Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
།ཅེས་པའང་ལྷུན་གྲུབ་སྟེང་གི་ཁྲོ་ངེ་མཁན་མཁྱེན་རབ་བསྟན་འཛིན་ནས་གསུང་བསྐུལ་དང་། རང་གི་དད་པའི་གསོས་སུ་བཀའ་འབངས་ཀྱི་ཐ་ཆུང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷིར་བྷ་ཝནྟུ། དགེའོ།།  +
ཅེས་པའང་ངག་དབང་བློ་བཟང་གིས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།།  +
།ཞེས་གྲུབ་པའི་དབང་ཕྱུག་བྱེ་བའི་གཙུག་རྒྱན་མེ་ལོང་རྡོ་རྗེའི་རིགས་ལས་སོན་པའི་དགེ་ཚུལ་བསྟན་འཛིན་དཔལ་འབར་ཐུགས་དགྱེས་པའི་སླད་དུ་མཁྱེན་བརྩེའི་དབང་པོས་སོ།  +
།ཅེས་པའང་དཔལ་མགོན་བླ་མ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ཞལ་སྐྱིན་འགྱུར་མེད་པདྨ་རྣམ་རྒྱལ་གྱི་རྟོགས་བརྗོད་མདོར་བསྡུས་དད་པའི་འཇུག་ངོགས་ཅེས་བྱ་བ་འདི་ཡང་དབོན་མཁྱེན་རབ་མཆོག་རྒྱས་དགེ་ལེགས་རྒྱ་མཚོ་དང་བྲག་ཡབ་ཞིང་སྐྱོང་བཅས་ནས་རྗེ་བླ་མའི་བསྟན་བཅོས་རྩོམ་གཞིའི་ཕྱག་གམ་བྱིན་རླབས་ཀྱི་གཟི་འོད་འཕྲོ་བའི་གནང་སྐྱེས་དང་བཅས་བྲི་བར་བསྐུལ་ཞིང་རྡོ་རྗེའི་མཆེད་པོ་འཇམ་མགོན་གུ་ཎ་ས་ག་རའི་མཆོག་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་གྲུབ་ན་ལེགས་པའི་གསུངས་བསྐུལ་མཛད་ཀྱང་། བདག་ཉིད་རྗེ་བླ་མ་འདི་ཉིད་ཀྱི་ཞབས་པད་བརྟེན་ཡུན་ཐུང་བ་དང་། གསང་བ་བསྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་ཐུན་མིན་གྱི་རྟོགས་བརྗོད་སུ་ལའང་བཀའ་སྩལ་མེད་པས་རྣམ་ཐར་འབྲི་རྒྱུས་ཕོངས་པ་དང་། ཐུན་མོང་གི་རྟོགས་བརྗོད་ཀྱང་ཕྱག་ཐོ་སོགས་གསལ་པོར་མེད་པས་རྒྱས་པར་འབྲི་བ་རྔོ་མ་ཐོགས་ཀྱང་། རང་གིས་སྔར་བྲིས་པའི་དམ་པའི་རྣམ་ཐར་སྤྱིར་བསྔགས་པའི་རྣམ་ཐར་གསོལ་འདེབས་ཀྱི་དོན་འགྲེལ་མདོར་བསྡུས་སུ་སྐྱབས་མཆོག་འཁོར་ལོའི་མགོན་པོ་དེ་ཉིད་ཀྱི་བཀའ་འབང་གི་གྲལ་མཐར་འཁོད་ཅིང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བྱིན་རླབས་ཀྱི་ཆ་ཤས་ཙམ་ཐོབ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོས་སྨོས་རིམ་བཞིན་ཡི་གེའི་བྱེད་པོ་རང་སློབ་མཆོག་སྤྲུལ་འགྱུར་མེད་བསྟན་འཛིན་གྱིས་བགྱིས་པ་འདི་ལ་སྒྲོ་བསྐུར་གྱི་སྐྱོན་མཆིས་ན་དཔལ་མགོན་ཐུགས་རྗེའི་བདག་ཉིད་ཅན་ལ་བཟོད་པར་གསོལ་ཞིང་ལེགས་པའི་དགེ་བས་བདག་གཞན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །ཤུ་བྷམ་སྟུ་སརྦ་ཛ་ག་ཏཱཾ།།  +
།བསྔགས་འོས་ཀྱི་ཡོན་ཏན་ཆ་ཤས་ཕྲ་མོས་ཀྱང་མ་གོས་ཤིང་རང་ཉིད་ལ་བསྟོད་པ་མ་རབས་བླུན་པོའི་ལུགས་སུ་གྱུར་ཀྱང༌། སྒྲུབ་བརྩོན་བླ་མ་དམ་པ་པདྨ་ནོར་བུས་ནན་ཏན་ཆེན་པོས་བསྐུལ་ངོ་མ་ལྡོག་ཙམ་དུ་འདུ་གསུམ་པ་ཡོན་ཏན་རྒྱ་མཚོས་སུག་བྲིས་སུ་བསྟར་བ་དགེ་ལེགས་འཕེལ།།  +
།དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་པ་རྡོ་རྗེའི་ཐོལ་གླུ་ཡོ་ག་གསུམ་གྱི་སྒྲ་ཚིག་ཅེས་བྱ་བ་འདི་ཡང་ངེས་འབྱུང་གི་བློ་ཅན་ཨ་བྷཱ་ཡའི་མིང་གིས་རང་ལོ་བཅུ་དྲུག་པར་བརྗོད་མེད་ཀྱི་ངང་ནས་གསོལ་བ་བཏབ་པའོ།།  +
དེ་སྐད་བསླབ་པ་གསུམ་ལྡན་པ། །ནུབ་བླ་ཀུན་བཟང་ཆོས་འཕེལ་གྱིས། གསུང་གིས་བསྐུལ་ངོ་མ་ལྡོག་ཙམ་ཆོས་ཀྱི་བློ་གྲོས་ཞེས་བྱས་བྲིས།།  +
།ཅེས་པ་ཞྭ་ལུ་སྐུ་ཞང་གི་རིགས་ལས་འཁྲུངས་པའི་ཐར་རྩེ་ཞབས་དྲུང་རིན་པོ་ཆེའི་བླ་མའི་རྣལ་འབྱོར་འདིའང་མཆོད་དཔོན་བླ་མ་འཇམ་དབྱངས་དཔལ་ལྡན་ནས་བཀྲ་ཤིས་པའི་ལྷ་རྫས་རིན་ཆེན་གཉིས་པའི་རྟེན་དང་བཅས་བསྐུལ་བའི་ངོར། མགོན་པོ་འདི་ཉིད་ལས་གསུང་གི་བདུད་རྩི་ཐོབ་ཅིང་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་བྱིན་རླབས་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།།  +
།ཅེས་པའང་མང་ཐོས་བསླབ་ལྡན་ཐུབ་བསྟན་ཆོས་འཕེལ་གྱིས་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དགོས་ཞེས་གསུང་བསྐུལ་གྱི་རྐྱེན་ལ་བརྟེན་ཆོས་ཀྱི་བློ་གྲོས་པས་གང་ཤར་ཐོལ་བྱུང་དུ་བྲིས་པ་འདིས་ཀྱང་བླ་མའི་བྱིན་རླབས་ཀྱི་བདུད་རྩི་སྙིང་དབུས་སུ་སིམ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།།  +
།ཅེས་པ་འདིའང་གཞོན་ནུ་འཇིགས་པ་མེད་པའི་བློ་གྲོས་ཀྱི་ཆུ་གཏེར་ལས་གང་ཤར་གྱི་རྟོག་པ་གླུར་བླངས་པའི་འཆར་གཞིའོ།  +
།ཅེས་པའང་དགའ་ལྡན་ཕོ་བྲང་ཆེན་པོའི་ཆབ་སྲིད་ཕྲིན་ལས་ཀྱི་ཁ་ལོ་པ་ཁྲོ་དགའ་བའི་སྲས་བསླབ་གསུམ་མཛོད་འཆང་འགྱུར་མེད་མདོ་སྔགས་བསྟན་འཛིན་ནས་ལྷ་རྫས། དངུལ་དཀར་གྱི་འཁོར་ལོ་རིན་ཆེན་བདུན་གྱི་གྲངས་ལྡན་བཅས་ནན་ཏན་ཆེན་པོས་གསུང་བསྐུལ་ངོར། རབ་བརྟག་གི་དཔེར་བརྗོད་དུ་བྱས་ཏེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་མེ་ཕག་མགོ་ཟླའི་དམར་ཕྱོགས་རྒྱལ་བ་གཉིས་པ་ཉི་མ་མེ་བཞིའི་འགྲུབ་སྦྱོར་བཟང་པོར་གང་དྲན་ཤར་མར་བྲིས་པ་འདིས་ཀྱང་རང་རིག་བླ་མ་སངས་རྒྱས་སུ་མཐོང་བའི་རྒྱུར་གྱུར་ཅིག །  +
ཅེས་པའང་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་དཔལ་ལྷའི་མདུན་ས་འཇམ་དཔལ་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་ཉིད་ཆགས་བྲལ་གྱི་རྣམ་པར་སྟོན་པ་ཉིན་མོར་བྱེད་པའི་ཆོས་འཁོར་གྱི་གཙུག་ལག་ཁང་གི་ཉེ་ལོགས་གཟིམས་ཁང་ཆེན་པོ་གཡུ་ཐོག་གི་སྐྱེད་ཚལ་ཚེ་རིང་བདེ་ལྡན་འཆི་མེད་ཕུན་ཚོགས་འདོད་འབྱུང་དགའ་བའི་ཚལ་ཆེན་པོར་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེས་ཡིད་ཀྱི་མཚོ་ལས་ཐོན་པའི་བསྟོད་པ་འདིས་ཀྱང་མཆོག་ཐུན་གྱི་དངོས་གྲུབ་ཅི་དགར་འཇོ་བའི་རྒྱུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། །  +
།ཅེས་པའང་དོན་གཉེར་ཅན་གྱི་ནན་ཏན་ཆེན་པོས་བསྐུལ་བའི་བཞེད་པ་བསྐོང་ཕྱིར་དགེ་འདུན་རྒྱ་མཚོའི་གཞུང་གི་དགོངས་དོན་བཞིན་ཤཱཀྱའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཚིགས་བཅད་དུ་བསྡེབ་པ་དགེ་ལེགས་སུ་གྱུར་ཅིག།  +
།ཞེས་གཉིས་སུ་མེད་པའི་ཡེ་ཤེས་འབར་གཡོ་བརྟན་པའི་ཐ་མར་རྡོ་རྗེའི་བརྟུལ་ཞུགས་ཀྱི་མཐུ་གྲུབ་པས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་མིག་འཕྲུལ་བསྟན་པ་སྐྱོང་བའི་གཙོ་མོར་ཤར་བ་གང་དེའི་གནས་ལུགས་དང་། སྣང་ཚུལ་གྱི་དེ་ཁོ་ན་ཉིད་ལ་བརྩམས་ཏེ་བསྔགས་པའི་མེ་ཏོག་འཐོར་བས་གསར་ལམ་མཛེས་པར་བྱས་ཏེ་འདོད་པའི་དོན་ལ་དབུགས་འབྱིན་པར་གསོལ་བའི་ཚིགས་སུ་བཅད་པ་འདིའང་། ཡེ་ཤེས་ཀྱི་སྐུ་ཐ་མལ་པའི་གཟུགས་ཀྱི་ཟ་མ་ཏོག་ཏུ་རྒྱས་བཏབ་སྟེ། རྡོ་རྗེ་ནཱ་ད་མི་ཤིགས་པའི་སྒྲ་དབྱངས་ཚུ་རོལ་མཐོང་བ་རྣམས་ཀྱི་རྣ་བའི་སྤྱོད་ཡུལ་དུ་ལེན་པ། རི༷ན་ཆེན༷་གྲུབ་པའི་རྒྱལ་ཚབ། བློ༷་གསལ༷་གྱི་གདུལ་བྱ་དང་བཤད་སྒྲུབ་ཀྱི་བསྟན༷་པ་ཆབ་གཅིག་སྐྱོང༷་བ་གང་གི་ཞབས་པད་སྲིད་ཞིའི་འཇིགས་འཕྲོག་ཚངས་གནས་སུ་རེག་པ། སའི་ཆ་གཉིས་འཐུང་དྲེགས་པས་བསྒྱིངས་པའི་སྤྱི་གཙུག་ལྟར་མཐོ་བ་ཤར་མདོ་ཁམས་ཀྱི་ཡུལ་དུ་སྐྱེས་པའི་ད་རི་དྲྭ་མཉྫུ་གྷོ་ཥས་དཔལ་ཞྭ་ལུ་རི་སྦུག་གི་སྒྲུབ་ཁང་རྣམ་གྲོལ་ཡང་རྩེར་གང་ཤར་བྲིས་པ་སིདྡྷི་རསྟུ།།  +
།ཅེས་པའང་ཆོས་རྗེ་ཕན་བདེ་ལགས་ཀྱི་གསུང་བསྐུལ་བཞིན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་བྱ་ཟླ་༥བའི་ཚེས་གསུམ་ལ་བྲིས་པ་དགེ་ཞིང་བཀྲ་ཤིས། དགེའོ།།  +
རྟེན་འབྲེལ་བཟང་པོ་དང་བཅས་ཏེ། པདྨ་ཡེ་ཤེས་རྡོ་རྗེས་བྲིས། དགེའོ། །ཕག་ལོའི་ཟླ་གཅིག་ཚེས་བཞི་ལའོ།།  +
།ཅེས་པའང་མེ་སྦྲུལ་གནམ་ལོ་གསར་ཚེས་སྐབས་མདོ་སྔགས་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་ནས་གདམས་མཛོད་སྤྲུལ་པའི་གླེགས་བམ་རིན་པོ་ཆེའི་དབང་ཆོས་བགྱིས་སྐབས་གསར་ཕྱོགས་རྒྱུད་སྡེའི་གཙོ་བོ་རྣམས་ཀྱི་དབང་ཆོས་ཐོབ་པའི་ལྷ་སྔགས་རྗེས་དྲན་ཏུ་འདི་ལྟར་དགོས་ཞེས་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་མདོ་སྔགས་བསྟན་འཛིན་ནས་ལྷ་རྫས་ཀྱི་རྟེན་བཅས་ཆེད་དུ་བཀའ་བསྩལ་བཞིན་རིས་མེད་བསྟན་ལ་གུས་པའི་རྣལ་འབྱོར་ཙམ་པོ་བ་མངྒ་ལ་ཤྲཱི་བྷཱུ་ཏིས་གསང་བདག་སྒྲོལ་མགོན་གྱི་གསུང་ལས་བཏུས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ། དགེའོ།།  +
།ཞེས་པའང་ཆོས་ཀྱི་བློ་གྲོས་པས་ཕུལ་བའོ།།  +
།ཅེས་མཁྱེན་རབ་ཀྱི་དབང་ཕྱུག་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ལ་བསྟོད་པའི་ཕྲེང་བ་འདིའང་ཤཱཀྱའི་དགེ་ཚུལ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེས་མདོ་སྨད་སྨར་ཁམས་ལྗོངས་སུ་བྲིས་པ་འདིས་ཀྱང་འཇམ་དབྱངས་བླ་མས་དུས་རྟག་ཏུ་རྗེས་སུ་འཛིན་ཅིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་ཟབ་མོ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །  +
།ཅེས་པའང་ཆོས་ཀྱི་བློ་གྲོས་པས་ཆུ་བྱ་མགོ་ཟླ་བའི་ཚེས་༡༤དུས་ཀྱི་མཆོད་པའི་ཉིན་གསོལ་བ་བཏབ་པ་དགེ་ཞིང་བཀྲ་ཤིས་སོ། །  +