དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་ཡོ་ག་གསུམ་གྱི་གླུ་དབྱངས།

From Khyentse Lineage - A Tsadra Foundation Project
JKW-KABUM-22-ZA-012-043
Wylie title dus gsum kun mkhyen pad+ma 'byung gnas la gsol ba 'debs pa yo ga gsum gyi glu dbyangs JKW-KABUM-22-ZA-012.pdf
Location mkhyen brtse'i bka' 'bum
Volume 22, sde tshan 12, Text 43, Pages 485-486 (Folios 71a2 to 71b2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People པདྨ་འབྱུང་གནས་ (pad+ma 'byung gnas)
Citation 'jam dbyangs mkhyen brtse'i dbang po. dus gsum kun mkhyen pad+ma 'byung gnas la gsol ba 'debs pa yo ga gsum gyi glu dbyangs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 22: 485-486. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Supplications - gsol 'debs  ·  Vajra Songs - rdo rje'i glu
Colophon

།ཅེས་བདེ་བ་ཆེན་པོ་པདྨཱ་ཀ་ར་ལ་ཐུན་མོང་མ་ཡིན་པར་གསོལ་བ་གདབ་པའི་རིམ་པའོ།།

ces bde ba chen po pad+mA ka ra la thun mong ma yin par gsol ba gdab pa'i rim pa'o

1 Texts in this Section (sde tshan or chos tshan)

[edit]
དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་ཡོ་ག་གསུམ་གྱི་གླུ་དབྱངས་ཞེས་བྱ་བ། ཨ་ཧོཿ ལྷོ་ནུབ་སྲིན་ཡུལ་ཟངས་མདོག་དཔལ་རི་ཡི་གྲོང་ཁྱེར། །སྐུ་གསུམ་རིགས་འདུས་འཆི་མེད་མཚོ་སྐྱེས་ཀྱི་རྡོ་རྗེ། །རིག་འཛིན་ཌཱ་ཀིའི་ཚོམ་བུའི་བསྐོར་བ་དེ་བཞུགས་ཡོད། །དག་པ་རབ་འབྱམས་ངང་ནས་གསོལ་བ་རང་འདེབས་སོ། །སྒྱུ་ལུས་རྩ་ཁམས་རྣམ་དག་འོད་གསལ་གྱི་ཀློང་ནས། །གཡོ་བ་རླུང་ཀུན་དབུ་མར་ཐིམ་པ་ཡི་རིག་གདངས། །ཐིག་ལེ་ཚོམ་བུར་ཤར་བའི་མཚོ་སྐྱེས་ཀྱི་རྡོ་རྗེར། །བདེ་སྟོང་གཉིས་མེད་ངང་ནས་གསོལ་བ་རང་འདེབས་སོ། །སྙིང་དབུས་ཚོགས་བརྒྱད་རྣམ་དག་དཔལ་རི་ཡི་གྲོང་ཁྱེར། །འགྲོ་འོང་རྟོག་པ་བྲལ་བའི་ཡེ་ཤེས་ཀྱི་ཀློང་ནས། །མཐའ་གྲོལ་གཞོན་ནུ་བུམ་སྐུ་མཚོ་སྐྱེས་ཀྱི་རྡོ་རྗེར། །སྤྲོས་བྲལ་གཉུག་མའི་ངང་ནས་གསོལ་བ་རང་འདེབས་སོ། །སྒྲོན་དྲུག་འཇའ་ཟེར་བཞད་པའི་དཀྱིལ་འཁོར་གྱི་དབུས་ནས། །ཚད་ཕེབས་དཔའ་བོ་མཁའ་འགྲོའི་ཚོགས་འཁོར་ལ་རོལ་པའི། །འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་མཚོ་སྐྱེས་ཀྱི་རྡོ་རྗེར། །ཟག་བཅས་རྟོག་བྲལ་ངང་ནས་གསོལ་བ་རང་འདེབས་སོ། །ཕྱི་ནང་གཞན་གསུམ་ཉམས་ལེན་སྦྱར་བ་ཡི་སྒྲ་དབྱངས། །ཡོ་ག་རྣམ་གསུམ་གླུ་དབྱངས་གཏད་མེད་དུ་འབུལ་བས། །ཕུང་ཁམས་སྐྱེ་མཆེད་འདུ་བ་དབུ་མ་རུ་ཐིམ་ནས། །དོན་དམ་ཆོས་ཟད་ཆེན་པོ་མངོན་གྱུར་དུ་ཤོག་ཅིག །ཅེས་བདེ་བ་ཆེན་པོ་པདྨཱ་ཀ་ར་ལ་ཐུན་མོང་མ་ཡིན་པར་གསོལ་བ་གདབ་པའི་རིམ་པའོ།། །། ༈

Footnotes

Other Information