དེ་བཞིན་གཤེགས་པའི་གསུང་གི་གསང་བའི་མཛོད་སོགས་དབུ་ཅན།

From Khyentse Lineage - A Tsadra Foundation Project
Wylie title de bzhin gshegs pa'i gsung gi gsang ba'i mdzod sogs dbu can JKCL-KABUM-12-NA-014.pdf
Location chos kyi blo gros bka' 'bum
Volume 12, Text 14, Pages 51-55 (Folios 1a1 to 3a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. de bzhin gshegs pa'i gsung gi gsang ba'i mdzod sogs dbu can. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 51-55. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog
Colophon

ཅེས་རྡོ་རྗེ་མཁའ་འགྲོའི་ཉེ་རྒྱུའི་སྤྱོད་པའི་དགའ་སྟོན་གསར་དུ་ངོམ་པ་ན་གསུང་རབ་ཆོས་ཀྱི་འཕྲུལ་སྤར་ཆེན་པོའི་སྐུ་གཉེར་བླ་མ་ལས་སྣེ་རྣམས་ཀྱི་ལེགས་སྐྱེས་དགའ་སྟོན་རྒྱ་ཆེན་སྩལ་བའི་སྐྱེས་ལན་དུ་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀུན་དགའ་ཕྲིན་ལས་རྒྱ་མཚོས་བཀྲ་ཤིས་པའི་ལྷ་རྫས། འཆི་མེད་བདུད་རྩི་རཱ་ས་ཡ་ནའི་ཤོག་སྦམ། ཚེ་བཅུད་རིལ་བུ། རིན་ཆེན་སྨན་གྱི་ནོར་བུ་རྡོག་ལྔ། བཅས་མཆོག་ཏུ་སྤྲོ་བའི་སེམས་གྱི་མངོན་པར་བརྟས་ཏེ་ཐ་སྐར་ཟླ་བའི་གྲལ་ཚེས་བཟང་པོར་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་ཁང་ནས་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་ཛ་ག་ཏཾ།།

ces rdo rje mkha' 'gro'i nye rgyu'i spyod pa'i dga' ston gsar du ngom pa na gsung rab chos kyi 'phrul spar chen po'i sku gnyer bla ma las sne rnams kyi legs skyes dga' ston rgya chen stsal ba'i skyes lan du mkhyen brtse'i dbang po'i phrin las kyi byed por smon pa 'jam dbyangs chos kyi blo gros kun dga' phrin las rgya mtshos bkra shis pa'i lha rdzas/__'chi med bdud rtsi rA sa ya na'i shog sbam/__tshe bcud ril bu/__rin chen sman gyi nor bu rdog lnga/__bcas mchog tu spro ba'i sems gyi mngon par brtas te tha skar zla ba'i gral tshes bzang por rdzong gsar bkra shis lha rtse'i gzim khang nas phul ba dge zhing bkra shis par gyur cig__/sarba dza ga taM//

1 Texts in this Section (sde tshan or chos tshan)

[edit]
དེ་བཞིན་གཤེགས་པའི་གསུང་གི་གསང་བའི་མཛོད། །འཛམ་གླིང་ཕན་བདེའི་མཆོད་སྡོང་ཆེན་པོ་ཡི། །ཞབས་འབྲིངས་ལྷག་བསམ་ཟླ་བའི་ངང་ཚུལ་ཅན། །ལྷན་རྒྱས་སྐུ་དཀྱིལ་ནོར་བུ་བསམ་འཕེལ་དྲུང་། །དགའ་དང་སྤྲོ་བའི་སྤུ་ལང་གཡོ། །རྣམ་པར་ཤེས་པའི་ཁྱེའུ་རྣམས། །རྩེད་འཇོའི་རོལ་པ་ངོམ་པའི་ཚེ། །སྙན་ཚིག་རཿཡིག་གཉིས་པ་གཡོ། ༡ །སྐུ་དཀྱིལ་བསོད་ནམ་བྱེ་བའི་ཕུང་པོ་ལ། །མཆོག་གསུམ་ཐུགས་རྗེའི་བདུད་རྩིའི་རབ་བགོས་པས། །འཆི་མེད་རྟག་གསལ་གྲུབ་པའི་ལང་ཚོ་བཞིན། ༢ །མཆོག་ཏུ་དར་འབབ་རྣམ་གསལ་ལྷ་ཡི་སྐུ། །ཉེ་བར་འཚོགས་པའི་གསུང་གི་སྦྲང་རྩི་དང་། །ལྷན་ཅིག་ཚངས་སྲས་ནོར་བུའི་ཏམྦུ་ར། །རྣ་བའི་བཅུད་དང་ཡིད་ཀྱི་བདུད་རྩིར་སིམ། །བློ་ལྡན་འདྲེན་བྱེད་བུང་བ་རྣམ་པར་གཡོ། ༣ །གསུང་རབ་ཆོས་ཀྱི་དགའ་ཚལ་ཆེན་པོ་དེར། །སྨུགས་འཛིན་དབང་པོ་ཉེ་བར་བསྟེན་པ་ལས། །འཛད་མེད་ནོར་གྱི་གཏེར་སྒོ་འབྱེད་པ་ཡི། །སྐྱེས་ཀྱི་སྐལ་བ་ཤིན་ཏུ་སྦོམ་པ་སྩལ། ༤ །དེ་ཚེ་བཀྲ་ཤིས་ལེགས་བརྒྱའི་འདུན་ས་ཆེར། །ལེགས་བྲིས་བདག་པོ་ས་འདིར་འཕོས་པ་བཞིན། །ཕུན་ཚོགས་དགའ་བདེ་བརྒྱ་ཕྲག་དཔལ་གྱི་ཕྱུག །ཀྱེ་མ་འདིར་ནི་རྫོགས་ལྡན་གསར་དུ་ངོམ། ༥ །དེ་ལྟའི་དྲིན་གྱི་གཏེར་འབྱུང་བའི། །བྱེད་པོ་རྣམས་ལའང་མཆོག་ཏུ་སྤྲོ། །གང་ཞིག་ངལ་བ་ལྷུར་བླངས་པའི། །ལེགས་བྱས་ཀྱིས་ནི་རྒྱལ་རྣམས་མཆོད། ༦ །བསོད་ནམ་དེས་ཡང་འབྲས་མེད་པར། །ནམ་མཁའི་ཁྱོན་འདི་དོགས་པོར་བཀང་། །བསྟན་དང་འགྲོ་ལ་བདེ་སྐྱིད་ཀྱི། །གཞི་རྟེན་དམ་བར་ཡོངས་སུ་བསྡོས། ༧ །དེ་ཡི་ཕན་བདེའི་ལྗོན་ཤིང་གི །རྩ་ལག་རབ་ཏུ་བརྟན་པ་དང་། །ཕྲིན་ལས་བཟང་པོའི་ཡལ་འདབས་རྒྱས། །སྐུ་གསུམ་འབྲས་བུར་སྤྱོད་པ་ངེས། ༨ །འདིར་གནས་དགེ་སྦྱོང་རྒན་བུའང་། །ལྔ་པའི་ལམ་ཆས་སྟ་གོན་གྱི། །ཉེར་བདོག་སྔོན་བསུས་བྱུང་བ་ན། །བླ་མ་ལྷ་ཡི་བརྡའ་ཞིག་སྟོན། ༩ །རང་ཉིད་ཟབ་མོའི་ལམ་ལ་བརྩོན་པ་བུལ། །ལྷན་སྐྱེས་ཡེ་ཤེས་དགའ་བས་རྒྱར་བསྲིངས་ཤིང་། །དྲི་བཞོན་གྱིས་བསྐུལ་ཙནྡ་ལི་མ་དང་། །འདུ་འཕྲོའི་ལམ་ལ་ཧ་ཅང་འདྲིས་པ་ཕྲ། ༡༠། དེ་ལྟ་ནའང་ཤེས་རབ་སྟོང་ཆེན་ནི། །འཁོར་འདས་ཀུན་གྱི་སྲོག་ཏུ་ཞུགས་པ་དང་། །ཁྱབ་བྱེད་དབྱིངས་ཕྱུག་ཡུམ་ལྔའི་མཁའ་ཀློངས་ཆེར། །སྲིད་དང་ཞི་བ་ཐམས་ཅད་དེར་གནས་ཤིང་། ༡༡། དེ་ཡི་རོལ་པ་སྒྱུ་འཕྲུལ་དྲྭ་བ་ཆེ། །སྐུ་གསུམ་ཞིང་ཁམས་རབ་འབྱམས་ཀུན་ཁྱབ་པ། །དཔལ་ལྡན་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ཤར། །ཕྱི་རོལ་དངོས་པོ་ཇི་སྙེད་ནང་དུ་སྡོམ། ༡༢། རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ཆེན་པོར་རྫོགས། །དེ་ལ་རླུང་གི་འདུ་འཕྲོའི་བྱེད་རྐྱེན་ལས། །དག་དང་མ་དག་སྦྱོར་བ་སྣ་ཚོགས་ཀྱིས། །རྐྱེན་གྱིས་རྣལ་འབྱོར་ངེད་ཀྱང་ཁམས་འདུས་སོ། ༡༣། དེ་ཉིད་དབྱིངས་སུ་སངས་པར་བྱེད་པ་ཡི། །ཐབས་ཚུལ་མཀྵི་ཏ་ཡི་སྦྱོར་བ་ལྟར། །རྣམ་མང་ཆེས་ཟབ་ངོ་མཚར་ཅན་མང་ཡང་། །རྣམ་བཅས་ལྷ་མོའི་བགྲོད་པ་ཉེ་བར་གྱུར། ༡༤། རྡོ་རྗེ་འཆང་གི་བསྔགས་པའི་ཉེ་རྒྱུའི་ལམ། །འོག་མ་རྣམས་ཀྱི་སྤྱོད་ཡུལ་མ་གྱུར་ཀྱང་། །བློ་ཆེན་ཐེག་པ་ཆེན་པོའི་བསམ་སྤྱོད་འདི། །སྐལ་བཟང་དཔའ་ཆེན་ཆོས་འཕགས་རྟག་དུ་བཞིན། ༡༥། བློ་གཏན་རྣམས་ལ་ཉེས་པའི་དུག་ཆེན་པོ། །འཚོ་བའི་སྲོག་ཏུ་འགྱུར་བ་ཙམ་མ་ཟད། །བསྐལ་ཆེན་མང་པོའི་ཚོགས་ཀྱང་མིག་འཕྲུལ་ལྟར། །སྐད་ཅིག་ཉིད་ལ་འདུམས་པར་བྱེད་པའང་ཡིན། ༡༦། དེ་ལྟར་མཐའ་གཅིག་བཀག་པར་བྱ་བའང་མིན། །ཅིག་ཏུ་སྒྲུབ་པར་བྱེད་པ་མ་ཡིན་ཤིང་། །ཐུན་མོང་ཐེག་པ་སྤྱི་ཡི་ལམ་སྲོལ་ཆེ། །དགྲ་བཅོམ་སོ་སོར་ཐར་གྱི་ལམ་དང་འགལ། ༡༧། འོན་ཀྱང་ཆོལ་ཟང་གཅིག་གི་རྣམ་འགྱུར་ནི། །དམན་འབྲིང་མཆོག་འགྱུར་འདུ་ཤེས་གཙོ་ཆེ་བས། །བདག་ཀྱང་ཉོན་མོངས་ལམ་བྱེད་ནུས་ཕྲ་ཡང་། །དགེ་བར་བསྒྱུར་བའི་སེམས་མཆོག་ཡི་དམ་བཟུང་། ༡༨། དེ་ཡི་མཐུ་ལས་སྣོད་བཅུད་རྒུད་ཞི་ཤིང་། །བསྟན་དང་བསྟན་འཛིན་དབུ་འཕང་དགུང་དུ་མཐོ། །བསྟན་ལ་གནོད་རྣམས་མིང་ཙམ་སྟོང་གྱུར་ནས། །གསུང་རབ་ཆོས་ཀྱི་དགའ་ཚལ་རྒྱས་གྱུར་ཅིག༡༩། བདག་ཀྱང་ཌཱ་ཀིའི་རྩ་ཁམས་བྱིན་རླབས་ཏེ། །རྩ་རླུང་ཐིག་ལེ་རགས་པའི་ཆོས་ཀུན་ཟད། །དྭངས་མ་དྷཱུ་ཏིའི་དབྱིངས་སུ་སྡོམ་པ་ལས། །ཟུང་འཇུག་དགྱེས་མཛད་རྡོ་རྗེ་མངོན་གྱུར་ཤོག༢༠། བླ་སློབ་བྱང་ཆེན་བར་དུ་ལྷན་ཅིག་འཚོགས། །ལམ་ལྔ་ས་བཅུའི་བགྲོད་པ་མཐར་ཕྱིན་ཏེ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་ཡི། །གོ་འཕང་མཆོག་དེ་མྱུར་དུ་ཐོབ་གྱུར་ཅིག༢༡། ཅེས་རྡོ་རྗེ་མཁའ་འགྲོའི་ཉེ་རྒྱུའི་སྤྱོད་པའི་དགའ་སྟོན་གསར་དུ་ངོམ་པ་ན་གསུང་རབ་ཆོས་ཀྱི་འཕྲུལ་སྤར་ཆེན་པོའི་སྐུ་གཉེར་བླ་མ་ལས་སྣེ་རྣམས་ཀྱི་ལེགས་སྐྱེས་དགའ་སྟོན་རྒྱ་ཆེན་སྩལ་བའི་སྐྱེས་ལན་དུ་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀུན་དགའ་ཕྲིན་ལས་རྒྱ་མཚོས་བཀྲ་ཤིས་པའི་ལྷ་རྫས། འཆི་མེད་བདུད་རྩི་རཱ་ས་ཡ་ནའི་ཤོག་སྦམ། ཚེ་བཅུད་རིལ་བུ། རིན་ཆེན་སྨན་གྱི་ནོར་བུ་རྡོག་ལྔ། བཅས་མཆོག་ཏུ་སྤྲོ་བའི་སེམས་གྱི་མངོན་པར་བརྟས་ཏེ་ཐ་སྐར་ཟླ་བའི་གྲལ་ཚེས་བཟང་པོར་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་ཁང་ནས་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་ཛ་ག་ཏཾ།། །།
[edit]

de bzhin gshegs pa'i gsung gi gsang ba'i mdzod/__/'dzam gling phan bde'i mchod sdong chen po yi/__/zhabs 'brings lhag bsam zla ba'i ngang tshul can/__/lhan rgyas sku dkyil nor bu bsam 'phel drung /__/dga' dang spro ba'i spu lang g.yo/__/rnam par shes pa'i khye'u rnams/__/rtsed 'jo'i rol pa ngom pa'i tshe/__/snyan tshig raHyig gnyis pa g.yo/__1_/sku dkyil bsod nam bye ba'i phung po la/__/mchog gsum thugs rje'i bdud rtsi'i rab bgos pas/__/'chi med rtag gsal grub pa'i lang tsho bzhin/__2_/mchog tu dar 'bab rnam gsal lha yi sku/__/nye bar 'tshogs pa'i gsung gi sbrang rtsi dang /__/lhan cig tshangs sras nor bu'i tam+bu ra/__/rna ba'i bcud dang yid kyi bdud rtsir sim/__/blo ldan 'dren byed bung ba rnam par g.yo/__3_/gsung rab chos kyi dga' tshal chen po der/__/smugs 'dzin dbang po nye bar bsten pa las/__/'dzad med nor gyi gter sgo 'byed pa yi/__/skyes kyi skal ba shin tu sbom pa stsal/__4_/de tshe bkra shis legs brgya'i 'dun sa cher/__/legs bris bdag po sa 'dir 'phos pa bzhin/__/phun tshogs dga' bde brgya phrag dpal gyi phyug__/kye ma 'dir ni rdzogs ldan gsar du ngom/__5_/de lta'i drin gyi gter 'byung ba'i/__/byed po rnams la'ang mchog tu spro/__/gang zhig ngal ba lhur blangs pa'i/__/legs byas kyis ni rgyal rnams mchod/__6_/bsod nam des yang 'bras med par/__/nam mkha'i khyon 'di dogs por bkang /__/bstan dang 'gro la bde skyid kyi/__/gzhi rten dam bar yongs su bsdos/__7_/de yi phan bde'i ljon shing gi__/rtsa lag rab tu brtan pa dang /__/phrin las bzang po'i yal 'dabs rgyas/__/sku gsum 'bras bur spyod pa nges/__8_/'dir gnas dge sbyong rgan bu'ang /__/lnga pa'i lam chas sta gon gyi/__/nyer bdog sngon bsus byung ba na/__/bla ma lha yi brda' zhig ston/__9_/rang nyid zab mo'i lam la brtson pa bul/__/lhan skyes ye shes dga' bas rgyar bsrings shing /__/dri bzhon gyis bskul tsan+da li ma dang /__/'du 'phro'i lam la ha cang 'dris pa phra/__10/__de lta na'ang shes rab stong chen ni/__/'khor 'das kun gyi srog tu zhugs pa dang /__/khyab byed dbyings phyug yum lnga'i mkha' klongs cher/__/srid dang zhi ba thams cad der gnas shing /__11/__de yi rol pa sgyu 'phrul drwa ba che/__/sku gsum zhing khams rab 'byams kun khyab pa/__/dpal ldan mkha' 'gro rgya mtsho'i dkyil 'khor shar/__/phyi rol dngos po ji snyed nang du sdom/__12/__rdo rje'i lus kyi dkyil 'khor chen por rdzogs/__/de la rlung gi 'du 'phro'i byed rkyen las/__/dag dang ma dag sbyor ba sna tshogs kyis/__/rkyen gyis rnal 'byor nged kyang khams 'dus so/__13/__de nyid dbyings su sangs par byed pa yi/__/thabs tshul mak+Shi ta yi sbyor ba ltar/__/rnam mang ches zab ngo mtshar can mang yang /__/rnam bcas lha mo'i bgrod pa nye bar gyur/__14/__rdo rje 'chang gi bsngags pa'i nye rgyu'i lam/__/'og ma rnams kyi spyod yul ma gyur kyang /__/blo chen theg pa chen po'i bsam spyod 'di/__/skal bzang dpa' chen chos 'phags rtag du bzhin/__15/__blo gtan rnams la nyes pa'i dug chen po/__/'tsho ba'i srog tu 'gyur ba tsam ma zad/__/bskal chen mang po'i tshogs kyang mig 'phrul ltar/__/skad cig nyid la 'dums par byed pa'ang yin/__16/__de ltar mtha' gcig bkag par bya ba'ang min/__/cig tu sgrub par byed pa ma yin shing /__/thun mong theg pa spyi yi lam srol che/__/dgra bcom so sor thar gyi lam dang 'gal/__17/__'on kyang chol zang gcig gi rnam 'gyur ni/__/dman 'bring mchog 'gyur 'du shes gtso che bas/__/bdag kyang nyon mongs lam byed nus phra yang /__/dge bar bsgyur ba'i sems mchog yi dam bzung /__18/__de yi mthu las snod bcud rgud zhi shing /__/bstan dang bstan 'dzin dbu 'phang dgung du mtho/__/bstan la gnod rnams ming tsam stong gyur nas/__/gsung rab chos kyi dga' tshal rgyas gyur cig19/__bdag kyang DA ki'i rtsa khams byin rlabs te/__/rtsa rlung thig le rags pa'i chos kun zad/__/dwangs ma d+hU ti'i dbyings su sdom pa las/__/zung 'jug dgyes mdzad rdo rje mngon gyur shog20/__bla slob byang chen bar du lhan cig 'tshogs/__/lam lnga sa bcu'i bgrod pa mthar phyin te/__/don gnyis lhun grub chos kyi rgyal po yi/__/go 'phang mchog de myur du thob gyur cig21/__ces rdo rje mkha' 'gro'i nye rgyu'i spyod pa'i dga' ston gsar du ngom pa na gsung rab chos kyi 'phrul spar chen po'i sku gnyer bla ma las sne rnams kyi legs skyes dga' ston rgya chen stsal ba'i skyes lan du mkhyen brtse'i dbang po'i phrin las kyi byed por smon pa 'jam dbyangs chos kyi blo gros kun dga' phrin las rgya mtshos bkra shis pa'i lha rdzas/__'chi med bdud rtsi rA sa ya na'i shog sbam/__tshe bcud ril bu/__rin chen sman gyi nor bu rdog lnga/__bcas mchog tu spro ba'i sems gyi mngon par brtas te tha skar zla ba'i gral tshes bzang por rdzong gsar bkra shis lha rtse'i gzim khang nas phul ba dge zhing bkra shis par gyur cig__/sarba dza ga taM//___//

Footnotes

Other Information