ཀླུ་ལྡིང་མཁན་རིན་པོ་ཆེའི་མྱུར་འབྱོན།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-194
Wylie title klu lding mkhan rin po che'i myur 'byon JKCL-KABUM-03-GA-194.pdf
Location chos kyi blo gros bka' 'bum
Volume 3, Text 194, Pages 603 (Folios 1a1 to 1a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. klu lding mkhan rin po che'i myur 'byon. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 603. Bir, H.P.: Khyentse Labrang, 2012.
Genre Petitions for a Speedy Rebirth - yang srid myur byon
Colophon

།ཅེས་པའང་རྗེ་དབོན་འཇམ་དབྱངས་ཡོན་ཏན་གྱིས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།།

/ces pa'ang rje dbon 'jam dbyangs yon tan gyis gsung bskul ngor chos kyi blo gros pas gsol ba btab pa sid+d+hi rastu//

1 Texts in this Section (sde tshan or chos tshan)

[edit]
ཀླུ་ལྡིང་མཁན་རིན་པོ་ཆེའི་མྱུར་འབྱོན་བཞུགས། ཨོཾ་སྭསྟི། འཇམ༵་པའི་དབྱང༵ས་དངོས་རྗེ་བཙུན་ས་སྐྱ་པའི། །བསྟན་པ་འཛིན་པའི་ཁྱུ་མཆོག་ཀུན༵་དགའ་བཟ༵ང་། །གང་གི་རིང་ལུགས་ཆོས་ཀྱི་རྒྱལ་ཐབས་ལ། །དབང་བསྒྱུར་མཁན་ཆེན་བླ་མར་གསོལ་བ་འདེབས། །ཐུབ༵་བསྟན༵་ཆོས༵་ཀྱི༵་རྒྱལ༵་མཚ༵ན་ཆེན་པོ་ནི། །ཕྱོགས་བརྒྱར་སྒྲེངས་མཛད་རྡོ་རྗེ་འཆང་ཆེན་པོ། །ཆོས་དབྱིངས་ཆེན་པོར་སྙོམས་པར་ཞུགས་པ་ལས། །བཞེངས་ནས་སྤྲུལ་པའི་རྣམ་རོལ་བསྟན་དུ་གསོལ། །བདག་སོགས་འགྲོ་ལ་ཐུགས་བརྩེས་རབ་དགོངས་ནས། །ཁྱད་འཕགས་སྤྲུལ་པའི་སྣང་བརྙན་འཆར་བ་དང་། །གསན་བསམ་བསྒོམ་པའི་ཡོན་ཏན་རྩལ་རྫོགས་ནས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་རྗེ་དབོན་འཇམ་དབྱངས་ཡོན་ཏན་གྱིས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

Footnotes

Other Information