ཀུན་བཟང་ཐུགས་གཏེར་ལས་བླ་སྒྲུབ་བྱིན་རླབས་སྒྲོན་མའི་བརྒྱུད་འདེབས།

From Khyentse Lineage - A Tsadra Foundation Project
JKW-KABAB-11-DA-002
Wylie title kun bzang thugs gter las bla sgrub byin rlabs sgron ma'i brgyud 'debs JKW-KABAB-11-DA-002.pdf
Location mkhyen brtse'i bka' babs
Volume 11, Text 2, Pages 45 (Folios 1a1 to 1a6)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Tertön བྱང་ཆུབ་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (byang chub gling pa, 'jam dbyangs mkhyen brtse'i dbang po)
Citation Phun tshogs rnam rgyal. kun bzang thugs gter las bla sgrub byin rlabs sgron ma'i brgyud 'debs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 11: 45. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Lineage Supplications - brgyud 'debs
Cycle བླ་སྒྲུབ་བྱིན་རླབས་སྒྲོན་མེ་ (bla sgrub byin rlabs sgron me)
Parent Cycle ཀུན་བཟང་ཐུགས་གཏེར་ (kun bzang thugs gter)
Karchag page JKW-KABAB-Volume-11-DA-Karchag
Colophon

ཅེས་པའང་ཕུན་ཚོགས་རྣམ་རྒྱལ་པས་མཁྱེན་བརྩེའི་དབང་ཁང་དུ་འདིའི་སྨིན་གྲོལ་འབོགས་སྐབས་གསོལ་བ་བཏབ་པའོ།

ces pa'ang phun tshogs rnam rgyal pas mkhyen brtse'i dbang khang du 'di'i smin grol 'bogs skabs gsol ba btab pa'o/

[edit]
༄༅། །ཀུན་བཟང་ཐུགས་གཏེར་ལས་བླ་སྒྲུབ་བྱིན་རླབས་སྒྲོན་མེའི་བརྒྱུད་འདེབས་བཞུགས། །ཀུན་ཁྱབ་འགྱུར་མེད་ཆོས་སྐུ་ཀུན་ཏུ་བཟང༌། །ཡེ་ཤེས་རང་སྣང་ལོངས་སྐུ་རིགས་ལྔའི་གཙོ། །སྤྲུལ་པའི་སྐུར་སྟོན་པདྨ་འབྱུང་གནས་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡེ་ཤེས་མཚོ་རྒྱལ་གནུབ་བན་ནམ་མཁའི་སྙིང༌། །བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་དང༌། །ཟབ་གཏེར་མཛོད་འཛིན་མཁྱེན་བརྩེའི་དབང་པོ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བློ་གྲོས་མཐའ་ཡས་མདོ་སྔགས་བསྟན་འཛིན་ཞབས། །འགྱུར་མེད་རྒྱ་མཚོ་ཆོས་ཀྱི་བློ་གྲོས་དང༌། །འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁྱེན་བརྩེའི་རང་མདངས་ཆོས་ཀྱི་རྒྱ་མཚོ་སོགས། །དངོས་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་དང༌། །ཡི་དམ་ལྷ་དང་མཁའ་འགྲོ་དམ་ཅན་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡང་དག་ལྟ་བས་གནས་ལུགས་ཇི་བཞིན་རྟོགས། །འཁྲུལ་མེད་སྒོམ་པས་འོད་གསལ་ཁོར་ཡུག་འབྱམས། །ཞེན་མེད་སྤྱོད་པའི་བརྟུལ་ཞུགས་མཐར་ཕྱིན་ཏེ། །ཀུན་བཟང་རྒྱལ་སྲིད་ཐོབ་པར་བྱིན་གྱིས་རློབས། །ཅེས་པའང་ཕུན་ཚོགས་རྣམ་རྒྱལ་པས་མཁྱེན་བརྩེའི་དབང་ཁང་དུ་འདིའི་སྨིན་གྲོལ་འབོགས་སྐབས་གསོལ་བ་བཏབ་པའོ།།

Footnotes

Other Information