ཀུན་མཁྱེན་ངག་གི་དབང་པོ་ལ་བསྟོད་པ་བྱིན་རླབས་ཆར་སྤྲིན།

From Khyentse Lineage - A Tsadra Foundation Project
Wylie title kun mkhyen ngag gi dbang po la bstod pa byin rlabs char sprin JKCL-KABUM-02-KHA-063.pdf
Location chos kyi blo gros bka' 'bum
Volume 2, Text 63, Pages 563-566 (Folios 1a1 to 2b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཀློང་ཆེན་རབ་འབྱམས་ (Klong chen pa)
Citation 'jam dbyangs mkhyen brtse chos kyi blo gros. kun mkhyen ngag gi dbang po la bstod pa byin rlabs char sprin. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 563-566. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་མེ་ཡོས་ཟླ་བ་༡༢པའི་ཚེས་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མངོན་པར་བྱང་ཆུབ་བརྙེས་པའི་ཚེས་བཟང་པོར་རྩེ་གཅིག་གུས་པས་སྙིང་ཐག་པ་ནས་གསོལ་བ་བཏབ་པ་འདིས་ཀྱང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་རང་གཞན་ཀུན་གྱི་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་སིདྡྷི་རསྟུ། །མངྒ་ལཾ། ཤུབྷཾ།

/ces pa'ang me yos zla ba 12pa'i tshes la kun mkhyen chos kyi rgyal po mngon par byang chub brnyes pa'i tshes bzang por rtse gcig gus pas snying thag pa nas gsol ba btab pa 'dis kyang kun mkhyen chos kyi rgyal po'i byin rlabs rang gzhan kun gyi snying la 'jug pa'i rgyur gyur cig__/sarba sid+d+hi rastu/____/mang+ga laM/__shub+haM/

1 Texts in this Section (sde tshan or chos tshan)

[edit]
ཀུན་མཁྱེན་ངག་གི་དབང་པོ་ལ་བསྟོད་པ་བྱིན་རླབས་ཆར་སྤྲིན་ཞེས་བྱ་བ་བཞུགས་སོ། །ན་མོཿགུ་རུ་མཉྫུ་ཤྲཱིཿཡེ། བཟོད་ནས་མངོན་སངས་རྒྱས་ཀྱང་སྲིད་འདིར་མི་ཡི་གཟུགས། །སྤངས་རྟོགས་རྒྱ་མཚོའི་མཐར་སོན་ཀུན་མཁྱེན་ངག་གི་དབང་། །གདོད་མའི་མགོན་པོ་ལས་གཞན་དམིགས་སུ་མ་མཆིས་ཤིང་། །སྙིང་པོའི་བསྟན་པ་གསལ་མཛད་དེ་ལ་ཕྱག་བགྱིའོ། །ཆོས་དབྱིངས་ཀུན་ཁྱབ་འཆི་མེད་ལམ་ཡང་ངོགས། །འོད་གསལ་ཉི་ཟླའི་སྣང་བ་རྟག་འཆར་བས། །བགྲངས་ཡས་སྡུག་བསྔལ་མུན་པ་དྲུངས་ནས་འབྱིན། །ཐར་པའི་སྣང་བ་མཆོག་སྟེར་ཀུན་མཁྱེན་རྗེ། །རབ་འབྱམས་ཞིང་ན་གསང་བ་གསུམ་གྱིས་ཁྱབ། །མཁའ་ཁྱབ་རྒྱལ་བ་ཉིད་དང་དབྱེར་མེད་ཅིང་། །ཁྱོད་ཀྱང་དེ་བཞིན་གཤེགས་པའི་རྗེས་འགྲོ་བ། །སངས་རྒྱས་ཀུན་དང་དགོངས་པ་མཉམ་པར་བཞུགས། །ཞི་ཁྲོ་སྒྱུ་འཕྲུལ་གར་བརྒྱ་ཅིར་ཡང་སྟོན། །སྐུ་ཡི་རྡོ་རྗེའི་བ་སྤུ་ཉག་གཅིག་ལ། །རྣམ་པ་མཆོག་ལྡན་རྣམ་པ་ཐམས་ཅད་པའི། །སྐུ་དང་ཡེ་ཤེས་འོད་ཟེར་སྤྲོ་བསྡུ་མཛད། །རྒྱུན་མཐའི་ས་ལ་བཞུགས་པའི་འཕགས་ཆེན་གྱིས། །ཁྱོད་ཀྱི་གནས་ལ་བསྐལ་པ་བརྒྱར་བརྟག་ཀྱང་། །བློ་གྲོས་ཆེན་པོ་ངལ་བའི་མཐར་ལྷུང་ཞིང་། །ཡོན་ཏན་མཐའ་ནི་གཞལ་བའི་འོས་མ་ཡིན། །ཀུན་ཏུ་བཟང་དང་རྡོ་རྗེ་འཛིན་པའི་རྒྱལ། །བརྟན་པའི་འཁོར་ལོ་མགོན་པོ་མ་ཕམ་སོགས། །སེམས་དཔའ་ཆེ་རྣམས་ཁྱོད་ཀྱི་རྣམ་པར་འཕྲུལ། །ཇི་སྙེད་གདུལ་བྱའི་ཁམས་དང་མཐུན་པར་འཇུག །དབྱངས་ཀྱི་ཡན་ལག་རྒྱ་མཚོས་ཆོས་ཕུང་འབུམ། །སྐད་ཅིག་རེར་ཡང་སྟོན་པར་མཛད་པ་པོ། །བསམ་མི་ཁྱབ་པའི་གནས་ལ་བསྟོད་འདོད་ཀྱི། །ཚིག་གི་ལམ་དྲངས་བྱིས་བློ་འཁྲུལ་པར་ཟད། །མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ་དེ་བཞིན་གཤེགས་དང་སྤྱོད་ཡུལ་མཉམ། །དྲི་མ་མེད་པའི་འོད་ཟེར་སྟོང་འཕྲོ་ཀུན་ཏུ་བཟང་པོའི་ཁང་བཟང་ནང་། །འོད་གསལ་འབྱམས་ཀླས་ཀློང་ཆེན་རབ་འབྱམས་ཡེ་ཤེས་སྒྱུ་མའི་སྤྱི་གཟུགས་མཆོག །དྭངས་པའི་ཡིད་མཁར་ཡང་ཡང་བཀོད་ལ་ཀུན་མཁྱེན་དགྱེས་པའི་འཛུམ་ཞལ་ངོམ། །སླར་ཡང་རྩོད་པའི་དུས་ཀྱི་གདུལ་བྱའི་མགོན། །ཚུལ་ཁྲིམས་བློ་གྲོས་ཐམས་ཅད་མཁྱེན་གཉིས་པ། །ངག་གི་དཔལ་སྟེར་ཆོས་དབྱིངས་འདོད་པ་འཇོ། །ལྷར་བཅས་འཇིག་རྟེན་ཀུན་གྱི་གཙུག་ན་མཛེས། །མཁས་གྲུབ་བྱེ་བའི་སྙེམ་པ་བཏུལ་བྱེད་ཅིང་། །དྲེགས་ལྡན་རལ་པའི་ཐོར་ཅོག་ནོར་བུའི་རྩེར། །ཞབས་པད་རྡུལ་དམར་དལ་གྱི་བཀོད་པ་ཡི། །རྡོ་རྗེ་གཟི་བརྗིད་ས་གསུམ་རྣམ་པར་གནོན། །བསླབ་པ་གསུམ་གྱི་ལུས་བཟང་ཡོངས་སུ་རྫོགས། །འཆད་རྩོད་རྩོམ་པས་འཛིན་མའི་ཁྱོན་ཀུན་བརྡལ། །བསྟན་པའི་མཆོད་སྡོང་བསྐྲུན་མཁས་བསམ་ཡས་པ། །སྨྲ་བའི་སེང་གེ་སྣ་ཚོགས་རང་སར་གྲོལ། །ཁྱད་པར་ཐེག་དགུའི་རྩེ་རྒྱལ་རྡོ་རྗེའི་ཏོག །ཐུགས་ཀྱི་ཀློང་ནས་གཞན་ལ་འདོམ་མཁས་པ། །སྔོན་དང་ཕྱིས་འབྱུང་ཁྱོད་འདྲ་སྨོས་སུ་ཅི། །ཆ་ཙམ་མཉམ་པ་མཁའ་ཡི་པདྨོ་བཞིན། །ཟུང་འཇུག་གྲུབ་པའི་རྒྱལ་ཐབས་ལ་དབང་ཞིང་། །ལོངས་སྐུའི་སྣང་བར་རྟག་ཏུ་སྙོམས་པར་བཞུགས། །ཆོས་ཟད་བློ་འདས་གཞི་གྲོལ་མངོན་སངས་རྒྱས། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་སྙིང་དབུས་བསྟིམ། །སྐྱེ་བ་ཀུན་ཏུ་ཀུན་མཁྱེན་མཆོག་ཉིད་ཀྱི། །འབྲལ་བ་མེད་པར་ཐུགས་རྗེས་དགོངས་པ་དང་། །སྔོན་བྱོན་མཁས་གྲུབ་རྣམས་ལ་གསང་གསུམ་གྱིས། །རྗེས་སུ་བཟུང་བཞིན་སྐལ་ངན་བདག་ལའང་། །ཡེ་ཤེས་སྐུ་མཆོག་ཇི་བཞིན་བསྟན་དུ་གསོལ། །གསུང་གི་བདུད་རྩིས་བདག་བློའི་པདྨོ་རྒྱས། །ཐུགས་ཀྱི་བྱིན་བརླབས་སྙིང་ལ་ཞུགས་པ་དང་། །བླ་མ་རྗེ་དང་དབྱེར་མེད་བྱིན་གྱིས་རློབས། །ཟབ་གསང་བསྟན་པ་ཉི་འོད་ལྟར་གསལ་ཞིང་། །བཤད་སྒྲུབ་མ་དྲོས་རྒྱ་མཚོ་གཡས་སུ་འཁྱིལ། །ཕྲིན་ལས་འཛམ་གླིང་ཀུན་ཏུ་ཁྱབ་པ་དང་། །འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཤོག །ཀུན་མཁྱེན་དགྱེས་པའི་བསྟོད་དབྱངས་མཆོད་སྤྲིན་ཉུང་ངུ་འདི། །བདག་བློས་ལེགས་པར་མ་སྦྱངས་ཀུན་རྨོངས་ཀུན་ཏུ་འཁྲུག །འོན་ཀྱང་དེ་ཉེས་བསལ་སླད་བསྟོད་པའི་དགེ་བ་འདིས། །མ་རིག་སེམས་ཅན་ཚོགས་རྣམས་འཁྲུལ་པ་རང་སངས་ཤོག །ཅེས་པའང་མེ་ཡོས་ཟླ་བ་༡༢པའི་ཚེས་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མངོན་པར་བྱང་ཆུབ་བརྙེས་པའི་ཚེས་བཟང་པོར་རྩེ་གཅིག་གུས་པས་སྙིང་ཐག་པ་ནས་གསོལ་བ་བཏབ་པ་འདིས་ཀྱང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་རང་གཞན་ཀུན་གྱི་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་སིདྡྷི་རསྟུ། །མངྒ་ལཾ། ཤུབྷཾ། །
[edit]

kun mkhyen ngag gi dbang po la bstod pa byin rlabs char sprin zhes bya ba bzhugs so/____/na moHgu ru many+dzu shrIHye/__bzod nas mngon sangs rgyas kyang srid 'dir mi yi gzugs/____/spangs rtogs rgya mtsho'i mthar son kun mkhyen ngag gi dbang /____/gdod ma'i mgon po las gzhan dmigs su ma mchis shing /____/snying po'i bstan pa gsal mdzad de la phyag bgyi'o/____/chos dbyings kun khyab 'chi med lam yang ngogs/____/'od gsal nyi zla'i snang ba rtag 'char bas/____/bgrangs yas sdug bsngal mun pa drungs nas 'byin/____/thar pa'i snang ba mchog ster kun mkhyen rje/____/rab 'byams zhing na gsang ba gsum gyis khyab/____/mkha' khyab rgyal ba nyid dang dbyer med cing /____/khyod kyang de bzhin gshegs pa'i rjes 'gro ba/____/sangs rgyas kun dang dgongs pa mnyam par bzhugs/____/zhi khro sgyu 'phrul gar brgya cir yang ston/____/sku yi rdo rje'i ba spu nyag gcig la/____/rnam pa mchog ldan rnam pa thams cad pa'i/____/sku dang ye shes 'od zer spro bsdu mdzad/____/rgyun mtha'i sa la bzhugs pa'i 'phags chen gyis/____/khyod kyi gnas la bskal pa brgyar brtag kyang /____/blo gros chen po ngal ba'i mthar lhung zhing /____/yon tan mtha' ni gzhal ba'i 'os ma yin/____/kun tu bzang dang rdo rje 'dzin pa'i rgyal/____/brtan pa'i 'khor lo mgon po ma pham sogs/____/sems dpa' che rnams khyod kyi rnam par 'phrul/____/ji snyed gdul bya'i khams dang mthun par 'jug__/dbyangs kyi yan lag rgya mtshos chos phung 'bum/____/skad cig rer yang ston par mdzad pa po/____/bsam mi khyab pa'i gnas la bstod 'dod kyi/____/tshig gi lam drangs byis blo 'khrul par zad/____/mang du smras pas ci zhig bya ste de bzhin gshegs dang spyod yul mnyam/____/dri ma med pa'i 'od zer stong 'phro kun tu bzang po'i khang bzang nang /____/'od gsal 'byams klas klong chen rab 'byams ye shes sgyu ma'i spyi gzugs mchog__/dwangs pa'i yid mkhar yang yang bkod la kun mkhyen dgyes pa'i 'dzum zhal ngom/____/slar yang rtsod pa'i dus kyi gdul bya'i mgon/____/tshul khrims blo gros thams cad mkhyen gnyis pa/____/ngag gi dpal ster chos dbyings 'dod pa 'jo/____/lhar bcas 'jig rten kun gyi gtsug na mdzes/____/mkhas grub bye ba'i snyem pa btul byed cing /____/dregs ldan ral pa'i thor cog nor bu'i rtser/____/zhabs pad rdul dmar dal gyi bkod pa yi/____/rdo rje gzi brjid sa gsum rnam par gnon/____/bslab pa gsum gyi lus bzang yongs su rdzogs/____/'chad rtsod rtsom pas 'dzin ma'i khyon kun brdal/____/bstan pa'i mchod sdong bskrun mkhas bsam yas pa/____/smra ba'i seng ge sna tshogs rang sar grol/____/khyad par theg dgu'i rtse rgyal rdo rje'i tog__/thugs kyi klong nas gzhan la 'dom mkhas pa/____/sngon dang phyis 'byung khyod 'dra smos su ci/____/cha tsam mnyam pa mkha' yi pad+mo bzhin/____/zung 'jug grub pa'i rgyal thabs la dbang zhing /____/longs sku'i snang bar rtag tu snyoms par bzhugs/____/chos zad blo 'das gzhi grol mngon sangs rgyas/____/kun mkhyen chos kyi rgyal por snying dbus bstim/____/skye ba kun tu kun mkhyen mchog nyid kyi/____/'bral ba med par thugs rjes dgongs pa dang /____/sngon byon mkhas grub rnams la gsang gsum gyis/____/rjes su bzung bzhin skal ngan bdag la'ang /____/ye shes sku mchog ji bzhin bstan du gsol/____/gsung gi bdud rtsis bdag blo'i pad+mo rgyas/____/thugs kyi byin brlabs snying la zhugs pa dang /____/bla ma rje dang dbyer med byin gyis rlobs/____/zab gsang bstan pa nyi 'od ltar gsal zhing /____/bshad sgrub ma dros rgya mtsho g.yas su 'khyil/____/phrin las 'dzam gling kun tu khyab pa dang /____/'pho med 'ja' lus rdo rje'i sku 'grub shog__/kun mkhyen dgyes pa'i bstod dbyangs mchod sprin nyung ngu 'di/____/bdag blos legs par ma sbyangs kun rmongs kun tu 'khrug__/'on kyang de nyes bsal slad bstod pa'i dge ba 'dis/____/ma rig sems can tshogs rnams 'khrul pa rang sangs shog__/ces pa'ang me yos zla ba 12pa'i tshes la kun mkhyen chos kyi rgyal po mngon par byang chub brnyes pa'i tshes bzang por rtse gcig gus pas snying thag pa nas gsol ba btab pa 'dis kyang kun mkhyen chos kyi rgyal po'i byin rlabs rang gzhan kun gyi snying la 'jug pa'i rgyur gyur cig__/sarba sid+d+hi rastu/____/mang+ga laM/__shub+haM/____/

Footnotes

Other Information