JKCL-KABUM-11-DA-048

From Khyentse Lineage - A Tsadra Foundation Project

དཔལ་ལྷ་མོ་ནག་མོར་བསྟོད་པ་མེ་ཏོག་གཡོ་བའི་འཁྲི་ཤིང་།
Wylie title dpal lha mo nag mor bstod pa me tog g.yo ba'i 'khri shing JKCL-KABUM-11-DA-048.pdf
Location chos kyi blo gros bka' 'bum
Volume 11, Text 48, Pages 269-270 (Folios 1a1 to 1b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal lha mo nag mor bstod pa me tog g.yo ba'i 'khri shing. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 269-270. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod  ·  Verses of Praise - bstod pa
Deity dpal lha mo nag mo
Colophon

།ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྣྲོན་ཟླའི་༥ཚེས་༡༠ལ་བཀའ་བརྒྱད་སྒྲུབ་མཆོད་དུས་འཚོགས་མང་གིས་སྐྱབས་རྗེ་སི་ཏུ་པཎྜི་ཏས་མཛད་པའི་ལྷ་མོའི་བསྟོད་པ་གསུངས་སྐབས་ཤིན་ཏུ་སྙན་ཆེ་ཞིང་དད་པའི་ཤུགས་ཀྱང་འབར་བས་རང་གིས་ཀྱང་ལྷ་མོ་ལ་བསྟོད་པ་བྲི་འདོད་བྱུང་བ་ཤོག་བུ་མེད་པས་བཤོལ་བ་ཕྱིར་ནང་ཚེས་༡༡ཀྱི་སྔ་ཆར་དཔལ་ཀཿཐོག་གི་གཙུག་ལག་ཁང་ཆེན་པོར་བྲིས་པའི་ཚེ་བསེ་བྱ་བསོད་ནམས་རིན་ཆེན་ནས། །བཀྲ་ཤིས་འོ་མའི་བསྙེན་བསྐུར་སྟོབས་སོགས་རྟེན་འབྲེལ་མཆོག་ཏུ་དགེ་བ་དང་བཅས་བྲིས་པ་དཔལ་ལྷ་མོས་རྟག་ཏུ་རྗེས་སུ་བསྐྱང་བའི་རྒྱུར་གྱུར་ཅིག །མངྒ་ལཾ། ཤུ་བྷམ།།

/ces pa'ang 'jam dbyangs blo gros rgya mtshos snron zla'i 5tshes 10la bka' brgyad sgrub mchod dus 'tshogs mang gis skyabs rje si tu paN+Di tas mdzad pa'i lha mo'i bstod pa gsungs skabs shin tu snyan che zhing dad pa'i shugs kyang 'bar bas rang gis kyang lha mo la bstod pa bri 'dod byung ba shog bu med pas bshol ba phyir nang tshes 11kyi snga char dpal kaHthog gi gtsug lag khang chen por bris pa'i tshe bse bya bsod nams rin chen nas/__/bkra shis 'o ma'i bsnyen bskur stobs sogs rten 'brel mchog tu dge ba dang bcas bris pa dpal lha mos rtag tu rjes su bskyang ba'i rgyur gyur cig__/mang+ga laM/__shu b+ham//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
དཔལ་ལྷ་མོ་ནག་མོར་བསྟོད་པ་མེ་ཏོག་གཡོ་བའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །དཔལ་གསང་བ་འཛིན་པ་ལ་ཕྱག་འཚལ་ལོ། །ཀ་ལི་འཇིགས་རུང་ཐོད་པའི་གུར་ཁང་དང་། །ཁ་དོག་རབ་དམར་ཁྲག་མཚོ་འཁྱིལ་པའི་ཀློངས། །ག་ཅན་མགྲིན་བཟང་སྟེང་ན་བཙན་སྐྱིལ་བཞུགས། །ང་རོ་སྒྲོགས་མཛད་ཀཱ་ལི་དེ་ཝཱི་གཤེགས། །ཅ་ཅོར་སྤངས་ནས་གདུང་བའི་ཤུགས་ཀྱིས་བོས། །ཆ་ལུགས་སྣ་ཚོགས་ཅིར་ཡང་བསྒྱུར་བ་མོ། །ཇ་ལ་སྲེད་ལྟར་དམ་ཉམས་ཤ་ལ་རོལ། །ཉ་མ་བཞིན་དུ་གནས་ཡུལ་ཞིང་ཀུན་ཉུལ། །ཏ་ཐཱ་ག་ཏའི་བསྟན་སྲུང་གཙོ་མོ་ཆེ། །ཐ་ལེར་རྣལ་འབྱོར་བདག་གི་གྲོགས་མོར་བྱོན། །ད་ལྟ་དམ་ཚིག་ལྡན་པས་བཅོལ་པའི་དོན། ན་དང་དུས་མིན་འཆི་སོགས་འཇིགས་ལས་སྒྲོལ། །པ་ལཱ་ཤ་ལྟར་འཇམ་པའི་ཕྱག་གིས་སྐྱོངས། །ཕ་རོལ་བདུད་སྡེའི་གཡུལ་ལས་རྒྱལ་བར་མཛོད། །བ་གླང་སྤྱོད་སོགས་འཇིག་རྟེན་དབང་དུ་བསྡུས། །མ་བུ་བཞིན་དུ་འགྲོ་ཀུན་འདུན་པར་མཛོད། །ཙ་རྩུབ་སྤངས་པའི་སེམས་ཀྱིས་བསྙེན་པ་ན། །ཚ་དར་གདུག་པའི་ཐུགས་འཁྲུགས་དབྱིངས་སུ་ཞི། །ཛ་ཧུའི་རྒྱུན་བཞིན་བྱམས་ཐུགས་བརྩེ་བ་དང་། །ཝ་ཡིག་ཐིག་ལེའི་བརྒྱན་པའི་བདེ་བ་ཆེ། །ཞྭ་ལྟར་མཐོ་བའི་ཛ་ལནྡྷ་ར་ནས། །ཟ་བཞིན་འབར་བའི་གཏུམ་མོ་བསྲེག་ཟའི་ཀློང་། །འ་འོར་མ་ཡིན་མངོན་སུམ་འདུ་འཕྲོད་ཀྱིས། །ཡ་མཚན་ཅན་གྱི་ལྷ་མོ་ནག་མོ་མཆོད། ར་བ་གངས་རི་དང་མཚུངས་རྡོ་རྗེའི་ལུས། །ལ་ལུང་བསྒྲོད་པའི་དཀའ་ཐུབ་ཀུན་དོར་ནས། །ཤ་ཝ་རི་པའི་རྣལ་འབྱོར་ལ་གནས་ཏེ། །ས་ལྟར་བརྟན་པའི་སྒོ་གསུམ་གནད་རྣམས་འཆིང་། །ཧ་རི་གཟུང་འཛིན་རྟོག་པ་ཐམས་ཅད་འཕྲོག །ཨ་ཡིག་ཀུན་ཁྱབ་མཆོག་ཏུ་མི་འགྱུར་བ། །འོད་གསལ་ལྷུན་གྲུབ་ཀློང་དུ་སྲིད་གསུམ་སྒྲོལ། །བདག་རྟགས་དབྱེར་མེད་ཀུན་བཟང་ཡུམ་ཆེན་གྱི། །དགོངས་ཀློང་ཆེན་པོར་མངོན་བྱང་ཆུབ་པར་ཤོག །ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྣྲོན་ཟླའི་༥ཚེས་༡༠ལ་བཀའ་བརྒྱད་སྒྲུབ་མཆོད་དུས་འཚོགས་མང་གིས་སྐྱབས་རྗེ་སི་ཏུ་པཎྜི་ཏས་མཛད་པའི་ལྷ་མོའི་བསྟོད་པ་གསུངས་སྐབས་ཤིན་ཏུ་སྙན་ཆེ་ཞིང་དད་པའི་ཤུགས་ཀྱང་འབར་བས་རང་གིས་ཀྱང་ལྷ་མོ་ལ་བསྟོད་པ་བྲི་འདོད་བྱུང་བ་ཤོག་བུ་མེད་པས་བཤོལ་བ་ཕྱིར་ནང་ཚེས་༡༡ཀྱི་སྔ་ཆར་དཔལ་ཀཿཐོག་གི་གཙུག་ལག་ཁང་ཆེན་པོར་བྲིས་པའི་ཚེ་བསེ་བྱ་བསོད་ནམས་རིན་ཆེན་ནས། །བཀྲ་ཤིས་འོ་མའི་བསྙེན་བསྐུར་སྟོབས་སོགས་རྟེན་འབྲེལ་མཆོག་ཏུ་དགེ་བ་དང་བཅས་བྲིས་པ་དཔལ་ལྷ་མོས་རྟག་ཏུ་རྗེས་སུ་བསྐྱང་བའི་རྒྱུར་གྱུར་ཅིག །མངྒ་ལཾ། ཤུ་བྷམ།། །།
[edit]

dpal lha mo nag mor bstod pa me tog g.yo ba'i 'khri shing zhes bya ba bzhugs so/__/dpal gsang ba 'dzin pa la phyag 'tshal lo/__/ka li 'jigs rung thod pa'i gur khang dang /__/kha dog rab dmar khrag mtsho 'khyil pa'i klongs/__/ga can mgrin bzang steng na btsan skyil bzhugs/__/nga ro sgrogs mdzad kA li de wI gshegs/__/ca cor spangs nas gdung ba'i shugs kyis bos/__/cha lugs sna tshogs cir yang bsgyur ba mo/__/ja la sred ltar dam nyams sha la rol/__/nya ma bzhin du gnas yul zhing kun nyul/__/ta thA ga ta'i bstan srung gtso mo che/__/tha ler rnal 'byor bdag gi grogs mor byon/__/da lta dam tshig ldan pas bcol pa'i don/__na dang dus min 'chi sogs 'jigs las sgrol/__/pa lA sha ltar 'jam pa'i phyag gis skyongs/__/pha rol bdud sde'i g.yul las rgyal bar mdzod/__/ba glang spyod sogs 'jig rten dbang du bsdus/__/ma bu bzhin du 'gro kun 'dun par mdzod/__/tsa rtsub spangs pa'i sems kyis bsnyen pa na/__/tsha dar gdug pa'i thugs 'khrugs dbyings su zhi/__/dza hu'i rgyun bzhin byams thugs brtse ba dang /__/wa yig thig le'i brgyan pa'i bde ba che/__/zhwa ltar mtho ba'i dza lan+d+ha ra nas/__/za bzhin 'bar ba'i gtum mo bsreg za'i klong /__/'a 'or ma yin mngon sum 'du 'phrod kyis/__/ya mtshan can gyi lha mo nag mo mchod/__ra ba gangs ri dang mtshungs rdo rje'i lus/__/la lung bsgrod pa'i dka' thub kun dor nas/__/sha wa ri pa'i rnal 'byor la gnas te/__/sa ltar brtan pa'i sgo gsum gnad rnams 'ching /__/ha ri gzung 'dzin rtog pa thams cad 'phrog__/a yig kun khyab mchog tu mi 'gyur ba/__/'od gsal lhun grub klong du srid gsum sgrol/__/bdag rtags dbyer med kun bzang yum chen gyi/__/dgongs klong chen por mngon byang chub par shog__/ces pa'ang 'jam dbyangs blo gros rgya mtshos snron zla'i 5tshes 10la bka' brgyad sgrub mchod dus 'tshogs mang gis skyabs rje si tu paN+Di tas mdzad pa'i lha mo'i bstod pa gsungs skabs shin tu snyan che zhing dad pa'i shugs kyang 'bar bas rang gis kyang lha mo la bstod pa bri 'dod byung ba shog bu med pas bshol ba phyir nang tshes 11kyi snga char dpal kaHthog gi gtsug lag khang chen por bris pa'i tshe bse bya bsod nams rin chen nas/__/bkra shis 'o ma'i bsnyen bskur stobs sogs rten 'brel mchog tu dge ba dang bcas bris pa dpal lha mos rtag tu rjes su bskyang ba'i rgyur gyur cig__/mang+ga laM/__shu b+ham//__//

Footnotes

Other Information