དཔལ་ལྡན་བླ་མའི་རྣལ་འབྱོར་ཡེ་ཤེས་བྱིན་འབེབས།

From Khyentse Lineage - A Tsadra Foundation Project
Wylie title dpal ldan bla ma'i rnal 'byor ye shes byin 'bebs JKCL-KABUM-04-NGA-021.pdf
Location chos kyi blo gros bka' 'bum
Volume 4, Text 21, Pages 107-110 (Folios 1a1 to 2b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal ldan bla ma'i rnal 'byor ye shes byin 'bebs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 107-110. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་མང་ཐོས་བསླབ་ལྡན་ཐུབ་བསྟན་ཆོས་འཕེལ་གྱིས་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དགོས་ཞེས་གསུང་བསྐུལ་གྱི་རྐྱེན་ལ་བརྟེན་ཆོས་ཀྱི་བློ་གྲོས་པས་གང་ཤར་ཐོལ་བྱུང་དུ་བྲིས་པ་འདིས་ཀྱང་བླ་མའི་བྱིན་རླབས་ཀྱི་བདུད་རྩི་སྙིང་དབུས་སུ་སིམ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།།

/ces pa'ang mang thos bslab ldan thub bstan chos 'phel gyis skyabs rje rgyal tshab rin po che 'gyur med pad+ma rnam rgyal la brten pa'i bla ma'i rnal 'byor dgos zhes gsung bskul gyi rkyen la brten chos kyi blo gros pas gang shar thol byung du bris pa 'dis kyang bla ma'i byin rlabs kyi bdud rtsi snying dbus su sim pa'i rgyur gyur cig__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
དཔལ་ལྡན་བླ་མའི་རྣལ་འབྱོར་ཡེ་ཤེས་བྱིན་འབེབས་བཞུགས་སོ། །དད་པ་དང་མོས་གུས་ལམ་གྱི་སྲོག་ཏུ་བཟུང་སྟེ་དབང་དང་སྡོམ་པས་རྒྱུད་སྨིན་ཅིང་དམ་ཚིག་རྣམ་པར་དག་པས་འདི་ལ་བརྩོན་པར་བྱ་སྟེ། དེ་ཡང་ཐོག་མར་སྐྱབས་སེམས་ནི། དབྱིངས་རིག་མཐའ་དབུས་བྲལ་བའི་ཀློང་། །འགགས་མེད་རང་གདངས་ལྷུན་གྲུབ་རྫོགས། །ཡེ་ཤེས་ཐུགས་རྗེའི་འཕྲོ་འདུ་ལ། །དབྱེར་མེད་ངང་ནས་སྐྱབས་སུ་མཆི། ཧོཿཐོག་མ་མཐའ་མ་མེད་པའི་བདག །གཟུང་འཛིན་མཚན་མ་ལས་འདས་པའི། །འོད་གསལ་གཉུག་མ་བྱང་ཆུབ་སེམས། །མ་བཅོས་འགྲོ་འོང་བྲལ་བར་བཞག །དངོས་གཞི་ནི། ཨཱཿཆོས་ཀུན་འོད་གསལ་སྟོང་པའི་མཁར། །རང་བྱུང་ལྷུན་གྲུབ་འཇའ་ཟེར་སྦུབས། །རིག་པ་ཀུན་བྱེད་རྒྱལ་པོ་ནི། །རྡོ་རྗེའི་བླ་མའི་གཟུགས་སུ་སྣང་། །པད་དཀར་ཟླ་བ་རྒྱས་པའི་སྟེང་། །དྲི་མེད་དཀར་གསལ་ཞི་ཞིང་འཛུམ། །སེམས་ཉིད་ངལ་བསོའི་ཕྱག་རྒྱ་ཅན། །སྤྱན་ཟུང་ལྟ་སྟངས་ཐུགས་ཀར་གཏོད། །སྡེ་སྣོད་གསུམ་མཚོན་པཎ་ཞུ་གསོལ། །སྐུ་ལ་ཆོས་གོས་རྣམ་གསུམ་མཛེས། །རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བསྲངས། །སྐྱབས་ཀུན་འདུས་པའི་ངོ་བོར་གསལ། ཚོགས་བསགས་ནི། དབྱིངས་ལས་སྐུར་བཞེངས་སྤྲུལ་པའི་ལྷར། །མངོན་སུམ་རིག་པས་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་མཆོད་སྤྲིན་འབུལ། །སྡིག་ལྟུང་དོན་དམ་ཀློང་དུ་བཤགས། །ཉམས་སྣང་གོང་འཕེལ་རྗེས་ཡི་རངས། །ཚད་ཕེབས་ཆེན་པོའི་ཆོས་འཁོར་བསྐོར། །ཆོས་ཟད་ཆེན་པོར་བཞུགས་གསོལ་འདེབས། །འཕོ་ཆེན་རྡོ་རྗེའི་སྐུ་ཐོབ་བསྔོ། མཎྜལ་རྒྱས་བསྡུས་ཅི་རིགས་ཕུལ། གསོལ་འདེབས་ནི། སྐུ་གསུམ་རྩ་གསུམ་འདུས་པའི་དངོས། །རིགས་ཀུན་ཁྱབ་བདག་བླ་མ་ལ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །དབང་དང་བྱིན་རླབས་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། གསང་གསུམ་ཕྱག་རྒྱའི་རྣམ་པ་དང་། །འོད་ཟེར་བདུད་རྩིའི་རྒྱུན་དཔག་མེད། །བྱུང་སྟེ་རང་གི་སྤྱི་བོར་ཐིམ། །སྒྲིབ་དག་དབང་དང་དངོས་གྲུབ་ཐོབ། །རེས་འགའ་བླ་མའི་གསལ་སྣང་འདོན། །སྣང་གྲགས་ཆོས་ཉིད་རོལ་པར་བལྟ། །སྐབས་སུ་ཧཱུྃ་གི་རྩལ་སྤྱོད་ལ། །ལྟ་དགོངས་རིག་པ་གདེངས་བསྐྱེད་དོ། །ཕ་སྐུ་བཞིའི་དབང་ཕྱུག་བླ་མ་རྗེ། །ཁྱེད་ཐུགས་རྗེ་ནུས་པའི་རྩལ་བསྐྱེད་ལ། །བདག་གཏི་མུག་འཁྲུལ་པ་བསལ་དུ་གསོལ། །ཡེ་ཤེས་ཀྱི་སྒྲོན་མེ་སྦར་དུ་གསོལ། །དུས་ད་ལྟ་སྟན་ཐོག་འདི་ཉིད་དུ། །རྗེ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། དབང་བླང་བ་ནི། བླ་མ་རང་གི་སྤྱི་བོར་བྱོན། །ཚངས་པའི་བུ་ག་ནས་ཞུགས་ཏེ། །བདེ་ཆེན་འཁོར་ལོར་བྱོན་པ་དང་། །བུམ་དབང་བསྐུར་ཞིང་ལུས་སྒྲིབ་དག །སྤྲུལ་སྐུའི་ས་བོན་རྒྱུད་ལ་བཞག །ལོངས་སྤྱོད་འཁོར་ལོའི་ལྟེ་བར་བྱོན། །གསང་དབང་བསྐུར་ཞིང་ངག་སྒྲིབ་དག །གཞོམ་མེད་ན་དཱའི་རང་སྒྲ་སྒྲོགས། །ལོངས་སྐུའི་ས་བོན་རྒྱུད་ལ་བཞག །ཙིཏྟ་ཆོས་ཀྱི་འཁོར་ལོར་བཞུགས། །ཤེར་དབང་བསྐུར་ཞིང་ཡིད་སྒྲིབ་དག །བདེ་སྟོང་དགའ་བཞིའི་མཆོད་པས་མཉེས། །ཆོས་སྐུའི་བག་ཆགས་རྒྱུད་ལ་བཞག །ལྟེ་བ་སྤྲུལ་པའི་འཁོར་ལོར་བྱོན། །བཞི་པའི་དབང་བསྐུར་འཕོ་སྒྲིབ་དག །རིག་སྟོང་ཆོས་སྐུའི་བཙན་ས་ཟིན། །ངོ་བོ་ཉིད་སྐུ་ཐོབ་པར་བསམ། །སླར་ཡང་སྙིང་གའི་དབུས་སུ་བྱོན། །ཙིཏྟ་འོད་ཀྱི་གུར་ཁང་དུ། །འབྲལ་བ་མེད་པར་རྟག་བཞུགས་ཤིང་། །རིག་པ་ཡེ་ཤེས་ཀློང་དུ་རྫོགས། །བལྟ་བྱ་ལྟ་བྱེད་བྲལ་བ་ཡི། །དམིགས་གཏད་མཚན་མ་ལས་འདས་པའི། །དོན་དམ་ཆོས་སྐུའི་རང་ཞལ་བལྟ། །ཅེས་དགོངས་པའི་ངང་སྐྱོང་ངོ་། །ཐུན་ལས་ལྡང་བ་ན། ཟག་བཅས་ཟག་མེད་དགེ་ཚོགས་རྣམས། །འོད་གསལ་ཆེན་པོའི་དབྱིངས་སུ་བསྔོ། །སྣང་སྲིད་ཆོས་ཀུན་ཀ་ནས་དག །གདོད་མའི་གོ་འཕང་ཐོབ་གྱུར་ཅིག །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །དཔལ་ལྡན་བླ་མས་རྗེས་བཟུང་ཞིང་། །གསང་གསུམ་ཡོན་ཏན་ཕྲིན་ལས་བཅས། །ཐོབ་ནས་འགྲོ་བའི་དོན་བྱེད་ཤོག །དེ་ལྟར་ཉམས་ལེན་ཐུན་བཞི་རུ། །འབད་པས་བརྩོན་ན་ཚེ་འདི་ལ། །གྲོལ་བ་ལམ་འདིའི་ཁྱད་ཆོས་ཡིན། །འོན་ཀྱང་མོས་གུས་ལ་ལྟོས་སོ། །ནུབ་མོ་ཉལ་བའི་རྣལ་འབྱོར་ནི། །ཐུགས་ཀའི་བླ་མར་སེམས་གཏད་པས། །སྐུ་ལས་འོད་ཟེར་སྔོན་པོ་འཕྲོས། །སྲིད་ཞི་ཐམས་ཅད་འོད་མཐིང་གའི། །རྣམ་པར་བསྡུས་ནས་རང་ལ་ཐིམ། །རང་ཡང་འོད་ཞུ་བླ་མར་བསྡུ། །བླ་མ་ནམ་མཁར་འཇའ་ཡལ་བཞིན། །མཐིང་ག་ཁྱབ་པ་ཆེན་པོའི་ཀློང་། །རྟོག་པའི་སྤྲོ་བསྡུ་བྲལ་བཞུགས་ན། །གཉིད་ཀྱི་འོད་གསལ་ཟིན་པ་དང་། །ཀུན་བཟང་ཆོས་སྐུའི་ཉི་མ་འཆར། །ངོ་ཤེས་འཁྲུལ་པ་རུ་ལོག་ནས། །གདོད་མའི་གཏན་སྲིད་ཟིན་པར་འགྱུར། །ནམ་ཞིག་འཆི་བའི་དུས་བྱེད་ཚེ། །ནམ་མཁའ་སུམ་ཕྲུག་དགོངས་པ་ལ། །བརྟེན་ནས་ཆོས་སྐུའི་བཙན་ས་བཟུང་། །དབང་རྟུལ་བླ་མ་སྤྱི་བོར་བསྒོམ། །གསོལ་བཏབ་དབང་བླང་ཐུགས་ཡིད་བསྲེ། །རིག་པ་འོད་ཀྱི་གོང་བུའི་ནང་། །ཨ་ཡིག་འཚེར་བ་དང་བཅས་པ། །ཐུགས་ཀར་སྤར་ལ་དམིགས་པ་བསྐྱར། །དེ་ལྟར་བྱས་པས་དག་པའི་ཞིང་། །སྐྱེ་བར་འགྱུར་རམ་དལ་བའི་རྟེན། །ཆོས་ལྡན་ཐོབ་པར་གདོན་མི་ཟ། །གེགས་སེལ་བོགས་འདོན་གཞན་ལས་ཤེས། །དེ་ཀུན་རྩ་བའང་དད་མོས་ཡིན། །དེ་ཕྱིར་འདི་ལ་གཅེས་པར་གདམས། །ཅེས་པའང་མང་ཐོས་བསླབ་ལྡན་ཐུབ་བསྟན་ཆོས་འཕེལ་གྱིས་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དགོས་ཞེས་གསུང་བསྐུལ་གྱི་རྐྱེན་ལ་བརྟེན་ཆོས་ཀྱི་བློ་གྲོས་པས་གང་ཤར་ཐོལ་བྱུང་དུ་བྲིས་པ་འདིས་ཀྱང་བླ་མའི་བྱིན་རླབས་ཀྱི་བདུད་རྩི་སྙིང་དབུས་སུ་སིམ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
[edit]

dpal ldan bla ma'i rnal 'byor ye shes byin 'bebs bzhugs so/__/dad pa dang mos gus lam gyi srog tu bzung ste dbang dang sdom pas rgyud smin cing dam tshig rnam par dag pas 'di la brtson par bya ste/__de yang thog mar skyabs sems ni/__dbyings rig mtha' dbus bral ba'i klong /__/'gags med rang gdangs lhun grub rdzogs/__/ye shes thugs rje'i 'phro 'du la/__/dbyer med ngang nas skyabs su mchi/__hoHthog ma mtha' ma med pa'i bdag__/gzung 'dzin mtshan ma las 'das pa'i/__/'od gsal gnyug ma byang chub sems/__/ma bcos 'gro 'ong bral bar bzhag__/dngos gzhi ni/__AHchos kun 'od gsal stong pa'i mkhar/__/rang byung lhun grub 'ja' zer sbubs/__/rig pa kun byed rgyal po ni/__/rdo rje'i bla ma'i gzugs su snang /__/pad dkar zla ba rgyas pa'i steng /__/dri med dkar gsal zhi zhing 'dzum/__/sems nyid ngal bso'i phyag rgya can/__/spyan zung lta stangs thugs kar gtod/__/sde snod gsum mtshon paN zhu gsol/__/sku la chos gos rnam gsum mdzes/__/rdo rje'i skyil krung drang por bsrangs/__/skyabs kun 'dus pa'i ngo bor gsal/__tshogs bsags ni/__dbyings las skur bzhengs sprul pa'i lhar/__/mngon sum rig pas phyag 'tshal lo/__/byang chub sems kyi mchod sprin 'bul/__/sdig ltung don dam klong du bshags/__/nyams snang gong 'phel rjes yi rangs/__/tshad phebs chen po'i chos 'khor bskor/__/chos zad chen por bzhugs gsol 'debs/__/'pho chen rdo rje'i sku thob bsngo/__maN+Dal rgyas bsdus ci rigs phul/__gsol 'debs ni/__sku gsum rtsa gsum 'dus pa'i dngos/__/rigs kun khyab bdag bla ma la/__/gsol ba snying gi dkyil nas 'debs/__/dbang dang byin rlabs dngos grub stsol/__oM AHhU~M badz+ra ma hA gu ru sarba sid+d+hi hU~M/__gsang gsum phyag rgya'i rnam pa dang /__/'od zer bdud rtsi'i rgyun dpag med/__/byung ste rang gi spyi bor thim/__/sgrib dag dbang dang dngos grub thob/__/res 'ga' bla ma'i gsal snang 'don/__/snang grags chos nyid rol par blta/__/skabs su hU~M gi rtsal spyod la/__/lta dgongs rig pa gdengs bskyed do/__/pha sku bzhi'i dbang phyug bla ma rje/__/khyed thugs rje nus pa'i rtsal bskyed la/__/bdag gti mug 'khrul pa bsal du gsol/__/ye shes kyi sgron me sbar du gsol/__/dus da lta stan thog 'di nyid du/__/rje khyed dang mnyam par byin gyis rlobs/__dbang blang ba ni/__bla ma rang gi spyi bor byon/__/tshangs pa'i bu ga nas zhugs te/__/bde chen 'khor lor byon pa dang /__/bum dbang bskur zhing lus sgrib dag__/sprul sku'i sa bon rgyud la bzhag__/longs spyod 'khor lo'i lte bar byon/__/gsang dbang bskur zhing ngag sgrib dag__/gzhom med na dA'i rang sgra sgrogs/__/longs sku'i sa bon rgyud la bzhag__/tsit+ta chos kyi 'khor lor bzhugs/__/sher dbang bskur zhing yid sgrib dag__/bde stong dga' bzhi'i mchod pas mnyes/__/chos sku'i bag chags rgyud la bzhag__/lte ba sprul pa'i 'khor lor byon/__/bzhi pa'i dbang bskur 'pho sgrib dag__/rig stong chos sku'i btsan sa zin/__/ngo bo nyid sku thob par bsam/__/slar yang snying ga'i dbus su byon/__/tsit+ta 'od kyi gur khang du/__/'bral ba med par rtag bzhugs shing /__/rig pa ye shes klong du rdzogs/__/blta bya lta byed bral ba yi/__/dmigs gtad mtshan ma las 'das pa'i/__/don dam chos sku'i rang zhal blta/__/ces dgongs pa'i ngang skyong ngo /__/thun las ldang ba na/__zag bcas zag med dge tshogs rnams/__/'od gsal chen po'i dbyings su bsngo/__/snang srid chos kun ka nas dag__/gdod ma'i go 'phang thob gyur cig__/skye zhing skye ba thams cad du/__/dpal ldan bla mas rjes bzung zhing /__/gsang gsum yon tan phrin las bcas/__/thob nas 'gro ba'i don byed shog__/de ltar nyams len thun bzhi ru/__/'bad pas brtson na tshe 'di la/__/grol ba lam 'di'i khyad chos yin/__/'on kyang mos gus la ltos so/__/nub mo nyal ba'i rnal 'byor ni/__/thugs ka'i bla mar sems gtad pas/__/sku las 'od zer sngon po 'phros/__/srid zhi thams cad 'od mthing ga'i/__/rnam par bsdus nas rang la thim/__/rang yang 'od zhu bla mar bsdu/__/bla ma nam mkhar 'ja' yal bzhin/__/mthing ga khyab pa chen po'i klong /__/rtog pa'i spro bsdu bral bzhugs na/__/gnyid kyi 'od gsal zin pa dang /__/kun bzang chos sku'i nyi ma 'char/__/ngo shes 'khrul pa ru log nas/__/gdod ma'i gtan srid zin par 'gyur/__/nam zhig 'chi ba'i dus byed tshe/__/nam mkha' sum phrug dgongs pa la/__/brten nas chos sku'i btsan sa bzung /__/dbang rtul bla ma spyi bor bsgom/__/gsol btab dbang blang thugs yid bsre/__/rig pa 'od kyi gong bu'i nang /__/a yig 'tsher ba dang bcas pa/__/thugs kar spar la dmigs pa bskyar/__/de ltar byas pas dag pa'i zhing /__/skye bar 'gyur ram dal ba'i rten/__/chos ldan thob par gdon mi za/__/gegs sel bogs 'don gzhan las shes/__/de kun rtsa ba'ang dad mos yin/__/de phyir 'di la gces par gdams/__/ces pa'ang mang thos bslab ldan thub bstan chos 'phel gyis skyabs rje rgyal tshab rin po che 'gyur med pad+ma rnam rgyal la brten pa'i bla ma'i rnal 'byor dgos zhes gsung bskul gyi rkyen la brten chos kyi blo gros pas gang shar thol byung du bris pa 'dis kyang bla ma'i byin rlabs kyi bdud rtsi snying dbus su sim pa'i rgyur gyur cig__/mang+ga laM//____//

Footnotes

Other Information