང་གི་རྒྱལ་ས་ནས། །བྲིས་དེས་ཆོས་ཉིད་དོན་རྟོགས་ཏེ། །ཡེ་ཤེས་ཀློང་དུ་གྲོལ་བར་ཤོག །དགེའོ།།  +
།ཞེས་པའང་ཆོས་ཀྱི་བློ་གྲོས་པས་སོ།།  +
།ཅེས་པའང་དགེ་སློང་ཀུན་དགའ་རབ་རྒྱས་ཀྱི་ངོར། འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཐ་སྐར་ཟླ་བའི་ཚེས་བཅུ་ལ་སྨྲས་རིམ་བཞིན་བསྐུལ་བ་པོས་ཡི་གེར་བཀོད་པ་འདིས་ཀྱང་དཔལ་ལྡན་བླ་མའི་བྱིན་བརླབ་སྙིང་དབུས་སུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།  +
།ཅེས་པའང་ས་ཁྱི་ཟླ་གཉིས་ཚེས་ཉི་ཤུ་ལ་རྗེ་དེ་ཉིད་ཡིད་ཡུལ་དུ་ལྷང་ངེར་འཆར་བའི་རྐྱེན་གྱིས་དད་པའི་རྦ་རླབས་དབང་མེད་དུ་གཡོས་པ་ལས་བྱུང་བའི་བསྟོད་ཚིག་གི་ཕྲེང་བ་འདི་ཡང་གཙུག་ལག་ལུང་རིགས་ཉི་མས་འབྲས་ལྗོངས་སུ་བྲིས་པའོ། །  +
།ཅེས་པའང་མེ་ཡོས་ཟླ་བ་༡༢པའི་ཚེས་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མངོན་པར་བྱང་ཆུབ་བརྙེས་པའི་ཚེས་བཟང་པོར་རྩེ་གཅིག་གུས་པས་སྙིང་ཐག་པ་ནས་གསོལ་བ་བཏབ་པ་འདིས་ཀྱང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་རང་གཞན་ཀུན་གྱི་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་སིདྡྷི་རསྟུ། །མངྒ་ལཾ། ཤུབྷཾ།  +
།ཅེས་པའང་མེ་ཁྱི་ཐ་སྐར་ཟླ་བའི་ཚེས་༢༧བཟང་པོར་རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོར་རྩལ་གྱིས་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་རང་སློབ་ཀུན་བཟང་འཇིགས་མེད་ཚེ་རིང་དབང་གི་རྒྱལ་པོས་བྲིས་པ་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།  +
།ཞེས་ཀུན་མཁྱེན་སངས་རྒྱས་གཉིས་པའི་རྟོགས་པ་བརྗོད་པ་དང་མཐུན་པར་བསྔགས་པའི་མེ་ཏོག་ཕྲ་མོ་འདིའང་གཞོན་ནུ་ཨ་བྷཱ་ཡས་གང་ཤར་མྱུར་དུ་སྦྱར་བའོ།།  +
།ཅེས་པའང་ཤིང་བྱ་ལོ་རྒྱལ་ཟླའི་དུས་དྲན་མཆོད་པའི་ཉིན་སྣང་གསལ་ངོགས་སུ་བློ་གྲོས་རྒྱ་མཚོའི་སྤྲིན་གྱིས་དད་མོས་ཆེན་པོས་བྲིས་པ་དགེའོ། །  +
།འཇ༷མ་པའི་དབྱང༷ས་དངོས་ཀུན་མཁྱེ༷ན་ཆེའི། །གསུང་རབ་བཞེངས་པའི་ལེགས་བྱས་ཀྱིས། །མཁྱེན་བརྩེ༷འི་དབ༷ང་པོ༷་བསམ་ཡས་པས། །རྗེས་བཟུང་དོན་གཉིས་མཐར་ཕྱིན་ཤོག །སརྦ་དཱ་ཤྲི་ཡེ་བྷ་བ་ཏུ།  +
།ཇི་ལྟར་ན་བཻཌཱུཪྻའི་བ་གམ་ལ་འགྲན་པའི་ཆར་སྤྲིན་ལྷུན་སྟུག་པ་ལས་དབྱར་གྱི་རྔ་གསངས་དལ་བུར་བརྡུངས་བས་མདོངས་མཐའ་གཞོན་ནུའི་ཚོགས་རྣམས་ཡིད་དགའ་བ་དང་བདེ་བའི་བདུད་རྩིས་ཡུན་རིང་དུ་བརླན་པའི་གར་རྩེ་བ་བཞིན། སྔོན་གྱི་སྨོན་ལམ་དཀར་པོའི་ཕྱོགས་ལས་འཆེལ་བས་མགོན་པོ་གང་གི་མཁྱེན་རབ་ལས་བྱུང་བའི་ལེགས་བཤད་ཀྱི་ཚིག་དོན་རེ་རེས་ཀྱང་སྙིང་ལ་སིམ་པ་དཔག་ཡས་ཐོབ་ནས་དད་པ་དང་སྤྲོ་བ་མ་སྨད་པས་ཚུལ་འདིར་འཇུག་པ་པོ་ནི། རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་གཅིག་ཏུ་དཀར་བའི་མགྲིན་པའི་རྒྱུད་མངས་འཁྲོལ་བཞིན་དུ་ཕྱོགས་བྲལ་རྒྱལ་ཁམས་ཉུལ་བའི་ཁུ་བྱུག་གཞོན་ནུ་གཙུག་ལག་སྨྲ་བའི་ཉི་མ་སྟེ། ངལ་བ་དང་ལེན་གྱི་ཡི་གེའི་འདུ་བྱེད་པའང་བྷིཀྵུ་ཤཱི་ལ་སཱ་ག་རས་བགྱིས་པའི་ལེགས་བྱས་ཀྱི་ཆོས་ཚུལ་འདི་ཉིད་ཐོས་པ་ཅན་རྣམས་ཀྱི་རྣ་བའི་རྒྱན་དུ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།  +