Property:colophontib
From Khyentse Lineage - A Tsadra Foundation Project
This is a property of type Text.
ད
དཔལ་ལྡན་ས་སྐྱ་པཎྜི་ཏའི་ཞབས་ཀྱི་པདྨོར་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་འཇམ་མགོན་བླ་མ་དགྱེས་པའི་རོལ་མོ། +
ཅེས་དཔལ་ལྡན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པདྨོ་ལ་ཐུན་མོང་གི་རྣམ་པར་ཐར་པ་ལས་བརྩམས་ཏེ་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་འཇམ་མགོན་བླ་མ་དགྱེས་པའི་རོལ་མོ་ཞེས་བྱ་བ་འདིའང་། རིས་མེད་པའི་བསྟན་པ་ཀུན་ལ་དག་པའི་སྣང་བ་གཅིག་ཏུ་དཀར་བའི་ཤཱཀྱའི་དགེ་སློང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། མིང་གཞན་གཙུག་ལག་སྨྲ་བའི་ཉི་མ་ཞེས་ཀྱང་བགྱི་བའི་རྒྱལ་ཁམས་ཀྱི་ད་རི་དྲཱས་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ།། +
།ཅེས་པའང་རང་སློབ་ཡེ་ན་ཤེས་རབ་ཕུན་ཚོགས་ནས་གསུང་བསྐུལ་བཞིན་ཆོས་ཀྱི་བློ་གྲོས་པས་སོ།། +
ཞེས་པའང་ཆུ་འབྲུག་ཟླ་ཚེས་གནས་དེར་ལྗོངས་རྒྱུར་གནས་ཚེ། ཚེ་རིང་ཕུན་ཚོགས་དང་། མཛོད་ཚེ་དཔལ་ཟུང་གིས་བསྐུལ་པ་ན། ཌཱ་ཀིའི་གྲོགས་ཀྱི་བརྡའ་ཡིས་བསྐུལ་ཏེ་པདྨ་ཡེ་ཤེས་རྡོ་རྗེས་གང་ཤར་ཉིད་དུ་བྲིས་པ་འདིས་ཀྱང་བསྟན་འགྲོར་ཕན་པ་རྒྱ་ཆེན་པོར་འབྱུང་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། +
།ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྣྲོན་ཟླའི་༥ཚེས་༡༠ལ་བཀའ་བརྒྱད་སྒྲུབ་མཆོད་དུས་འཚོགས་མང་གིས་སྐྱབས་རྗེ་སི་ཏུ་པཎྜི་ཏས་མཛད་པའི་ལྷ་མོའི་བསྟོད་པ་གསུངས་སྐབས་ཤིན་ཏུ་སྙན་ཆེ་ཞིང་དད་པའི་ཤུགས་ཀྱང་འབར་བས་རང་གིས་ཀྱང་ལྷ་མོ་ལ་བསྟོད་པ་བྲི་འདོད་བྱུང་བ་ཤོག་བུ་མེད་པས་བཤོལ་བ་ཕྱིར་ནང་ཚེས་༡༡ཀྱི་སྔ་ཆར་དཔལ་ཀཿཐོག་གི་གཙུག་ལག་ཁང་ཆེན་པོར་བྲིས་པའི་ཚེ་བསེ་བྱ་བསོད་ནམས་རིན་ཆེན་ནས། །བཀྲ་ཤིས་འོ་མའི་བསྙེན་བསྐུར་སྟོབས་སོགས་རྟེན་འབྲེལ་མཆོག་ཏུ་དགེ་བ་དང་བཅས་བྲིས་པ་དཔལ་ལྷ་མོས་རྟག་ཏུ་རྗེས་སུ་བསྐྱང་བའི་རྒྱུར་གྱུར་ཅིག །མངྒ་ལཾ། ཤུ་བྷམ།། +
།ཅེས་པའང་ལུང་དང་རྟོགས་པའི་དབང་ཕྱུག་ཀཿཐོག་མཁན་མགོ་ཚ་ཨོ་རྒྱན་བསྟན་འཕེལ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བྲི་གཞིའི་ཤོག་བུ་བཅས་གནང་ནས་གསུང་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཀཿཐོག་རྡོ་རྗེ་གདན་གྱི་རྒྱུད་སྡེའི་ཡང་རྩེར་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཤུ་བྷཾ།། +
།ཅེས་པའང་ལམ་ཟབ་ཕྱི་ནང་ལས་ལྷག་པའི་ཉམས་ལེན་མི་དགོས་ཀྱང་། གོང་མ་ཀུན་བློ། འཇམ་མགོན་མཁྱེན་བརྩེ། ངག་དབང་ལེགས་གྲུབ་སོགས་ཀྱིས་རྗེ་བཙུན་རིན་པོ་ཆེ་དང་། ཚར་ཆེན་སོགས་ལ་བླ་མའི་རྣམ་ཐར་མཛད་པ་ལ་དཔག་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ལྕགས་སྦྲུལ་ཟླ་གཉིས་ཚེས་ཉེར་དྲུག་ལ་རང་གི་མོས་པ་གཙོ་བོར་བྱས་ཏེ་བྲིས་པ་འདིས་ཀྱང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། སརྦ་ཛ་ག་ཏཾ་ཤུ་བྷཾ།། +
།ཅེས་པའང་ཆོས་ཀྱི་བློ་གྲོས་པས་མི་ཕྱེད་གུས་པས་ཐོལ་བྱུང་དུ་གསོལ་བ་བཏབ་པ་སིདྡྷིརསྟུ། ། +
།ཅེས་བའི་ཞབས་བརྟན་འདི་ཡང་འཇམ་མགོན་ས་སྐྱ་པའི་ཐུགས་རྗེ་གདུགས་དཀར་པོའི་གྲིབ་བསིལ་དུ་འཚོ་བ་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་མི་འཛད་པ་རྒྱན་གྱིས་འཁོར་ལོས་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་གྱིས་དད་གུས་ཀྱི་ཆུ་གཏེར་འཕེལ་བཞིན་གསོལ་བ་བཏབ་པ་སིདྡྷི་རསྟུ། མངྒ་ལཾ།། +
།ཅེས་པའང་མེ་གླང་རྒྱལ་ཟླའི་ཚེས་༡༨ལ་གསོལ་བ་བཏབ་པ་པོ་ནི་ཆོས་ཀྱི་བློ་གྲོས་པས་སོ།། +
* '''First colophon:''' །ཅེས་པའང་ཆོས་ཀྱི་བློ་གྲོས་པས་ཕུལ་བའོ།།
* '''Second colophon:''' །ཅེས་པའང་འདྲེན་པ་གང་ལས་ཆོས་ཀྱི་བདུད་རྩི་ནོས་པ་ཆོས་ཀྱི་བློ་གྲོས་པས་སོ།།
+
དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱི་ཞབས་བརྟན་བཀྲ་ཤིས་འཁྱིལ་པ། +
།ཅེས་པའང་གུས་འབངས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རང་ཉིད་ཀྱི་མངོན་པར་དད་ཅིང་དང་བ་དང་། ཉེ་ཆར་མཁྱེན་སྤྲུལ་རིན་པོ་ཆེ་རབ་གསལ་ཟླ་བས་བཀྲ་ཤིས་ལྷ་རྫས་བཅས་གསུང་བསྐུལ་གྱིས་མཚམས་སྦྱར་ཏེ་ཤིང་རྟ་ས་ག་ཟླ་བའི་རྣལ་འབྱོར་དབང་ཕྱུག་གིས་བདག་མེད་སྤྲུལ་པའི་དཀྱིལ་འཁོར་དུ་དབང་ནོད་དེ་ས་དྲུག་པའི་རྟོགས་པ་བརྙེས་པའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་ཚེས་༢༣ལ་གཟིམ་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གསོལ་བ་བཏབ་པ་བཞིན་འགྲུབ་པར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་མངྒ་ལཾ། །ཤུ་བྷཾ།། +
དཔལ་ས་སྐྱ་པ་སྒྲོལ་མ་ཕོ་བྲང་གི་༧སྐྱབས་མགོན་བདག་ཁྲི་རིན་པོ་ཆེ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་དབང་གི་རྒྱལ་པོར་བརྟན་བཞུགས་འགྱུར་མེད་རྡོ་རྗེའི་སྒྲ་དབྱངས། +
།ཅེས་པའང་སྐྱབས་མགོན་བདག་ཁྲི་རིན་པོ་ཆེར་ཞབས་པད་ཡུན་བརྟན་གྱི་གསོལ་འདེབས་སྨོན་ཚིག་དང་འབྲེལ་བ་འདིའང་མདོ་སྨད་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནས་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་ཆུ་འབྲུག་ཟླ་བ་ལྔ་པའི་ཚེས་གསུམ་བཟང་པོར་གུས་པས་གསོལ་བ་བཏབ་བཞིན་འགྲུབ་པར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།། +
།ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་རྟ་སྨལ་པོ་ཟླ་བ་འཇམ་དབྱངས་བླ་མ་མངོན་པར་བྱང་ཆུབ་ཆེན་པོར་གཤེགས་པའི་ཚེས་བཅུ་བཞིའི་སྔ་དྲོའི་ཐུན་དང་པོ་ལ་གསོལ་བ་བཏབ་བཞིན་བྲིས་པས་རྟེན་འབྲེལ་མཆོག་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།། +
།ཅེས་པའང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འཇམ་མགོན་ས་པཎ་གྱི་གསུང་མཚན་བཅས་དང་། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མཛད་པའི་རྣམ་བཤད་གནད་ཀྱི་གསལ་བྱེད། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་རྒྱ་ཆེར་བཤད་པ་སྙིང་པོའི་དེ་ཁོ་ན་ཉིད་གསལ་བ་རྣམས་དང་། ལོ་ཙཱ་བ་མ་ཎི་ག་ཤྲིའི་ཟིན་བྲིས་སོགས་ལ་བརྟེན་ནས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་སཏྟཱ་ནཱཾ་པྲཛྙཱ་ལ་ཀྵྨཱིཾ་སྥུ་ཊཾ་བྷཱུ་ཡཱ་ཏྲ།། +
།ཅེས་པའང་དད་དམ་གྱི་སྤོབས་པ་གཅིག་ཏུ་བརྟན་པའི་ཉེ་གནས་ཨཽ་ཌི་ཡཱ་ནར་གདམས་པའོ། +
།ཅེས་ཁྲོ་བོ་དམ་པ་རྒྱན་ལ་དབུས་གྲུ་སྨོན་ལམ་སེངྒེའི་མཆན་ཏྲིག་ལ་གཞི་བྱས་བསྡུས་དོན་རང་བློས་གང་དཔོག་བཀོད་དེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསལ་བར་བྱས་པའི་ལྷན་ཅིག་བྱེད་རྐྱེན་མགོ་ཚ་མཁན་གཞན་ཕན་བཟང་པོས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། །། མངྒ་ལཾ།། +
* '''Author colophon:''' མི་ཡི་ནོར་བུ་བདེ་སྐྱོང་གི་སྣོད་སོགས་དངོས་རྫས་ད་མ་དང་བཅས་ནས་བཀའ་བརྒྱད་བདེ་གཤེགས་འདས་པའི་སྤྱི་དོན་ཞིག་འབྲི་དགོས་པར་ནན་གྱིས་བསྐལ་བ་སོགས་དོན་གཉེར་ཅན་ད་མས་བསྐལ་བའི་རྐྱེན་བྱས་ནས། རྣམ་རྒྱལ་ཞེས་པ་ཆུ་སྦྲུལ་གྱི་ལོར་ཡང་དབེན་པདྨ་བདེ་ལྡན་ད་བདེ་གཤེགས་འདས་པའི་བསྙེན་སྒྲུབ་ལ་ཟླ་བ་དྲུག་གི་བར་ད་ངག་བཅད་ཀྱི་ཚུལ་ད་གཅད་རྒྱ་དམ་པོར་བྱས་ནས་གསོལ་བ་བཏབ་ཅིང་སླར་ཚོགས་ཀྱི་མཆོད་པ་སོགས་ཕུལ་ཏེ། ལོ་དེ་ཡི་གྲོ་བཞིན་ཟླ་བའི་ཚེས་བཅོ་བརྒྱད་ལ་གློ་བུར་འབྲི་འདོད་ཞིག་བྱུང་བ་བཞིན། པད་འབྱུང་བི་མ་བཻ་རོ་ནམ་སྙིང་སྟེ་མཁས་པ་མི་བཞིས་བརྩམས་པའི་བདེ་གཤེགས་འདས་པའི་བཤད་ཐབས་ཀྱི་གཞུང་རྣམས་ལ་གཞི་བྱས། བཀའ་བརྒྱད་རྫོང་འཕྲང་དང་བླ་མའི་མན་ངག་སོགས་ཀྱིས་ཟུར་བརྒྱན་ཏེ་ཉིན་བཞིན་བརྒྱུད་མར་བྲིས་པས་སྲོག་གི་སྐོར་འབྲི་ཚེ་ནང་ཉམས་ཤིན་ཏུ་འཚུབ་པ་བྱུང་ཡང་ཚོགས་མཆོད་སོགས་ཕུལ་ནས་ནན་ཏན་གྱིས་བྲིས་ཏེ་ཟླ་བ་དེ་ཡི་ཚེས་ཉེར་གཅིག་པའི་སྔ་དྲོར་ལེགས་པར་གྲུབ་པར་བགྱིད་པ་པོ་ནི་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའམ་ཆེ་མཆོག་དགྱེས་པ་རྩལ་ད་འབོད་པ་སྟེ་འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་གསང་སྔགས་རྡོ་རྗེའི་ཐེག་པ་ཁྱད་པར་བདེ་གཤེགས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ལམ་སྲོལ་འདི་ཉིད་ཕྱོགས་དས་ཐམས་ཅད་ད་དར་ཞིང་རྒྱས་ལ་མི་ནུབ་པར་གནས་ཤིང་དེ་ཡི་མཐ་ལས་སེམས་ཅན་ཐམས་ཅད་ཀྱི་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་འགྲུབ་པར་གྱུར་ཅིགདཔལ་ལྡན་མཁའ་འགྲོའི་ཚོགས་བཅས་ཧེ་རུ་ཀཿ །བཀའ་སྡོད་མི་བཟད་འབར་བའི་སྤྲིན་འཕྲོ་བས། །ཚུལ་འདིར་གུས་ཤིང་འཛིན་པར་བགྱིད་རྣམས་ལ། །དངོས་གྲུབ་འདོད་དགུའི་གྲུ་ཆར་འབེབ་པར་མཛོད། །གྲུབ་པའི་རིག་འཛིན་ཚོམ་བུར་བཅས་པ་དང༌། །སྲས་བཅས་རྒྱལ་བའི་དགྱེས་ཞལ་མངོན་བསྟན་ནས། །གླ་དབྱངས་དང་བཅས་མཛེས་པའི་མེ་ཏོག་གི །ཆར་གྱིས་དེང་འདིར་དགེ་མཚན་བཀྲ་ཤིས་སྩོལ། །ལམ་མཆོག་འདི་ཉིད་ཕྱོགས་དང་དས་ཀུན་ད། །ཆེས་ཆེར་འཕེལ་ཞིང་མི་ཉམས་གནས་པའི་མཐས། །ས་དང་བར་སྣང་ནམ་མཁའི་ཁྱོན་ཀུན་ཀྱང༌། །སྔགས་ཀྱི་སྙན་གྲགས་ཆེན་པོས་ཁྱབ་གྱུར་ཅིག།ཅེས་ཀྱང་སྨྲས་སོ། །མངྒ་ལཾ།
* '''Benediction (smon tshig) colophon:''' ཅེས་པའི་སྤར་བྱང་ཉུང་ད་འདི་ཡང་ཕྱི་མོའི་ཞུ་དག་དང་ཆབས་ཅིག་མཁན་མིང་རཏྣ་ཀིརྟིས་སྨྲས་པ་སརྦ་མངྒ་ལཾ།།
+
།ཅེས་དབང་ཆེན་པདྨ་ཧེ་རུ་ཀའི་རྟ་སྐད་ཀྱི་དགོངས་པ་ཅུང་ཟད་བྲིས་པ་འདིའང་རིག་འཛིན་མཁས་གྲུབ་ཆེན་པོ་རྣམས་ཀྱི་གསུང་གི་རྗེས་སུ་འབྲང་ནས་པདྨའི་སྔགས་རིག་འཛིན་པ་༧པདྨ་ཡེ་ཤེས་རྡོ་རྗེ་ལ་རང་སློབ་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེའི་ལྷ་རྫས་བཟང་གོས་ཀྱི་རྟེན་དང་བྲི་གཞི་ཤོག་བུ་བཅས་ནན་ཏན་ཆེན་པོའི་གསུང་གི་བསྐུལ་བ་མི་ལྡོག་ཙམ་དུ་བྲིས་པ་འདིས་ཀྱང་སྒྲུབ་སྡེ་ཆེན་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། +
དཔལ་སྟག་ལུང་པ་ནས་བརྒྱུད་པའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ལོངས་སྐུ་དང་སྤྲུལ་སྐུའི་ཚེ་དབང་གི་ཆོ་ག་འཆི་མེད་གྲུབ་པའི་ཟིལ་དངར། +
།ཅེས་པའང་དཔལ་སྟག་ལུང་པ་མཁས་བཙུན་གྲུབ་པའི་ཁྱུ་མཆོག་ངག་དབང་བཀྲ་ཤིས་དཔལ་གྲུབ་པའི་གསུང་རབ་དང་། བླ་མའི་ཕྱག་བཞེས་ལྟར་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། +
དཔལ་སྤུངས་སྐྱབས་མགོན་རིན་པོ་ཆེ་ཆོས་དབྱིངས་ཞི་བ་ཆེན་པོའི་དབྱིངས་སུ་སྙོམས་པར་ཞུགས་སྐབས་ཐུགས་དམ་རྒྱུད་བསྐུལ་གྱི་གསོལ་འདེབས་གདུང་དབྱངས་བླ་མའི་རྣལ་འབྱོར་དང་འབྲེལ་བ་མོས་གུས་ཀྱི་གཟེར་འདེབས། +
* '''First colophon page 318:''' །ཅེས་བླ་མའི་རྣལ་འབྱོར་བརྗོད་གཞིར་བྱས་པའི་ཐུགས་དམ་རྒྱུད་བསྐུལ་གྱི་གསོལ་འདེབས་འདི་བྱམས་མགོན་པདྨའི་ལྗགས་ལྡན་གསུམ་པ་ཆོས་དབྱིངས་སྟོང་ཆེན་དགའ་མར་སྙོམས་པར་ཞུགས་སྐབས། རྗེ་དབོན་བསམ་གཏན་མཆོག་གི་སྤྲུལ་སྐུ་དང་། སངས་རྒྱས་མཉན་པའི་མཆོག་སྤྲུལ་རིན་པོ་ཆེ། རྣལ་འབྱོར་གྱི་དབང་ཕྱུག་དྲུང་རམ་རྒྱལ་སྤྲུལ་རིན་པོ་ཆེ། ཕྱག་མཛོད་བླ་མ་ལྕོ་ག་སོགས་ཉེ་བར་གནས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་ལྷ་རྫས་དང་བཅས་གསུང་བསྐུལ་ངོར་རྗེ་བླ་མ་ཉིད་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེས། ཁྲུམས་ཟླ་བའི་ཚེས་༢༧དགེ་བར་གསོལ་བཏབ་སྨྲས་རིམ་བཞིན་དུ། ཡི་གེའི་བྱེད་པོ་དཔེ་ཝར་སྤྲུལ་སྐུ་འཇམ་དབྱངས་བསོད་ནམས་དབང་པོས་སྒོ་གསུམ་རབ་དྭངས་གུས་པ་ཆེན་པོས་བགྱིས་པ་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་རྗེ་བཙུན་བླ་མའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ། །མངྒ་ལཾ།།
* '''Second colophon page 322:''' །ཅེས་པའང་རྗེ་བླ་མ་རིན་པོ་ཆེའི་ཞལ་སློབ་འབྲོང་པ་སྤྲུལ་སྐུ་བློ་གྲོས་ནས་རྟེན་བཅས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །དགེ་ལེགས་འཕེལ།།
* '''Third colophon page 325:''' །ཞེས་པའང་སྐྱབས་མགོན་རྡོ་རྗེ་འཆང་ཞི་བར་གཤེགས་སྐབས་བླ་མའི་རྣལ་འབྱོར་ཞིག་བྲིས་པ་ལ། སླད་ནས་རྗེ་ཉིད་ལ་མི་ཕྱེད་པའི་དད་དམ་མངའ་བ་འབྲོང་སྲས་མཆོག་གི་སྤྲུལ་པའི་སྐུ་བློ་གྲོས་ནས་དར། ཏཱ་ལན་སྒོར་མོ་དཀར་པོའི་ཚེས་ཀྱི་གྲངས་ལྡན་བཅས་གསུང་བསྐུལ་ངོར། བྱམས་མགོན་བླ་མའི་བཀའ་འབངས་ཀྱི་ཐ་ཆུང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཉུང་ངུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །
+