Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
།ཅེས་པའང་ལྷག་བསམ་འོ་མའི་ཆུ་གཏེར་མཚོ་སྐྱེས་བདུད་རྩིའི་རེག་པས་རྟག་ཏུ་སྐྱོང་བའི་རྒྱལ་ཁམས་པ་པདྨ་གར་དབང་མདོ་སྔགས་གླིང་པས་ཨོ་རྒྱན་དྷརྨ་གཉྫིའི་གྲོང་ཁྱེར་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་དུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོགས་མཆོད་འབུམ་ཕྲག་ཕུལ་སྐབས་ས་ཟླའི་དཀར་ཕྱོགས་ཀྱི་འཕེལ་ཚེས་བཅོ་ལྔའི་ཉིན་བྲིས་ཤིང་སྨོན་ལམ་དུ་བྱས་པ་དགེ་ལེགས་རྒྱ་ཆེར་འཕེལ།།  +
།ཅེས་བདེ་བ་ཆེན་པོ་པདྨཱ་ཀ་ར་ལ་ཐུན་མོང་མ་ཡིན་པར་གསོལ་བ་གདབ་པའི་རིམ་པའོ།།  +
།ཅེས་མཚོ་སྐྱེས་རྡོ་རྗེར་སྨོན་ཚིག་ཏུ་བྱས་པ་འདིའང་ཆོས་ཀྱི་བློ་གྲོས་པས་རིན་གཏེར་ཆེན་མོའི་སྨིན་གྲོལ་བར་ཆད་མེད་པ་ལེགས་པར་གྲུབ་པའི་རྗེས་ཐོག་ཏུ་དད་ཅིང་གུས་པས་གསོལ་བ་བཏབ་པ་བཞིན་ངེས་པར་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཾ། །  +
* '''First colophon:''' །ཞེས་པ་འདི་ནི་འཇམ་མགོན་ངག་དབང་ལེགས་པས་མཛད་པའོ།། * '''Second colophon:''' །ཞེས་པའང་ཞེ་ཆེན་པདྨ་བི་ཛས་མཛད་པ་དགེའོ།།   +
* '''First colophon page 425:''' །ཅེས་པའང་མེ་སྤྲེལ་ཐ་སྐར་ཟླ་བ་སྔ་མའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་སྒོ་རུམ་བསེ་འབག་ཡིད་བཞིན་ནོར་བུའི་མདུན་དུ་རྩེ་གཅིག་ཏུ་གསོལ་བ་བཏབ་བཞིན་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། * '''Second colophon page 425:''' །།ཞེས་པ་འདིའང་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསུངས་སོ།།   +
།དེ་ལྟར་གདམས་པ་ཉུང་ངུ་འདི་ཡང་། །བན་ཚང་དབུ་མཛད་འཇམ་དབྱངས་བཟང་པོས། །བསྐུལ་ངོར་ཆོས་ཀྱི་བློ་གྲོས་དེ་ཡིས། །བྲིས་པས་བྱང་ཆུབ་ཐོབ་པར་གྱུར་ཅིག། མངྒ་ལཾ།།  +
།ཅེས་པའང་དད་ལྡན་རྒིས་སྣ་རྣམ་བཟང་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།།  +
།ཞེས་པའང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་ཟིན་བྲིས་སུ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒལཾ་བྷ་བ་ཏུ།།  +
ཅེས་པའང་སྡིག་རྒན་ཟོག་པོ་བློ་གྲོས་མིང་ཅན་གྱིས་བྲིས་པའོ།།  +
ཅེས་པའང་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅོ་ལྔ་པར་བརྗོད་པའོ།  +
།ཅེས་པའང་དབུ་མ་ཆེན་པོར་མོས་པ་ལམ་དུ་བྱེད་བ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་འཕགས་པའི་ས་བརྙེས་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་བཞིན་ཆུ་ལུག་སྨིན་ཟླའི་ཚེས་གཅིག་ལ་ངེས་པར་བརྗོད་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།།  +
ཅེས་རྡོ་རྗེ་མཁའ་འགྲོའི་ཉེ་རྒྱུའི་སྤྱོད་པའི་དགའ་སྟོན་གསར་དུ་ངོམ་པ་ན་གསུང་རབ་ཆོས་ཀྱི་འཕྲུལ་སྤར་ཆེན་པོའི་སྐུ་གཉེར་བླ་མ་ལས་སྣེ་རྣམས་ཀྱི་ལེགས་སྐྱེས་དགའ་སྟོན་རྒྱ་ཆེན་སྩལ་བའི་སྐྱེས་ལན་དུ་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀུན་དགའ་ཕྲིན་ལས་རྒྱ་མཚོས་བཀྲ་ཤིས་པའི་ལྷ་རྫས། འཆི་མེད་བདུད་རྩི་རཱ་ས་ཡ་ནའི་ཤོག་སྦམ། ཚེ་བཅུད་རིལ་བུ། རིན་ཆེན་སྨན་གྱི་ནོར་བུ་རྡོག་ལྔ། བཅས་མཆོག་ཏུ་སྤྲོ་བའི་སེམས་གྱི་མངོན་པར་བརྟས་ཏེ་ཐ་སྐར་ཟླ་བའི་གྲལ་ཚེས་བཟང་པོར་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་ཁང་ནས་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་ཛ་ག་ཏཾ།།  +
།ཅེས་པའང་བདེ་བར་གཤེགས་པ་རྗེས་སུ་དྲན་པའི་བསོད་ནམས་རླབས་པོ་ཆེ་འདུ་བྱ་བའི་སྐོར་དམིགས་ནས་ཐེག་པ་མཆོག་གི་བཀའ་དང་བསྟན་བཅོས་དྲི་མ་མེད་པ་རྣམས་ཀྱི་དགོངས་པ་ལྟར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།  +
།ཞེས་པའང་ཕྱག་རྫོགས་དབྱེར་མེད་ཀྱི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ནམ་མཁའ་ཆོས་ཀྱི་རྒྱ་མཚོའི་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བྱོན་པའི་བླ་སྒྲུབ་ལ་ཚོགས་ཀྱི་མཆོད་པ་ཞིག་འབྲི་བར་འོས་ཞེས་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ས་དབང་འོད་གསལ་རང་གྲོལ་ནས་གསུང་བསྐུལ་བཞིན་དད་མོས་ཀྱིས་ཡོ་གི་ནི་མངྒ་ལ་ཤྲཱི་བྷཱུ་ཏིས་ཕ་རན་སི་ལ་སོན་ན་རིའི་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་ནས་བྲིས་པའི་ཡི་གེ་པ་ནི་བྱ་བྲལ་སྤྲུལ་སྐུ་ཨཱ་ནནྟ་མངྒ་ལས་མཛད་པ་རང་གཞན་གྱི་རྒྱུད་ལ་ཡེ་ཤེས་ཆེན་པོའི་དགོངས་ཉམས་ཚད་ལ་ཕེབས་པའི་རྒྱུར་གྱུར་ཅིག།  +
།ཅེས་རྒྱ་ཅན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་བརྒྱུད་འདེབས་འདིའང་། འཇམ་མགོན་བླ་མ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལས་གདམས་པའི་བདུད་རྩི་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ།  +
བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་སྔ་ཐུན་ལ། ཞི་བའི་ལྷ་བསྐྱེད་ཀྱི་འགོར་མཆོད་རྫས་བྱིན་རླབས་བྱས་ལ། བསྐུལ་བའི་འགོར་སྤྱན་འདྲེན་ནས་བསྟོད་པའི་བར་བཏགས་ཀྱང་རུང་ལ། གཞན་ཐུན་བསྡུ་བའི་ཚེ་གཏོར་འབུལ་གོང་ལྟར་བྱེད་པ་ཁོ་ན་རང་ལུགས་ཡིན་ནོ། །  +
།ཅེས་པའང་སྣེ་གདོང་བན་ཚང་བླ་མས་གསུང་བསྐུལ་ངོར། པདྨ་ཡེ་ཤེས་རྡོ་རྗེས་ཁྲ་འབྲུག་གི་གཙུག་ལག་ཁང་རྩེར་བྲིས་པ་དགེ  +
ཁྲག་འཐུང་ལས་ཀྱི་དཔའ་བོས་བརྡ་རིས་ལས་དག་པར་ཕབ་པའོཿ དགེའོ། །།  +
བདག་འདྲ་གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་བརྡ་རིས་ལས་དག་པར་ཕབ་པ་ཡི་གེ་པ་ནི་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་གསང་བའི་བཀའ་སྲུང་འདི་དམ་ཚིག་གི་རྒྱ་ཅན་ནོ། གུ་ཧྱཿ  +
།ཞེས་པའང་རྒྱུན་ཁྱེར་ཉེར་མཁོའི་སླད་དུས་གསུམ་ན་འགྲན་ཟླ་དང་བྲལ་བའི་གཏེར་ཆེན་་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་རྡོ་རྗེའི་གསུང་དངོས་གྲབ་རོལ་མཚོའི་གཞུང་ཇི་ལྟ་བར་རིག་འཛིན་གྱི་བཙུན་པ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་སྡེབས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག  +