ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་པྲཛྙཱ་རསྨིའི་གསུང་རབ་གླེགས་བམ་རིན་པོ་ཆེའི་དཀར་ཆག

From Khyentse Lineage - A Tsadra Foundation Project
Wylie title kun mkhyen chos kyi rgyal po pradz+nyA rasmi'i gsung rab glegs bam rin po che'i dkar chag JKW-KABUM-24-YA-001.pdf
Location mkhyen brtse'i bka' 'bum
Volume 24, sde tshan 1, Text 2, Pages 6-19 (Folios 3b4 to 10a4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People འཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར་ ('phreng po gter ston shes rab 'od zer)
Citation 'jam dbyangs mkhyen brtse'i dbang po. kun mkhyen chos kyi rgyal po pradz+nyA rasmi'i gsung rab glegs bam rin po che'i dkar chag. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 24: 6-19. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Catalogue of Contents - dkar chag
Colophon

།ཇི་ལྟར་ན་བཻཌཱུཪྻའི་བ་གམ་ལ་འགྲན་པའི་ཆར་སྤྲིན་ལྷུན་སྟུག་པ་ལས་དབྱར་གྱི་རྔ་གསངས་དལ་བུར་བརྡུངས་བས་མདོངས་མཐའ་གཞོན་ནུའི་ཚོགས་རྣམས་ཡིད་དགའ་བ་དང་བདེ་བའི་བདུད་རྩིས་ཡུན་རིང་དུ་བརླན་པའི་གར་རྩེ་བ་བཞིན། སྔོན་གྱི་སྨོན་ལམ་དཀར་པོའི་ཕྱོགས་ལས་འཆེལ་བས་མགོན་པོ་གང་གི་མཁྱེན་རབ་ལས་བྱུང་བའི་ལེགས་བཤད་ཀྱི་ཚིག་དོན་རེ་རེས་ཀྱང་སྙིང་ལ་སིམ་པ་དཔག་ཡས་ཐོབ་ནས་དད་པ་དང་སྤྲོ་བ་མ་སྨད་པས་ཚུལ་འདིར་འཇུག་པ་པོ་ནི། རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་གཅིག་ཏུ་དཀར་བའི་མགྲིན་པའི་རྒྱུད་མངས་འཁྲོལ་བཞིན་དུ་ཕྱོགས་བྲལ་རྒྱལ་ཁམས་ཉུལ་བའི་ཁུ་བྱུག་གཞོན་ནུ་གཙུག་ལག་སྨྲ་བའི་ཉི་མ་སྟེ། ངལ་བ་དང་ལེན་གྱི་ཡི་གེའི་འདུ་བྱེད་པའང་བྷིཀྵུ་ཤཱི་ལ་སཱ་ག་རས་བགྱིས་པའི་ལེགས་བྱས་ཀྱི་ཆོས་ཚུལ་འདི་ཉིད་ཐོས་པ་ཅན་རྣམས་ཀྱི་རྣ་བའི་རྒྱན་དུ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།

ji ltar na baiDUR+Ya'i ba gam la 'gran pa'i char sprin lhun stug pa las dbyar gyi rnga gsangs dal bur brdungs bas mdongs mtha' gzhon nu'i tshogs rnams yid dga' ba dang bde ba'i bdud rtsis yun ring du brlan pa'i gar rtse ba bzhin/__sngon gyi smon lam dkar po'i phyogs las 'chel bas mgon po gang gi mkhyen rab las byung ba'i legs bshad kyi tshig don re res kyang snying la sim pa dpag yas thob nas dad pa dang spro ba ma smad pas tshul 'dir 'jug pa po ni/__ris med pa'i bstan pa la dag pa'i snang ba gcig tu dkar ba'i mgrin pa'i rgyud mangs 'khrol bzhin du phyogs bral rgyal khams nyul ba'i khu byug gzhon nu gtsug lag smra ba'i nyi ma ste/__ngal ba dang len gyi yi ge'i 'du byed pa'ang b+hik+Shu shI la sA ga ras bgyis pa'i legs byas kyi chos tshul 'di nyid thos pa can rnams kyi rna ba'i rgyan du phyogs dus gnas skabs thams cad du dar zhing rgyas la yun ring du gnas par gyur cig__/sarba dA ka l+yA NaM b+ha ba tu/

1 Texts in this Section (sde tshan or chos tshan)

[edit]
༄༅། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་པྲཛྙཱ་རསྨིའི་གསུང་རབ་གླེགས་བམ་རིན་པོ་ཆེའི་དཀར་ཆག་ངོ་མཚར་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ཆོས་ཀུན་མཁྱེན་པའི་ཡེ་ཤེས་རྨད་བྱུང་བ། །རབ་འབྱམས་སྣང་བ་གསར་བའི་འཛུམ་འོད་ནི། །ཟླ་ཟེར་བདུད་རྩིའི་དཔལ་གྱིས་མཚོན་མིན་པས། །རྣམ་ཀུན་ཤིས་པའི་བསིལ་བ་སྦྱིན་གྱུར་ཅིག །ཤིན་ཏུ་ཞི་བ་ཆོས་སྐུའི་དབྱིངས་ལས་གཞར་ཡང་འཕོ་མེད་གང་ཆེན་མཚོ། ངོ་མཚར་སྤྲུལ་པའི་གཟུགས་སུ་ཤར་བ་འཇིག་རྟེན་མིག་གཅིག་བཻ་རོའི་ཞབས། སླར་ཡང་མཁས་པའི་མེ་ཏོག་མཛེས་པར་གྲུབ་གཉིས་འབྲས་བུའི་ཁུར་ལྕི་བའི། སྔོན་མེད་དཔག་བསམ་དབང་པོར་གྲགས་འབར་ཐམས་ཅད་མཁྱེན་དངོས་འགྲོ་འདུལ་གླིང་། ༢ །གང་གི་རྣམ་ཐར་བསམ་དཔྱོད་ལས་འདས་བྱིས་བློའི་གཞལ་བྱ་མ་ཡིན་ཡང་། ཕྱོགས་རེའི་ངོ་མཚར་ཅུང་ཟད་ཐོབ་པའང་དད་སྤྲོའི་པདྨོ་རྒྱས་པ་ལ། མཚུངས་པ་སྤངས་པའི་བདུད་རྩིར་གྱུར་ནས་མི་ཕྱེད་གུས་པའི་བརྟུལ་ཞུགས་ཀྱིས། ཚུལ་འདིའི་ལེགས་གསུང་རིན་ཆེན་འཚོལ་ལ་གཅིག་ཏུ་བརྩོན་པའི་གཡར་དམ་བླངས། ༣ ནམ་ཞིག་ཡེ་ཤེས་སྐུ་ཅན་གང་གི་ཞབས་རྡུལ་ཟླ་ཤེལ་སར་པ་ཡིས། གྲུབ་པའི་རི་བོའི་སྤོ་ལ་བཀོད་པས་འཁོར་ལོ་གསུམ་གྱི་ཀུ་མུ་དཱ། གཅིག་ཅར་བྱེ་བ་དཔལ་གྱི་རི་ཞེས་ཐེག་པ་མཆོག་གི་གླིང་ཆེན་དེར། རྐང་སེན་ཨུཏྤལ་དལ་གྱིས་འཛེགས་ལས་ལེགས་གསུང་མཆོག་འདི་སྐལ་བས་ཐོབ། ༤ དེ་ཚེ་ཕྱོགས་བྲལ་རྒྱལ་ཁམས་ཉུལ་བའི་བློ་གསལ་བུང་བ་གཞོན་ནུ་གང་། ཚིག་སྙན་པུཎྜ་རཱི་ཀས་མངོན་གཏམས་དོན་བཟང་སྦྲང་རྩིའི་དོ་ཤལ་ཅན། ཡིད་འཕྲོག་བསྟན་བཅོས་དགའ་བའི་ཚལ་ལ་ཞུགས་པ་བཞིན་དུ་རབ་ཆགས་ནས། ཕྱི་མོའི་བཅུད་ལེན་སྒྲུབ་པའི་གར་གྱིས་ཉིན་མཚན་ཕ་མཐའ་དགོངས་པ་དང་། ༥ ལྷན་ཅིག་ངེས་གསང་སྙིང་པོའི་བསྟན་པ་ཐུར་མ་བརྒྱ་པའི་འཇོ་སྒེག་ཅན། རྣམ་དཔྱོད་དཔུང་པས་གཅིག་ཏུ་འཛིན་བཟོད་ཆོས་ཀྱི་ཉི་མ་གསར་པ་ལས། ལུང་གི་འོད་རྡུལ་བཏུང་པ་ཙམ་གྱིས་ཀུན་ཏུ་དགའ་བའི་མནྡ་ར། འཛུམ་བཅས་རོལ་པའི་ངལ་འཚོའི་དཔྱིད་ནི་ལེགས་བྲིས་བདུད་རྩིས་མཚོན་མ་གྱུར། དེ་སླད་འཆོས་སྐྱོབ་ཡོན་ཏན་མ་སྨད་པའི། ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་རྣམ་མང་གཟུགས། འཆར་བཟོད་ངོ་མཚར་ནོར་བུའི་མེ་ལོང་གང་། གཟུར་གནས་རྣ་བའི་རྒྱན་དུ་དགོད་ལ་ཕྱོགས། ༧ དེ་ལ་འདིར་གཟོད་མ་ཉིད་ནས་ཤིན་ཏུ་ཞི་བ་རྣམ་གྲོལ་ཆོས་སྐུའི་ཐིག་ལེར་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བརྙེས་སུ་ཟིན་ཀྱང་མཐའ་ཀླས་པའི་ལུས་ཅན་རྣམས་ལ་གཅིག་ཏུ་བརྩེ་བའི་སྨོན་ལམ་དང་སྙིང་རྗེའི་གཞན་དབང་ཁོ་ནས་རྣམ་པར་སྣང་མཛད་གངས་ཅན་མཚོའི་མཚན་དཔེའི་སྤྲིན་བཀོད་ཅིང་སྤྲུལ་པའི་རྣམ་རོལ་ཚད་མེད་པས་འགྲོ་ཁམས་རྒྱ་མཚོའི་རྡུལ་སྙེད་ཐར་པ་མཆོག་གི་གྲོང་ཁྱེར་དུ་དབུགས་དབྱུང་བར་མཛད་པ་ལས། རེ་ཞིག་རྒྱ་གར་འཕགས་པའི་ཡུལ་བདག་ཅག་གི་སྟོན་མཆོག་ཉི་མའི་གཉེན་གྱི་སྤྱན་སྔར་ཉེ་གནས་ཀུན་དགའ་བོ། གངས་ཅན་བོད་ཀྱི་ལྗོངས་འདིར་འཇིག་རྟེན་གྱི་མིག་གཅིག་པུ་ལོ་ཆེན་བཻ་རོ་ཙཱ་ན། རྔོག་ལོ་བསྟན་པའི་ཉི་མ་བློ་ལྡན་ཤེས་རབ་སོགས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་མེ་ཏོག་མནྡཱ་རའི་ཕྲེང་བ་ལྟ་བུ་ཚར་དུ་དང ར་བ་བཟུང་བའི་མཐར། སྐབས་འདིར་བྱང་རྒྱུད་ནོར་འཛིན་གྱི་ཐིག་ལེར་སྤྲུལ་པའི་སྣང་བསྙན་པདྨ་དཀར་པོ་ལྟ་བུར་བཞད་པ་དང་ཆབ་ཅིག །མཁས་མང་བྱེ་བས་བསྟེན་པའི་རིགས་གྲོལ་ཀློག་པ་ཐོས་བསམ་གྱི་འཁོར་ལོས་བློ་གྲོས་ཤིན་ཏུ་སྦྱངས་པས་སྡེ་སྣོད་རྒྱུད་ སྡེ་ཡན་ལག་དང་བཅས་པའི་ཚིག་དོན་ལ་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་ཏེ། འཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་། རྨད་དུ་བྱུང་བའི་སློབ་དཔོན་གཉིས་ལ་སོགས་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བའི་ཁྲི་འཕང་མཐོན་པོར་རང་སྟོབས་ཁོ་ནས་ཞབས་སེན་གྱི་ཨུཏྤལ་བཀོད་ཅིང་། སླར་ལ་དབེན་པའི་འཇུག་ངོགས་རྣམས་སུ་རྩེ་གཅིག་མཉམ་པར་བཞག་པས་འཕགས་པའི་ཡེ་ཤེས་མངོན་སུམ་དུ་གཟིགས་པའི་ཚུལ་བསྟན་པ་ན། དུས་གསུམ་མཁྱེན་པ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་ཀྱང་ངེས་པ་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གླིང་པའམ། མཚན་གཞན་ཀུན་གཟིགས་ཆོས་ཀྱི་ཉི་མ་ཐམས་ཅད་མཁྱེན་པ་པྲཛྙཱརསྨི་ཞེས་གྲགས་པའི་གདུགས་དཀར་སྲིད་ཞིའི་བླ་ན་མངོན་པར་མཐོ་བ་གང་དེའི་དཔལ་གྱི་མགུལ་ནས་ལེགས་པར་སྩལ་བའི་ཚིག་དོན་གྱི་ཆ་ཤས་རེ་རེར་ཡང་ཉམས་འགྱུར་བདུད་རྩིའི་རྦ་རླབས་འབུམ་དུ་འཛགས་པའི་གསུང་རབ་ཐོར་བུའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་གླེགས་བམ་རིན་པོ་ཆེ་འདི་ཉིད་ཀྱི་བཞུགས་བྱང་ཅུང་ཟད་ཙམ་སྤྲོ་བ་ལ་སྡེ་ཚན་བཀྲ་ཤིས་པའི་རྟགས་ཀྱི་གྲངས་དང་ལྡན་པ་ལས། དང་པོ་བསྟོད་ཚོགས་གསོལ་འདེབས་ཀྱི་སྐོར་རྒྱལ་བ་སྲས་བཅས་དགྱེས་པའི་རོལ་མོ་ལ། མ་ཧཱ་གུ་རུ་ཡབ་ཡུམ་ལ་དེ་ཁོ་ན་ཉིད་ཀྱི་སྒོ་ནས་བསྟོད་པ་སྙན་པའི་སྒྲ་དབྱངས་ལྷའི་རོལ་མོ། ཡང་མ་ཧཱ་གུ་རུ་ལ་བསྟོད་པ་དད་པའི་ཆུ་རྒྱུན། རྒྱལ་དབང་རིན་ཆེན་ཕུན་ཚོགས་ཀྱི་འཁྲུངས་རབ་གསོལ་འདེབས་དད་པའི་རྦ་རླབས་རྗེ་བཙུན་ཆོས་རྒྱལ་ཕུན་ཚོགས་ཀྱི་རྣམ་ཐར་ལ་བསྔགས་པ་དད་པའི་ཆུ་རྒྱུན། རྗེ་རང་ཉིད་ཀྱི་རྣམ་ཐར་གསོལ་འདེབས་དོན་གཉིས་ལྷུན་གྲུབ། རང་བསྟོད་ཡིད་ཀྱི་གདུང་སེལ་ལ་ནང་གསེས་སུ། དད་ལྡན་ནམ་མཁའ་འོད་ཟེར་ལ་གནང་བ་ཚན་གཉིས། བྲག་སྣ་ཆོས་རྗེ་དང་། ལྷོ་བྲག་པ་དགེ་འདུན་རིན་ཆེན་གཉིས་ལ་གནང་བ་རེ་རེ་སྟེ་ལེ་ཚན་བཞི། བརྟན་བཞུགས་འཆི་མེད་སྒྲ་དབྱངས། གསང་བ་སྐྱེ་བརྒྱུད་ལུང་བསྟན་ལྟར་བྲིས་པ་རྣམས་དང་། ཞར་བྱུང་དུ། རྗེ་བཙུན་པྲཛྙཱརསྨི་ལ་གསོལ་འདེབས་སྨོན་ལམ་དང་འབྲེལ་བ་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པས་མཛད་པ་བཅས་བཞུགས་སོ། །གཉིས་པ་མདོ་སྔགས་སྤྱིའི་དགོངས་འགྲེལ་གྱི་སྐོར་ལུང་རྟོགས་རིན་པོ་ཆེའི་མཛོད་ལ། ཐེག་པ་ཆེན་པོ་དབུ་མའི་མན་ངག་བདེན་གཉིས་གསལ་བའི་སྒྲོན་མེ། དབང་གི་སྤྱི་ཆིངས་ཀུན་ལ་འགྲོ་བ་རྡོ་རྗེའི་ཚིག་གི་ས་བོན། རིག་པ་འཛིན་པ་སྔགས་ཀྱི་ལམ་ལས་རྡོ་རྗེ་ལུས་ཀྱི་ལམ་བཟང་རྣམ་པར་གསལ་བ། རིམ་པ་དང་པོའི་སྔགས་ཀྱི་དོན་བཤད་སྐུ་གསུམ་ལམ་ཁྱེར་གྱི་ཆིངས། ཟབ་དོན་གནད་ཀྱི་གདམས་ངག་མཐའ་དག་སྙིང་པོར་དྲིལ་བའི་ཞལ་ལུང་སྒྲོན་གསལ། སེམས་འགྲེལ་སྐོར་གསུམ་དང་མཐུན་པར་སྙིང་པོའི་བཞུགས་ཚུལ་གསལ་བར་བརྗོད་པའི་གཏམ་དྲང་སྲོང་དགའ་བའི་གླུ་དབྱངས། སེམས་དང་རིག་པ་དབྱེ་བ་ཆོས་ཉིད་སྲང་དུ་གཞུག་པའི་རྣམ་བཤད། །གངས་རིའི་ཁྲོད་ཀྱི་ཀློག་པ་ཉན་བཤད་པ་རྣམས་ཀྱི་སྙན་དུ་བསྲིང་བ་ཐོས་བསམ་འཆི་མེད་ཀྱི་བདུད་རྩི། གངས་རིའི་ཁྲོད་ཀྱི་སྤོང་བ་བསམ་གཏན་པ་རྣམས་ཀྱི་སྙན་དུ་བསྲིངས་བ་སྒོམ་པ་འཆི་མེད་ཀྱི་བདུད་རྩི་རྣམས་སོ། །གསུམ་པ་ཁྲིད་རིམ་སྣ་ཚོགས་ཀྱི་སྐོར་ཟབ་དོན་ནོར་བུའི་སྙེ་མ་ལ། ཕྱག་རྒྱ་ཆེན་པོ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྙེན་སྒྲུབ་ཡན་ལག་བཞི་ཡི་རྣམ་པར་བཞག་པ། ནཱ་རོ་ཏ་པའི་མན་ངག་སྦས་དོན་བསྲེ་བ་སྐོར་གསུམ་གྱི་ཟིན་བྲིས་ཟབ་ལམ་གདམས་པའི་ས་བོན་ལེ་ཚན་གསུམ། དཔལ་རྡོ་རྗེ་སེམས་དཔལ་ལ་བརྟེན་པའི་དབེན་པ་གསུམ་གྱི་ལམ་རིམ། རྡོ་རྗེ་སེམས་དཔའ་ལྷན་སྐྱེས་ཡབ་ཡུམ་གྱི་སྒོ་ནས་སྣ་རྩེ་གསུམ་གྱི་ལམ་ཉམས་སུ་ལེན་ཐབས། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཟིན་བྲིས་བཀའ་བརྒྱུད་ཞལ་ལུང་བདུད་རྩིའི་ཐིགས་པ། ཡང་ལྔ་ལྡན་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་མདོར་བསྡུས། རླུང་སེམས་གནད་ཀྱི་ལྡེའུ་མིག །ཐུན་མོང་མ་ཡིན་པའི་མན་ངག་བར་དོ་ལམ་ཁྱེར་གྱི་གདམས་པ། དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཁྲིད་དམིགས་སྤྱིའི་ཆིངས། རྡོར་སེམས་སྙིང་ཏིག་གི་དམིགས་རིམ་ཟིན་བྲིས་རྡོ་རྗེ་སེམས་དཔའི་གསེང་ལམ། བསམ་གཏན་གླིང་པའི་ཨ་ཏིའི་ལམ་རིམ་ཐར་པའི་སྒོ་གཅིག །ཁྲིད་རྒྱུན་སྤྱིའི་ཆིངས་མདོར་བསྡུས་པ་གྲུབ་པའི་ཞལ་ལུང་། དངོས་གཞིའི་ངོ་སྤྲོད་རིག་སེམས་རྣམ་དབྱེ་སྦས་དོན་གསལ་བ་རྣམས་སོ། །བཞི་པ་རྟོགས་བརྗོད་ཞལ་གདམས་ཀྱི་སྐོར་ཕན་བདེའི་སྣང་བ་གསར་པ་ལ། རྟོགས་བརྗོད་མཁས་པའི་མཛེས་རྒྱན། དགོན་གསར་བྱང་སེམས་མ་ལ་གདམས་པའི་དོན་གྱི་རྟོགས་བརྗོད། རྣམ་པར་ཐར་པ་ལས་སྣང་གསལ་བཀོད། རྒྱབ་ཡིག་གནད་ཆིངས་རྡོ་རྗེའི་གླུ་ལྔ་ལས། རང་ལ་གྲོས་འདེབས་ཀྱི་གླུ་སྙིང་གི་ཐུར་མ། ཨེ་ཝཾ་ཟུང་འཇུག་རྡོ་རྗེའི་གླུ། བདེ་སྟོང་ཕྱག་ཆེན་གྱི་གླུ། སྣང་བ་ལམ་ཁྱེར་གྱི་གླུ། འོད་གསལ་རྡོ་རྗེ་སྙིང་པོའི་གླུ་རྣམས་དང་། རང་ལ་གྲོས་འདེབས་བསྐུལ་བའི་གླུ་བཅས། ཌཱཀྐིའི་གསང་ཚིག་རྡོ་རྗེའི་གླུ། བཞད་གད་རྡོ་རྗེའི་གླུ་རྡོ་རྗེ་སེམས་དཔའི་མེ་ལོང་། ལུགས་གཉིས་ཀྱི་དོན་ལེགས་པར་བཤད་པ་རིན་པོ་ཆེའི་ཕྲེང་བ། དཀར་ཆེན་བསྟན་འཛིན་ནོར་བུ་ལ་གདམས་པ་སྤྱོད་པ་བསྡུས་པའི་སྒྲོན་མེ། ཉམས་ལེན་འཁྲུལ་མེད་གནད་ཀྱི་སྒོ་འབྱེད། ཆོས་རྗེ་མཁའ་སྤྱོད་པ་ལ་གནང་བའི་ཞལ་གདམས། དཔོན་པོ་ཕུན་ཚོགས་དབང་པོ་ལ་གདམས་པ་ངེས་དོན་གནད་ཀྱི་ལྡེའུ་མིག་ལེ་ཚན། དབུ་མ་ཆེན་པོའི་མཐའ་རྣམ་པར་སེལ་བ་ཡིད་ཀྱི་རྣམ་གྲོལ། ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་རིམ་པར་ཕྱེ་བ། རྫོགས་པ་ཆེན་པོ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མདོར་བསྡུས། ལྟ་སྒོམ་སྤྱོད་འབྲས་ཉེ་བར་བསྡུས་པ། ཞི་ལྷག་གི་ཉམས་ལེན་སྐྱོང་ལུགས་སེམས་ཉིད་ངལ་འཚོའི་བདུད་རྩི། དཔལ་རི་ཐེག་མཆོག་གླིང་གི་བཅའ་ཡིག་བསྟན་པ་རྒྱས་པའི་ཉི་འོད་རྣམས་སོ། །ལྔ་པ་ཆོས་སྤྱོད་ལམ་ཁྱེར་གྱི་སྐོར་ཚོགས་གཉིས་ཆུ་གཏེར་ལ། ཆོས་སྤྱོད་བསྟན་པ་སྤྱིའི་ལམ་རིམ་ཐེག་པ་ཐུན་མོང་གི་སྔོན་འགྲོ། ཟབ་མོ་ལྟ་བའི་ལུགས་ཀྱི་ཐེག་ཆེན་སེམས་བསྐྱེད་རྒྱལ་སྲས་ལམ་འཇུག །གསོལ་འདེབས་བྱིན་རླབས་རྒྱུད་བསྐུལ། ཟབ་ལམ་བླ་མའི་རྣལ་འབྱོར་སྙིང་པོ། ཇ་མཆོད་བདུད་རྩིའི་སྤྲིན་ཕུང་། དགའ་སྟོན་བདུད་རྩིའི་ཉེར་མཆོད། གཟའ་བཏུང་ཚོགས་མཆོད་འདོད་ཡོན་ལམ་ཁྱེར། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ཡེ་ཤེས་མེ་འོད། རྩ་གསུམ་རྒྱུན་ཁྱེར་གྱི་གཏོར་མ་དངོས་གྲུབ་བང་མཛོད། ཉལ་དམིགས་ལུས་སྦྱིན་ཟབ་མོ་ཚོགས་གཉིས་མྱུར་ལམ་རྣམས་སོ། །དྲུག་པ་ཐོར་བུ་སྣ་ཚོགས་ཀྱི་སྐོར་ངོ་མཚན་ཨུཏྤལ་དོ་ཤལ་ལ། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་བློ་གྲོས་སྣང་བ་གསལ་བྱེད། སྐུ་གསུང་ཐུགས་རྟེན་བཞེངས་ཐབས་ཀྱི་ས་ཆོག་སོགས་ཉེ་བར་བསྡུས་པ་ཕན་བདེའི་དཔལ་སྟེར། དམ་ཅན་ཆེན་པོའི་གསོལ་མཆོད་ཉེར་བསྡུས། རྡོ་རྗེ་གཤོག་རྒོད་མའི་གཏོར་འབུལ་བསྡུས་པ་རྣམས་དང་། ཐང་སྐུ་སོགས་ཀྱི་ཞལ་བྱང་འཆི་མེད་ལྗོན་བཟང་ལ་ནང་གསེས་སུ། དཔལ་རི་པདྨ་འོད་ཀྱི་ཞལ་ཐང་བཞེངས་པའི་རྒྱབ་ཡིག །ཚེ་དཔག་མེད་སྐུ་གསུམ་འདུས་པའི་ཞལ་ཐང་གི་རྒྱབ་ཡིག །ཇོ་བོ་བྱང་ཆུབ་ཆེན་པོ་ལ་སྙན་ཤལ་ཕུལ་བའི་ཁ་བྱང་། རོང་ངུར་སྨྲིག་གི་སྒྲོལ་མ་ལ་སྙན་ཤལ་ཕུལ་བའི་ཁ་བྱང་། བསམ་ཡས་ཆོས་རྒྱལ་ཆེན་པོར་སྙན་དར་ཕུལ་བའི་ཁ་བྱང་། ཨ་ཕྱི་ཆོས་ཀྱི་སྒྲོན་མ་ལ་མདའ་དར་ཕུལ་བའི་ཁ་བྱང་། དཔལ་མགོན་ཞལ་བཞི་པ་ལ་མདའ་དར་ཕུལ་བའི་ཁ་བྱང་། སྲིན་པོ་རིའི་འཁོར་ལོ་སྡོམ་པ་ལ་སྙན་ཤལ་ཕུལ་བའི་ཁ་བྱང་། བསམ་ཡས་ཆོས་སྐྱོང་ཆེན་པོར་མདའ་དར་ཕུལ་བའི་ཁ་བྱང་། རྔ་ཡབ་དཔལ་རི་རྟེན་དང་བརྟེན་པར་བཅས་པའི་ཞིང་བཀོད་ཀྱི་ཞལ་བྱང་ཌཱ་ཀིའི་གླུ་གར། རྗེ་བཙུན་རིན་ཆེན་ཕུན་ཚོགས་ཀྱི་སྣང་བརྙན་བཞེངས་པ་ལ་ཞབས་བརྟན་དུ་གསོལ་བ་འཆི་མེད་གྲུབ་པའི་བདེན་ཚིག་རྣམས་སོ། །བདུན་པ་ཆབ་ཤོག་གི་སྐོར་ཚངས་སྲས་དགྱེས་པའི་རྒྱུད་མངས་ལ། རྒྱལ་ཚབ་གྲགས་པ་དོན་གྲུབ། འབྲུག་པ་པདྨ་དཀར་པོ། སྤྲུལ་སྐུ་མདོ་སྔགས་གླིང་པ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་རྣམས་ལ་ཕུལ་བའི་ཆབ་ཤོག་རེ་རེ། བླ་མ་མོན་པ་ཆོས་རྗེ་མཁའ་སྤྱོད་པ། དར་རྩེ་མདོ་བ་བླ་མ་འཕྲེང་པོར་ཞལ་ངོ་ཐུན་མོང་། འཕྲེང་པོ་ནས་སྡེ་པ་དམག་དཔོན་རྣམས་ལ་གནང་བ་རེ་རེ་འཕྲེང་པོ་ནས་སྡེ་པ་ཆོས་རྗེ་ལ་གནང་བ་ལེ་ཚན་གཉིས། དངུལ་གདུང་དགེ་སློང་རྡོ་རྗེ་ལ་གནང་བ། འཕྲེང་པོ་ནས་སྡེ་པ་བདེ་མཆོག་ལ་གནང་བ་ལེ་ཚན་བཞི། འཕྱང་རྒྱས་ནས་ས་སྐྱོང་ཧོར་བསོད་པ་ལ་གནང་བ། སྡེ་པ་ཆོས་རྗེ་ལ་གནང་བ་ལེ་ཚན་གསུམ། བསམ་ཡས་ཀྱི་དབོན་པ་ལྷ་གཅིག་དང་། ཐུགས་སྲས་ཆོས་རྗེ་ངག་དབང་། ཐུགས་སྲས་ཆོས་རྗེ་ཀུན་བཟང་རྣམས་ལ་གནང་བའི་ཆབ་ཤོག་རེ་རེ་རྣམས་སོ། །བརྒྱད་པ་བསྔོ་སྨོན་གྱི་སྐོར་བྱང་ཆེན་བསྒྲོད་པའི་མྱུར་ལམ་ལ། བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ། གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན། གསོན་གཤིན་གྱི་བསྔོ་བ་བྱང་ཆུབ་ལམ་བཟང་། སྨོན་ལམ་རིན་ཆེན་ཕྲེང་བ། རྒྱལ་སྲས་ཀརྨ་ཀུན་བཟང་ལ་གནང་བའི་སྨོན་ལམ་ལེ་ཚན་གསུམ། ཇོ་བོ་བཅུ་གཅིག་ཞལ་གྱི་སྐུ་ཞབས་སུ་འདེབས་རྒྱུའི་སྨོན་ལམ་ཨ་ལགས་རླུང་ལ་གནང་བ། དད་ལྡན་ནམ་མཁའ་འོད་ཟེར་དང་། །མཁར་གྲྭ་ནས་ཨ་ལགས་ཚེ་རིང་གཉིས་ལ་གནང་བའི་སྨོན་ལམ་རེ་རེ། སྔགས་ཀྱི་ཞིང་མཆོག་ཤཱནྟ་པུ་རིའི་གྲོང་ཁྱེར་དུ་བགྲོད་པའི་སྨོན་ལམ་དོན་གཉིས་ལྷུན་གྲུབ་བཅས་ལེགས་པར་བཞུགས་སོ། །དེ་ལྟར་ཡོངས་སུ་རྫོགས་པའི་ལུང་ཐོབ་པའི་ཉེ་བའི་བརྒྱུད་པའང་ཞར་བྱུང་གི་ཚུལ་དུ་སྤྲོ་ན། གང་གི་ཚེ་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་ལ་སྙིང་རྗེ་ཆེན་པོའི་སྤྱན་རས་གཞར་ཡང་མི་ཟུམ་པས་གཟིགས་པ་ལག་ན་ཆུ་སྐྱེས་འཆང་བའི་ཚད་མེད་པའི་ཐུགས་རྗེའི་རྣམ་རོལ། འཇམ་དཔལ་དབྱངས་དངོས་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཟུང་འཇུག་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རིག་འཛིན་འཇིགས་བྲལ་གླིང་པ་ཞེས་གྲགས་པའི་སྤྲིང་ཡིག་ཕྱོགས་ཀྱི་བུ་མོའི་རྣ་བའི་བཅུད་ལེན་དུ་ཆེས་ཆེར་དངར་བ་གང་གི་རྡུལ་བྲལ་འོད་གསལ་གྱི་མེ་ལོང་དྭངས་བའི་ངོགས་སུ། ངེས་པར་ཐམས་ཅད་མཁྱེན་དངོས་འགྲོ་འདུལ་པྲཛྙཱ་རསྨིའི་ཟག་མེད་ཡེ་ཤེས་ཀྱི་སྐུས་མངོན་སུམ་བར་རྗེས་སུ་བཟུང་ཞིང་བྱིན་གྱིས་རླབས་པ་དང་། རྗེ་དེ་ཉིད་ཀྱི་རྗེ་བཙུན་སྤྲུལ་པའི་སྐུ་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་ཉི་མ་ལ་ལུང་གི་བདུད་རྩི་འཆད་པ་མེད་པར་རྩལ་བས་མཁྱེན་དཔྱོད་ཀྱི་པུཎྜཱ་རཱི་ཀ་ཆེས་ཆེར་མཚར་སྡུག་རྫོགས་པའི་ཞབས་སེན་ཟླ་ཚེས་གསར་བས་རེག་པ་བདག་ཀྱང་ཆོས་ཚུལ་འདི་ཐོས་པའི་རྣ་ལུང་གི་ཨུཏྤལ་དཀར་པོ་ཅིར་ཡང་རྒྱས་པར་གྱུར་པའི་བཀའ་དྲིན་ནི་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བྱའི་གནས་ལ་སྤྲོ་བ་མཆོག་ཏུ་འཕེལ་ཏོ། །སླར་སྨྲས་པ། ཆོས་ཀུན་མཁྱེན་པའི་ཤེས་རབ་རྨད་བྱུང་ཟླ་བ་བྱེ་བའི་ལང་ཚོ་ནི། མུན་པའི་གོ་འཕང་བསྙིལ་འོད་རྣོ་ལྡན་ལེགས་བཤད་བདུད་རྩིའི་ཟེར་སྤྲོ་བས། ཕྱོགས་ལྷུང་པདྨའི་ནགས་ཚལ་ཟུམ་ཞིང་གཟུར་གནས་ཡིད་ཀྱི་ཀུ་མུ་དཱ། ཆེས་ཆེར་དར་བའི་ངང་ཚུལ་དྲན་ནས་སླར་ལ་གུས་པའི་དད་ཕྱག་སྟོབ། ༡ །སྤང་དང་ཀློག་པའི་མཆོད་སྤྲིན་རྒྱ་མཚོས་མཆོད། །སྨད་འོས་ལས་ཀུན་སྙིང་ནས་མཐོལ་བཤགས་ཤིང་། །ཁྱོད་ཚུལ་ཁོ་ནར་ཡིད་རབས་དྭངས་པའི་བློ། །ཨུཏྤལ་དཀར་པོའི་འཛུམ་སྒྲོས་སྙིང་དབུས་གྲོལ། ༢ །ཕྱོགས་བཅུའི་འགྲོ་ལ་ལམ་བདེན་ནོར་བུའི་ཆར། །འབེབས་མཁས་སྤྲུལ་པའི་རྣམ་རོལ་རྟག་སྟོན་ཅིང་། །འདིས་མཚོན་བསགས་པའི་རྣམ་དཀར་ཀཽ་མུ་དཱི། །བྱང་ཆུབ་སྙིང་པོའི་འཇིངས་སུ་བསྔོ་བར་བགྱི། ༣ །དེ་མཐུས་བདག་གཞན་ཡིད་ཅན་རྒྱ་མཚོའི་རྡུལ། །ཡང་སྲིད་ཀུན་ཏུ་ཐེག་མཆོག་བཤེས་གཉེན་གྱི། །ཞབས་རྡུལ་ས་ཧཱ་ཀཱ་རས་དགེ་བྱས་པས། །རྒྱལ་བ་དགྱེས་པའི་ལང་ཚོ་དར་བབས་ཤོག ༤ །ཐོས་མང་གདེངས་ཀ་ཅན་གྱིས་ཡོངས་བཟུང་མཐུས། །བསམ་བྱུང་བློ་ཡི་ས་གཞིར་ངེས་འབྱུང་དང་། །བྱང་ཆུབ་སེམས་གཉིས་ཡང་དག་ལྟ་བ་ཡི། །དབྱར་གྱི་སྨན་ལྗོངས་རབ་ཏུ་རྒྱས་གྱུར་ཅིག ༥ །ཁྱད་པར་དབེན་ཞིང་ཉམས་དགའི་ནགས་ཀླུང་དུ། །འོད་གསལ་སྙིང་པོའི་བདུད་རྩིས་ཡིད་བརླན་པས། །ཟུང་འཇུག་འཇའ་ལུས་རྡོ་རྗེའི་པདྨ་དཀར། །འཛུམ་བཅས་རོལ་པའི་ངལ་འཚོ་ཐོབ་པར་ཤོག ༦ །མདོར་ན་འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་བྱེ་བས་ཡོངས་བསྟེན་པ། དཔག་བསམ་འཁྲི་ཤིང་གསར་པའི་གཟུགས་ཅན་ཞི་བའི་གྲོང་ཁྱེར་ཡིད་འོང་བར། རིག་འཛིན་མི་ཡི་ཐོད་པ་གང་དང་སྤྱོད་ཡུལ་མཉམ་པ་ཉིད་གྱུར་པས། རྣམ་པ་ཐམས་ཅད་མཁྱེན་པའི་དཔལ་གྱིས་ས་གསུམ་འགྲོ་ལ་དགེ་གྱུར་ཅིག ༧ །ཇི་ལྟར་ན་བཻཌཱུཪྻའི་བ་གམ་ལ་འགྲན་པའི་ཆར་སྤྲིན་ལྷུན་སྟུག་པ་ལས་དབྱར་གྱི་རྔ་གསངས་དལ་བུར་བརྡུངས་བས་མདོངས་མཐའ་གཞོན་ནུའི་ཚོགས་རྣམས་ཡིད་དགའ་བ་དང་བདེ་བའི་བདུད་རྩིས་ཡུན་རིང་དུ་བརླན་པའི་གར་རྩེ་བ་བཞིན། སྔོན་གྱི་སྨོན་ལམ་དཀར་པོའི་ཕྱོགས་ལས་འཆེལ་བས་མགོན་པོ་གང་གི་མཁྱེན་རབ་ལས་བྱུང་བའི་ལེགས་བཤད་ཀྱི་ཚིག་དོན་རེ་རེས་ཀྱང་སྙིང་ལ་སིམ་པ་དཔག་ཡས་ཐོབ་ནས་དད་པ་དང་སྤྲོ་བ་མ་སྨད་པས་ཚུལ་འདིར་འཇུག་པ་པོ་ནི། རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་གཅིག་ཏུ་དཀར་བའི་མགྲིན་པའི་རྒྱུད་མངས་འཁྲོལ་བཞིན་དུ་ཕྱོགས་བྲལ་རྒྱལ་ཁམས་ཉུལ་བའི་ཁུ་བྱུག་གཞོན་ནུ་གཙུག་ལག་སྨྲ་བའི་ཉི་མ་སྟེ། ངལ་བ་དང་ལེན་གྱི་ཡི་གེའི་འདུ་བྱེད་པའང་བྷིཀྵུ་ཤཱི་ལ་སཱ་ག་རས་བགྱིས་པའི་ལེགས་བྱས་ཀྱི་ཆོས་ཚུལ་འདི་ཉིད་ཐོས་པ་ཅན་རྣམས་ཀྱི་རྣ་བའི་རྒྱན་དུ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ། ༈
[edit]

kun mkhyen chos kyi rgyal po pradz+nyA rasmi'i gsung rab glegs bam rin po che'i dkar chag @#/__/kun mkhyen chos kyi rgyal po pradz+nyA rasmi'i gsung rab glegs bam rin po che'i dkar chag ngo mtshar nor bu'i me long zhes bya ba bzhugs so/__/chos kun mkhyen pa'i ye shes rmad byung ba/__/rab 'byams snang ba gsar ba'i 'dzum 'od ni/__/zla zer bdud rtsi'i dpal gyis mtshon min pas/__/rnam kun shis pa'i bsil ba sbyin gyur cig__/shin tu zhi ba chos sku'i dbyings las gzhar yang 'pho med gang chen mtsho/__ngo mtshar sprul pa'i gzugs su shar ba 'jig rten mig gcig bai ro'i zhabs/__slar yang mkhas pa'i me tog mdzes par grub gnyis 'bras bu'i khur lci ba'i/__sngon med dpag bsam dbang por grags 'bar thams cad mkhyen dngos 'gro 'dul gling /__2__/gang gi rnam thar bsam dpyod las 'das byis blo'i gzhal bya ma yin yang /__phyogs re'i ngo mtshar cung zad thob pa'ang dad spro'i pad+mo rgyas pa la/__mtshungs pa spangs pa'i bdud rtsir gyur nas mi phyed gus pa'i brtul zhugs kyis/__tshul 'di'i legs gsung rin chen 'tshol la gcig tu brtson pa'i g.yar dam blangs/__3__nam zhig ye shes sku can gang gi zhabs rdul zla shel sar pa yis/__grub pa'i ri bo'i spo la bkod pas 'khor lo gsum gyi ku mu dA/__gcig car bye ba dpal gyi ri zhes theg pa mchog gi gling chen der/__rkang sen ut+pal dal gyis 'dzegs las legs gsung mchog 'di skal bas thob/__4__de tshe phyogs bral rgyal khams nyul ba'i blo gsal bung ba gzhon nu gang /__tshig snyan puN+Da rI kas mngon gtams don bzang sbrang rtsi'i do shal can/__yid 'phrog bstan bcos dga' ba'i tshal la zhugs pa bzhin du rab chags nas/__phyi mo'i bcud len sgrub pa'i gar gyis nyin mtshan pha mtha' dgongs pa dang /__5__lhan cig nges gsang snying po'i bstan pa thur ma brgya pa'i 'jo sgeg can/__rnam dpyod dpung pas gcig tu 'dzin bzod chos kyi nyi ma gsar pa las/__lung gi 'od rdul btung pa tsam gyis kun tu dga' ba'i man+da ra/__'dzum bcas rol pa'i ngal 'tsho'i dpyid ni legs bris bdud rtsis mtshon ma gyur/__de slad 'chos skyob yon tan ma smad pa'i/__zab cing rgya che'i chos tshul rnam mang gzugs/__'char bzod ngo mtshar nor bu'i me long gang /__gzur gnas rna ba'i rgyan du dgod la phyogs/__7__de la 'dir gzod ma nyid nas shin tu zhi ba rnam grol chos sku'i thig ler mngon par byang chub pa'i ye shes brnyes su zin kyang mtha' klas pa'i lus can rnams la gcig tu brtse ba'i smon lam dang snying rje'i gzhan dbang kho nas rnam par snang mdzad gangs can mtsho'i mtshan dpe'i sprin bkod cing sprul pa'i rnam rol tshad med pas 'gro khams rgya mtsho'i rdul snyed thar pa mchog gi grong khyer du dbugs dbyung bar mdzad pa las/__re zhig rgya gar 'phags pa'i yul bdag cag gi ston mchog nyi ma'i gnyen gyi spyan sngar nye gnas kun dga' bo/__gangs can bod kyi ljongs 'dir 'jig rten gyi mig gcig pu lo chen bai ro tsA na/__rngog lo bstan pa'i nyi ma blo ldan shes rab sogs ye shes sgyu 'phrul drwa ba'i rol gar me tog man+dA ra'i phreng ba lta bu tshar du dang_ra ba bzung ba'i mthar/__skabs 'dir byang rgyud nor 'dzin gyi thig ler sprul pa'i snang bsnyan pad+ma dkar po lta bur bzhad pa dang chab cig__/mkhas mang bye bas bsten pa'i rigs grol klog pa thos bsam gyi 'khor los blo gros shin tu sbyangs pas sde snod rgyud _sde yan lag dang bcas pa'i tshig don la spobs pa'i gter chen po brgyad grol te/__'dzam bu'i gling mdzes par byed pa'i rgyan drug dang /__rmad du byung ba'i slob dpon gnyis la sogs pa'i chos kyi 'khor los sgyur ba'i khri 'phang mthon por rang stobs kho nas zhabs sen gyi ut+pal bkod cing /__slar la dben pa'i 'jug ngogs rnams su rtse gcig mnyam par bzhag pas 'phags pa'i ye shes mngon sum du gzigs pa'i tshul bstan pa na/__dus gsum mkhyen pa dpal o rgyan chos kyi rgyal pos kyang nges pa don gyi rgyal tshab tu dbang bskur ba gter chen chos kyi rgyal po 'gro 'dul gling pa'am/__mtshan gzhan kun gzigs chos kyi nyi ma thams cad mkhyen pa pradz+nyArasmi zhes grags pa'i gdugs dkar srid zhi'i bla na mngon par mtho ba gang de'i dpal gyi mgul nas legs par stsal ba'i tshig don gyi cha shas re rer yang nyams 'gyur bdud rtsi'i rba rlabs 'bum du 'dzags pa'i gsung rab thor bu'i skor rnams phyogs gcig tu bsgrigs pa'i glegs bam rin po che 'di nyid kyi bzhugs byang cung zad tsam spro ba la sde tshan bkra shis pa'i rtags kyi grangs dang ldan pa las/__dang po bstod tshogs gsol 'debs kyi skor rgyal ba sras bcas dgyes pa'i rol mo la/__ma hA gu ru yab yum la de kho na nyid kyi sgo nas bstod pa snyan pa'i sgra dbyangs lha'i rol mo/__yang ma hA gu ru la bstod pa dad pa'i chu rgyun/__rgyal dbang rin chen phun tshogs kyi 'khrungs rab gsol 'debs dad pa'i rba rlabs rje btsun chos rgyal phun tshogs kyi rnam thar la bsngags pa dad pa'i chu rgyun/__rje rang nyid kyi rnam thar gsol 'debs don gnyis lhun grub/__rang bstod yid kyi gdung sel la nang gses su/__dad ldan nam mkha' 'od zer la gnang ba tshan gnyis/__brag sna chos rje dang /__lho brag pa dge 'dun rin chen gnyis la gnang ba re re ste le tshan bzhi/__brtan bzhugs 'chi med sgra dbyangs/__gsang ba skye brgyud lung bstan ltar bris pa rnams dang /__zhar byung du/__rje btsun pradz+nyArasmi la gsol 'debs smon lam dang 'brel ba byin rlabs nyin byed 'dren pa'i shing rta zhes bya ba kun mkhyen chos kyi rgyal po rig 'dzin 'jigs med gling pas mdzad pa bcas bzhugs so/__/gnyis pa mdo sngags spyi'i dgongs 'grel gyi skor lung rtogs rin po che'i mdzod la/__theg pa chen po dbu ma'i man ngag bden gnyis gsal ba'i sgron me/__dbang gi spyi chings kun la 'gro ba rdo rje'i tshig gi sa bon/__rig pa 'dzin pa sngags kyi lam las rdo rje lus kyi lam bzang rnam par gsal ba/__rim pa dang po'i sngags kyi don bshad sku gsum lam khyer gyi chings/__zab don gnad kyi gdams ngag mtha' dag snying por dril ba'i zhal lung sgron gsal/__sems 'grel skor gsum dang mthun par snying po'i bzhugs tshul gsal bar brjod pa'i gtam drang srong dga' ba'i glu dbyangs/__sems dang rig pa dbye ba chos nyid srang du gzhug pa'i rnam bshad/__/gangs ri'i khrod kyi klog pa nyan bshad pa rnams kyi snyan du bsring ba thos bsam 'chi med kyi bdud rtsi/__gangs ri'i khrod kyi spong ba bsam gtan pa rnams kyi snyan du bsrings ba sgom pa 'chi med kyi bdud rtsi rnams so/__/gsum pa khrid rim sna tshogs kyi skor zab don nor bu'i snye ma la/__phyag rgya chen po zab lam rdo rje'i rnal 'byor bsnyen sgrub yan lag bzhi yi rnam par bzhag pa/__nA ro ta pa'i man ngag sbas don bsre ba skor gsum gyi zin bris zab lam gdams pa'i sa bon le tshan gsum/__dpal rdo rje sems dpal la brten pa'i dben pa gsum gyi lam rim/__rdo rje sems dpa' lhan skyes yab yum gyi sgo nas sna rtse gsum gyi lam nyams su len thabs/__phyag rgya chen po lnga ldan gyi zin bris bka' brgyud zhal lung bdud rtsi'i thigs pa/__yang lnga ldan stan thog gcig tu nyams su len tshul mdor bsdus/__rlung sems gnad kyi lde'u mig__/thun mong ma yin pa'i man ngag bar do lam khyer gyi gdams pa/__dam chos dgongs pa yang zab kyi khrid dmigs spyi'i chings/__rdor sems snying tig gi dmigs rim zin bris rdo rje sems dpa'i gseng lam/__bsam gtan gling pa'i a ti'i lam rim thar pa'i sgo gcig__/khrid rgyun spyi'i chings mdor bsdus pa grub pa'i zhal lung /__dngos gzhi'i ngo sprod rig sems rnam dbye sbas don gsal ba rnams so/__/bzhi pa rtogs brjod zhal gdams kyi skor phan bde'i snang ba gsar pa la/__rtogs brjod mkhas pa'i mdzes rgyan/__dgon gsar byang sems ma la gdams pa'i don gyi rtogs brjod/__rnam par thar pa las snang gsal bkod/__rgyab yig gnad chings rdo rje'i glu lnga las/__rang la gros 'debs kyi glu snying gi thur ma/__e waM zung 'jug rdo rje'i glu/__bde stong phyag chen gyi glu/__snang ba lam khyer gyi glu/__'od gsal rdo rje snying po'i glu rnams dang /__rang la gros 'debs bskul ba'i glu bcas/__DAk+ki'i gsang tshig rdo rje'i glu/__bzhad gad rdo rje'i glu rdo rje sems dpa'i me long /__lugs gnyis kyi don legs par bshad pa rin po che'i phreng ba/__dkar chen bstan 'dzin nor bu la gdams pa spyod pa bsdus pa'i sgron me/__nyams len 'khrul med gnad kyi sgo 'byed/__chos rje mkha' spyod pa la gnang ba'i zhal gdams/__dpon po phun tshogs dbang po la gdams pa nges don gnad kyi lde'u mig le tshan/__dbu ma chen po'i mtha' rnam par sel ba yid kyi rnam grol/__phyag rgya chen po rnal 'byor bzhi'i rim par phye ba/__rdzogs pa chen po gzhi lam 'bras gsum gyi rnam bzhag mdor bsdus/__lta sgom spyod 'bras nye bar bsdus pa/__zhi lhag gi nyams len skyong lugs sems nyid ngal 'tsho'i bdud rtsi/__dpal ri theg mchog gling gi bca' yig bstan pa rgyas pa'i nyi 'od rnams so/__/lnga pa chos spyod lam khyer gyi skor tshogs gnyis chu gter la/__chos spyod bstan pa spyi'i lam rim theg pa thun mong gi sngon 'gro/__zab mo lta ba'i lugs kyi theg chen sems bskyed rgyal sras lam 'jug__/gsol 'debs byin rlabs rgyud bskul/__zab lam bla ma'i rnal 'byor snying po/__ja mchod bdud rtsi'i sprin phung /__dga' ston bdud rtsi'i nyer mchod/__gza' btung tshogs mchod 'dod yon lam khyer/__za byed rdo rje mkha' 'gro'i sbyin sreg ye shes me 'od/__rtsa gsum rgyun khyer gyi gtor ma dngos grub bang mdzod/__nyal dmigs lus sbyin zab mo tshogs gnyis myur lam rnams so/__/drug pa thor bu sna tshogs kyi skor ngo mtshan ut+pal do shal la/__rdo rje dbyangs can ma'i sgrub thabs blo gros snang ba gsal byed/__sku gsung thugs rten bzhengs thabs kyi sa chog sogs nye bar bsdus pa phan bde'i dpal ster/__dam can chen po'i gsol mchod nyer bsdus/__rdo rje gshog rgod ma'i gtor 'bul bsdus pa rnams dang /__thang sku sogs kyi zhal byang 'chi med ljon bzang la nang gses su/__dpal ri pad+ma 'od kyi zhal thang bzhengs pa'i rgyab yig__/tshe dpag med sku gsum 'dus pa'i zhal thang gi rgyab yig__/jo bo byang chub chen po la snyan shal phul ba'i kha byang /__rong ngur smrig gi sgrol ma la snyan shal phul ba'i kha byang /__bsam yas chos rgyal chen por snyan dar phul ba'i kha byang /__a phyi chos kyi sgron ma la mda' dar phul ba'i kha byang /__dpal mgon zhal bzhi pa la mda' dar phul ba'i kha byang /__srin po ri'i 'khor lo sdom pa la snyan shal phul ba'i kha byang /__bsam yas chos skyong chen por mda' dar phul ba'i kha byang /__rnga yab dpal ri rten dang brten par bcas pa'i zhing bkod kyi zhal byang DA ki'i glu gar/__rje btsun rin chen phun tshogs kyi snang brnyan bzhengs pa la zhabs brtan du gsol ba 'chi med grub pa'i bden tshig rnams so/__/bdun pa chab shog gi skor tshangs sras dgyes pa'i rgyud mangs la/__rgyal tshab grags pa don grub/__'brug pa pad+ma dkar po/__sprul sku mdo sngags gling pa/__byang bdag bkra shis stobs rgyal rnams la phul ba'i chab shog re re/__bla ma mon pa chos rje mkha' spyod pa/__dar rtse mdo ba bla ma 'phreng por zhal ngo thun mong /__'phreng po nas sde pa dmag dpon rnams la gnang ba re re 'phreng po nas sde pa chos rje la gnang ba le tshan gnyis/__dngul gdung dge slong rdo rje la gnang ba/__'phreng po nas sde pa bde mchog la gnang ba le tshan bzhi/__'phyang rgyas nas sa skyong hor bsod pa la gnang ba/__sde pa chos rje la gnang ba le tshan gsum/__bsam yas kyi dbon pa lha gcig dang /__thugs sras chos rje ngag dbang /__thugs sras chos rje kun bzang rnams la gnang ba'i chab shog re re rnams so/__/brgyad pa bsngo smon gyi skor byang chen bsgrod pa'i myur lam la/__byang chub spyod pa'i smon lam phan bde'i ljon pa/__gsang ba sngags kyi smon lam 'dod 'jo'i dga' ston/__gson gshin gyi bsngo ba byang chub lam bzang /__smon lam rin chen phreng ba/__rgyal sras karma kun bzang la gnang ba'i smon lam le tshan gsum/__jo bo bcu gcig zhal gyi sku zhabs su 'debs rgyu'i smon lam a lags rlung la gnang ba/__dad ldan nam mkha' 'od zer dang /__/mkhar grwa nas a lags tshe ring gnyis la gnang ba'i smon lam re re/__sngags kyi zhing mchog shAn+ta pu ri'i grong khyer du bgrod pa'i smon lam don gnyis lhun grub bcas legs par bzhugs so/__/de ltar yongs su rdzogs pa'i lung thob pa'i nye ba'i brgyud pa'ang zhar byung gi tshul du spro na/__gang gi tshe yid can rgya mtsho'i rdul snyed la snying rje chen po'i spyan ras gzhar yang mi zum pas gzigs pa lag na chu skyes 'chang ba'i tshad med pa'i thugs rje'i rnam rol/__'jam dpal dbyangs dngos lha btsad po khri srong lde'u btsan gyi zung 'jug ye shes sgyu 'phrul drwa ba'i rol gar snyigs ma'i dus kyi thams cad mkhyen cing gzigs pa chen po rig 'dzin 'jigs bral gling pa zhes grags pa'i spring yig phyogs kyi bu mo'i rna ba'i bcud len du ches cher dngar ba gang gi rdul bral 'od gsal gyi me long dwangs ba'i ngogs su/__nges par thams cad mkhyen dngos 'gro 'dul pradz+nyA rasmi'i zag med ye shes kyi skus mngon sum bar rjes su bzung zhing byin gyis rlabs pa dang /__rje de nyid kyi rje btsun sprul pa'i sku rin po che bstan 'dzin chos kyi nyi ma la lung gi bdud rtsi 'chad pa med par rtsal bas mkhyen dpyod kyi puN+DA rI ka ches cher mtshar sdug rdzogs pa'i zhabs sen zla tshes gsar bas reg pa bdag kyang chos tshul 'di thos pa'i rna lung gi ut+pal dkar po cir yang rgyas par gyur pa'i bka' drin ni byang chub snying po'i bar du gzhal bya'i gnas la spro ba mchog tu 'phel to/__/slar smras pa/__chos kun mkhyen pa'i shes rab rmad byung zla ba bye ba'i lang tsho ni/__mun pa'i go 'phang bsnyil 'od rno ldan legs bshad bdud rtsi'i zer spro bas/__phyogs lhung pad+ma'i nags tshal zum zhing gzur gnas yid kyi ku mu dA/__ches cher dar ba'i ngang tshul dran nas slar la gus pa'i dad phyag stob/__1__/spang dang klog pa'i mchod sprin rgya mtshos mchod/__/smad 'os las kun snying nas mthol bshags shing /__/khyod tshul kho nar yid rabs dwangs pa'i blo/__/ut+pal dkar po'i 'dzum sgros snying dbus grol/__2__/phyogs bcu'i 'gro la lam bden nor bu'i char/__/'bebs mkhas sprul pa'i rnam rol rtag ston cing /__/'dis mtshon bsags pa'i rnam dkar kau mu dI/__/byang chub snying po'i 'jings su bsngo bar bgyi/__3__/de mthus bdag gzhan yid can rgya mtsho'i rdul/__/yang srid kun tu theg mchog bshes gnyen gyi/__/zhabs rdul sa hA kA ras dge byas pas/__/rgyal ba dgyes pa'i lang tsho dar babs shog__4__/thos mang gdengs ka can gyis yongs bzung mthus/__/bsam byung blo yi sa gzhir nges 'byung dang /__/byang chub sems gnyis yang dag lta ba yi/__/dbyar gyi sman ljongs rab tu rgyas gyur cig__5__/khyad par dben zhing nyams dga'i nags klung du/__/'od gsal snying po'i bdud rtsis yid brlan pas/__/zung 'jug 'ja' lus rdo rje'i pad+ma dkar/__/'dzum bcas rol pa'i ngal 'tsho thob par shog__6__/mdor na 'jig rten 'jig rten 'das pa'i phun tshogs bye bas yongs bsten pa/__dpag bsam 'khri shing gsar pa'i gzugs can zhi ba'i grong khyer yid 'ong bar/__rig 'dzin mi yi thod pa gang dang spyod yul mnyam pa nyid gyur pas/__rnam pa thams cad mkhyen pa'i dpal gyis sa gsum 'gro la dge gyur cig__7__/ji ltar na baiDUR+Ya'i ba gam la 'gran pa'i char sprin lhun stug pa las dbyar gyi rnga gsangs dal bur brdungs bas mdongs mtha' gzhon nu'i tshogs rnams yid dga' ba dang bde ba'i bdud rtsis yun ring du brlan pa'i gar rtse ba bzhin/__sngon gyi smon lam dkar po'i phyogs las 'chel bas mgon po gang gi mkhyen rab las byung ba'i legs bshad kyi tshig don re res kyang snying la sim pa dpag yas thob nas dad pa dang spro ba ma smad pas tshul 'dir 'jug pa po ni/__ris med pa'i bstan pa la dag pa'i snang ba gcig tu dkar ba'i mgrin pa'i rgyud mangs 'khrol bzhin du phyogs bral rgyal khams nyul ba'i khu byug gzhon nu gtsug lag smra ba'i nyi ma ste/__ngal ba dang len gyi yi ge'i 'du byed pa'ang b+hik+Shu shI la sA ga ras bgyis pa'i legs byas kyi chos tshul 'di nyid thos pa can rnams kyi rna ba'i rgyan du phyogs dus gnas skabs thams cad du dar zhing rgyas la yun ring du gnas par gyur cig__/sarba dA ka l+yA NaM b+ha ba tu/___/__!

Footnotes

Other Information