Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
ཞེས་ཀྱང་ཆོས་ཀྱི་བློ་གྲོས་པས་སྨྲས་སོ།།  +
།ཅེས་པའང་ལྕགས་ཕག་སྣྲོན་ཟླ་བའི་ཤར་ཕྱོགས་ཀྱི་བཟང་པོ་དང་པོར་རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྒྲ་བསྒྱུར་ལོ་ཙཱ་ཕུག་གི་ཉེ་འདབས་སུ་གང་ཤར་རྩེ་གཅིག་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། སརྦ་སིདྡྷི་རསྟུ།།  +
།ཞེས་པའང་རྒྱུད་གསུམ་མན་ངག་དང་བཅས་པའི་གཞུང་ལུགས་ལ་ཤིན་ཏུ་དད་ཀྱང་། ཡུལ་དང་། དུས་དང་། གང་ཟག་གང་གི་སྒོ་ནས་ཀྱང་ཕུན་སུམ་ཚོགས་པ་མ་ཡིན་པའི་གནས་སྐབས་སུ་སྐྱེས་པས་རྒྱུད་དོན་གྱི་བཤད་སྲོལ་རྒྱས་པར་ཐོས་པའི་སྤྱོད་ཡུལ་དུ་མ་གྱུར་མོད། སྔར་སྨོས་པ་རྣམས་ཀྱི་ལུང་རྒྱུན་གང་བཞུགས་མཉན་ནས། ཡིག་ཆ་དེ་ཀུན་འབད་པས་བཙལ་ཏེ་བསམ་མནོས་ཞུན་མཐར་ཅུང་ཟད་བྱས་པའི་སྐལ་བཟང་ཙམ་ཉམས་སུ་མྱོང་བ། རིས་མེད་པའི་བསྟན་པ་ཐམས་ཅད་ལ་སྙིང་ནས་དད་པའི་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་བྲིས་པ་རྒྱུད་དོན་རྟོགས་པའི་བློ་གྲོས་མཆོག་ཏུ་དགེ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མདྒ་ལཾ།།  +
།ཞེས་པ་འདི་ནི་རང་སློབ་འཇམ་དབྱངས་བློ་གསལ་བཟང་པོའི་ཆེད་ཆོས་ཀྱི་བློ་གྲོས་པས་སོ།།  +
།ཞེས་པ་འདི་ནི་རང་སློབ་འཇམ་དབྱངས་བློ་གསལ་བཟང་པོའི་ཆེད་ཆོས་ཀྱི་བློ་གྲོས་པས་སོ།།  +
།ཅེས་པའང་འཁྲུལ་ཞིག་རྡོ་རྗེས་ལྷ་རྫས་བཅས་གསུང་བསྐུལ་ངོར། པདྨ་ཡེ་ཤེས་རྡོ་རྗེས་བྲིས་པའོ། །སརྦ་དཱ་མངྒ་ལཾ།།  +
།ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་ལུགས་འདི་ལ་ཚད་མར་གྱུར་པའི་གཞུང་ལས་ཟུར་དུ་ཕྱུངས་ཏེ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །མངྒ་ལཾ།  +
།ཅེས་པའང་རྗེ་དབོན་འཇམ་དབྱངས་ཡོན་ཏན་གྱིས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།།  +
།ཕྲན་ལ་སྐྱབས་རྟེན་གནང་མི་དགོས་དང་ཁྱེད་ལ་སྐྱབས་འཇུག་རྟག་ཏུ་ཡིད་ལ་སྣང་འཇོག་ཞུ། ཞུ་འདེགས་བཅས་ཆོས་ཀྱི་བློ་གྲོས་པས་ཕུལ།།  +
།ཅེས་པའང་གཏེར་གཞུང་རྡོ་རྗེའི་ཚིག་དང་། རྗེ་བཙུན་བླ་མ་དམ་པ་རྣམས་ཀྱིས་མཛད་པའི་མཚམས་སྦྱོར་ལས་འཇུག་བདེ་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ།།  +
།ཚེ་སྒྲུབ་ཡང་གསང་བླ་མེད་ཀྱི་དོན་དབང་གི་མཚམས་སྦྱོར་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །སརྦ་མངྒ་ལཾ།།  +
ཅེས་པའང་མཁན་རིན་པོ་ཆེ་ལེགས་པར་བཤད་པའི་གསུང་བསྐུལ་ངོར་༢ཆོས་ཀྱི་བློ་གྲོས་པས་བྲིས་པ་འདིས་ཀྱང་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །ཤུ་བྷཾ།  +
།ཅེས་པའང་ཀཿཐོག་མཁན་རིན་པོ་ཆེ་དུལ་བའི་སྡེ་དང་། ཉིན་དགོན་སྒྲུབ་སྡེ་རྣམས་ཀྱིས་ལྷ་རྫས་དང་བཅས་གསུང་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྒྱུད་སྡེ་ལྷ་ཁང་གི་གཟིམ་ཁང་དུ་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །མངྒ་ལཾ།།  +
།ཅེས་པའང་མཁན་རིན་པོ་ཆེ་དུལ་བའི་སྡེས་བཀའ་སྩལ་ལྟར། ཆོས་ཀྱི་བློ་གྲོས་པས་ཁྲིགས་སུ་བསྡེབས་པ་དགེ་ལེགས་སུ་གྱུར་ཅིགཡི་གེ་པ་ནི་དོན་དམ་ཆོས་མཆོག་གིས་གུས་པས་བགྱིད་པའོ། །མངྒ་ལཾ།།  +
།ཞེས་པའང་རྟོགས་ལྡན་བླ་མ་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་བཞེད་བསྐང་བའི་ཆེད་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་དངོས་གྲུབ་རྣམ་པ་གཉིས་ལ་དུས་རྟག་ཏུ་འདོད་རྒུར་ལོངས་སྤྱོད་པར་གྱུར་ཅིག།  +
འདི་ནི་མདོ་སྔགས་ཟུང་འབྲེལ་གྱི་ཆོ་ག་ཞེས་བསྒྲུབ་པར་སྣང་ངོ་། །ཆོས་ཀྱི་ཉི་མའི་གཞུང་མང་གི་དོན་ཇི་མ་ཇི་བཞིན་གྱི་དག་གཙང་ངོ་དགེའོ།།  +
།ཅེས་པའང་དོན་གཉེར་ཅན་རྣམས་ཀྱིས་སྔ་ཕྱིར་གསོལ་བ་བཏབ་པ་ལ་བརྟེན་ནས། །ཀུན་མཁྱེན་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་ཤར་མར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། དགེའོ།། དགེའོ།། དགེའོ།།  +
།ཅེས་པའང་ཆོས་རྗེ་ཀུན་མཁྱེན་བླ་མའི་གདན་ས་ལྷོ་མོན་བུམ་ཐང་ཐར་པ་གླིང་དུ་བཞུགས་པའི་ཆོས་བྲག་བླ་མ་བཀྲ་ཤིས་རྒྱལ་མཚན་ངག་དབང་ཡོན་ཏན་རྒྱ་མཚོའི་གསུང་བསྐུལ་བཞིན་བཀའ་སྲོལ་འདི་ལ་དད་མོས་བཟང་པོའི་འབྲེལ་བའི་བཀྲ་ཤིས་དཔལ་འབྱོར་པདྨ་དྲི་མེད་གཟི་བརྗིད་རབ་དགའ་དཔལ་གྱིས་སྒྲུབ་པའི་པྲ་ཁྲིད་དང༌། ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཟིན་བྲིས་ལ་བརྟེན་ནས་འཇུག་བདེ་དོན་ཚང་གི་ཚུལ་དུ་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཆེན་པོའི་རྒྱལ་ས་ལྟེ་བ་ཐིམ་རྫོང་བཀྲ་ཤིས་ཆོས་གླིང་དུ་བྲིས་པའི་དགེ་བས་འབྲེལ་ཚད་འཕགས་པའི་གོ་འཕང་མཐོང་བའི་ཆོས་ལ་མངོན་དུ་འགྱུར་བའི་རྒྱུ་ཁོ་ནར་གྱུར་ཅིག།  +