ཀློང་གསལ་རྡོ་རྗེ་མི་འཁྲུགས་པའི་ཞི་བའི་སྲེག་བླུགས་ཀྱི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-033
Wylie title klong gsal rdo rje mi 'khrugs pa'i zhi ba'i sreg blugs kyi cho ga sdig sgrib rnam sbyong JKCL-KABUM-06-CHA-033.pdf
Location chos kyi blo gros bka' 'bum
Volume 6, Text 33, Pages 429-438 (Folios 1a1 to 5b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ཀློང་གསལ་སྙིང་པོ་ (klong gsal snying po)
Citation 'jam dbyangs mkhyen brtse chos kyi blo gros. klong gsal rdo rje mi 'khrugs pa'i zhi ba'i sreg blugs kyi cho ga sdig sgrib rnam sbyong. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 429-438. Bir, H.P.: Khyentse Labrang, 2012.
Genre Fire Offerings - sbyin sreg  ·  Ritual and Liturgical Texts - cho ga phyag len
Cycle ཀློང་གསལ་རྡོ་རྗེ་སྙིང་པོ་ (klong gsal rdo rje snying po)
Deity rdo rje mi 'khrugs pa
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-TSHI-031
Colophon

།ཅེས་པའང་མཁན་རིན་པོ་ཆེ་དུལ་བའི་སྡེས་བཀའ་སྩལ་ལྟར། ཆོས་ཀྱི་བློ་གྲོས་པས་ཁྲིགས་སུ་བསྡེབས་པ་དགེ་ལེགས་སུ་གྱུར་ཅིགཡི་གེ་པ་ནི་དོན་དམ་ཆོས་མཆོག་གིས་གུས་པས་བགྱིད་པའོ། །མངྒ་ལཾ།།

/ces pa'ang mkhan rin po che dul ba'i sdes bka' stsal ltar/__chos kyi blo gros pas khrigs su bsdebs pa dge legs su gyur cigayi ge pa ni don dam chos mchog gis gus pas bgyid pa'o/__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཀློང་གསལ་རྡོ་རྗེ་མི་འཁྲུགས་པའི་ཞི་བའི་སྲེག་བླུགས་ཀྱི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཨ་ཀྵོ་བྷྱཿསྔོན་སྨོན་ཐུགས་བསྐྱེད་མཐའ་ཡས་པ། །མངོན་དགའི་ཞིང་གི་འདྲེན་པ་མཆོག །ལས་སྒྲིབ་ཀུན་སྦྱོང་མི་འཁྲུགས་རྒྱལ། །གུས་བཏུད་སྲེག་བླུགས་ཆོ་ག་སྤེལ། །དེ་ལ་དབང་ཐོབ་ཅིང་བསྙེན་པ་མཐར་ཕྱིན་པ་ན་སྔགས་ཀྱི་ལྷག་ཆད་སྐོང་བ་དང་། གཞན་ཡང་སྡིག་སྒྲིབ་ཞི་བ་སོགས་ཀྱི་དོན་དུ་སྲེགས་བླུགས་བྱ་བར་འདོད་པས། སྦྱོར་བ་དངོས་གཞི་རྗེས་གྱི་རིམ་པའོ། །དང་པོ་ནི། གང་དུ་བྱ་བའི་ས་ཕྱོགས་དེར་ས་བདག་ལྷ་ཀླུ་ལ་གཏོར་མ་གསེར་སྐྱེམས་འབུལ་བ་དང་། ཕྱག་བདར་རྐྱང་ནུལ་སོགས་གསང་བ་སྤྱི་འགྲོས་ལྟར་བྱས་ལ། སྟེགས་བུའི་སྟེང་དུ་ཚངས་ཟུར་གྱི་ཐིག་བཏབ། དབུས་ནས་ཁྲུ་ཕྱེད་ཀྱི་ཟླུམ་པོར་བསྐོར་བའི་ཕྱིར་སོར་བཞི་པའི་མཆུ་དང་ཁ་ཁྱེར་ཏེ། ཟླུམ་སྐོར་གསུམ་གྱི་ནང་དུ་པདྨ་འདབ་བརྒྱད་ཐབ་མཚན་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་བཅས་པ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་བྲིའོ། །ཡམ་ཤིང་བ་ལུ་དཀར་པོ་སོགས་འཛུབ་གང་བ་དྲི་བཟང་གིས་བྱུག་ཅིང་རྩེ་མོ་གཉིས་མར་ཁུ་དང་སྦྲང་རྩི་བྱུགས་ལ། མར་ཁུ། ཏིལ། ཡུངས་ཀར། དུརྦ། འབྲས། ཟས་མཆོག །ཀུ་ཤ། སོ་བ། ནས། གྲོ། སྲན་དཀར། ཤིང་ཏོག་རྣམས་འདས་པ་མ་འདས་པ་ཚན་གཉིས། སློབ་དཔོན་གྱི་གཡོན་ལོགས་སུ་བཤམས། སློབ་དཔོན་གྱི་གཡས་ལོགས་སུ་འདས་གཏོར་དང་། མེ་ལྷ་གཉིས་ལ་གཏོར་མ་དཀར་ཟླུམ་རེ་རེ་ཉེར་སྤྱོད་ལྔ་བཅས་བཤམས། སློབ་དཔོན་ཆས་གོས་དཀར་པོ་ཞལ་ཤར་དུ་ཕྱོགས་པའི་མདུན་དུ་ཐབ་སྟེགས་ལ་བུད་ཤིང་ཟླུམ་བོར་བརྩེག་པ་དང་། ལས་བུམ། རྡོ་དྲིལ། མེ་ཏོག །དགང་བླུགས། རླུང་གཡབ། མེ་ཡོལ་ཀྱང་བཞག །འདུག་སྟངས་ནི་ཕྱིན་པ་གཡས་གཡོན་པས་མནན་མཐེ་བོང་གཉིས་རྩེ་སྤྲད་པུས་མོ་གཉིས་སར་ཕབ་སྟེ་པདྨའི་སྟངས་ཀྱིས་འདུག་ནས་སྲེག་བླུགས་ཀྱི་བྱ་བ་ལ་འཇུག་གོ །གཉིས་པ་དངོས་གཞི་ལ། བདག་གི་རྣལ་འབྱོར་དང་མེ་ལྷ་མཆོད་པ་དང་། འདས་པའི་ལྷ་མཆོད་པའོ། །དང་པོ་ནི་འཇམ་མགོན་གུ་ཎའི་ཆོག་འགྲིགས་ལྟར་བདག་གི་རྣལ་འབྱོར་བསྐྱེད་བཟླས་དང་། མདུན་བསྐྱེད་སྒྲུབ་མཆོད་ཀྱང་བྱས་ན་ལེགས། སྦྱིན་སྲེག་གང་དུ་བྱ་བའི་སར་ཕྱིན་ནས་གོང་དུ་བཤད་པའི་འདུག་སྟངས་ཀྱིས་འཁོད་དེ། ཨོཾ་མ་ཧཱ་བཛྲ་ཧཱུྃ་གིས་རྡོ་རྗེ་དང་། ཨོཾ་བཛྲ་གྷནྜེ་ཨཱཿ ཧཱུྃ་གིས་དྲིལ་བུ་བཟུང་། འཁྱུད་པའི་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧཾཿཞེས་བརྗོད་དེ་དམ་ཚིག་གསུམ་དྲན་པར་བྱ། མེ་སྦར་བ་ནི། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་གྱིས་ཐབ་ཀྱི་ཤར་ལྷོ་ནས་མེ་སྦར། མར་ཁུ་བླུགས་གཟར་གང་གིས་མེ་གསོ། ཧཱུྃ་གསུམ་བརྗོད་ནས་རླུང་གཡབ་བོ། །སྲེག་རྫས་བྱིན་རླབས་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་རང་བཞིན་བསྲེག་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། ཞེས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་སྭཱ་ཧཱ་ས་རྫས་རྣམས་བཀྲུ། ཡམ་ཤིང་ལ། ཨོཾ་ཨཱཿ སྭཱ་ཧཱ། མར་ཁུ་ཨོཾ་ཤྲིཾ་སྭཱ་ཧཱ། འབྲུ་རྣམས་ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་རྫས་སྔགས་རྣམས་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །གཉིས་པ་ལ་མེ་ལྷ་མཆོད་པ་ནི། མེ་ཐབ་མི་དམིགས་སྟོང་པའི་ངང་ཉིད་ལས། །པདྨ་ཉི་མའི་གདན་གྱི་སྟེང་ཉིད་དུ། །རྃ་ལས་ཨགྣེ་རཱ་ཛ་སྐུ་མདོག་དཀར། ཞལ་གཅིག་ཕྱག་གཉིས་བགྲང་ཕྲེང་མེ་ཐབ་འཛིན། །འགྱིང་བག་ར་སྐྱེས་གདན་ལ་མངོན་པར་རོལ། །གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས། །རང་བཞིན་གནས་ནས་མེ་ལྷ་སྤྱན་དྲང་ངོ་། །སྤྱན་འདྲེན་པ་ནི། ཧཱུྃཿདད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །རང་བཞིན་གནས་ནས་སྤྱན་འདྲེན་ནོ། །འབར་བ་མེ་ཡི་གདན་ལ་བཞུགས། །སྒོ་གསུམ་དད་པས་ཕྱག་འཚལ་ལོ། །ཨོཾ་ཨགྣེ་དེ་ཝ་རྀ་ཥི་ཛྙཱ་ན་ཛ་ཛཿཨོཾ་ཨགྣེ་དེ་ཝ་ཨེ་ཧྱེ་ཧི་ས་མ་ཡ་ཛཿཧཱུྃ་བྃ་ཧོཿཨོཾ་ཨགྣེ་དེ་ཝ་རྀ་ཥི་ས་མ་ཡཿཨཱ་ཝེ་ཤ་ཡ་ཏིཥྛ་ལྷནཿཨ་ཏི་པཱུ་ཧོཿཔྲ་ཏིཙྪ་ཧོཿཧཱུྃཿམེ་ཏོག་བདུག་སྤོས་དྲི་ཞལ་རོལ་མོ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་བཞེས། །ཨགྣེ་མེ་ལྷའི་རྒྱལ་པོར་འདི་འབུལ་བས། །བཞེས་ནས་ཚེ་ལྡན་ནམ་ཚེ་འདས་སྡིག་སྒྲིབ་ཞི་བར་ཤོག །ཨོཾ་ཨགྣ་ཡེ་བཛྲ་ཨརྒྷཾ་པཱ་དྱཾ་སོགས་རཱུ་པ་ཤབྡ་གྷནྡྷེར་ས་སྤཪྴེ་སཔྟ་མ་ཧཱ་རཏྣ་ཨཥྚ་མངྒ་ལཾ་ཝ་ས་སྱེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། བྱོན་སྐྱེམས་ནི། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་གྱུར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་བླུགས་གཟར་ལན་བདུན། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། བདུན་ཚན་གསུམ་གྱིས་འབུལ། བདག་ཅག་འཁོར་དང་བཅས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྲེག་རྫས་འབུལ་པ་ནི། ཡམ་ཤིང་། ཨོཾ་ཨགྣ་ཡེ་བོ་དྷི་བྲྀ་ཀྵཱ་ཡ་སྭཱ་ཧཱ། རོ་བསྲེགས་སྐབས་ཚེ་འདས་ཁ་བསྒྱུར། བདག་ཅག་འཁོར་དང་བཅས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་ཨ་མྲྀ་ཏ་ཁཱ་ཧི། འདོད་གསོལ་འགྲེས། ཏིག་ཨོཾ་ཨགྣ་ཡེ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཡུངས་ཀར། ཨོཾ་ཨགྣེ་ཡེ་སརྦ་ཨརྠ་སིདྡྷི་ཡེ་སྭཱ་ཧཱ། དུརྦ། ཨོཾ་ཨགྣ་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འབྲས། ཨོཾ་ཨགྣ་ཡེ་བཛྲ་པུཥྚ་ཡ་སྭཱ་ཧཱ། ཟས་མཆོག །ཨོཾ་ཨགྣ་ཡེ་བཛྲ་སརྦ་སམྤ་དེ་སྭཱ་ཧཱ། ཀུ་ཤ། ཨོཾ་ཨགྣ་ཡེ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། སོ་བ། ཨོཾ་ཨགྣ་ཡེ་བཛྲི་བཱི་ཛཱ་ཡ་སྭཱ་ཧཱ། ནས། ཨོཾ་ཨགྣ་ཡེ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། གྲོ། ཨོཾ་ཨགྣ་ཡེ་བཛྲ་གྷ་སྨ་རྱཻ་སྭཱ་ཧཱ། སྲན་མ། ཨོཾ་ཨགྣ་ཡེ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཤིང་ཏོག །ཨོཾ་ཨགྣ་ཡེ་ག་གྷ་ག་བྷ་ནི་བི་ལོ་ཀི་ཏེ་སྭཱ་ཧཱ། ཞེས་པ་རྣམས་བདུན་ནམ་ཉེར་གཅིག་རེ་འབུལ། ཧཱུྃ། དྲང་སྲོང་འབྱུང་པའི་མཐུ་ཡིས་ལས་བཞི་འགྲུབ། །དེང་འདིར་སྒྲུབ་ཅིང་གསོལ་བ་བཏབ་པའི་དོན། །བདག་ཅག་ཚེ་འདས་ཞེས་སྦྱར་རོ། །སྡིག་སྒྲིབ་ཞི་ཕྱིར་ཕྱག་འཚལ་བསྟོད། །ཁྱེད་ཀྱིས་སྔོན་ཚེ་རྒྱལ་བར་དམ་བཅས་པའི། །ལས་རྣམས་མི་འགྲུབ་པ་ཡི་མིང་ཡང་མེད། །མེ་ཉིད་ཡེ་ཤེས་མེ་རུ་བྱིན་བརླབས་ནས། །སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཞི་བར་མཛོད། གསུམ་པ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ལ། དམ་ཚིག་པ་བསྐྱེད་ཅིང་སྤྱན་འདྲེན་མཆོད་བསྟོད་བྱ་བ་ནི། མེ་ལྷའི་ལྟོ་བ་ཡངས་པའི་གཞལ་ཡས་དབུས། །པདྨ་ཟླ་བ་རབ་ཏུ་རྒྱས་པའི་གདན། །དེ་སྟེང་བཅོམ་ལྡན་མགོན་པོ་མི་འཁྲུགས་པ། སོགས་བདག་བསྐྱེད་བསྟོད་པའི་བར་དང་། དགང་བླུགས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཡི་ཞལ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རྃ་ཡིག་གིས་མཚན་པར་གྱུར། ཅེས་བརྗོད་ལ་བླུགས་གཟར་མར་ཁུ་དང་རྩ་སྔགས་ལན་བདུན་མཐར་གཟུངས་རིང་ཚར་གཅིག་བཏགས་པ་བདུན་ཚན་གསུམ་སོགས་འབུལ། བསྲེག་རྫས་འབུལ་བ་ལ་ཡམ་ཤིང་ནས་ཤིང་ཐོག་གི་བར། རྩ་སྔགས་ལ་རྫས་སྔགས་བཏགས་པ་བདུན་རེའི་མཐར། གཟུངས་རིང་ཚར་གཅིག་དང་འདོད་གསོལ་བཏགས་པ་གྲངས་ཅི་ནུས་སུ་དབུལ། གཤེགས་སྐྱེམས་ཀྱི་ཆེད་དུ་གོང་བཞིན་དགང་བླུགས་ཕུལ། ལས་གཞུང་ལྟར་གཏོར་མ་འབུལ། ཕྱི་གཏོར་མ་གྲུབ་ཀྱང་ཆོག །གཏང་རག་གི་མཆོད་བསྟོད་ནོངས་བཤགས་བཟོད་གསོལ་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས། ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྟིམ། གསུམ་པ་རྗེས་ལ། མེ་ལྷའི་གཏང་རག་གི་གཏོར་མ་འབུལ་བ་ནི། ཨགྣེ་ཛྭ་ལ་རྃ་མར་ཁུ་བླུགས་གཟར་གང་གིས་མེ་གསོ། མར་ཁུ་འབུལ་བ་ནས་ཤིང་ཏོག་གི་བར་རྫས་སྔགས་ཚར་གསུམ་རེ་ཙམ་དབུལ། འདོད་གསོལ་བྱ། ཨོཾ་ཨགྣེ་དེ་ཝ་རྀ་ཥི་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཨགྣེ་དེ་ཝ་རྀ་ཥི་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་དང་། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འབུལ། ཧྲཱིཿམེ་ལྷ་ཨགྣེ་རཱ་ཛ་ལ། སྦྱིན་སྲེག་མཆོད་པ་འདི་འབུལ་བས། །མ་འབྱོར་པ་དང་མ་ཚང་བ། །བདག་གིས་འགལ་འཁྲུལ་ཅི་མཆིས་པ། །དེ་དག་ཐམས་ཅད་བཟོད་པར་གསོལ། །ཡིག་བརྒྱ་བརྗོད། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱེད་ཀྱི་གྲུབ་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣེ་དེ་ཝ་རྀ་ཥི་ས་པ་རི་ཝཱ་ར་བཛྲ་མུཿམེ་ལྷ་རང་གནས་སུ་གཤེགས་སུ་གསོལ། ཨ་ཀཱ་རོ་བརྗོད་བཞིན་དྲི་བཟང་ཆུ་དང་འོ་མས་མེ་གཞིལ་དགེ་བསྔོ་ཤིས་བརྗོད་ལས་གཞུང་ལྟར་བྱའོ།། །།༈རོ་སྲེག་གི་ཆོ་གའི་ཁྱད་པར་ལ། དམ་པ་རྣམས་ལ་མཆོད་རྟེན་བུམ་པའི་བྲེ་བརྩིགས་པ་དང་། ཕལ་པ་ལ་མཁར་ཐབ་ལྟ་བུ་བརྩིགརྐེད་པར་རྫས་ཁུང་། སྟེང་དུ་དུད་ཁུང་། རྩ་བར་སྦར་ཁུང་སོགས་གཏོད། དཀར་རྩི་བྱུག །རྡོ་ལེབ་སྟེང་བྲི་ཐབ་ལྟར་ཚོན་བཀྱེ་བ་དབུས་སུ་བཞག །བདག་མདུན་བུམ་གསུམ་གྲུབ་ནས་གནས་ལུང་གི་དབང་བསྐུར་ཟས་གཏད་ཡན་བྱ་བའམ། བསྡུ་ན། བདག་བསྐྱེད་རྗེས་ལས་བུམ་སྒྲུབ་ནས། རོ་ལ་སྦྱོང་བ་དང་། ཕྱིན་དྲུག་གི་ཁྲུས་བྱ། གནས་ཡིག་གདགས་ཚེ་འདས་སྐད་ཅིག་གིས་མི་འཁྲུགས་པའི་སྐུར་བསྐྱེད་མཆོད་བསྟོད་བྱས་ནས་རོ་ཁང་དུ་དྲངས། རྡོར་དྲིལ་དང་བསྲེག་རྫས་བྱིན་རླབས་གྲུབ་ནས། མེ་སྦར་བ་ནི། འདི་ནི་མགོན་པོ་མི་འཁྲུགས་པའི། །ཡེ་ཤེས་ལྔ་ཡི་རང་མདངས་མེ། །ཚེ་འདས་མ་རིག་དུག་ལྔ་བསྲེག །ཡེ་ཤེས་སྣང་བ་འབར་གྱུར་ཅིག །གཟུངས་སྔགས་བརྗོད་ལ་མེ་སྦར། གང་ཟག་མཆོག་ལ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །འདི་ནི་མགོན་པོ་མི་འཁྲུགས་པའི། །ཡེ་ཤེས་ལྔ་ཡི་རང་མདངས་མེས། །བདག་ཅག་སྒྲིབ་པ་སྦྱོང་བའི་ཕྱིར། །ཡེ་ཤེས་སྣང་བ་འབར་གྱུར་ཅིག །ཅེས་དང་། གཟུངས་སྔགས་བརྗོད་ལ་སྦར་རོ། །བསྲེག་བླུགས་དངོས་གཞིར་དམ་པ་རྣམས་ཀྱི་གདུང་ནི་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བསྐྱེད་ནས་བསྲེག་རྫས་འབུལ་བ་དང་། དམན་པ་ལ་ཤ་ཁྲག་བདུད་རྩིའི་རང་བཞིན་གྱི་མཆོད་རྫས་སུ་དམིགས་པ་སྤེལ་ཀྱང་ཆོག་ལ། ས་དང་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་སོགས། ཕལ་པ་ལ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཞེས་བྱ། རྫས་འབུལ་བའི་སྐབས་དམིགས་ཡུལ་རྗེས་སུ་དྲན་པས། རྫས་སྔགས་རྣམས་ཉེར་གཅིག་སོགས་རྫོགས་པ་དང་། གཙོ་བོར་ཀཾ་ཀ་ནི་དང་རྫས་ཏིལ་ནག་ཁོ་ན་ལ་གྲངས་བཟུང་། བདག་དང་ལྷ་དང་མཆོད་རྫས་དང་། མེ་ལས་ཡེ་ཤེས་ཀྱི་འོད་ཟེར་དཀར་པོ་འཕྲོས། །དམིགས་ཡུལ་ལ་ཐིམ་པས་དེའི་སྡིག་སྒྲིབ་ཀྱི་ཉེས་པ་ཐམས་ཅད་སེལ་བར་བྱེད་པར་བསམ་མོ། །བསྲེག་རྫས་རྫོགས་པ་ན། ཚེ་འདས་ཧཱུྃ་གི་ས་བོན་ལས་སྐྱེས་པའི་གཙོ་བོའི་སྐུ་རྡོ་རྗེ་ལྟ་བུར་བསམ་ནས། ཨོཾ་བཛྲ་རཀྵ་ཧཾ། གིས་བསྲུང་བར་བྱ། ལྷ་རྣམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བར་བསམས་ལ། གནས་ལུང་དང་འབྲེལ་མིན་གང་ལྟར་ཡང་ལམ་སྦྱང་བསྟན་བྱའོ། །རོ་བསྲེགས་ཚར་བའི་རྗེས་སུ་མི་འཁྲུགས་པའི་ང་རྒྱལ་གྱིས། སཾ་ཧ་ར་ཎ་ཧཱུྃཿཞེས་རུས་བུ་རྣམས་བསྡུས་ལ། རུས་སྦྱོང་དང་སཱཙྪའི་ཆོ་ག་ཟུར་གསལ་ལྟར་བྱའོ། །འདི་བྲིས་དགེ་བས་ནམ་མཁའ་དང་། །མཉམ་པའི་འགྲོ་རྣམས་མངོན་དགའ་རུ། །སྐྱེས་ནས་བྱང་ཆུབ་མཆོག་བརྙེས་ཏེ། །མི་འཁྲུགས་མགོན་དང་དབྱེར་མེད་ཤོག །ཅེས་པའང་མཁན་རིན་པོ་ཆེ་དུལ་བའི་སྡེས་བཀའ་སྩལ་ལྟར། ཆོས་ཀྱི་བློ་གྲོས་པས་ཁྲིགས་སུ་བསྡེབས་པ་དགེ་ལེགས་སུ་གྱུར་ཅིགཡི་གེ་པ་ནི་དོན་དམ་ཆོས་མཆོག་གིས་གུས་པས་བགྱིད་པའོ། །མངྒ་ལཾ།། །།

Footnotes

Other Information