ཀློང་གསལ་མི་འཁྲུགས་པའི་གཤིན་ཆོག་གི་ཡན་ལག་ཐུགས་རྗེའི་ཆུ་རྒྱུན།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-035
Wylie title klong gsal mi 'khrugs pa'i gshin chog gi yan lag thugs rje'i chu rgyun JKCL-KABUM-06-CHA-035.pdf
Location chos kyi blo gros bka' 'bum
Volume 6, Text 35, Pages 443-451 (Folios 1a1 to 5a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ཀློང་གསལ་སྙིང་པོ་ (klong gsal snying po)
Citation 'jam dbyangs mkhyen brtse chos kyi blo gros. klong gsal mi 'khrugs pa'i gshin chog gi yan lag thugs rje'i chu rgyun. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 443-451. Bir, H.P.: Khyentse Labrang, 2012.
Genre Funerary Rituals - gnas lung - byang chog
Cycle ཀློང་གསལ་རྡོ་རྗེ་སྙིང་པོ་ (klong gsal rdo rje snying po)
Deity rdo rje mi 'khrugs pa
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-TSHI-031
Colophon

ཅེས་པའང་མཁན་རིན་པོ་ཆེ་ལེགས་པར་བཤད་པའི་གསུང་བསྐུལ་ངོར་༢ཆོས་ཀྱི་བློ་གྲོས་པས་བྲིས་པ་འདིས་ཀྱང་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །ཤུ་བྷཾ།

ces pa'ang mkhan rin po che legs par bshad pa'i gsung bskul ngor 2chos kyi blo gros pas bris pa 'dis kyang phan pa rgya chen po 'byung ba'i rgyur gyur cig__/shu b+haM/

1 Texts in this Section (sde tshan or chos tshan)

[edit]
༄༅། །ཀློང་གསལ་མི་འཁྲུགས་པའི་གཤིན་ཆོག་གི་ཡན་ལག་ཐུགས་རྗེའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། མཚན་ཙམ་ཐོས་པས་གནས་ངན་ལེན། །རྒྱུན་གཅོད་རྡོ་རྗེ་མི་འཁྲུགས་པར། །བྱང་ཆུབ་བར་དུ་སྐྱབས་སུ་བསྙེན། །སྡིག་སྦྱོངས་ལས་ཚོགས་ཟིན་ཐུན་སྤེལ། དེ་ལ་འདིའི་བསྙེན་པ་ཐེམས་པའི་གང་ཟག་གིས་གཤིན་པོར་ཕན་གདགས་པའི་ལས་ཀྱི་ཚོགས་རབ་འབྱམས་ལས་འདིར་ཉེ་བར་མཁོ་བའི་ལས་ཀྱི་ཆོ་ག་ལ་ལྔ་ལས། དང་པོ་མེ་ཆོག་ནི་ཟུར་ནས་འབྱུང་བ་ལྟར་དང་། གཉིས་པ་རུས་ཆོག་ནི། རུས་བུ་རྣམས་དེ་བཞིན་གཤེགས་པའི་འོད་ཟེར་གྱི་རྡུལ་ཕྲ་རབ་རུས་བུ་ལ་ཐིམ་པས་སྡིག་སྒྲིབ་སྦྱོང་བར་མོས་ལ། རྡོ་རྗེ་བསྡུ་རྒྱ་བཅས། བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿསཾ་ཧ་ར་ཎ་ཧཱུྃ། ཞེས་བརྗོད་པས་བསྡུ། པདྨ་འདབ་བརྒྱད་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་བཞག །བདག་བསྐྱེད་བུམ་བཟླས་གྲུབ་ནས། རུས་བུའི་སྟེང་དུ་ཨ་ལས་ཟླ་དཀྱིལ་ལ་ཨ་དཀར་པོ་དེ་ལས་བདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་མོས་ལ། ཕྱིན་དྲུག་གི་ཚིགས་བཅད་དང་། བར་མཚམས་གཟུངས་སྔགས་མཐར། ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཏགས་པ་བཟླ་བཞིན་བཀྲུ་མཐར་གཟུངས་དང་སྙིང་པོ་ཡང་ཅི་འགྲུབ་བཟླ་བས་བཀྲུ། གང་སེར་ལྟ་བུས་ཤིས་བརྗོད་ཅི་རིགས་བྱ། ཉེ་འབྲེལ་མ་ཡིན་པས་ཞིབ་འདུར་གྱིས་དྲི་བཟང་དང་རིན་ཕྱེ་སོགས་བསྲེས་པའི་འཇིམ་པ་དང་སྦྱར་བ་མདུན་དུ་བཀོད། འཇིམ་པའི་སྟེང་དུ་རྡོ་རྗེ་མི་འཁྲུགས་པ་གསལ་པའི་ཐུགས་ཀ་ནས་འོད་འཕྲོས། ཚེ་འདས་ཀྱི་སྒྲིབ་པ་སྦྱངས། ཚུར་འདུས་འོད་དུ་ཞུ་ནས་འཇིམ་པ་ལ་ཐིམ་པས་རིན་པོ་ཆེའི་ཕུང་པོར་གྱུར། ཞེས་བརྗོད་ལ་གཟུངས་སྔགས་བཟླ་བཞིན་བཏབ། གཟུངས་སྔགས་ཀྱི་སརྦ་ཀརྨའི་གོང་དུ་ཚེ་འདས་ཀྱི་མིང་བྲིས་པ་དང་། མེ་སརྦ་ས་ཏྭ་ནཉྩ། སྦྱར་མི་དགོས། དཔེར་ན། ཁྱིམ་བདག་ལེགས་སྐྱེས་ཀྱི་སརྦ་ཀརྨ་པ་རམྤ་རཱ་ཎི་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་པ་ལྟ་བུ་ཡིན་པ་དེ་འདྲའི་གཟུངས་ཀྱི་ཤོག་དྲིལ་བཅུག་ལ་སཱཙྪའི་ཆོ་ག་བྱའོ། །གསུམ་པ་ཆུ་ཆོག་གི་ལག་ལེན་ནི། བདག་མདུན་བུམ་སྒྲུབ། རོལ་དྲི་བཟང་གི་ཆུས་བཀྲུ་ཕྱི། གནས་ཡིག་གདགས། བྱང་ཆོག་གི་རྟེན་བསྐྱེད་ནས་དབང་བསྐུར་གསུར་བསྔོ་རྫོགས་ཀྱི་བར་དང་། དེ་ནས་རོ་གང་དུ་དོར་བའི་ཆུ་འགྲམ་དུ་ཕྱིན་ནས་དཀར་གཏོར་གསེར་སྐྱེམས་ཕུལ། ཆུ་བོ་བསངས་སྦྱངས། སྟོང་པའི་ངང་ལས་བྃ་ཡིག་ལས་བྱུང་བའི་ཆུ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆེན་པོར་གྱུར། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏབྟེ་སྭཱ་ཧཱ། ལན་གསུམ། ལྷ་ཡི་ཆུ་བོ་བཀུག་ནས་ཐིམ་པས་དག་བྱེད་ཀྱི་རང་བཞིན་དུ་གྱུར། ཨོཾ་ན་མ་སྟྲཻ་ཡ་དྷཱི་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ། ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ། པཱ་པྃ་སརྦ་ཏ་ཐཱ་ག་ཏ་ས་མནྟ་བི་མ་ལ་ཨུཥྞི་ཥ་བི་ཤུདྡྷེ་མ་ཧཱ་བི་ར་ཛེ་ར་གམྦྷི་ར་སི། དྷརྨ་དྷཱ་ཏུ་བི་བི་ས་ར་ཨ་མ་མཱ་ཀི་སྭཱ་ཧཱ། ཆུ་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཏུ་གྱུར། རང་གི་ཐུགས་ཀ་ནས་འོད་འཕྲོས་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བསྐུལ། བྱིན་རླབས་འོད་ཟེར་གྱི་རྣམ་པར་བྱོན་ནས་སྐུ་ལས་བདུད་རྩིའི་རྒྱུན་བབས། རེག་ཚད་ཀྱི་འགྲོ་བ་རྣམས་གྲོལ་བའི་ནུས་ལྡན་དུ་གྱུར་པས་ཚེ་འདས་ཀྱི་སྡིག་སྒྲིབ་བཀྲུ་བར་མོས་ལ། ཕུང་པོ་ཆུར་བྱིང་བའི་གཏིང་རྡོ་འདོགས་ནས་ཆུར་གཞུག །རྣམ་བུམ་གྱི་ཆུ་དེ་སྟེང་བསྒྲེངས། འདི་ནི་སྦྱིན་པའི་རང་བཞིན་སོགས་ཁྲུས་དང་གཟུངས་སྔགས་ཤམ་ཅན་མཚམས་རྣམས་སུ་འདོན། ཚེ་འདས་ཀྱི་སྒྲིབ་པ་སྦྱངས་ནས་ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་པར་གྱུར། བྱང་ཆོག་ནས་འབྱུང་བ་ལྟར་ལམ་སྦྱངས་བསྟན་བསྔོ་སྨོན་བཀྲ་ཤིས་བཅས་བྱའོ། །བཞི་པ་སྦ་སྐྱེལ་ནི། ཁང་པའི་ནང་དང་། དུར་རམ། མཆོད་པར་འཇོག་འདོད་ན། བཀྲུ་ཕྱི་གནས་ཡིག་སོགས་སྔ་མ་བཞིན། བྱང་ཆོག་རྟེན་བསྐྱེད་ནས་གསུར་བསྔོའི་བར། རོ་འཇོག་སྣོད་རབ་བྱུང་ལ་མཆོད་རྟེན་བྲེ་མན་ཆད་ཡོད་པ་དཀར་པོ། དགེ་བསྙེན་ལ་པདྨ་དམར་པོ་ཁ་སྦྱར་གྱི་གཟུགས། རྒྱལ་པོ་ལ་སྔོན་པོ་གཙུག་ཏོར་གྱི་དབྱིབས། བློན་པོ་ལ་དམར་སྐྱ་ཟ་མ་ཏོག་གི་དབྱིབས། ཐ་མལ་པ་ཕོ་ལ་མདོག་སེར་སྐྱ་གདན་ཁྲི་ལྟ་བུ། མོ་ལ་སྔོ་སྐྱ་བི་ལྭ་ལྟ་བུ། བྱིས་པར་དམར་སེར་ལྷུང་བཟེད་ཀྱི་དབྱིབས་རྣམས་སུ་ལེགས་པར་བཟོ། དེའི་ནང་དུ་སྟན་ཁར་རོ་ཁ་ལྷོར་བསྟན། མགོ་ནུབ་བསྟན་སྟོད་ཅུང་ཟད་བསླངས་ལག་ཐལ་སྦྱར་སྤྱི་བོར་བཞག །སྙིང་ག་ནས་སྲད་བུ་དམར་པོ་ཞིག་བཏགས་ལ་རོ་སྣོད་དེའི་སྟེང་ཕྱོགས་ནས་ཕྱིར་ནུབ་ཏུ་དྲངས་ཐོག་ལ་གདགས། སྟེང་དུ་གདུགས་ཁྲ་བོ་དབུབ། ཕྱོགས་བཞིར་སྣ་བདུན་སོགས་བྲི། མཆོད་རྫས་དང་བཟའ་བཏུང་གིས་བསྐོར་ལ། ལས་བྱང་གི་མདུན་བསྐྱེད་ལྟར་ལྷར་བསྐྱེད་གཟུངས་སྔགས་རིང་ཐུང་བཟླ། མཆོད་བསྟོད་དང་སྨོན་ཤིས་བྱའོ། །རྒྱུན་དུའང་ཅི་འབྱོར་པས་མཆོད། རི་ལ་གཏོར་ན་གནས་ཡིག་གནས་ལུང་དབང་བསྐུར་སོགས་གོང་བཞིན། ཕུང་པོ་གཏོར་རན་པ་ན། རང་ཉིད་མི་འཁྲུགས་པར་གསལ་བའི་ཐུགས་ཀའི་འོད་ཟེར་དང་སྔགས་ཀྱིས་སྒྲས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་དྲངས་པར་བསམ་ལ། གཟུངས་སྔགས་བཟླ་བཞིན་གནས་ཡིག་བཏགས་གྲོལ་རྣམས་མེར་བསྲེགས་པའི་ཐལ་བ་གནས་སོ་སོར་བྱུགས། ཕུང་པོ་ཟག་མེད་མྱོང་གྲོལ་གྱི་རང་བཞིན་ལ་ཤ་ཁྲག་སོགས་གང་འདོད་ལོངས་སྤྱོད་དུ་གྱུར་པར་བསམས་ལ་དམིགས་མེད་དུ་བསྔོ། ལྔ་པ་སཱཙྪའི་ཆོ་ག་ལ། བཏབ་ཚུལ་གོང་དུ་བཤད་པ་བཞིན། དར་སྣ་ཚོགས་ཀྱི་གདུགས་རེ་སཱཙྪའི་རྩེ་མོར་སྦྱར། ལེགས་པར་བསྒྲིགས་ནས་རབ་གནས་བྱ། མི་འགྲུབ་ན་བདག་བསྐྱེད་རྗེས་ལས་བུམ་སྒྲུབ་ལས་སྔགས་ཀྱིས་ཡུངས་ཀར་དང་། རྟེན་འབྲེལ་སྙིང་པོས་འཐོར་ནས་བྱིན་གྱིས་བརླབ། སྦྱོང་བ། བགེགས་བསྐྲད། ཁྲུས་གསོལ། ཤིས་བརྗོད་བྱ། སཱཙྪ་རྣམས་མདུན་བསྐྱེད་ལྟར་བསྐྱེད་བཟླས་མཆོད་བསྟོད་དང་། མཆོད་པའི་སྐབས་གདུགས་རྒྱལ་མཚན། བ་དན། མེ་ཏོག་གི་ཕྲེང་བ་ཅི་འབྱོར་བཤམས། མེ་ཏོག་དམ་པ་སོགས་ཤྭ་ལོ་ཀ་གསུམ་དང་མཆོད་པའི་སྤྲིན་གཟུངས་དང་། དེ་བཞིན་གཤེགས་པའི་རྟེན་འདི་རྣམས་ལ་རིན་པོ་ཆེའི་གདུགས་ནམ་མཁའ་དང་མཉམ་པ་ཕུལ་བས་ཞལ་དྲོ་ཞིང་བྱིན་ཆེ་བ་འགྲོ་བ་སྐྱོབ་ནུས་པའི་དབང་དང་ལྡན་པར་གྱུར་ཅིགཕྱོགས་བཅུ་ན་བཞུགས་པའི་སོགས་ཀྱིས་བརྟན་བཞུགས་དང་། བཅོམ་ལྡན་འདས་འོད་དུ་ཞུ་བ་སཱཙྪའི་རྣམ་པར་གྱུར། རྟེན་སྙིང་བཟླ་བཞིན་མེ་ཏོག་འཐོར། ཡན་ལག་བདུན་པ་བཟང་སྤྱོད་ལས་བྱུང་བ་དང་བཀྲ་ཤིས་བྱའོ། །སཱཙྪ་ཆུར་གཤེགས་ན། བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་གསར་དུ་བཤམས། མཆོག་བདེན་རྒྱལ་བ་སྲས་བཅས་བྱིན་བརླབ་དང་། །ཚོགས་གཉིས་ཡོངས་རྫོགས་མངའ་ཐང་ཆེན་པོ་དང་། །ཆོས་དབྱིངས་རང་བཞིན་དག་པའི་བདེན་སྟོབས་ཀྱིས། ཞིང་དང་མཆོད་པའི་སྤྲིན་ཕུང་འབྱམས་ཀླས་གྱུར། མཆོད་པའི་སྤྲིན་གཟུངས་ཚར་གསུམ་བརྗོད། སཱཙྪ་རྣམས་ཆོས་སྐུའི་མཆོད་རྟེན་མཚན་ཉིད་ཡོངས་སུ་རྫོགས་པའི་རང་བཞིན་རྡུལ་ཕྲ་རབ་རེ་རེ་ཡང་རྣམ་པར་སྣང་མཛད་ཀྱི་སྐུར་གྱུར། ཡན་ལག་བདུན་པ་བྱ། སྨོན་ལམ་བཏབ། ཆུར་གཤེགས་ན་ཀླུ་ཆོག་བྱས་ལ། རྡུལ་ཚོན་ཆུར་གཤེགས་ཀྱི་ཚིག་གི་མལ་དུ། ཀླུ་ཡི་རྒྱལ་པོ་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པའི་རྟེན་བྱིན་རླབས་ཅན་འདི་རྣམས་རྒྱ་མཚོ་ཆེན་པོར་སྤྱན་དྲངས་ལ་སྤྱིར་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང་། འཇིག་རྟེན་གྱི་ཁམས་སུ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། ཁྱད་པར་བདག་དང་སྦྱིན་པའི་བདག་པོའི་ནད་གདོན་སྡིག་སྒྲིབ་ཚེའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། ཁྱད་པར་ཚེ་ལས་འདས་པ་ཆྒཻ་མོའི་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཀླུ་ཆོག་མ་གྲུབ་ཀྱང་ཆོག །སཱཙྪ་རྣམས་ཆུ་སྟེང་དབུ་མཇུག་མ་ལོག་པ་རེ་རེ་བཞིན་བཞག །གཟུངས་སྔགས་ཚར་རེའི་མཇུག་ཏུ། ཚེ་འདས་ཆྒཻ་མོའི་དགེ་བའི་རྩ་བར་གྱུར་ཅིག །འདི་ཁོ་ནས་ངན་སོང་གསུམ་གྱི་གནས་ལས་ཐར་ཏེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དང་དག་པའི་ཞིང་ཁམས་རྣམས་སུ་སྐྱེ་བར་གྱུར་ཅིག །མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་བརྗོད། ཡིད་ཀྱིས་མཆོད་རྟེན་རྣམས་ཀླུ་ཡི་རྒྱལ་པོས་སྤྱན་དྲངས་པའི་ཚེ། དྲང་སྲོང་བདེན་ཚིག་གྲུབ་པས་སྨོན་ལམ་གྱི་མཐུན་འགྱུར་མཛད། ས་བླའི་ལྷས་འོག་མིན་གྱི་བར་དུ་བསྒྲགས་ཤིང་། དེ་བཞིན་གཤེགས་པ་སྲས་དང་བཅས་པས་བདེན་ཚིག་གིས་ཤིས་པ་བརྗོད་པར་མོས། ཆུར་གཤེགས་ཚར་བ་དང་དེའི་མཐུ་ལ་བརྟེན་ནས་ཚེ་འདས་ངན་སོང་ལས་གྲོལ་ཏེ་མཐོ་རིས་སུ་སྐྱེས་ཤིང་མདུན་གྱི་ནམ་མཁར་འོང་ནས་ཆེད་དུ་བརྗོད་པར་མོས་ལ། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱང་། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་མི་སྣང་བར་བསམ་ལ། ཀླུ་ཆོག་འདོན་ཡོད་ན་ཀླུ་རྣམས་གཤེགས་སུ་གསོལ། སྨོན་ཤིས་བྱའོ། །གང་ཟག་མཆོག་གི་གདུང་ཚ་གཤེགས་ན། སྨོན་ལམ་ལ། དགེ་བའི་བཤེས་གཉེན་ཆྒཻ་མོའི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་རྫོགས་པར་གྱུར་ཅིག །དེ་ཉིད་ཀྱི་འབྲེལ་ཐོགས་ཀྱི་འགྲོ་བ་ཐམས་ཅད་ངན་སོང་གསུམ་གྱི་གནས་ལས་ཐར་ཏེ། ཞེས་ཁ་བསྒྱུར། སཱཙྪ་མཆོད་པར་བཞུགས་སུ་གསོལ་ན་མཆོད་རྟེན་གྱི་ནང་དུ་བྱེ་མས་སག །དེའང་དྲི་མེད་སྲོག་ཤིང་འཛུག་ཆོག་དང་སྦྲེལ་ན་ཕན་ཡོན་ཆེ་ཞིང་དེ་དང་མ་འབྲེལ་ན་སཱཙྪ་བཞུགས་གྲུབ་ནས། ཆུ་གཤེགས་སྐབས་ལྟར་ས་གཞི་བྱིན་རླབས་ནས་སྨོན་ལམ་ཚིག་ལྷུག་གི་བར་བྱ། རྣམ་སྣང་གི་རྡུལ་ཕྲ་རབ་ཀྱི་རང་བཞིན་མཆོད་རྟེན་གྱི་ཕུང་པོ་ལས་འོད་ཟེར་འཕྲོ་པས་མཐོང་ཐོས་དྲན་རེག་སངས་རྒྱས་ཀྱི་སར་སྒྲོལ་བའི་ཕྲིན་ལས་རྟག་ཏུ་མཛད་པར་མོས། རྟེན་སྙིང་གིས་མེ་ཏོག་འཐོར། ཤིས་བརྗོད་སྨོན་ལམ་རྒྱས་པར་བྱའོ། །སཱཙྪ་ཆུར་གཤེགས་དང་། བཞུགས་གསོལ་གཉིས་ཀའི་སྐབས་དགེ་འདུན་ལ་ཆོས་སྟོན་བྱ་ཞིང་སྨོན་ལམ་གདབ་པ་གལ་ཆེ་བར་གསུངས་སོ། །འདི་ལྟར་བྱ་སླ་ཁྱེར་བདེ་ཡི། །ངན་འགྲོའི་སྡུག་བསྔལ་ལས་གྲོལ་ཐབས། །རྨད་བྱུང་ཆོ་ག་འདི་རྣམས་ཀྱིས། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་པའང་མཁན་རིན་པོ་ཆེ་ལེགས་པར་བཤད་པའི་གསུང་བསྐུལ་ངོར་༢ཆོས་ཀྱི་བློ་གྲོས་པས་བྲིས་པ་འདིས་ཀྱང་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །ཤུ་བྷཾ། །རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཐུགས་རང་བྱུང་རིག་པའི་ངོ་བོ་ཨ་དཀར་པོ་འོད་ཟེར་དང་བཅས་པ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས། མཐོང་ཐོས་དྲན་རེག་གི་འགྲོ་བའི་སྡིག་སྒྲིབ་སྦྱང་བར་བསམས་ལ་རྒྱུད་དང་ཀློང་གྲོལ་གང་མང་བཟླ། འ༔ ཨ༔ ཧ༔ ཤ༔ ས༔ མ༔ ཅི་ནུས་བཟློའོ།། །།
[edit]

@#/__/klong gsal mi 'khrugs pa'i gshin chog gi yan lag thugs rje'i chu rgyun zhes bya ba bzhugs so/__/ oM swasti/__mtshan tsam thos pas gnas ngan len/__/rgyun gcod rdo rje mi 'khrugs par/__/byang chub bar du skyabs su bsnyen/__/sdig sbyongs las tshogs zin thun spel/__de la 'di'i bsnyen pa thems pa'i gang zag gis gshin por phan gdags pa'i las kyi tshogs rab 'byams las 'dir nye bar mkho ba'i las kyi cho ga la lnga las/__dang po me chog ni zur nas 'byung ba ltar dang /__gnyis pa rus chog ni/__rus bu rnams de bzhin gshegs pa'i 'od zer gyi rdul phra rab rus bu la thim pas sdig sgrib sbyong bar mos la/__rdo rje bsdu rgya bcas/__badz+ra sa mA dzaHdzaHhU~M ba~M hoHsaM ha ra Na hU~M/__zhes brjod pas bsdu/__pad+ma 'dab brgyad bris pa'i khar rin po che'i snod du bzhag__/bdag bskyed bum bzlas grub nas/__rus bu'i steng du a las zla dkyil la a dkar po de las bdud rtsi'i rgyun babs pas sdig sgrib nyes ltung thams cad dag par mos la/__phyin drug gi tshigs bcad dang /__bar mtshams gzungs sngags mthar/__che ge mo'i sdig sgrib thams cad shAn+tiM ku ru swA hA/__btags pa bzla bzhin bkru mthar gzungs dang snying po yang ci 'grub bzla bas bkru/__gang ser lta bus shis brjod ci rigs bya/__nye 'brel ma yin pas zhib 'dur gyis dri bzang dang rin phye sogs bsres pa'i 'jim pa dang sbyar ba mdun du bkod/__'jim pa'i steng du rdo rje mi 'khrugs pa gsal pa'i thugs ka nas 'od 'phros/__tshe 'das kyi sgrib pa sbyangs/__tshur 'dus 'od du zhu nas 'jim pa la thim pas rin po che'i phung por gyur/__zhes brjod la gzungs sngags bzla bzhin btab/__gzungs sngags kyi sarba karma'i gong du tshe 'das kyi ming bris pa dang /__me sarba sa twa nany+tsa/__sbyar mi dgos/__dper na/__khyim bdag legs skyes kyi sarba karma pa ram+pa rA Ni sarba pA paM k+Sha yaM ka ri swA hA/__zhes pa lta bu yin pa de 'dra'i gzungs kyi shog dril bcug la sAts+tsha'i cho ga bya'o/__/gsum pa chu chog gi lag len ni/__bdag mdun bum sgrub/__rol dri bzang gi chus bkru phyi/__gnas yig gdags/__byang chog gi rten bskyed nas dbang bskur gsur bsngo rdzogs kyi bar dang /__de nas ro gang du dor ba'i chu 'gram du phyin nas dkar gtor gser skyems phul/__chu bo bsangs sbyangs/__stong pa'i ngang las ba~M yig las byung ba'i chu bo ye shes kyi bdud rtsi'i rgyun chen por gyur/__oM tap+te tap+te ma hA tab+te swA hA/__lan gsum/__lha yi chu bo bkug nas thim pas dag byed kyi rang bzhin du gyur/__oM na ma s+t+rai ya d+hI sarba ta thA ga ta hr-i da ya gar+b+he/__dz+wa la d+harma d+hA tu gar+b+he/__saM ha ra Na A yuHsaM sho d+ha ya/__pA pa~M sarba ta thA ga ta sa man+ta bi ma la uSh+Ni Sha bi shud+d+he ma hA bi ra dze ra gam+b+hi ra si/__d+harma d+hA tu bi bi sa ra a ma mA ki swA hA/__chu de bzhin gshegs pa'i rdul phra rab tu gyur/__rang gi thugs ka nas 'od 'phros rgyal ba sras bcas kyi thugs rje bskul/__byin rlabs 'od zer gyi rnam par byon nas sku las bdud rtsi'i rgyun babs/__reg tshad kyi 'gro ba rnams grol ba'i nus ldan du gyur pas tshe 'das kyi sdig sgrib bkru bar mos la/__phung po chur bying ba'i gting rdo 'dogs nas chur gzhug__/rnam bum gyi chu de steng bsgrengs/__'di ni sbyin pa'i rang bzhin sogs khrus dang gzungs sngags sham can mtshams rnams su 'don/__tshe 'das kyi sgrib pa sbyangs nas lam lnga sa bcu rim gyis bgrod par gyur/__byang chog nas 'byung ba ltar lam sbyangs bstan bsngo smon bkra shis bcas bya'o/__/bzhi pa sba skyel ni/__khang pa'i nang dang /__dur ram/__mchod par 'jog 'dod na/__bkru phyi gnas yig sogs snga ma bzhin/__byang chog rten bskyed nas gsur bsngo'i bar/__ro 'jog snod rab byung la mchod rten bre man chad yod pa dkar po/__dge bsnyen la pad+ma dmar po kha sbyar gyi gzugs/__rgyal po la sngon po gtsug tor gyi dbyibs/__blon po la dmar skya za ma tog gi dbyibs/__tha mal pa pho la mdog ser skya gdan khri lta bu/__mo la sngo skya bi l+wa lta bu/__byis par dmar ser lhung bzed kyi dbyibs rnams su legs par bzo/__de'i nang du stan khar ro kha lhor bstan/__mgo nub bstan stod cung zad bslangs lag thal sbyar spyi bor bzhag__/snying ga nas srad bu dmar po zhig btags la ro snod de'i steng phyogs nas phyir nub tu drangs thog la gdags/__steng du gdugs khra bo dbub/__phyogs bzhir sna bdun sogs bri/__mchod rdzas dang bza' btung gis bskor la/__las byang gi mdun bskyed ltar lhar bskyed gzungs sngags ring thung bzla/__mchod bstod dang smon shis bya'o/__/rgyun du'ang ci 'byor pas mchod/__ri la gtor na gnas yig gnas lung dbang bskur sogs gong bzhin/__phung po gtor ran pa na/__rang nyid mi 'khrugs par gsal ba'i thugs ka'i 'od zer dang sngags kyis sgras khams gsum thams cad snang bar byas/__ngan song rnams sbyangs/__dmigs yul gtso bor gyur pa'i sems can thams cad sangs rgyas kyi zhing du drangs par bsam la/__gzungs sngags bzla bzhin gnas yig btags grol rnams mer bsregs pa'i thal ba gnas so sor byugs/__phung po zag med myong grol gyi rang bzhin la sha khrag sogs gang 'dod longs spyod du gyur par bsams la dmigs med du bsngo/__lnga pa sAts+tsha'i cho ga la/__btab tshul gong du bshad pa bzhin/__dar sna tshogs kyi gdugs re sAts+tsha'i rtse mor sbyar/__legs par bsgrigs nas rab gnas bya/__mi 'grub na bdag bskyed rjes las bum sgrub las sngags kyis yungs kar dang /__rten 'brel snying pos 'thor nas byin gyis brlab/__sbyong ba/__bgegs bskrad/__khrus gsol/__shis brjod bya/__sAts+tsha rnams mdun bskyed ltar bskyed bzlas mchod bstod dang /__mchod pa'i skabs gdugs rgyal mtshan/__ba dan/__me tog gi phreng ba ci 'byor bshams/__me tog dam pa sogs shwa lo ka gsum dang mchod pa'i sprin gzungs dang /__de bzhin gshegs pa'i rten 'di rnams la rin po che'i gdugs nam mkha' dang mnyam pa phul bas zhal dro zhing byin che ba 'gro ba skyob nus pa'i dbang dang ldan par gyur cigaphyogs bcu na bzhugs pa'i sogs kyis brtan bzhugs dang /__bcom ldan 'das 'od du zhu ba sAts+tsha'i rnam par gyur/__rten snying bzla bzhin me tog 'thor/__yan lag bdun pa bzang spyod las byung ba dang bkra shis bya'o/__/sAts+tsha chur gshegs na/__bdag bskyed sngon du 'gro bas/__mchod pa gsar du bshams/__mchog bden rgyal ba sras bcas byin brlab dang /__/tshogs gnyis yongs rdzogs mnga' thang chen po dang /__/chos dbyings rang bzhin dag pa'i bden stobs kyis/__zhing dang mchod pa'i sprin phung 'byams klas gyur/__mchod pa'i sprin gzungs tshar gsum brjod/__sAts+tsha rnams chos sku'i mchod rten mtshan nyid yongs su rdzogs pa'i rang bzhin rdul phra rab re re yang rnam par snang mdzad kyi skur gyur/__yan lag bdun pa bya/__smon lam btab/__chur gshegs na klu chog byas la/__rdul tshon chur gshegs kyi tshig gi mal du/__klu yi rgyal po khyed rnams kyis de bzhin gshegs pa'i rten byin rlabs can 'di rnams rgya mtsho chen por spyan drangs la spyir sems can dpag tu med pa la phan pa rgya chen po 'byung ba dang /__'jig rten gyi khams su lo phyugs rtag tu legs pa dang /__khyad par bdag dang sbyin pa'i bdag po'i nad gdon sdig sgrib tshe'i bar du gcod pa thams cad nye bar zhi ba dang /__tshe dang bsod nams ye shes thams cad 'phel zhing rgyas pa dang mthun rkyen thams cad yid bzhin du 'grub pa'i phrin las rgya chen po mdzad du gsol/__khyad par tshe las 'das pa ch+gai mo'i sdig sgrib bar chad thams cad zhi ba dang /__thar pa dang thams cad mkhyen pa'i go 'phang sgrub pa'i mthun rkyen thams cad yid bzhin du 'grub par mdzad du gsol/__zhes 'dod don gsol/__klu chog ma grub kyang chog__/sAts+tsha rnams chu steng dbu mjug ma log pa re re bzhin bzhag__/gzungs sngags tshar re'i mjug tu/__tshe 'das ch+gai mo'i dge ba'i rtsa bar gyur cig__/'di kho nas ngan song gsum gyi gnas las thar te bde 'gro mtho ris kyi 'jig rten dang dag pa'i zhing khams rnams su skye bar gyur cig__/mthar thug rnam pa thams cad mkhyen pa sangs rgyas kyi go 'phang rin po che myur du thob par gyur cig__/ces brjod/__yid kyis mchod rten rnams klu yi rgyal pos spyan drangs pa'i tshe/__drang srong bden tshig grub pas smon lam gyi mthun 'gyur mdzad/__sa bla'i lhas 'og min gyi bar du bsgrags shing /__de bzhin gshegs pa sras dang bcas pas bden tshig gis shis pa brjod par mos/__chur gshegs tshar ba dang de'i mthu la brten nas tshe 'das ngan song las grol te mtho ris su skyes shing mdun gyi nam mkhar 'ong nas ched du brjod par mos la/__e ma'o sangs rgyas e sangs rgyas/__/e ma sangs rgyas mdzad pa legs/__/gang phyir ngan song bdag cag sbyang /__/byang chub spyod pa nyid la bzhag__/ces mi snang bar bsam la/__klu chog 'don yod na klu rnams gshegs su gsol/__smon shis bya'o/__/gang zag mchog gi gdung tsha gshegs na/__smon lam la/__dge ba'i bshes gnyen ch+gai mo'i thugs kyi dgongs pa khyad par can rdzogs par gyur cig__/de nyid kyi 'brel thogs kyi 'gro ba thams cad ngan song gsum gyi gnas las thar te/__zhes kha bsgyur/__sAts+tsha mchod par bzhugs su gsol na mchod rten gyi nang du bye mas sag__/de'ang dri med srog shing 'dzug chog dang sbrel na phan yon che zhing de dang ma 'brel na sAts+tsha bzhugs grub nas/__chu gshegs skabs ltar sa gzhi byin rlabs nas smon lam tshig lhug gi bar bya/__rnam snang gi rdul phra rab kyi rang bzhin mchod rten gyi phung po las 'od zer 'phro pas mthong thos dran reg sangs rgyas kyi sar sgrol ba'i phrin las rtag tu mdzad par mos/__rten snying gis me tog 'thor/__shis brjod smon lam rgyas par bya'o/__/sAts+tsha chur gshegs dang /__bzhugs gsol gnyis ka'i skabs dge 'dun la chos ston bya zhing smon lam gdab pa gal che bar gsungs so/__/'di ltar bya sla khyer bde yi/__/ngan 'gro'i sdug bsngal las grol thabs/__/rmad byung cho ga 'di rnams kyis/__/sems can thams cad bde gyur cig__/ces pa'ang mkhan rin po che legs par bshad pa'i gsung bskul ngor 2chos kyi blo gros pas bris pa 'dis kyang phan pa rgya chen po 'byung ba'i rgyur gyur cig__/shu b+haM/__/rus bu'i steng du zla ba la gnas pa'i thugs rang byung rig pa'i ngo bo a dkar po 'od zer dang bcas pa de las ye shes kyi bdud rtsi babs/__mthong thos dran reg gi 'gro ba'i sdig sgrib sbyang bar bsams la rgyud dang klong grol gang mang bzla/__'a:__a:__ha:__sha:__sa:__ma:__ci nus bzlo'o//___//

Footnotes

Other Information