དྲང་སྲོང་ཁྱབ་འཇུག་ཆེན་པོའི་ཕྲིན་ལས་རྡོ་རྗེའི་གོར་ཆར།

From Khyentse Lineage - A Tsadra Foundation Project
JKW-KABUM-16-MA-022-003
Wylie title drang srong khyab 'jug chen po'i phrin las rdo rje'i gor char JKW-KABUM-16-MA-022.pdf
Location mkhyen brtse'i bka' 'bum
Volume 16, sde tshan 22, Text 3, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jam dbyangs mkhyen brtse'i dbang po. drang srong khyab 'jug chen po'i phrin las rdo rje'i gor char. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 16: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Activity Manual - las byang
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Colophon

།ཞེས་པའང་རྒྱུན་ཁྱེར་ཉེར་མཁོའི་སླད་དུས་གསུམ་ན་འགྲན་ཟླ་དང་བྲལ་བའི་གཏེར་ཆེན་་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་རྡོ་རྗེའི་གསུང་དངོས་གྲབ་རོལ་མཚོའི་གཞུང་ཇི་ལྟ་བར་རིག་འཛིན་གྱི་བཙུན་པ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་སྡེབས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག

zhes pa'ang rgyun khyer nyer mkho'i slad dus gsum na 'gran zla dang bral ba'i gter chen chos kyi rgyal po rig 'dzin gter bdag gling pa'i rdo rje'i gsung dngos grab rol mtsho'i gzhung ji lta bar rig 'dzin gyi btsun pa rdo rje gzi brjid rtsal gyis sdebs pa dge legs mchog tu gyur cig

Notes This text does not appear in the pecha, hence there are no corresponding page numbers.

1 Texts in this Section (sde tshan or chos tshan)

[edit]
༄༅། །དྲང་སྲོང་ཁྱབ་འཇུག་ཆེན་པོའི་ཕྲིན་ལས་རྡོ་རྗེའི་གོར་ཆར་ཞེས་བྱ་བ་བཞུགས་སོ།། །། ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། འདིར་ས་བཅུའི་དབང་ཕྱུག་ཆེན་པོ་འཇིག་རྟེན་དྲེགས་པ་དྲག་རྩལ་མཐའ་དག་གི་སྤྱི་དཔལ་དུ་བཞེངས་པའི་དྲང་སྲོང་ཁྱབ་འཇུག་རྭ་ཧུ་ལ་འཁོར་དང་བཅས་པ་མཆོད་ཅིང་ཐུགས་དམ་བསྐང་བར་འདོད་བས། དུར་ཁྲོད་སོགས་དབེན་ཞིང་ཟིལ་ཆེ་བའི་གནས་སུ་མཆོད་གཏོར་མཐོང་བརྒྱུད་ལྟར་ཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་ཇི་ལྟ་རིགས་བ་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་ཀྱང་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣལ་འབྱོར་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུས་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་བར་འཆར་པས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨ་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་དང་། བཛྲ་སྥ་ར་ཎ་ཁཾ་ཞེས་བས་བྱིན་གྱིས་བརླབ་ཅིང་ཟད་མི་ཤེས་པར་སྤེལ་ལ། མདུན་བསྐྱེད་གསལ་གདབ་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་མི་བཟད་པའི་དུར་ཁྲོད་ཆེན་པོས་བསྐོར་བའི་ཁྲག་ཞག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་ཨེ་ལས་གྲུ་གསུམ་མཐར་ནག་མཁའ་དང་མཉམ་པའི་ལྟེ་བར་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཏྲི་དུ་བའི་མདོག་ཅན་ཡོངས་སུ་གྱུར་པ་ལས་གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་ཀ་མགོ་དགུ་བྱ་རོག་གི་ཞལ་དང་བཅུ། རྩ་ཞལ་གཤིན་རྗེ་ཁྲོས་པའི་ཞལ་གསུམ་ལྗང་ནག་དུད་ཀ །བར་ཞལ་བདུད་ཀྱི་ཞལ་གསུམ་མཐིང་དམར་ལྗང་བ། སྟེང་ཞལ་ལྷའི་ཞལ་གསུམ་ལྗང་དམར་དཀར་བ། ཞལ་རེ་རེ་ལ་དམར་ཟླུམ་སྡང་མིག་གཟིར་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཤིན་ཏུ་རྔམ་བའི་ཞལ་གདམས་ཤིང་མཆེ་བ་གཙིགས་པ། ལྗགས་གློག་ལྟར་འཁྱུག་ཅིང་འཇིགས་པའི་ང་རོ་སྒྲོག་པས་དགྲ་བགེགས་ཆེམ་ཆེམ་གསོལ་བ། སྨིན་མ་ཨག་ཚོམ་དང་བ་སྤུའི་རྩེ་ནས་མེ་སྟག་འཕྲོ་བ། སྲིད་གསུམ་མཐའ་དག་གཟིགས་པའི་མིག་གིས་ལུས་ཀུན་གང་ཞིང་ཁོང་ནས་འཁྲུགས་པའི་ཉམས་ཅན། ཕྱག་བཞིའི་དང་པོ་གཉིས་ཀྱི་ཆུ་སྲིན་གཉིས་རྒྱ་མཚན་དང་སྦྲུལ་ཞགས། འོག་མ་གཉིས་རྭའི་མདའ་གཞུ་འགེངས་ཞིང་སྐུ་སྨད་སྦུལ་འཇུག་ཏུ་འཁྱིལ་བ། ཞིང་ཆེན་གྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ། ཐོད་པ་སྐམ་པོའི་ཅོད་པན་དང་ཁྲག་འཛག་པའི་མིག་མགོ་རྒྱུ་མ་ལ་བརྒྱུས་པའི་དོ་ཤལ་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་གྱི་ཆུན་པོ་སོགས་འབར་བའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཉི་མ་འབུམ་གྱི་གཟི་བརྗིད་འབར་བ། གཡས་སུ་ཛ་ལས་ཡབ་རྡོ་རྗི་སྲིན་པོ་མཐིང་ནག་མགོ་བོ་དགུ་པ་དབྱུག་ཏོ་དང་ཁྲག་མཚོ་བསྣམས་པ་ཞེ་སྡང་རུས་པའི་ཁྲི་ལ་བཞུགས་པ། གཡོན་དུ་ཕུ་ལས་ཡུམ་རྡོ་རྗེ་གློག་འགྱུ་དམར་ནག་མགོ་བོ་དགུ་པ་སྦྲུལ་ཞགས་དང་ཁྲག་མཚོ་བསྣམས་པ་འདོད་ཆགས་ཁྲག་མཚོའི་ནང་ལ་བཞུགས་པ། དེ་རྣམས་ཀྱི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་དགྲ་བགེགས་ཀྱི་གདན་ལ། ནུབ་ཏུ་མ་ལས་ལྗང་སྔོན་ཆེན་པོ་ལྗང་ནག་ཞགས་པ་དང་ལྕགས་སྒྲོག་འཛིན་པ་མ་མོའི་དམག་ཚོགས་ཀྱིས་བསྐོར་བ། ཤར་ལྷོར་ཙ་ལས་དྲང་སྲོང་དཀར་སེར་སྦྲུལ་ཞགས་དང་ཏྲི་ཤུལ་འཛིན་པ་དགྲ་ལྷའི་དམག་ཚོགས་ཀྱིས་བསྐོར་བ། བྱང་དུ་དུ་ལས་བདུད་པོ་རོག་ཏི་མཐིང་ནག་སྦྲུལ་དང་བདུད་ཞགས་འཛིན་པ་བདུད་ཀྱི་དམག་ཚོགས། ལྷོ་ནུབ་ཏུ་ཙ་ལས་པིཥྚི་པ་ཏྲ་དམར་པོ་སྦྲུལ་དང་སྤུ་གྲི་འཛིན་པ་སྲིན་པོའི་དམག་ཚོགས༴ ཤར་དུ་ཨ་ལས་བྱི་ནུ་རཱ་ཛ་དུད་ཀ་ཆུ་སྲིན་དང་སྟག་མགོ་འཛིན་པ་དམུ་བདུད་ཀྱི་དམག་ཚོགས༴ ནུབ་བྱང་དུ་དུ་ལས་དུ་བ་མཇུག་རིང་མཐིང་ནག་སྤུ་གྲི་དང་ཐོད་ཁྲག་འཛིན་པ་གཤིན་རྗེའི་དམག་ཚོགས༴ ལྷོར་ཡལས་ཁྱབ་མཇུག་ཆེན་པོ་སེར་ནག་སྦྲུལ་ཞགས་དང་ཆུ་སྲིན་འཛིན་པ་ཀླུ་བདུད་ཀྱིས་དམག་ཚོགས༴ བྱང་ཤར་དུ་ཤ་ལས་སྒྲ་གཅན་འཛིན་དུད་ཀ་ཆུ་སྲིན་དང་ཁྲམ་ཤིང་འཛིན་པ་སྡེ་བརྒྱད་ཀྱི་དམག་ཚོགས་བསྐོར་བ༴ ཐམས་ཅད་ཀྱང་གཏུམ་ཤིང་རྔམ་པ་སྲིན་པོའི་གཟུགས་ཅན་མགོ་བོ་དགུ་པ། ལུས་ཀུན་མིག་གིས་གང་ཞིང་༴ འཇིགས་པའི་ཆ་བྱད་རྫོགས་པ་གཙོ་བོ་ལྟ་བུའོ། །དེའི་ཕྱི་རོལ་གྱི་ཤམ་དུ་མ་ལས་སྟག་སྲིན་ཟོར་བའི་གདོང་ཅན་དཀར་སེར་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ལྷོར་ར་ལས་བམ་སྲིན་དྲེད་ཀྱི་གདོད་ན་སེར་ནག་ཐོད་དབྱུག་དང་སྦྲུལ་ཞགས་འཛིན་པ། ནུབ་ཏུ་ཙ་ཚས་ཀོང་སྲིན་བ་གླང་གི་གདོང་ཅན་དམར་ནག་དགྲ་སྟྭ་དང་ཞགས་པ་འཛིན་པ། བྱང་དུ་ཤ་ལས་འབྲོག་སྲིན་ཆུ་སྲིན་གྱི་གདོང་ཅན་ལྗང་ནག་རི་རབ་ཀླད་ལ་བསྐོར་བ། བཞི་ཀའང་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན་ཞིང་གི་གདན་ལ་རོལ་པ། གཞན་ཡང་དེ་དག་གི་ཕྱི་རོལ་ཏུ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་ལ་སོགས་ཏེ་སྲིད་གསུམ་འབྱུང་པོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐམས་ཀྱང་ཁྲོ་ཞིང་གཏུམ་བ་ཟས་རྔམ་རྔམ་མཆོངས་ཞིང་རྒྱུག་པའི་ཚུལ་ཅན་མྱུར་མགྱོགས་ཀྱི་རྫུ་འཕྲུལ་ཆེན་པོའི་རྩལ་གྱིས་དུས་མཐའི་མེ་རླུང་འཁྲུགས་པའི་ཀློང་ན་གནས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པའི་ལྷོ་ནུབ་པ་ལངྐ་པཱུ་རི་སྲིན་པོའི་གྲོང་ཁྱེར་དབུ་རུ་བའི་ལྷ་ཁང་ལ་སོགས་པ་རང་བཞིན་གར་བཞུགས་ཀྱི་གནས་ནས་གཟའ་བདུད་ཆེན་པོ་འཁོར་དང་བཅས་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། རྡོ་རྗེ་འཆང་དབང་ཐུགས་ཀྱི་སྤྲུལ་པ་ལས། ཡང་སྤྲུལ་མི་བཟད་འབར་བའི་སྐུར་སྟོན་པ། གཟའ་མཆོག་ཆེན་པོ་འཇིགས་བྱེད་རཱ་ཧུ་ལ། རང་ཉིད་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག །སྙིགས་དུས་མི་བཟད་ལྔ་བརྒྱའི་ཐ་མ་འདིར། སྣ་ཚོགས་ཐབས་ཀྱིས་གདུག་པ་འདུལ་དོན་དུ། ཐུགས་ཉིད་ཞི་བ་ཆོས་དབྱིངས་རྣམ་དག་ཀྱང་། །དྲག་གཏུམ་མི་བད་འབར་བའི་སྐུར་བཞེངས་ཤིག །ཞེ་སྡང་འདོད་ཆགས་འབར་བའི་དཀྱིལ་འཁོར་ནས། །མཐུ་ཆེན་ཀླུ་སྲིན་ཡབ་ཡུམ་གཤེགས་སུ་གསོལ། །སྲིད་པ་གསུམ་སོགས་ཞིང་ཁམས་རྒྱ་མཚོ་ནས། །སྤྲུལ་པའི་གཟའ་ཆེན་སྡེ་བརྒྱད་གཤེགས་གསོལ། །ཕྱོགས་བཞི་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྲིན་མོ་གདོང་མོ་མཆེད་གཤེགས་སུ་གསོལ། །གཞན་ཡང་བཀའ་སྡོད་སྤྲུལ་པ་ཕོ་ཉའི་ཚོགས། །རང་རང་ཞིང་ནས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། ནམ་མཁའ་དབྱིངས་ཀྱི་ཕོ་བྲང་ནས། །གཟའ་བདུད་འཁོར་དང་བཅས་པ་རྣམས། །སྐུ་མདོག་དུད་ཀ་ཙེ་རེ་རེ། །དགྱེས་པའི་གད་རྒྱངས་ཡ་ལ་ལ། །དར་ནག་རུ་ཚོན་ཕྱར་ར། །མི་རྐང་གཱིང་བུ་དི་རི་རི། །སྤྱན་སྟོང་མེ་དཔུང་འུ་རུ་རུ། །བཤུགས་པའི་གླུ་ལེན་ཀྱུ་རུ་རུ། །རྔམ་པའི་ང་རོ་དི་རི་རི། །དཔལ་གྱི་ཐོ་ཆེན་ཆེམས་སེ་ཆེ་མ། །འཇིགས་པའི་གླུ་ལེན་ཙེ་རེ་རེ། །གློག་དམར་ཞགས་པ་ཁྱུགས་སེ་ཁྱུག །ཚུར་སྤྱོན་ཚུར་སྤྱོན་གནས་འདིར་བྱོན། །ཕོ་བྲང་རབ་མཛེས་གཞལ་ཡས་འདིར། །གཟའ་བདུད་འཁོར་བཅས་གཤེགས་སུ་གསོལ། །ཧྲི་ཤག་རུ་ར་ག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡཾ་ཛ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿབཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། བཞུགས་གསོལ་ནི། ཧཱུྃ། འཇིག་བྱེད་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྲིང་བཞི་སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །ཉི་ཟླ་པདྨ་ཞིང་ཆེན་གདན་སྟེང་དུ། །དགྱེས་ཤིང་གཡོ་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ས་མ་ཡ་ཏིཥྛནྟུ། ཕྱག་བྱ་བ་ནི། ཧཱུྃ། ཆེ་བའི་ཆེ་མཆོག་འཇིགས་བྱེད་རཱ་ཧུ་ལ། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །དྲེགས་པ་ཕོ་མོ་མིང་སྲིད་འཁོར་བཅས་ལ། །བསྟན་པ་བསྲུང་ཕྱིར་གུས་པས་ཕྱག་འཚལ་ལོ། །ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་པྲཏཱིཙྪི་ཧོཿ མཆོད་པ་ནི། སྤོས་དང་མེ་ཏོག་སྣང་གསལ་ལ་སོགས་དང་། །ཛ་གད་ཕུད་དང་པཉྩ་ཨ་མྲྀ་ཏ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང་། །དངོས་འབྱོར་ཏིང་འཛིན་དགོངས་ཀློང་དག་པས་མཆོད། །ཨོཾ་རཱུ་ཧུ་ལས་པ་རི་ཝཱ་རེ་བྷྱཿ པཥྤེ་ནས། ཤབྡའི་བར་དང་། ཨ་མྲྀ་ཏ་རཀྟ་བ་ལིཾ་པཉྩ་ཀཱ་མ་གུ་ཥ་པྲ་ཏིཙྪ་སྭཱ་ཧཱ། གཏོར་མ་འབུལ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཧྲཱིཿ ཤག་རུ་ར་ག་རཾ་ནཱ་གེ་ཙིཏྟ་ཏྲྃ་མ་མ་ཡྃ་ཚ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། དྲང་སྲོང་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངསརྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོང་། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ལན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབ། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། །ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་གྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། བསྟོད་པ། ཧཱུྃ། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །མཚན་གསོལ་གཟའ་མཆོག་རཱ་ཧུ་ལ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །རིག་འཛིན་སྲོག་ཤིང་གཏེར་གྱི་བདག །གཙུག་ལག་གཉེན་སྲུང་མཐུ་བོ་ཆེ། །རྣལ་འབྱོར་དགྲ་ལྷ་མཐུ་རྩལ་ཅན། །དམ་ཉམས་སྲོག་གཅོད་གཙོལ་བསྟོད། །ཧྲཱིཿ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན། །འཇིགས་པའི་ལུས་ལ་འབར་བའི་ཀློང་། །ཞལ་དགུ་ཕྱག་བཞི་རྔམས་པ་སྟེ། །འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན། །གནམ་ལྕགས་ཐོག་གི་བདག་པོ་སྟེ། །སྐྱིན་ཐང་སེར་བ་འབེགས་པའི་གཙོ། །སྤྲུལ་པ་ཆེན་པོ་རྫུ་འཕྲུལ་ཅན། །རི་རབ་སྟེང་ན་ལྷ་ཡི་གཙོ། །རྒྱ་མཚོའི་གཏིང་ན་ཀླུ་ཡི་བདག །བར་སྣང་ཁམས་སུ་སྡེ་བརྒྱད་རྗེ། །དབུ་དགུ་སྲིད་པ་གསུམ་གྱི་བདག །མགོ་གཅིག་ལྷ་མིན་ཁྲོས་པའི་ཞལ། །ཉི་མ་ཟླ་བ་གྲི་བ་མས་གནོན། །གཅིག་ནི་བཞད་ཅིང་རྒོད་པའི་ཞལ། །དགྱེས་པ་བཀའ་ཡི་བྱ་ར་བྱེད། །གཅིག་ནི་ཁྲོས་པ་སྲིན་པོའི་གདོང་། །གདུག་པའི་དགྲ་བགེགས་ཟས་སུ་ཟ། །གཅིག་ནི་རྔམ་བྱེད་ཟ་བྱེད་གདོང་། །གནམ་ལྕགས་མེ་ཡི་ཐོག་ཆེན་འབེབས། །གཅིག་ནི་འཇིགས་བྱེད་མ་རུངས་པ། །ཚ་གྲང་འཐབ་པའི་རྐན་སྒྲ་བསྡེབས། །གཅིག་ནི་འཁྲུག་བྱེད་དྲག་པོའི་ཞལ། །གཡོ་འགུལ་ཆེན་པོའི་སེར་བ་འབེབས། །གཅིག་ནི་གཏུམ་ཆེན་ཡེ་ཤེས་ཞལ། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད། །གཅིིིག་ནི་སྟོབས་ཆེན་རྫུ་འཕྲུལ་ཞལ། །སངས་རྒྱས་བསྟན་པ་སྲུང་བར་བྱེད། །གཅིག་ནི་ཞི་བ་ལྷ་ཡི་ཞལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྟེང་གི་ཕྱོགས་ན་བྱ་རོག་ཞལ། །དཀོན་མཆོག་དབུ་འཕང་བསྟོད་པར་བྱེད། །གློག་འདྲ་རལ་གྲི་ཞགས་པ་ཡིས། །སྡང་བྱེད་དགྲ་བོའི་སྐྱེ་རྒྱུད་གཅོད། །ཆུ་སྲིན་ཞབསབསད་དབྱུག་པ་ཡིས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །རཱ་ཡི་མདའ་གཞུ་བསྣམས་པ་ཡིས། །དམིགས་པའི་དགྲ་བགེགས་རྩད་ནས་གཅོད། །སྤྱན་སྟོང་མེ་དཔུང་སྡང་མིག་གིས། །དགྲ་དང་བགེགས་འབྲུ་ཚུགལ་ལྟ། །སྐུ་སྨད་ས་ལ་བརྡབས་པ་ཡིས། །འཇིག་རྟེན་གཡོ་འགུལ་འདེགས་པར་བྱེད། །ཞལ་ནས་ཧཱུྃ་དང་ཕཊ་སྒྲོག་པས། །དྲེགས་པ་ཕོ་མོ་དབང་དུ་སྡུད། །སྐུ་མདོག་དུད་ཀ་འཇིགས་པ་ཡིས། །ཁམས་གསུམ་སྐྱེ་འགྲོ་ཟིལ་གྱིས་གནོན། །སྤྲུལ་པའི་གཟའ་བདུད་ནག་པོ་ཁྱོད། །འཇིག་རྟེན་ཁམས་ན་འགྲན་ཟླ་མེད། །བདུད་དང་དྲེགས་པ་བྲན་དུ་ཁོལ། །ལས་སུ་སངས་རྒྱས་བསྟན་པ་སྲུངས། །དམ་ཅན་རྣལ་འབྱོར་སྐྱོང་མཛད་པའི། །མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་བཀའ་ཉན་གདོང་མོ་བཞི། །རྫུ་འཕྲུལ་རི་རབ་ཐལ་བར་རློག །ནད་དང་མཚོན་གྱི་བདག་མོ་སྟེ། །མཐུ་སྟོབས་ཅན་ལ་བདག་བསྟོད་དོ། །མི་བཟད་དྲག་གཏུམ་རྔམ་པའི་ཚོགས། །གཟའ་བརྒྱད་ལྷ་སྲིན་སྡེ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས། །ཕོ་ཉ་ཡང་སྤྲུལ་ཚོགས་ལ་བསྟོད། །ཅེས་བསྟོད། བསྐང་བ་ནི། ཧཱུྃ། ཕྱི་ནང་གསང་བའི་མཆོད་པ་དང་། །དམར་ཆེན་རྒྱན་གྱི་གཏོར་མ་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པ་དང་། །ཤ་སྣ་སྙིང་སྣའི་མཆོད་པ་ཡིས། །གཟའ་ཆོག་ཆེན་པོའི་ཐུགས་དམ་བསྐང་། །སྐོང་བའི་དངོས་གྲུབ་སྩལ་དུ་གསོལ། །འབྲུ་བཟང་ལྷ་བཤོས་ཤ་ཆེན་སྤོས། །ཚིལ་ཆེན་སྣང་གསལ་རོལ་མོའི་ཚོགས། །སྐུ་གླུད་སྤྱན་གཟིགས་མང་པོ་དང་། །དམ་རྫས་རྒྱན་གྱི་གཏོར་མ་ཡིས། །གཟའ་བདུད་ཡབ་ཡུམ༴ རཀྟ་དམར་གྱི་ཨརྒྷཾ་ཡིས། །ལྗང་སྔོན་དྲག་པོའི་ཐུགས་དམ་བསྐང་། །ཤ་ཆེན་རི་རབ་བརྩེགས་པ་ཡིས། །བདུད་པོ་རོག་ཏིའི་ཐུགས༴ བསད་ཁྲག་རྦ་ཀློང་འཁྲུགས་པ་ཡིས། །ཁྱབ་འཇུག་ཆེན་པོའི་ཐུགས་དམ༴ སྤོས་དང་སྣང་གསལ་རོལ་མོ་ཡིས། །དྲང་སྲོང་དཀར་སེར་ཐུགས༴ བམ་ཆེན་བཅད་འབྱོར་ལྡན་པ་ཡིས། །བིཥྚི་པ་ཏྲའི་ཐུགས་དམ་བསྐང་། །ཏི་ར་ཞིང་ཆེན་སྤུངས་པ་ཡིས། །ཧ་ལི་ཀ་ལིའི་ཐུགས༴ དམར་དང་བསུར་ཆེན་དུད་པ་ཡིས། །དུ་བ་མཇུག་རིངས༴ སྤྱན་གཟིགས་ཚོགས་ཀྱི་འཁོར་ལོ་ཡིས། །སྒྲ་གཅན་འཛིན་གྱི་ཐུགས་དམ་བསྐང་། །གདུག་དང་རྒྱལ་མཚན་རོལ་མོ་ཡིས། །གཟའ་ཆེན་བརྒྱད་ཀྱི་ཐུགས༴ གཡོས་དང་ཁ་ཟས་སྣ་ཚོགས་ཀྱིས། །རྒྱུ་སྐར་ཉེར་བརྒྱད་ཐུགས༴ ཤ་སྣ་སྙིང་སྣ་འབུམ་ཕྲག་གིས། །ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །བསྐོང་ངོ་བསྐང་ངོ་བཟའ་ཆེན་པོ། །ཐུགས་དམ་གཉེན་པོ་སྐོང་བར་མཛོད། །ཆོས་སྐྱོང་གཟའ་བདུད་འཁོར་བཅས་རྣམས། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །དགའ་དང་གུས་པས་ཕྱག་འཚལ་ནས། །མོས་ཤིང་དད་པས་མཆོད་པ་འབུལ། །རྣལ་འབྱོར་ཉས་ཆག་བསྐང་བར་མཛོད། །ཅེས་དང་བཤགས་པ་ནི། ཧོཿ རང་བཞིན་ཆོས་ཀྱི་དབྱིངསལས་མ་གཡོས་ཀྱིང་། །ཐུགས་རྗེའི་དབང་གིས་འབར་བའི་སྐུར་བཞེངས་པ། །རྒྱལ་བའི་བསྟན་སྲུང་ཁྱབ་འཇུག་ཧུ་ལ། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་བླུན་རྨོངས་མརིག་འཁྲུལ་པའི་ཡོད། །ལས་དང་ཉོན་མོངས་བག་ཆགས་ཀྱིས་དཀྲུགས་བས། །ལྷ་ཁྱོད་བསྙེན་ཅིང་སྒྲུབ་པར་དམ་བཅས་ཀྱང་། །སྐུ་ཡི་ཕྱག་རྒྱ་མ་གསལ་དོན་མ་རྟོགས། །སྔགས་ཀྱི་བཟླས་བརྗོད་མ་དག་ལྷག་ཆད་འཁྲུག །ཡིད་ཀྱི་ཏིང་འཛིན་བྱིང་རྒོད་རྟོག་བས་བསླད། །དམ་རྫས་མ་ཚང་རྟེན་མ་ཚང་དང་། །རྒྱུ་ཆུང་ཕུད་ཉམས་འབགས་རྩོག་དྲི་མས་གོས། །དུས་ཀྱི་མཆོད་གཏོར་འགྱངས་ཤིང་ཆུགས་པ་དང་། །བསྙེན་སྒྲུབ་གཡལ་ཞིང་ལས་སྦྱོར་ལོག་པ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རང་གནོད་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང་། །ཉམས་ཆགས་སྒྲིབ་པའི་ཚོགས་རྣམས་ཀུན་བྱང་སྟེ། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཅེས་དང་། ཡི་གེ་བརྒྱ་པ་ལ་ལན་གསུམ་གྱིས་ནོངས་པ་བཤགས་ཤིང་ཕྲིན་ལས་བཅོལ་ཏེ་གཏོར་མ་སྟོབ་པར་བྱའོ། །ཞེས་པའང་རྒྱུན་ཁྱེར་ཉེར་མཁོའི་སླད་དུས་གསུམ་ན་འགྲན་ཟླ་དང་བྲལ་བའི་གཏེར་ཆེན་་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་རྡོ་རྗེའི་གསུང་དངོས་གྲབ་རོལ་མཚོའི་གཞུང་ཇི་ལྟ་བར་རིག་འཛིན་གྱི་བཙུན་པ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་སྡེབས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །
[edit]

drang srong khyab 'jug chen po'i phrin las rdo rje'i gor char/ @#/_/drang srong khyab 'jug chen po'i phrin las rdo rje'i gor char zhes bya ba bzhugs so//________// na mo gu ru badz+ra pA Na ye/__'dir sa bcu'i dbang phyug chen po 'jig rten dregs pa drag rtsal mtha' dag gi spyi dpal du bzhengs pa'i drang srong khyab 'jug rwa hu la 'khor dang bcas pa mchod cing thugs dam bskang bar 'dod bas/__dur khrod sogs dben zhing zil che ba'i gnas su mchod gtor mthong brgyud ltar tshogs par byas la/__bdag gi rnal 'byor ji lta rigs ba sngon du 'gro bas/__mchod gtor rnams/__a mr-i tas bsang /__swa b+hA was sbyangs/__stong pa'i ngang las b+h+rU~M las gnas khang dur khrod drag po'i zhing khams bsam kyang mi khyab par phyi nang gsang ba'i mchod pa spyan gzigs mthun rdzas rten rdzas skong rdzas la sogs pa thams cad srid zhi'i 'dod yon gyi rnal 'byor gyi rnam pa mkho dgu tshang ba/__bzang dgus 'byor pa/__mdzes dgus brgyan pa/__ngo bo ye shes sgyu ma'i rang bzhin bde ba'i rnam pa thams cad bar 'char pas nam mkha'i khams gang bar gyur/__na maHsarba ta thA ga te b+h+yo bi shwa mu khe b+h+yaH__sarba thA khaM ut+ga te s+pha ra Na a maM ga ga na khaM swA hA/__lan gsum dang /__badz+ra s+pha ra Na khaM zhes bas byin gyis brlab cing zad mi shes par spel la/__mdun bskyed gsal gdab pa ni/__oM ma hA shU n+ya ta dz+nyA na badz+ra swa b+hA wa Ad+ma ko\u0f85haM/__stong pa'i ngang las hU~M yig las byung ba'i srung 'khor gyi nang mi bzad pa'i dur khrod chen pos bskor ba'i khrag zhag gi rgya mtsho rba klong 'khrugs pa'i dbus su e las gru gsum mthar nag mkha' dang mnyam pa'i lte bar pad nyi dgra bgegs kyi gdan la tri du ba'i mdog can yongs su gyur pa las gza' bdud chen po rA hu la sku mdog ka mgo dgu bya rog gi zhal dang bcu/__rtsa zhal gshin rje khros pa'i zhal gsum ljang nag dud ka__/bar zhal bdud kyi zhal gsum mthing dmar ljang ba/__steng zhal lha'i zhal gsum ljang dmar dkar ba/__zhal re re la dmar zlum sdang mig gzir ba'i spyan gsum gsum dang ldan pa/__shin tu rngam ba'i zhal gdams shing mche ba gtsigs pa/__ljags glog ltar 'khyug cing 'jigs pa'i nga ro sgrog pas dgra bgegs chem chem gsol ba/__smin ma ag tshom dang ba spu'i rtse nas me stag 'phro ba/__srid gsum mtha' dag gzigs pa'i mig gis lus kun gang zhing khong nas 'khrugs pa'i nyams can/__phyag bzhi'i dang po gnyis kyi chu srin gnyis rgya mtshan dang sbrul zhags/__'og ma gnyis rwa'i mda' gzhu 'gengs zhing sku smad sbul 'jug tu 'khyil ba/__zhing chen gyi stod g.yogs dang stag lpags kyi sham thabs dkris pa/__thod pa skam po'i cod pan dang khrag 'dzag pa'i mig mgo rgyu ma la brgyus pa'i do shal 'phyang ba/__klu rigs lnga'i sbrul gyi chun po sogs 'bar ba'i chas thams cad kyis brgyan pa/__gar dgu'i nyams can nyi ma 'bum gyi gzi brjid 'bar ba/__g.yas su dza las yab rdo rji srin po mthing nag mgo bo dgu pa dbyug to dang khrag mtsho bsnams pa zhe sdang rus pa'i khri la bzhugs pa/__g.yon du phu las yum rdo rje glog 'gyu dmar nag mgo bo dgu pa sbrul zhags dang khrag mtsho bsnams pa 'dod chags khrag mtsho'i nang la bzhugs pa/__de rnams kyi phyi rol phyogs mtshams brgyad du dgra bgegs kyi gdan la/__nub tu ma las ljang sngon chen po ljang nag zhags pa dang lcags sgrog 'dzin pa ma mo'i dmag tshogs kyis bskor ba/__shar lhor tsa las drang srong dkar ser sbrul zhags dang tri shul 'dzin pa dgra lha'i dmag tshogs kyis bskor ba/__byang du du las bdud po rog ti mthing nag sbrul dang bdud zhags 'dzin pa bdud kyi dmag tshogs/__lho nub tu tsa las piSh+Ti pa tra dmar po sbrul dang spu gri 'dzin pa srin po'i dmag tshogs=_shar du a las byi nu rA dza dud ka chu srin dang stag mgo 'dzin pa dmu bdud kyi dmag tshogs=_nub byang du du las du ba mjug ring mthing nag spu gri dang thod khrag 'dzin pa gshin rje'i dmag tshogs=_lhor yalas khyab mjug chen po ser nag sbrul zhags dang chu srin 'dzin pa klu bdud kyis dmag tshogs=_byang shar du sha las sgra gcan 'dzin dud ka chu srin dang khram shing 'dzin pa sde brgyad kyi dmag tshogs bskor ba=_thams cad kyang gtum shing rngam pa srin po'i gzugs can mgo bo dgu pa/__lus kun mig gis gang zhing =_'jigs pa'i cha byad rdzogs pa gtso bo lta bu'o/____/de'i phyi rol gyi sham du ma las stag srin zor ba'i gdong can dkar ser lcags kyu dang zhags pa 'dzin pa/__lhor ra las bam srin dred kyi gdod na ser nag thod dbyug dang sbrul zhags 'dzin pa/__nub tu tsa tshas kong srin ba glang gi gdong can dmar nag dgra s+t+wa dang zhags pa 'dzin pa/__byang du sha las 'brog srin chu srin gyi gdong can ljang nag ri rab klad la bskor ba/__bzhi ka'ang srin mo khros pa'i cha lugs can zhing gi gdan la rol pa/__gzhan yang de dag gi phyi rol tu gtsang ris kyi mgon po bdun cu rtsa lnga la sogs te srid gsum 'byung po'i tshogs bsam gyis mi khyab pas bskor ba thams kyang khro zhing gtum ba zas rngam rngam mchongs zhing rgyug pa'i tshul can myur mgyogs kyi rdzu 'phrul chen po'i rtsal gyis dus mtha'i me rlung 'khrugs pa'i klong na gnas pa'o/____/de rnams kyi dpral bar oM/__mgrin par AH__thugs gar hU~M/__hU~M las 'od zer 'phros pa'i lho nub pa lang+ka pU ri srin po'i grong khyer dbu ru ba'i lha khang la sogs pa rang bzhin gar bzhugs kyi gnas nas gza' bdud chen po 'khor dang bcas spyan drangs par bsam zhing /__hU~M/__rdo rje 'chang dbang thugs kyi sprul pa las/__yang sprul mi bzad 'bar ba'i skur ston pa/__gza' mchog chen po 'jigs byed rA hu la/__rang nyid chos kyi dbyings nas skur bzhengs shig__/snyigs dus mi bzad lnga brgya'i tha ma 'dir/__sna tshogs thabs kyis gdug pa 'dul don du/__thugs nyid zhi ba chos dbyings rnam dag kyang /____/drag gtum mi bad 'bar ba'i skur bzhengs shig__/zhe sdang 'dod chags 'bar ba'i dkyil 'khor nas/____/mthu chen klu srin yab yum gshegs su gsol/____/srid pa gsum sogs zhing khams rgya mtsho nas/____/sprul pa'i gza' chen sde brgyad gshegs gsol/____/phyogs bzhi nam mkha' yangs pa'i dkyil 'khor nas/____/srin mo gdong mo mched gshegs su gsol/____/gzhan yang bka' sdod sprul pa pho nya'i tshogs/____/rang rang zhing nas gnas 'dir gshegs su gsol/____/hU~M/__nam mkha' dbyings kyi pho brang nas/____/gza' bdud 'khor dang bcas pa rnams/____/sku mdog dud ka tse re re/____/dgyes pa'i gad rgyangs ya la la/____/dar nag ru tshon phyar ra/____/mi rkang gIng bu di ri ri/____/spyan stong me dpung 'u ru ru/____/bshugs pa'i glu len kyu ru ru/____/rngam pa'i nga ro di ri ri/____/dpal gyi tho chen chems se che ma/____/'jigs pa'i glu len tse re re/____/glog dmar zhags pa khyugs se khyug__/tshur spyon tshur spyon gnas 'dir byon/____/pho brang rab mdzes gzhal yas 'dir/____/gza' bdud 'khor bcas gshegs su gsol/____/hri shag ru ra ga raM nA ge tsit+ta traM ma ma yaM dza 'gram ha ha ga sha la dzaHdzaHbadz+ra sa mA dzaH_zhes pas spyan drangs/__bzhugs gsol ni/__hU~M/__'jig byed chen po gza' mchog rA hu la/____/sring bzhi sde brgyad 'khor dang bcas pa rnams/____/nyi zla pad+ma zhing chen gdan steng du/____/dgyes shing g.yo brtan par bzhugs su gsol/____/oM ke ta ke ta rA hu la sa ma ya tiSh+Than+tu/__phyag bya ba ni/__hU~M/__che ba'i che mchog 'jigs byed rA hu la/____/mthu stobs rdzu 'phrul nam mkha'i mtha' dang mnyam/____/dregs pa pho mo ming srid 'khor bcas la/____/bstan pa bsrung phyir gus pas phyag 'tshal lo/____/oM ke ta ke ta rA hu pratIts+tshi hoH_mchod pa ni/__spos dang me tog snang gsal la sogs dang /____/dza gad phud dang pany+tsa a mr-i ta/____/phyi nang gsang ba'i mchod sprin rgya mtsho dang /____/dngos 'byor ting 'dzin dgongs klong dag pas mchod/____/oM rU hu las pa ri wA re b+h+yaH_paSh+pe nas/__shab+da'i bar dang /__a mr-i ta rak+ta ba liM pany+tsa kA ma gu Sha pra tits+tsha swA hA/__gtor ma 'bul ni/__lha rnams kyi ljags hU~M las byung ba'i rdo rje'i sbu gu can gyi 'od zer gyis gtor ma'i bcud drangs te gsol bar gyur/__hrIH_shag ru ra ga raM nA ge tsit+ta tra~M ma ma ya~M tsha 'gram ha ha ga sha la dzaHdzaH_sa pa ri wA ra i daM ba liM kha kha khA hi khA hi/__lan gsum/__drang srong khyab 'jug chen po rA hu la 'khor dang bcas pa rnams kyis mchod sbyin gyi gtor ma rgya chen po 'di bzhes la sangasargyas kyi bstan pa srung /__dkon mchog gi dbu 'phang bstod/__dge 'dun dang chos kyi rgyal srid skyong /__'jig rten gyi rgud pa sol/__sems can gyi lan bde spel/__rnal 'byor pa rnams kyi stongs grogs mdzod/__sngags 'chang rnams kyi phrin las sgrub/__sdang ba'i dgra thul/__gnod pa'i bgegs choms/____/khyad par dam tshig 'dir 'dus pa rnams kyi phyi nang gsang ba'i 'gal rkyen zhi ba dang /__mthun rkyen smon pa'i legs tshogs thams cad 'phel zhing rgyas pa dang /__mchog dang thun mong gi dngos grub ma lus pa myur du grub pa'i phrin las mdzod cig__/ces phrin las bcol/__bstod pa/__hU~M/__srin po'i gzugs kyi gdug pa can/____/tshar gcod byang chub sems dpa' ste/____/mtshan gsol gza' mchog rA hu la/____/dam tshig can la bdag bstod do/____/rig 'dzin srog shing gter gyi bdag__/gtsug lag gnyen srung mthu bo che/____/rnal 'byor dgra lha mthu rtsal can/____/dam nyams srog gcod gtsol bstod/__/hrIH__khyab 'jug chen po sgra gcan 'dzin/____/'jigs pa'i lus la 'bar ba'i klong /____/zhal dgu phyag bzhi rngams pa ste/____/'jig rten khams kyi drag rtsal can/____/gnam lcags thog gi bdag po ste/____/skyin thang ser ba 'begs pa'i gtso/____/sprul pa chen po rdzu 'phrul can/____/ri rab steng na lha yi gtso/____/rgya mtsho'i gting na klu yi bdag__/bar snang khams su sde brgyad rje/____/dbu dgu srid pa gsum gyi bdag__/mgo gcig lha min khros pa'i zhal/____/nyi ma zla ba gri ba mas gnon/____/gcig ni bzhad cing rgod pa'i zhal/____/dgyes pa bka' yi bya ra byed/____/gcig ni khros pa srin po'i gdong /____/gdug pa'i dgra bgegs zas su za/____/gcig ni rngam byed za byed gdong /____/gnam lcags me yi thog chen 'bebs/____/gcig ni 'jigs byed ma rungs pa/____/tsha grang 'thab pa'i rkan sgra bsdebs/____/gcig ni 'khrug byed drag po'i zhal/____/g.yo 'gul chen po'i ser ba 'bebs/____/gcig ni gtum chen ye shes zhal/____/mngon shes rdzu 'phrul thogs pa med/____/gci+i+ig ni stobs chen rdzu 'phrul zhal/____/sangs rgyas bstan pa srung bar byed/____/gcig ni zhi ba lha yi zhal/____/sgrub pa po la dngos grub ster/____/steng gi phyogs na bya rog zhal/____/dkon mchog dbu 'phang bstod par byed/____/glog 'dra ral gri zhags pa yis/____/sdang byed dgra bo'i skye rgyud gcod/____/chu srin zhabasabasad dbyug pa yis/____/srid pa gsum yang dbang du sdud/____/rA yi mda' gzhu bsnams pa yis/____/dmigs pa'i dgra bgegs rtsad nas gcod/____/spyan stong me dpung sdang mig gis/____/dgra dang bgegs 'bru tshugal lta/____/sku smad sa la brdabs pa yis/____/'jig rten g.yo 'gul 'degs par byed/____/zhal nas hU~M dang phaT sgrog pas/____/dregs pa pho mo dbang du sdud/____/sku mdog dud ka 'jigs pa yis/____/khams gsum skye 'gro zil gyis gnon/____/sprul pa'i gza' bdud nag po khyod/____/'jig rten khams na 'gran zla med/____/bdud dang dregs pa bran du khol/____/las su sangs rgyas bstan pa srungs/____/dam can rnal 'byor skyong mdzad pa'i/____/mthu stobs can la phyag 'tshal bstod/____/khyod kyi bka' nyan gdong mo bzhi/____/rdzu 'phrul ri rab thal bar rlog__/nad dang mtshon gyi bdag mo ste/____/mthu stobs can la bdag bstod do/____/mi bzad drag gtum rngam pa'i tshogs/____/gza' brgyad lha srin sde brgyad dang /____/rgyu skar nyi shu rtsa brgyad sogs/____/pho nya yang sprul tshogs la bstod/____/ces bstod/__bskang ba ni/__hU~M/__phyi nang gsang ba'i mchod pa dang /____/dmar chen rgyan gyi gtor ma dang /____/zhal zas tshogs kyi mchod pa dang /____/sha sna snying sna'i mchod pa yis/____/gza' chog chen po'i thugs dam bskang /____/skong ba'i dngos grub stsal du gsol/____/'bru bzang lha bshos sha chen spos/____/tshil chen snang gsal rol mo'i tshogs/____/sku glud spyan gzigs mang po dang /____/dam rdzas rgyan gyi gtor ma yis/____/gza' bdud yab yum=_rak+ta dmar gyi ar+g+haM yis/____/ljang sngon drag po'i thugs dam bskang /____/sha chen ri rab brtsegs pa yis/____/bdud po rog ti'i thugs=__bsad khrag rba klong 'khrugs pa yis/____/khyab 'jug chen po'i thugs dam=_spos dang snang gsal rol mo yis/____/drang srong dkar ser thugs=_bam chen bcad 'byor ldan pa yis/____/biSh+Ti pa tra'i thugs dam bskang /____/ti ra zhing chen spungs pa yis/____/ha li ka li'i thugs=_dmar dang bsur chen dud pa yis/____/du ba mjug rings=_spyan gzigs tshogs kyi 'khor lo yis/____/sgra gcan 'dzin gyi thugs dam bskang /____/gdug dang rgyal mtshan rol mo yis/____/gza' chen brgyad kyi thugs=__g.yos dang kha zas sna tshogs kyis/____/rgyu skar nyer brgyad thugs=_sha sna snying sna 'bum phrag gis/____/lha srin sde brgyad thugs dam bskang /____/bskong ngo bskang ngo bza' chen po/____/thugs dam gnyen po skong bar mdzod/____/chos skyong gza' bdud 'khor bcas rnams/____/rig 'dzin rnal 'byor bdag cag gis/____/dga' dang gus pas phyag 'tshal nas/____/mos shing dad pas mchod pa 'bul/____/rnal 'byor nyas chag bskang bar mdzod/____/ces dang bshags pa ni/__hoH_rang bzhin chos kyi dbyingasalas ma g.yos kying /____/thugs rje'i dbang gis 'bar ba'i skur bzhengs pa/____/rgyal ba'i bstan srung khyab 'jug hu la/____/'khor bcas bdag la gsan cing dgongs su gsol/____/bdag cag blun rmongs marig 'khrul pa'i yod/____/las dang nyon mongs bag chags kyis dkrugs bas/____/lha khyod bsnyen cing sgrub par dam bcas kyang /____/sku yi phyag rgya ma gsal don ma rtogs/____/sngags kyi bzlas brjod ma dag lhag chad 'khrug__/yid kyi ting 'dzin bying rgod rtog bas bslad/____/dam rdzas ma tshang rten ma tshang dang /____/rgyu chung phud nyams 'bags rtsog dri mas gos/____/dus kyi mchod gtor 'gyangs shing chugs pa dang /____/bsnyen sgrub g.yal zhing las sbyor log pa sogs/____/rtsa ba yan lag dam tshig nyams pa kun/____/rang gnod 'gyod pa'i sems kyis mthol lo bshags/____/mthol bshags bzod pa dang du bzhes nas kyang /____/nyams chags sgrib pa'i tshogs rnams kun byang ste/____/'gyur med tshangs pa mchog gi dngos grub stsol/____/ces dang /__yi ge brgya pa la lan gsum gyis nongs pa bshags shing phrin las bcol te gtor ma stob par bya'o/____/zhes pa'ang rgyun khyer nyer mkho'i slad dus gsum na 'gran zla dang bral ba'i gter chen chos kyi rgyal po rig 'dzin gter bdag gling pa'i rdo rje'i gsung dngos grab rol mtsho'i gzhung ji lta bar rig 'dzin gyi btsun pa rdo rje gzi brjid rtsal gyis sdebs pa dge legs mchog tu gyur cig__/

Footnotes

Other Information