JKCL-KABUM-04-NGA-045

From Khyentse Lineage - A Tsadra Foundation Project

དཔལ་སྤུངས་སྐྱབས་མགོན་རིན་པོ་ཆེ་ཆོས་དབྱིངས་ཞི་བ་ཆེན་པོའི་དབྱིངས་སུ་སྙོམས་པར་ཞུགས་སྐབས་ཐུགས་དམ་རྒྱུད་བསྐུལ་གྱི་གསོལ་འདེབས་གདུང་དབྱངས་བླ་མའི་རྣལ་འབྱོར་དང་འབྲེལ་བ་མོས་གུས་ཀྱི་གཟེར་འདེབས།
Wylie title dpal spungs skyabs mgon rin po che chos dbyings zhi ba chen po'i dbyings su snyoms par zhugs skabs thugs dam rgyud bskul gyi gsol 'debs gdung dbyangs bla ma'i rnal 'byor dang 'brel ba mos gus kyi gzer 'debs JKCL-KABUM-04-NGA-045.pdf
Location chos kyi blo gros bka' 'bum
Volume 4, Text 45, Pages 313-325 (Folios 1a1 to 7a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal spungs skyabs mgon rin po che chos dbyings zhi ba chen po'i dbyings su snyoms par zhugs skabs thugs dam rgyud bskul gyi gsol 'debs gdung dbyangs bla ma'i rnal 'byor dang 'brel ba mos gus kyi gzer 'debs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 313-325. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon
  • First colophon page 318: །ཅེས་བླ་མའི་རྣལ་འབྱོར་བརྗོད་གཞིར་བྱས་པའི་ཐུགས་དམ་རྒྱུད་བསྐུལ་གྱི་གསོལ་འདེབས་འདི་བྱམས་མགོན་པདྨའི་ལྗགས་ལྡན་གསུམ་པ་ཆོས་དབྱིངས་སྟོང་ཆེན་དགའ་མར་སྙོམས་པར་ཞུགས་སྐབས། རྗེ་དབོན་བསམ་གཏན་མཆོག་གི་སྤྲུལ་སྐུ་དང་། སངས་རྒྱས་མཉན་པའི་མཆོག་སྤྲུལ་རིན་པོ་ཆེ། རྣལ་འབྱོར་གྱི་དབང་ཕྱུག་དྲུང་རམ་རྒྱལ་སྤྲུལ་རིན་པོ་ཆེ། ཕྱག་མཛོད་བླ་མ་ལྕོ་ག་སོགས་ཉེ་བར་གནས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་ལྷ་རྫས་དང་བཅས་གསུང་བསྐུལ་ངོར་རྗེ་བླ་མ་ཉིད་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེས། ཁྲུམས་ཟླ་བའི་ཚེས་༢༧དགེ་བར་གསོལ་བཏབ་སྨྲས་རིམ་བཞིན་དུ། ཡི་གེའི་བྱེད་པོ་དཔེ་ཝར་སྤྲུལ་སྐུ་འཇམ་དབྱངས་བསོད་ནམས་དབང་པོས་སྒོ་གསུམ་རབ་དྭངས་གུས་པ་ཆེན་པོས་བགྱིས་པ་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་རྗེ་བཙུན་བླ་མའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ། །མངྒ་ལཾ།།
  • Second colophon page 322: །ཅེས་པའང་རྗེ་བླ་མ་རིན་པོ་ཆེའི་ཞལ་སློབ་འབྲོང་པ་སྤྲུལ་སྐུ་བློ་གྲོས་ནས་རྟེན་བཅས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །དགེ་ལེགས་འཕེལ།།
  • Third colophon page 325: །ཞེས་པའང་སྐྱབས་མགོན་རྡོ་རྗེ་འཆང་ཞི་བར་གཤེགས་སྐབས་བླ་མའི་རྣལ་འབྱོར་ཞིག་བྲིས་པ་ལ། སླད་ནས་རྗེ་ཉིད་ལ་མི་ཕྱེད་པའི་དད་དམ་མངའ་བ་འབྲོང་སྲས་མཆོག་གི་སྤྲུལ་པའི་སྐུ་བློ་གྲོས་ནས་དར། ཏཱ་ལན་སྒོར་མོ་དཀར་པོའི་ཚེས་ཀྱི་གྲངས་ལྡན་བཅས་གསུང་བསྐུལ་ངོར། བྱམས་མགོན་བླ་མའི་བཀའ་འབངས་ཀྱི་ཐ་ཆུང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཉུང་ངུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །
  • First colophon page 318: /ces bla ma'i rnal 'byor brjod gzhir byas pa'i thugs dam rgyud bskul gyi gsol 'debs 'di byams mgon pad+ma'i ljags ldan gsum pa chos dbyings stong chen dga' mar snyoms par zhugs skabs/__rje dbon bsam gtan mchog gi sprul sku dang /__sangs rgyas mnyan pa'i mchog sprul rin po che/__rnal 'byor gyi dbang phyug drung ram rgyal sprul rin po che/__phyag mdzod bla ma lco ga sogs nye bar gnas pa rnams kyis bkra shis kyi lha rdzas dang bcas gsung bskul ngor rje bla ma nyid la rgyu mtshan shes nas dad pa thob pa 'jam dbyangs chos kyi blo gros gtsug lag lung rigs nyi ma smra ba'i seng ges/__khrums zla ba'i tshes 27dge bar gsol btab smras rim bzhin du/__yi ge'i byed po dpe war sprul sku 'jam dbyangs bsod nams dbang pos sgo gsum rab dwangs gus pa chen pos bgyis pa rang gzhan thams cad kyi rgyud la rje btsun bla ma'i byin rlabs 'jug pa'i rgyur gyur cig__/sarba dA ka l+yA NaM b+ha wan+tu/__/mang+ga laM//
  • Second colophon page 322: /ces pa'ang rje bla ma rin po che'i zhal slob 'brong pa sprul sku blo gros nas rten bcas gsung bskul ngor chos kyi blo gros pas bris pa'o/__/dge legs 'phel//
  • Third colophon page 325: /zhes pa'ang skyabs mgon rdo rje 'chang zhi bar gshegs skabs bla ma'i rnal 'byor zhig bris pa la/__slad nas rje nyid la mi phyed pa'i dad dam mnga' ba 'brong sras mchog gi sprul pa'i sku blo gros nas dar/__tA lan sgor mo dkar po'i tshes kyi grangs ldan bcas gsung bskul ngor/__byams mgon bla ma'i bka' 'bangs kyi tha chung 'jam dbyangs chos kyi blo gros pas nyung ngu bris pa dge legs su gyur cig__/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །དཔལ་སྤུངས་སྐྱབས་མགོན་རིན་པོ་ཆེ་ཆོས་དབྱིངས་ཞི་བ་ཆེན་པོའི་དབྱིངས་སུ་སྙོམས་པར་ཞུགས་སྐབས་ཐུགས་དམ་རྒྱུད་བསྐུལ་གྱི་གསོལ་འདེབས་གདུང་དབྱངས་བླ་མའི་རྣལ་འབྱོར་དང་འབྲེལ་བ་མོས་གུས་ཀྱི་གཟེར་འདེབས་ཞེས་བྱ་བ་བཞུགས་སོ། ། རང་སྣང་ཆོས་དབྱིངས་དག་པའི་ཀློང་ཆེན་པོར། །མཆོད་སྤྲིན་རྒྱ་མཚོས་ཀུན་ནས་བཏེགས་པའི་དབུས། །ཡེ་ཤེས་འོད་ལྔ་འབར་བའི་ཐིག་ལེའི་དཀྱིལ། །སེང་ཁྲི་པད་ཉི་ཟླ་བའི་གདན་གྱི་སྟེང་། །རིགས་ཀུན་ཁྱབ་བདག་པདྨ་དབང་མཆོག་རྒྱལ། །པདྨའི་སྙིང་པོ་དཀར་ལ་དམར་བའི་མདངས། །ཁྲོ་འཛུམ་ཕྱག་གཡས་རྡོ་རྗེ་པུས་སྟེང་འཕྱར། །གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས། །དབུ་ལ་ཞྭ་དམར་ཅོད་པཎ་མཐོང་གྲོལ་གསོལ། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས། །རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་ཆེན་པོ་ཡི། །གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན་པར་གྱུར། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །ནམ་མཁའ་རབ་འབྱམས་གང་བར་རྣམ་སྤྲུལ་ཏེ། །ཀུན་བཟང་བདེ་སྟོང་རོལ་པའི་རྒྱན་དུ་གྱུར། །ཀྱེ་མ་ཀྱི་ཧུད་བྱམས་ཆེན་བླ་མ་ཡིས། །བདག་སོགས་གདུལ་བྱའི་སློབ་བུར་བརྩེ་ཆེན་གྱི། །ཡེ་ཤེས་སྤྱན་གྱིས་རྟག་ཏུ་མི་གཟིགས་སམ། །ཐུགས་རྗེའི་ཕྱག་གིས་འདོར་བར་ཕོད་དམ་ཅི། །ད་དུས་རྩོད་ལྡན་སྙིགས་མའི་མཐའ་ལ་ཐུག །སྐྱེ་འགྲོ་ཕལ་ཆེར་ཤེས་རྒྱུད་བདུད་ཀྱིས་བསྒྱུར། །ཆོས་བྱེད་རྣམས་ཀྱང་ཚེ་འདིའི་དབང་དུ་སོང་། །གཟུགས་ཅན་གཟུགས་མེད་གདུག་པའི་ཚ་ངར་ངོམ། །ལས་ངན་མཚོ་ཆེན་ཀུན་རྟོག་རླུང་གིས་དཀྲུག །ཆགས་སྡང་གཏི་མུག་མུན་པ་འཐིབ་པའི་ཚེ། །སྐྱབས་མཆོག་ཁྱེད་ཀྱི་ཐུགས་རྗེས་མ་གཟིགས་ན། །གཞན་དུ་སྐྱོབ་པར་ནུས་པ་སུ་ཞིག་ཡོད། །རྒྱལ་དབང་པདྨས་ལུང་བསྟན་སྐྱེས་བུ་མཆོག །འཇིག་རྟེན་དབང་ཕྱུག་ཀརྨ་པ་ཆེན་པོའི། །བསྟན་པ་འཛིན་པའི་ཁྱུ་མཆོག་ཡིན་ནོ་ཞེས། །ས་གསུམ་ཀུན་ཏུ་སྙན་པ་རབ་གྲགས་མཆོག །ཞི་བདེའི་མལ་དུ་གཟིམ་པ་འོས་སམ་ཅི། །མགོན་ཁྱོད་མི་མངོན་དག་པའི་ཞིང་ཁམས་ཆེར། །རྒྱལ་དང་དེ་སྲས་རྣམས་དང་ལྷན་ཅིག་ཏུ། །རྩེ་དགར་སྤྱོད་པའི་དགའ་བདེས་སྤྲོ་གྱུར་ཀྱང་། །བདག་ཅག་སློབ་འབངས་རྣམས་ནི་བརྩེ་བའི་མས། །བསྐྱུར་བའི་དྭ་ཕྲུག་བཞིན་དུ་ཤུལ་དུ་ལུས། །ཚེ་འདིའི་ལེགས་པའི་ལམ་སྟོན་སུ་ལ་རེ། །ཕྱི་མ་འདྲེན་པའི་དེད་དཔོན་སུ་ཡིས་བྱེད། །དེ་ཕྱིར་བྱམས་ཆེན་བླ་མ་རྡོ་རྗེ་འཆང་། །ཁྱེད་ལ་ཉིན་མཚན་གདུང་བའི་སྙན་འགྱུར་གྱིས། །ཐུན་བཞིའི་རྣལ་འབྱོར་དྲག་པོས་གསོལ་འདེབས་ན། །ཕ་གཅིག་དྲིན་ཆེན་བླ་མ་རིན་པོ་ཆེ། །རྔ་ཡབ་པདྨ་འོད་ནས་ཐུགས་རྗེས་གཟིགས། །མངོན་སུམ་སྤྱི་བོའི་རྒྱན་དུ་བཞུགས་བྱས་ཏེ། །བྱིན་རླབས་ཆར་ཆེན་ཕོབ་ཅིག་བླ་མ་རྗེ། །རྡོ་རྗེ་བཞི་ཡི་དབང་མཆོག་བསྐུར་དུ་གསོལ། །ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །ཚོགས་གཉིས་མྱུར་དུ་རྫོགས་པར་བྱིན་གྱིས་རློབས། །སྲིད་ལས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །བྱང་ཆུབ་སེམས་གཉིས་འབྱོང་པར་བྱིན་གྱིས་རློབས། །ཡང་དག་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །སྣང་བ་ལྷ་རུ་འཆར་བར་བྱིན་གྱིས་རློབས། །སྒྲ་གྲགས་གསུང་དུ་ཐོས་པར་བྱིན་གྱིས་རློབས། །དྲན་རྟོག་ཡེ་ཤེས་ཆེན་པོར་བྱིན་གྱིས་རློབས། །སེམས་ཉིད་གཉུག་མ་དོན་གྱི་ཕྱག་རྒྱ་ཆེ། །རྡུལ་བྲལ་ནམ་མཁའི་དཀྱིལ་ལྟར་གཟོད་ནས་དག །རང་བཞིན་ལྷུན་གྲུབ་འོད་གསལ་ཆེན་པོ་ཡི། །རྟོགས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བ་དང་། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བླ་མའི་གནས་གསུམ་འོད་ཟེར་དཀར་དམར་མཐིང་། །རིམ་དང་ཅིག་ཆར་འཕྲོས་ནས་གནས་བཞིར་ཐིམ། །དབང་ཐོབ་སྒྲིབ་དག་སྐུ་བཞིའི་ས་བོན་ཐེབས། །དོན་དམ་ཆོས་སྐུའི་བླ་མའི་རང་ཞལ་བལྟ། །སྐྱེ་བ་ཀུན་ཏུ་བྱམས་ཆེན་ཆོས་ཀྱི་རྗེ། །ཞབས་སེན་རྡུལ་བྲལ་འོད་མཚན་སྟོང་འབར་བ། །ཚངས་གནས་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད། །ཐེག་མཆོག་གསུང་གི་བདུད་རྩིས་འཚོ་བ་དང་། །མཉེས་པ་གསུམ་གྱིས་ཞབས་ཏོག་སྒྲུབ་ལ་བརྩོན། །སྡོམ་དང་དམ་ཚིག་རྣམ་པར་དག་པ་ཡིས། །ཟབ་མོའི་ལམ་བཟང་སྒྲུབ་ལ་བརྩོན་པ་དང་། །མོས་གུས་བླ་མའི་ལམ་གྱིས་གྲོལ་བར་ཤོག །སྙིགས་མ་ལྔ་ཡི་མེ་ལྕེ་རྣོན་པོའི་དབལ། །རབ་ཏུ་བསིལ་ཞིང་འཕྲལ་ཡུན་ཕན་བདེ་སྦྱིན། །བསྟན་དང་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་དུ། །མཆོག་གི་སྤྲུལ་སྐུ་བསྐལ་བརྒྱར་ཞབས་བརྟན་གསོལ། །སྣོད་བཅུད་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །འགྲོ་བའི་བདེ་སྐྱིད་རྫོགས་ལྡན་དཔལ་ཡོན་རྒྱས། །བསྟན་པ་སྤྱི་དང་སྒྲུབ་བརྒྱུད་འཛིན་པ་ཡིས། །བོད་ཁམས་མཐའ་དབུས་ཀུན་ཏུ་ཁྱབ་པར་ཤོག །ཁྱད་པར་འཇིག་རྟེན་དབང་ཕྱུག་ཀརྨ་པ། །མཐིང་དམར་ཅོད་པཎ་འཆང་བ་ཡབ་སྲས་ཀྱི། །ཐུགས་བསྐྱེད་དམ་བཅའ་ཇི་ལྟར་བཞེས་པ་རྣམས། །དུས་ཀྱི་མཐར་ཡང་མངོན་དུ་འགྱུར་བར་ཤོག །དེ་ལྟར་གསོལ་བཏབ་སྨོན་ལམ་རྔ་སྒྲ་ཡིས། །བསྐུལ་བས་བླ་མ་འོད་ཞུ་རང་ཐིམ་ངང་། །དུས་གསུམ་གཟུང་འཛིན་རྟོག་པས་མ་བསླད་པ། །འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག །དགེ་འདིས་མཚོན་པའི་དུས་གསུམ་ལེགས་བྱས་ཀུན། །དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་ཕྱིར་བསྔོ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །བྱམས་ཆེན་བླ་མས་རྗེས་སུ་འཛིན་གྱུར་ཅིག །ཅེས་བླ་མའི་རྣལ་འབྱོར་བརྗོད་གཞིར་བྱས་པའི་ཐུགས་དམ་རྒྱུད་བསྐུལ་གྱི་གསོལ་འདེབས་འདི་བྱམས་མགོན་པདྨའི་ལྗགས་ལྡན་གསུམ་པ་ཆོས་དབྱིངས་སྟོང་ཆེན་དགའ་མར་སྙོམས་པར་ཞུགས་སྐབས། རྗེ་དབོན་བསམ་གཏན་མཆོག་གི་སྤྲུལ་སྐུ་དང་། སངས་རྒྱས་མཉན་པའི་མཆོག་སྤྲུལ་རིན་པོ་ཆེ། རྣལ་འབྱོར་གྱི་དབང་ཕྱུག་དྲུང་རམ་རྒྱལ་སྤྲུལ་རིན་པོ་ཆེ། ཕྱག་མཛོད་བླ་མ་ལྕོ་ག་སོགས་ཉེ་བར་གནས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་ལྷ་རྫས་དང་བཅས་གསུང་བསྐུལ་ངོར་རྗེ་བླ་མ་ཉིད་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེས། ཁྲུམས་ཟླ་བའི་ཚེས་༢༧དགེ་བར་གསོལ་བཏབ་སྨྲས་རིམ་བཞིན་དུ། ཡི་གེའི་བྱེད་པོ་དཔེ་ཝར་སྤྲུལ་སྐུ་འཇམ་དབྱངས་བསོད་ནམས་དབང་པོས་སྒོ་གསུམ་རབ་དྭངས་གུས་པ་ཆེན་པོས་བགྱིས་པ་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་རྗེ་བཙུན་བླ་མའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ། །མངྒ་ལཾ།། །། ༈ བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་མཆོད་བཞུགས། ན་མོ་གུ་རུ། སི་ཏུ་རྡོ་རྗེ་འཆང་གི་བླ་རྣམ་དང་འབྲེལ་བའི་ཚོགས་མཆོད་འབུལ་བར་སྤྲོ་ན། ཐབས་ཤེས་ཀྱི་རྫས་ཅི་འབྱོར་པ་བཤམས་ལ་ཆུ་ཆང་ནང་གསུམ་གྱིས་བྲན། བླ་མའི་རྣལ་འབྱོར་གྱི་དབང་གི་མགོར་ཚོགས་ལ་འཇུག་པར་བྱ་སྟེ། ཨ་མྲྀ་ཏ་ཀུན་ཌ་ལིས་བསངས། སྭ་བྷ་ཝས་སྦྱངས། ཚོགས་ཀྱི་རྫས་རྣམས་མི་དམིགས་སྟོང་པར་གྱུར། །སྟོང་པའི་ངང་ལས་ཡྃ་རྃ་རླུང་མེའི་སྟེང་། །ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེའི་ནང་། །ཚོགས་རྫས་ཤ་ལྔ་ཡེ་ཤེས་བདུད་རྩི་ལྔ། །འོད་ཞུ་ཟག་མེད་ཚོགས་ཀྱི་སྤྲིན་ཕུང་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕྱག་རྒྱ་དང་བཅས་ལན་གསུམ། ན་མོ། ཐབས་ཤེས་གཉིས་མེད་ཚོགས་མཆོད་རྒྱ་ཆེ་འདི། །རང་བཞིན་སྐྱེ་མེད་མཚན་ཉིད་རྣམ་པར་དག །ངོ་བོ་ཤ་ལྔ་བདུད་རྩི་ལྔའི་སྤྲིན་ཕུང་། །བྱིན་རླབས་རྩ་བ་བླ་མ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། དངོས་གྲུབ་རྩ་བ་ཡི་དམ་ལྷ་ཚོགས་ཞལ་དུ༴ ཕྲིན་ལས་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཞལ་དུ༴ དམ་ཚིག་རྩ་བ་མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་རྣམས་ཀྱི་ཞལ་དུ༴ སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས། །བླ་མ་ཡི་དམ་ཌཱ་ཀི་དང་། །ཆོས་སྐྱོང་ནོར་ལྷ་གཏེར་བདག་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲ་ལ་ལ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་ལྗེན་ནེ་ལྗེན། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བ་ཆེན་པོར་ཧྲི་ལི་ལི། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ན། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབས་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དྷེ་ཝ་ཌཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿཕྱི་ནང་གསང་བའི་འདོད་ཡོན་གྱི། །སྣང་བ་སྒྱུ་མར་ཤར་བ་རྣམས། །བདེ་ཆེན་རོ་གཅིག་ཚིམ་པར་གྱུར། །དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གི་མཆོད་པ་བཞེས། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱའི་ཁྱད་པར་མཆིས་པ་རྣམས། །བླ་མ་ཡི་དམ་ལྷ་ཚོགས་དང་། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་དང་། །ནོར་ལྷ་གཏེར་བདག་དཀར་ཕྱོགས་ཀྱི། །གནས་དང་གཞི་བདག་ཚོགས་ལ་འབུལ། །བར་ཆད་སེལ་ཞིང་ཚོགས་གཉིས་རྫོགས། །མཆོག་ཐུན་དངོས་གྲུབ་འགྲུབ་པར་མཛོད། །ལས་རྡོར་གྱིས་ཕྱག་དང་བཅས་ཐབས་ཤེས་ཀྱི་རྫས་ཐོགས་ལ། འདིར་ནི་ཆོས་རྣམས་སོགས་ཀྱིས་སྟོབས། ལེན་པ་པོས། རིན་ཐང་མེད་ཆོས་སོགས་ཀྱིས་བླངས། ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་ལག་གཉིས་པད་ཀོར་དང་བཅས་བླང་ལ་ཚིམ་པར་རོལ། མཐར་ལྷག་མ་བསྡུས་ཏེ་ཆང་གིས་བྲན། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་གྱིས་བརླབས་ལ། ཕཻཾ། ལྷག་སྡུད་ཀྱི་རྡོ་རྗེ་ཕོ་ཉ་མོའི་ཚོགས་ལྷག་མའི་དམ་ཚིག་གི་གནས་སུ་བྱོན་པར་གྱུར། ཨོཾ་དྷུ་མ་གཱ་ཏི་ཡ་ས་པཱ་རི་ཝ་རེ་བྷྱཿཨི་མཾ་བ་ལིཾ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བསྔོ། བདག་ཅག་རྣལ་འབྱོར་པ་རྣམས་ཀྱི་སྒྲུབ་པའི་སྡོང་གྲོགས་མཛོད་ལ་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབས་ཤིག །ཅེས་བརྗོད་ལ་གཙང་སར་གཤེགས། མཁའ་འགྲོ་མ་རྣམས་འདུས་ལ་གུས་པས་མཆོད་པ་དང་། དཔའ་བོ་རྣམས་ལ་བཟའ་དང་བཏུང་བ་མཉེས་པར་དྲངས། བདག་ཅག་རྟག་ཏུ་གསང་བ་མཆོག་གིས་སྦྱོར་བ་དང་། ཡང་ན་ཡིད་ལ་འདོད་པ་ཕུན་སུམ་ཚོགས་པར་ཤོག །དཔའ་བོ་གཉིས་མེད་མཆོད་པས་སྐྱེ་བ་འདི་ལ་ནི། སྒྲིབ་པ་ཟད་དང་ཕྱག་རྒྱའི་དངོས་གྲུབ་འགྱུར་བར་ཤོག །སྐྱེ་བ་ཀུན་ཏུ་མཆོག་ཏུ་བདེ་བར་གཤེགས་པ་ཡི། །གྲུབ་པའི་འཇིག་རྟེན་དབུས་སུ་འགྲོ་བ་ཉིད་གྱུར་ཅིག །ཅེས་བསྔོ་སྨོན་བྱ། རྗེས་ལ་བླ་མའི་རྣལ་འབྱོར་གྱི་དབང་བླང་བ་སོགས་བྱའོ། །ཅེས་པའང་རྗེ་བླ་མ་རིན་པོ་ཆེའི་ཞལ་སློབ་འབྲོང་པ་སྤྲུལ་སྐུ་བློ་གྲོས་ནས་རྟེན་བཅས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །དགེ་ལེགས་འཕེལ།། །། ༈ ལམ་ཟབ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཉུང་ངུ་བཞུགས། ན་མོ་གུ་རུ། བླ་མའི་རྣལ་འབྱོར་གྱི་དབང་བླང་སྟེ་གཞན་ལ་འབོགས་པར་འདོད་པས། སྔོན་དུ་རང་ཉིད་ཀྱི་ཉམས་ལེན་ཚོགས་མཆོད་བཅས་གྲུབ་ནས། སློབ་མ་དབང་གིས་རྒྱུད་སྨིན་པ་དད་དང་དམ་ཚིག་དང་ལྡན་པ་ཁྲུས་ནས་དབྱུང་། སུམ་བྷ་ནིས་བགེགས་བསྐྲད། སྲུང་འཁོར་བསྒོམས་ལ་སེམས་བསྐྱེད་གསལ་གདབ། དེ་ལ་འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ་བཀའ་གཏེར་གསར་རྙིང་གི་གདམས་ཟབ་དུ་མ་བཞུགས་པ་ལས། འདིར་ནི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་དང་། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་སོགས་ཡེ་ཤེས་ཀྱི་གཟིགས་པ་ཆེན་པོ་མངའ་བ་རྣམས་ཀྱིས་ཡང་ཡང་རྡོ་རྗེའི་ལུང་གིས་གསལ་བར་བསྟན་པའི་བདག་ཅག་གི་འདྲེན་མཆོག་སྲིད་ཞིའི་གཙུག་རྒྱན་ཏའི་སི་ཏུ་པདྨ་དབང་ཆེན་གྱི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཏིང་ངེ་འཛིན་གྱི་བྱིན་རླབས་དབང་བསྐུར་བགྱི་བ་ལ། དེ་ཉིད་གསན་པའི་ཡོན་དུ་མཎྜལ་ཕུལ། ཞེས་མཚམས་སྦྱར་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ལན་གསུམ། མདུན་གྱི་ནམ་མཁར་ཚོགས་ཀྱི་ཞིང་མཆོག་རྣམས་བཞུགས་པར་མོས་ལ་རྒྱུན་བཤགས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་དངོས་གཞི་ཏིང་ངེ་འཛིན་གྱི་དབང་ལ། དེ་ནས་དངོས་གཞི་ཏིང་ངེ་འཛིན་གྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་མཛོད། བླ་རྣམ་གྱི་བསྐྱེད་ཆོག་བརྗོད་སྐབས་སློབ་མའི་སྤྱི་བོར་བསྒོམ་དགོས་པས་ཚིག་ཁ་བསྒྱུར་ཅུང་ཟད་བྱ། ཡན་ལག་བདུན་པ་དང་། མ་ནམ་བཞི་བསྐོར་མའི་གསོལ་འདེབས་བྱས་ན་ལེགས་པས་རྗེས་ཟློས་བྱ་བའམ་ལྷན་དུ་འདོན། དེ་ནས་ཁྱེད་རང་གི་སྤྱི་བོའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེས་བདག་ལ་བུམ་གསང་ཤེས་རབ་དབང་བཞི་པ་རྣམས་སྩལ་དུ་གསོལ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་གཞུག་ཏུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། བླ་མའི་སྐུ་དང་དཔྲལ་བའི་ཨོཾ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཀར་པོ་བྱུང་ནས་ཁྱོད་རང་གི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་དང་སྤྲུལ་སྐུ་ཐོབ་བྱུང་སྙམ་དུ་མོས་པ་མཛོད། སྤོས་རོལ་དང་། ཨོཾ། མང་དུ་བརྗོད། བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་བདུད་རྩིའི་རྒྱུན་གྱི་རྣམ་པ་བྱུང་ནས་ཁྱེད་རང་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་དང་ལོངས་སྐུ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། སྤོས་རོལ་དང་། ཨཱཿ མང་དུ་བརྗོད། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པ་བྱུང་ནས་ཁྱེད་རང་གི་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཞུགས། ཆོས་སྐུ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། སྤོས་རོལ་དང་། ཧཱུྃ། མང་དུ་བརྗོད། བླ་མའི་གནས་གསུམ་ཀ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན་དང་བཅས་པ་ཅིག་ཅར་དུ་བྱུང་། ཁྱེད་རང་གི་གནས་གསུམ་དུ་ཅིག་ཅར་དུ་ཐིམ། དབང་བཞི་པ་ཐོབ། ངོ་བོ་ཉིད་སྐུ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། སྤོས་རོལ་དང་། ཨོཾ་ཨཱཿཧཱུྃ་ཧོཿ མང་དུ་བརྗོད། དེ་ནས་སྤྱི་བོའི་བླ་མ་ལ་མོས་གུས་དྲག་ཏུ་བྱས་པས་བླ་མ་དགྱེས་པ་ཆེན་པོས་ཚངས་བུག་ནས་མར་བྱོན། སྙིང་པད་ཟླ་འོད་ཀྱི་གུར་ཁང་དུ་འབྲལ་བ་མེད་པར་བཞུགས་པར་མོས་ཏེ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ལ་གཟུང་འཛིན་གྱི་རྟོག་པས་མ་བསླད་པར་རང་སེམས་གཉུག་མ་ཕྱག་རྒྱ་ཆེན་པོའི་རང་ངོ་ལ་མ་བཅོས་ལྷུག་པར་ཞོག་ཅིག །ཅེས་བརྗོད་ལ་སྤོས་རོལ་དང་བཅས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དཔལ་ལྡན་བླ་མ་སྐུ་བཞིའི་དབང་ཕྱུག་རིན་པོ་ཆེས་རྡོ་རྗེའི་སློབ་མ་འདིའི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་དུ་གསོལ། སོགས་མ་ནམ་བཞི་བསྐོར་གྱི་ནང་ལྟར་བརྗོད། དེ་རྣམས་ཀྱིས་བླ་མའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བའི་ཏིང་ངེ་འཛིན་གྱི་དབང་བསྐུར་གྲུབ་པ་ཡིན་པས་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་འདའ་བར་མི་བགྱིད་དོ་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱའོ། །ཞེས་པའང་སྐྱབས་མགོན་རྡོ་རྗེ་འཆང་ཞི་བར་གཤེགས་སྐབས་བླ་མའི་རྣལ་འབྱོར་ཞིག་བྲིས་པ་ལ། སླད་ནས་རྗེ་ཉིད་ལ་མི་ཕྱེད་པའི་དད་དམ་མངའ་བ་འབྲོང་སྲས་མཆོག་གི་སྤྲུལ་པའི་སྐུ་བློ་གྲོས་ནས་དར། ཏཱ་ལན་སྒོར་མོ་དཀར་པོའི་ཚེས་ཀྱི་གྲངས་ལྡན་བཅས་གསུང་བསྐུལ་ངོར། བྱམས་མགོན་བླ་མའི་བཀའ་འབངས་ཀྱི་ཐ་ཆུང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཉུང་ངུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །
[edit]

@#/__/dpal spungs skyabs mgon rin po che chos dbyings zhi ba chen po'i dbyings su snyoms par zhugs skabs thugs dam rgyud bskul gyi gsol 'debs gdung dbyangs bla ma'i rnal 'byor dang 'brel ba mos gus kyi gzer 'debs zhes bya ba bzhugs so/__/ rang snang chos dbyings dag pa'i klong chen por/__/mchod sprin rgya mtshos kun nas btegs pa'i dbus/__/ye shes 'od lnga 'bar ba'i thig le'i dkyil/__/seng khri pad nyi zla ba'i gdan gyi steng /__/rigs kun khyab bdag pad+ma dbang mchog rgyal/__/pad+ma'i snying po dkar la dmar ba'i mdangs/__/khro 'dzum phyag g.yas rdo rje pus steng 'phyar/__/g.yon pas thod pa bdud rtsis bkang ba bsnams/__/dbu la zhwa dmar cod paN mthong grol gsol/__/zhabs gnyis rgyal po rol pa'i stabs kyis bzhugs/__/rtsa gsum rgya mtsho'i spyi gzugs chen po yi/__/gnas gsum rdo rje gsum gyis mtshan par gyur/__/bdag lus longs spyod dus gsum dge tshogs bcas/__/nam mkha' rab 'byams gang bar rnam sprul te/__/kun bzang bde stong rol pa'i rgyan du gyur/__/kye ma kyi hud byams chen bla ma yis/__/bdag sogs gdul bya'i slob bur brtse chen gyi/__/ye shes spyan gyis rtag tu mi gzigs sam/__/thugs rje'i phyag gis 'dor bar phod dam ci/__/da dus rtsod ldan snyigs ma'i mtha' la thug__/skye 'gro phal cher shes rgyud bdud kyis bsgyur/__/chos byed rnams kyang tshe 'di'i dbang du song /__/gzugs can gzugs med gdug pa'i tsha ngar ngom/__/las ngan mtsho chen kun rtog rlung gis dkrug__/chags sdang gti mug mun pa 'thib pa'i tshe/__/skyabs mchog khyed kyi thugs rjes ma gzigs na/__/gzhan du skyob par nus pa su zhig yod/__/rgyal dbang pad+mas lung bstan skyes bu mchog__/'jig rten dbang phyug karma pa chen po'i/__/bstan pa 'dzin pa'i khyu mchog yin no zhes/__/sa gsum kun tu snyan pa rab grags mchog__/zhi bde'i mal du gzim pa 'os sam ci/__/mgon khyod mi mngon dag pa'i zhing khams cher/__/rgyal dang de sras rnams dang lhan cig tu/__/rtse dgar spyod pa'i dga' bdes spro gyur kyang /__/bdag cag slob 'bangs rnams ni brtse ba'i mas/__/bskyur ba'i dwa phrug bzhin du shul du lus/__/tshe 'di'i legs pa'i lam ston su la re/__/phyi ma 'dren pa'i ded dpon su yis byed/__/de phyir byams chen bla ma rdo rje 'chang /__/khyed la nyin mtshan gdung ba'i snyan 'gyur gyis/__/thun bzhi'i rnal 'byor drag pos gsol 'debs na/__/pha gcig drin chen bla ma rin po che/__/rnga yab pad+ma 'od nas thugs rjes gzigs/__/mngon sum spyi bo'i rgyan du bzhugs byas te/__/byin rlabs char chen phob cig bla ma rje/__/rdo rje bzhi yi dbang mchog bskur du gsol/__/las ngan sdig sgrib dag par byin gyis rlobs/__/tshogs gnyis myur du rdzogs par byin gyis rlobs/__/srid las nges 'byung skye bar byin gyis rlobs/__/byang chub sems gnyis 'byong par byin gyis rlobs/__/yang dag lta ba rtogs par byin gyis rlobs/__/snang ba lha ru 'char bar byin gyis rlobs/__/sgra grags gsung du thos par byin gyis rlobs/__/dran rtog ye shes chen por byin gyis rlobs/__/sems nyid gnyug ma don gyi phyag rgya che/__/rdul bral nam mkha'i dkyil ltar gzod nas dag__/rang bzhin lhun grub 'od gsal chen po yi/__/rtogs pa rgyud la skye bar byin gyis rlobs/__/thugs rgyud dgongs pa'i byin rlabs 'pho ba dang /__/bla ma khyed rang lta bur byin gyis rlobs/__/bla ma'i gnas gsum 'od zer dkar dmar mthing /__/rim dang cig char 'phros nas gnas bzhir thim/__/dbang thob sgrib dag sku bzhi'i sa bon thebs/__/don dam chos sku'i bla ma'i rang zhal blta/__/skye ba kun tu byams chen chos kyi rje/__/zhabs sen rdul bral 'od mtshan stong 'bar ba/__/tshangs gnas bde chen 'khor lo'i rgyan du mchod/__/theg mchog gsung gi bdud rtsis 'tsho ba dang /__/mnyes pa gsum gyis zhabs tog sgrub la brtson/__/sdom dang dam tshig rnam par dag pa yis/__/zab mo'i lam bzang sgrub la brtson pa dang /__/mos gus bla ma'i lam gyis grol bar shog__/snyigs ma lnga yi me lce rnon po'i dbal/__/rab tu bsil zhing 'phral yun phan bde sbyin/__/bstan dang 'gro ba yongs kyi skyabs mgon du/__/mchog gi sprul sku bskal brgyar zhabs brtan gsol/__/snod bcud dus kyi rgud pa kun zhi zhing /__/'gro ba'i bde skyid rdzogs ldan dpal yon rgyas/__/bstan pa spyi dang sgrub brgyud 'dzin pa yis/__/bod khams mtha' dbus kun tu khyab par shog__/khyad par 'jig rten dbang phyug karma pa/__/mthing dmar cod paN 'chang ba yab sras kyi/__/thugs bskyed dam bca' ji ltar bzhes pa rnams/__/dus kyi mthar yang mngon du 'gyur bar shog__/de ltar gsol btab smon lam rnga sgra yis/__/bskul bas bla ma 'od zhu rang thim ngang /__/dus gsum gzung 'dzin rtog pas ma bslad pa/__/'od gsal phyag rgya chen po'i ngang du bzhag__/dge 'dis mtshon pa'i dus gsum legs byas kun/__/dpal ldan bla ma'i thugs dgongs rdzogs phyir bsngo/__/skye ba 'di dang tshe rabs thams cad du/__/byams chen bla mas rjes su 'dzin gyur cig__/ces bla ma'i rnal 'byor brjod gzhir byas pa'i thugs dam rgyud bskul gyi gsol 'debs 'di byams mgon pad+ma'i ljags ldan gsum pa chos dbyings stong chen dga' mar snyoms par zhugs skabs/__rje dbon bsam gtan mchog gi sprul sku dang /__sangs rgyas mnyan pa'i mchog sprul rin po che/__rnal 'byor gyi dbang phyug drung ram rgyal sprul rin po che/__phyag mdzod bla ma lco ga sogs nye bar gnas pa rnams kyis bkra shis kyi lha rdzas dang bcas gsung bskul ngor rje bla ma nyid la rgyu mtshan shes nas dad pa thob pa 'jam dbyangs chos kyi blo gros gtsug lag lung rigs nyi ma smra ba'i seng ges/__khrums zla ba'i tshes 27dge bar gsol btab smras rim bzhin du/__yi ge'i byed po dpe war sprul sku 'jam dbyangs bsod nams dbang pos sgo gsum rab dwangs gus pa chen pos bgyis pa rang gzhan thams cad kyi rgyud la rje btsun bla ma'i byin rlabs 'jug pa'i rgyur gyur cig__/sarba dA ka l+yA NaM b+ha wan+tu/__/mang+ga laM//____//_!_bla ma'i rnal 'byor dang 'brel ba'i tshogs mchod bzhugs/__na mo gu ru/__si tu rdo rje 'chang gi bla rnam dang 'brel ba'i tshogs mchod 'bul bar spro na/__thabs shes kyi rdzas ci 'byor pa bshams la chu chang nang gsum gyis bran/__bla ma'i rnal 'byor gyi dbang gi mgor tshogs la 'jug par bya ste/__a mr-i ta kun Da lis bsangs/__swa b+ha was sbyangs/__tshogs kyi rdzas rnams mi dmigs stong par gyur/__/stong pa'i ngang las ya~M ra~M rlung me'i steng /__/a las thod pa yangs shing rgya che'i nang /__/tshogs rdzas sha lnga ye shes bdud rtsi lnga/__/'od zhu zag med tshogs kyi sprin phung gyur/__oM AHhU~M ha ho hrIHphyag rgya dang bcas lan gsum/__na mo/__thabs shes gnyis med tshogs mchod rgya che 'di/__/rang bzhin skye med mtshan nyid rnam par dag__/ngo bo sha lnga bdud rtsi lnga'i sprin phung /__/byin rlabs rtsa ba bla ma rnams kyi zhal du pany+tsa a mr-i ta ga Na tsakra pU dza khA hi/__dngos grub rtsa ba yi dam lha tshogs zhal du=__phrin las rtsa ba mkha' 'gro chos skyong srung ma'i zhal du=__dam tshig rtsa ba mched lcam rdo rje'i spun grogs rnams kyi zhal du=__sku gsum zhing khams rab 'byams nas/__/bla ma yi dam DA ki dang /__/chos skyong nor lha gter bdag tshogs/__/rigs kyi cod pan ldems se ldem/__/dar gyi cod pan pu ru ru/__/rgyan cha mang po khra la la/__/rol mo mang po di ri ri/__/glu len gar byed khyugs se khyug__/'khor tshogs 'bum sde sha ra ra/__/sgyu ma'i rang snang ljen ne ljen/__/gtad med rig pa sa la la/__/brjod med dbyings su tha la la/__/bde ba chen por hri li li/__/khyed kyi rjes su bdag bsgrub na/__/byin gyis brlab phyir gshegs su gsol/__/gnas mchog 'di ru byin phobs la/__/sgrub mchog bdag la dngos grub stsol/__/bgegs dang log 'dren bar chad sol/__/mchog dang thun mong dngos grub stsol/__/gu ru d+he wa DA ki ni dz+nyA na a be sha ya a AHphyi nang gsang ba'i 'dod yon gyi/__/snang ba sgyu mar shar ba rnams/__/bde chen ro gcig tshim par gyur/__/dman pa'i yul las rab 'das shing /__/rgyal ba kun gyi dam tshig mchog__/dngos grub kun gyi gzhir gyur pa/__/bdud rtsi mchog gi mchod pa bzhes/__/gzugs dang sgra dang dri dang ro/__/reg bya'i khyad par mchis pa rnams/__/bla ma yi dam lha tshogs dang /__/gnas gsum mkha' 'gro chos skyong dang /__/nor lha gter bdag dkar phyogs kyi/__/gnas dang gzhi bdag tshogs la 'bul/__/bar chad sel zhing tshogs gnyis rdzogs/__/mchog thun dngos grub 'grub par mdzod/__/las rdor gyis phyag dang bcas thabs shes kyi rdzas thogs la/__'dir ni chos rnams sogs kyis stobs/__len pa pos/__rin thang med chos sogs kyis blangs/__a ho ma hA su khaM zhes lag gnyis pad kor dang bcas blang la tshim par rol/__mthar lhag ma bsdus te chang gis bran/__pany+tsa a mr-i ta hU~M ha ho hrIHlan gsum gyis brlabs la/__phaiM/__lhag sdud kyi rdo rje pho nya mo'i tshogs lhag ma'i dam tshig gi gnas su byon par gyur/__oM d+hu ma gA ti ya sa pA ri wa re b+h+yaHi maM ba liM ga Na tsakra pU dza khA hi khA hi hU~M phaT swA hA/__lan gsum gyis bsngo/__bdag cag rnal 'byor pa rnams kyi sgrub pa'i sdong grogs mdzod la phrin las thams cad thogs pa med par sgrubs shig__/ces brjod la gtsang sar gshegs/__mkha' 'gro ma rnams 'dus la gus pas mchod pa dang /__dpa' bo rnams la bza' dang btung ba mnyes par drangs/__bdag cag rtag tu gsang ba mchog gis sbyor ba dang /__yang na yid la 'dod pa phun sum tshogs par shog__/dpa' bo gnyis med mchod pas skye ba 'di la ni/__sgrib pa zad dang phyag rgya'i dngos grub 'gyur bar shog__/skye ba kun tu mchog tu bde bar gshegs pa yi/__/grub pa'i 'jig rten dbus su 'gro ba nyid gyur cig__/ces bsngo smon bya/__rjes la bla ma'i rnal 'byor gyi dbang blang ba sogs bya'o/__/ces pa'ang rje bla ma rin po che'i zhal slob 'brong pa sprul sku blo gros nas rten bcas gsung bskul ngor chos kyi blo gros pas bris pa'o/__/dge legs 'phel//____//_!_lam zab bla ma'i rnal 'byor dang 'brel ba'i ting nge 'dzin gyi dbang bskur nyung ngu bzhugs/__na mo gu ru/__bla ma'i rnal 'byor gyi dbang blang ste gzhan la 'bogs par 'dod pas/__sngon du rang nyid kyi nyams len tshogs mchod bcas grub nas/__slob ma dbang gis rgyud smin pa dad dang dam tshig dang ldan pa khrus nas dbyung /__sum b+ha nis bgegs bskrad/__srung 'khor bsgoms la sems bskyed gsal gdab/__de la 'dir dus gsum sangs rgyas thams cad kyi bgrod pa gcig pa'i lam zab mo bla ma'i rnal 'byor la bka' gter gsar rnying gi gdams zab du ma bzhugs pa las/__'dir ni o rgyan gyi slob dpon chen po pad+ma 'byung gnas kyis bla ma dgongs pa 'dus pa'i lung bstan bka' rgya ma dang /__sprul pa'i gter chen mchog gyur gling pa sogs ye shes kyi gzigs pa chen po mnga' ba rnams kyis yang yang rdo rje'i lung gis gsal bar bstan pa'i bdag cag gi 'dren mchog srid zhi'i gtsug rgyan ta'i si tu pad+ma dbang chen gyi bla ma'i rnal 'byor dang 'brel ba'i ting nge 'dzin gyi byin rlabs dbang bskur bgyi ba la/__de nyid gsan pa'i yon du maN+Dal phul/__zhes mtshams sbyar te maN+Dal phul/__gsol ba 'debs pa 'di'i rjes zlos mdzod/__/kun mkhyen ye shes phung po can/__/sogs lan gsum/__mdun gyi nam mkhar tshogs kyi zhing mchog rnams bzhugs par mos la rgyun bshags 'di'i rjes zlos mdzod/__dkon mchog gsum la bdag skyabs mchi/__/sogs lan gsum/__de nas dngos gzhi ting nge 'dzin gyi dbang la/__de nas dngos gzhi ting nge 'dzin gyi dbang bskur ba la dmigs pa 'di bzhin mdzod/__bla rnam gyi bskyed chog brjod skabs slob ma'i spyi bor bsgom dgos pas tshig kha bsgyur cung zad bya/__yan lag bdun pa dang /__ma nam bzhi bskor ma'i gsol 'debs byas na legs pas rjes zlos bya ba'am lhan du 'don/__de nas khyed rang gi spyi bo'i bla ma la mos gus gdung shugs drag pos gsol ba 'debs pa 'di'i rjes zlos mdzod/__bla ma rin po ches bdag la bum gsang shes rab dbang bzhi pa rnams stsal du gsol/__sku gsung thugs ye shes rdo rje'i byin rlabs gzhug tu gsol/__zhes lan gsum gyis gsol ba btab/__bla ma'i sku dang dpral ba'i oM las ye shes kyi bdud rtsi'i chu rgyun dkar po byung nas khyod rang gi spyi bor thim pas lus kyi sdig sgrib dag__/sku'i byin rlabs zhugs/__bum pa'i dbang dang sprul sku thob byung snyam du mos pa mdzod/__spos rol dang /__oM/__mang du brjod/__bla ma'i mgrin pa'i AHlas 'od zer dmar po bdud rtsi'i rgyun gyi rnam pa byung nas khyed rang gi mgrin par thim/__ngag gi sdig sgrib dag__/gsung gi byin rlabs zhugs/__gsang ba'i dbang dang longs sku thob byung snyam pa'i mos pa mdzod/__spos rol dang /__AHmang du brjod/__bla ma'i thugs ka'i hU~M las 'od zer sngon po bdud rtsi'i chu rgyun gyi rnam pa byung nas khyed rang gi snying gar thim/__yid kyi sdig sgrib dag__/thugs kyi byin rlabs zhugs/__chos sku thob byung snyam pa'i mos pa mdzod/__spos rol dang /__hU~M/__mang du brjod/__bla ma'i gnas gsum ka nas 'od zer dkar dmar mthing gsum bdud rtsi'i rgyun dang bcas pa cig car du byung /__khyed rang gi gnas gsum du cig car du thim/__dbang bzhi pa thob/__ngo bo nyid sku thob byung snyam pa'i mos pa mdzod/__spos rol dang /__oM AHhU~M hoHmang du brjod/__de nas spyi bo'i bla ma la mos gus drag tu byas pas bla ma dgyes pa chen pos tshangs bug nas mar byon/__snying pad zla 'od kyi gur khang du 'bral ba med par bzhugs par mos te/__bla ma'i thugs dang rang sems dbyer med du bsres la gzung 'dzin gyi rtog pas ma bslad par rang sems gnyug ma phyag rgya chen po'i rang ngo la ma bcos lhug par zhog cig__/ces brjod la spos rol dang bcas/__dus gsum sangs rgyas thams cad 'dus pa'i ngo bo dpal ldan bla ma sku bzhi'i dbang phyug rin po ches rdo rje'i slob ma 'di'i blo chos su 'gro bar byin gyis brlab du gsol/__sogs ma nam bzhi bskor gyi nang ltar brjod/__de rnams kyis bla ma'i rnal 'byor dang rjes su 'brel ba'i ting nge 'dzin gyi dbang bskur grub pa yin pas bla ma'i sku gsung thugs kyi dam tshig las 'da' bar mi bgyid do snyam pas rjes zlos mdzod/__gtso bos ji ltar sogs dang /__gtang rag maN+Dal/__lus dbul/__dge bsngo rnams spyi ltar bya'o/__/zhes pa'ang skyabs mgon rdo rje 'chang zhi bar gshegs skabs bla ma'i rnal 'byor zhig bris pa la/__slad nas rje nyid la mi phyed pa'i dad dam mnga' ba 'brong sras mchog gi sprul pa'i sku blo gros nas dar/__tA lan sgor mo dkar po'i tshes kyi grangs ldan bcas gsung bskul ngor/__byams mgon bla ma'i bka' 'bangs kyi tha chung 'jam dbyangs chos kyi blo gros pas nyung ngu bris pa dge legs su gyur cig__/_

Footnotes

Other Information