JKCL-KABUM-04-NGA-054

From Khyentse Lineage - A Tsadra Foundation Project

དཔལ་ལྡན་བླ་མ་རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམ་རྒྱལ་གྱི་རྟོགས་བརྗོད་མདོར་བསྡུས་དད་པའི་འཇུག་ངོགས།
Wylie title dpal ldan bla ma rdo rje 'chang 'gyur med pad+ma rnam rgyal gyi rtogs brjod mdor bsdus dad pa'i 'jug ngogs JKCL-KABUM-04-NGA-054.pdf
Location chos kyi blo gros bka' 'bum
Volume 4, Text 54, Pages 371-592 (Folios 1a to 111b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People འགྱུར་མེད་པདྨ་རྣམ་རྒྱལ་ (Zhechen Gyaltsab, 4th)
Citation 'jam dbyangs mkhyen brtse chos kyi blo gros. dpal ldan bla ma rdo rje 'chang 'gyur med pad+ma rnam rgyal gyi rtogs brjod mdor bsdus dad pa'i 'jug ngogs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 371-592. Bir, H.P.: Khyentse Labrang, 2012.
Genre Biographies - Hagiography - rnam thar
Colophon

།ཅེས་པའང་དཔལ་མགོན་བླ་མ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ཞལ་སྐྱིན་འགྱུར་མེད་པདྨ་རྣམ་རྒྱལ་གྱི་རྟོགས་བརྗོད་མདོར་བསྡུས་དད་པའི་འཇུག་ངོགས་ཅེས་བྱ་བ་འདི་ཡང་དབོན་མཁྱེན་རབ་མཆོག་རྒྱས་དགེ་ལེགས་རྒྱ་མཚོ་དང་བྲག་ཡབ་ཞིང་སྐྱོང་བཅས་ནས་རྗེ་བླ་མའི་བསྟན་བཅོས་རྩོམ་གཞིའི་ཕྱག་གམ་བྱིན་རླབས་ཀྱི་གཟི་འོད་འཕྲོ་བའི་གནང་སྐྱེས་དང་བཅས་བྲི་བར་བསྐུལ་ཞིང་རྡོ་རྗེའི་མཆེད་པོ་འཇམ་མགོན་གུ་ཎ་ས་ག་རའི་མཆོག་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་གྲུབ་ན་ལེགས་པའི་གསུངས་བསྐུལ་མཛད་ཀྱང་། བདག་ཉིད་རྗེ་བླ་མ་འདི་ཉིད་ཀྱི་ཞབས་པད་བརྟེན་ཡུན་ཐུང་བ་དང་། གསང་བ་བསྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་ཐུན་མིན་གྱི་རྟོགས་བརྗོད་སུ་ལའང་བཀའ་སྩལ་མེད་པས་རྣམ་ཐར་འབྲི་རྒྱུས་ཕོངས་པ་དང་། ཐུན་མོང་གི་རྟོགས་བརྗོད་ཀྱང་ཕྱག་ཐོ་སོགས་གསལ་པོར་མེད་པས་རྒྱས་པར་འབྲི་བ་རྔོ་མ་ཐོགས་ཀྱང་། རང་གིས་སྔར་བྲིས་པའི་དམ་པའི་རྣམ་ཐར་སྤྱིར་བསྔགས་པའི་རྣམ་ཐར་གསོལ་འདེབས་ཀྱི་དོན་འགྲེལ་མདོར་བསྡུས་སུ་སྐྱབས་མཆོག་འཁོར་ལོའི་མགོན་པོ་དེ་ཉིད་ཀྱི་བཀའ་འབང་གི་གྲལ་མཐར་འཁོད་ཅིང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བྱིན་རླབས་ཀྱི་ཆ་ཤས་ཙམ་ཐོབ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོས་སྨོས་རིམ་བཞིན་ཡི་གེའི་བྱེད་པོ་རང་སློབ་མཆོག་སྤྲུལ་འགྱུར་མེད་བསྟན་འཛིན་གྱིས་བགྱིས་པ་འདི་ལ་སྒྲོ་བསྐུར་གྱི་སྐྱོན་མཆིས་ན་དཔལ་མགོན་ཐུགས་རྗེའི་བདག་ཉིད་ཅན་ལ་བཟོད་པར་གསོལ་ཞིང་ལེགས་པའི་དགེ་བས་བདག་གཞན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །ཤུ་བྷམ་སྟུ་སརྦ་ཛ་ག་ཏཱཾ།།

/ces pa'ang dpal mgon bla ma khyab bdag rdo rje sems dpa'i zhal skyin 'gyur med pad+ma rnam rgyal gyi rtogs brjod mdor bsdus dad pa'i 'jug ngogs ces bya ba 'di yang dbon mkhyen rab mchog rgyas dge legs rgya mtsho dang brag yab zhing skyong bcas nas rje bla ma'i bstan bcos rtsom gzhi'i phyag gam byin rlabs kyi gzi 'od 'phro ba'i gnang skyes dang bcas bri bar bskul zhing rdo rje'i mched po 'jam mgon gu Na sa ga ra'i mchog sprul rin po che'i zhal snga nas kyang grub na legs pa'i gsungs bskul mdzad kyang /__bdag nyid rje bla ma 'di nyid kyi zhabs pad brten yun thung ba dang /__gsang ba bsrung ba la thugs shin tu sgam pas thun min gyi rtogs brjod su la'ang bka' stsal med pas rnam thar 'bri rgyus phongs pa dang /__thun mong gi rtogs brjod kyang phyag tho sogs gsal por med pas rgyas par 'bri ba rngo ma thogs kyang /__rang gis sngar bris pa'i dam pa'i rnam thar spyir bsngags pa'i rnam thar gsol 'debs kyi don 'grel mdor bsdus su skyabs mchog 'khor lo'i mgon po de nyid kyi bka' 'bang gi gral mthar 'khod cing 'jam dbyangs mkhyen brtse'i dbang po'i byin rlabs kyi cha shas tsam thob pa 'jam dbyangs blo gros rgya mtsho dpal bzang pos smos rim bzhin yi ge'i byed po rang slob mchog sprul 'gyur med bstan 'dzin gyis bgyis pa 'di la sgro bskur gyi skyon mchis na dpal mgon thugs rje'i bdag nyid can la bzod par gsol zhing legs pa'i dge bas bdag gzhan thams cad kyi rgyud la ye shes gzigs pa'i byin rlabs myur du 'jug pa'i rgyur gyur cig__/shu b+ham stu sarba dza ga tAM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམ་རྒྱལ་གྱི་རྟོགས་བརྗོད་མདོར་བསྡུས་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །དཔལ་གྱི་འབྱུང་གནས་བདེ་ཆེན་པདྨའི་རྒྱལ། །ཡེ་ཤེས་སྒྱུ་མའི་གར་གྱིས་ས་གསུམ་གཡོ། །དཔལ་ལྡན་དང་པོའི་རྡོ་རྗེས་ཤིས་པ་སྩོལ། །དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྐུ། །མཁྱེན་བརྩེ་ནུས་པ་ནམ་མཁའི་མཐའ་ཀླས་ཟབ་རྒྱས་ཆོས་ཀྱི་གསུང་དབྱངས་སྒྲོགས། །གང་ཐུགས་འོད་གསལ་ཆོས་དབྱིངས་ཆེན་པོར་རྟག་ཏུ་མི་གཡོ་སྙོམས་པར་འཇུག །སྐྱབས་ཀུན་འདུས་ཞལ་རིགས་རྣམས་ཀུན་བདག་དཔལ་ལྡན་བླ་མར་ཕྱག་བགྱིའོ། །གཟོད་ནས་མངོན་པར་བྱང་ཆུབ་མཆོག་བརྙེས་ཀྱང་། །ཐུགས་རྗེའི་ཕྱག་གིས་སྲིད་འདི་མི་གཏོང་ཞིང་། །ཤཱཀྱའི་རྒྱལ་ཚབ་མཚོ་སྐྱེས་རྡོ་རྗེ་ཡི། །ཞབས་ལ་ཡན་ལག་མཆོག་གིས་གུས་པས་བཏུད། །གངས་རིའི་ཁྲོད་འདིར་མདོ་སྔགས་ཤིང་རྟ་རྣམས། །འདྲེན་མཛད་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། །བཀའ་གཏེར་བཤད་སྒྲུབ་རིག་འཛིན་བརྒྱུད་པ་ལ། །མི་ཕྱེད་གུས་པའི་མེ་ཏོག་ཡང་ཡང་འཐོར། །རྒྱལ་ཀུན་གསང་བའི་མཛོད་འཛིན་ལག་ན་རྡོ་རྗེ་ཅན། །འཇིག་རྟེན་མིག་གཅིག་ལོ་ཙཱ་ཆེན་པོ་རྣམ་སྣང་གསུངས། །འགྱུར་མེད་བདེན་དོན་གཟིགས་མཁས་ཡེ་ཤེས་རྡོ་རྗེའི་སྐུ། །སྔ་འགྱུར་བསྟན་པའི་ཉི་མ་གཏེར་ཆེན་བླ་མར་འདུད། །འཇམ་དཔལ་དབྱངས་དངོས་མཁྱེན་དང་བརྩེ་བའི་གཏེར། །ཆོས་ཀྱི་ཤིང་རྟ་བློ་གྲོས་ཕ་མཐའ་ཡས། །ཕྱོགས་ལས་རྣམ་རྒྱལ་མི་ཕམ་ཆོས་ཀྱི་རྗེ། །འཇམ་མགོན་ཡབ་སྲས་སྙིང་གི་པདྨོར་རོལ། །གང་གི་གསང་བ་གསུམ་གྱིས་བྱིན་བརླབས་པ། །འཇམ་དབྱངས་བླ་མ་མཁས་གྲུབ་རྒྱ་མཚོའི་སྡེ། །རྩོད་དུས་ཀུན་མཁྱེན་གཉིས་པའི་རྣམ་ཐར་མངའ། །རབ་འབྱམས་ཤེས་བྱ་ཀུན་གཟིགས་ཆོས་ཀྱི་རྗེ། །རྣམ་ཐར་རྒྱ་མཚོའི་ཀླུང་ཆེན་འཁྱིལ་པ་ལ། །རྨོངས་བློའི་སྐྲ་རྩེས་བགྲངས་པར་མི་ནུས་ཀྱང་། །རང་གཞན་དད་པའི་གསོས་སུ་འགྱུར་བའི་ཕྱིར། །ཤས་ཙམ་བརྗོད་འདིར་བླ་མས་ཤིས་པ་སྩོལ། །ཅེས་གུས་པའི་ཕྱག་དང་ཤིས་པའི་ཚིག་གིས་དགེ་ལེགས་ཀྱི་པད་ཚལ་ཡངས་པོར་ཕྱེས་ནས། གང་གླེང་བར་བྱ་བ་ནི། བདག་ཅག་རྣམས་ཀྱི་སྐྱབས་གཅིག །སྙིགས་དུས་བསྟན་འགྲོའི་དཔུང་གཉེན་མ་རིག་མུན་པ་སེལ་བའི་སྒྲོན་མེ། འཁོར་བའི་རྒྱ་མཚོ་ལས་བརྒལ་ནས་ཡང་དག་ཐར་གླིང་བགྲོད་པའི་དེད་དཔོན་ཁམས་གསུམ་འགྲོ་བ་ལྷ་དང་བཅས་པའི་གཙུག་གི་ནོར་བུ་འོད་སྟོང་འཕྲོ་བས་ཞབས་ཀྱི་པདྨོ་ལ་འདུད་པ། ཆོས་ཀྱི་རྗེ། ཆོས་ཀྱི་དབང་ཕྱུག །ཆོས་དམ་པའི་འབྱོར་པ་ཕུན་སུམ་ཚོགས་པས་བརྒྱན་པ་མཚན་བརྗོད་པར་དཀའ་ཡང་། དོན་གྱི་སླད་དུ་མཚན་ནས་སྨོས་ན། འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་སྡེའམ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོ་ཞེས་མཚན་གྱི་སྙན་པ་སྲིད་ཞིའི་བླ་ན་མངོན་པར་མཐོ་བ་འདི་ཉིད། ངེས་པའི་དོན་དུ་སྲིད་ཞི་ཀུན་གྱི་མགོན་པོ་ཁྱབ་བདག་འོད་མི་འགྱུར་བའི་ངོ་བོར་བཞུགས་ཤིང་འཕོ་འགྱུར་སྤྲོས་པའི་མཚན་མ་རྡུལ་ཙམ་མ་དམིགས་ཀྱང་། དམིགས་མེད་ཡེ་ཤེས་ཆེན་པོའི་ཐུགས་རྗེའི་རང་གདངས་འགགས་པ་མེད་པ་ལས། རང་སྣང་འོག་མིན་ཆེན་པོར་ལོངས་སྤྱོད་རྫོགས་པ་སྐུ་ཡི་ཞིང་ཁམས་ཀྱི་སྤྲིན་ཆེན་པོ་ཚད་མེད་པ་བཀོད་དེ། རང་ལས་དགོངས་པ་མི་གཞན་པའི་རིགས་ལྔའི་འཁོར་རྒྱལ་བ་རྒྱ་མཚོར་རང་སྣང་གི་དགོངས་པའི་ཆོ་འཕྲུལ་མཐའ་ཀླས་པ་རྒྱལ་བ་ཉིད་ཀྱི་སྤྱོད་ཡུལ་ཁོ་ནར་གྱུར་པ་དང་། དེ་ལས་མེ་ལོང་གི་བྱད་ལྟར་ཕྱེད་སྤྲུལ་ལོངས་སྐུའི་ཞིང་དུ་རྒྱུད་ཐ་དད་པའི་འཁོར་རྒྱལ་བ་སེམས་དཔའ་དང་རིག་འཛིན་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་ལ། སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས་འདུལ་ཐབས་ཚད་མེད་པས་ལུང་དུ་སྟོན་པ་དང་། དབུགས་དབྱུང་བས་འབྲས་བུའི་ས་མཆོག་ལ་སྦྱོར་བར་མཛད་ཅིང་ཞིང་དང་སྟོན་པ་དེ་ཡི་བྱིན་བརླབས་ཀྱིས་མ་དག་འཇིག་རྟེན་གྱི་ཁམས་སུ་འགྲོ་འདུལ་སྤྲུལ་པ་ཚད་མེད་པ་བྱིས་བློས་དཔག་པར་དཀའ་བའི་བཟོ་དང་སྐྱེ་བ་སོགས་དག་དང་མ་དག་གི་རོལ་པ་ཅིར་ཡང་འཆར་བ་དང་། དེ་ལས་ཁྱད་པར་དུ་མཆོག་གི་སྤྲུལ་པའི་སྐུ་སྤང་རྟོགས་ཀྱི་ཡོན་ཏན་རྒྱ་མཚོའི་མངའ་བདག་རྐང་གཉིས་རྣམས་ཀྱི་ཁྱུ་མཆོག་ཐུབ་དབང་ཤཱཀྱའི་རྒྱལ་པོ་སོགས་ཀྱི་སྐུ་ཡི་སྣང་བ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཚད་མེད་པའི་གདུལ་བྱ་རྣམས་ལ་ཆོ་འཕྲུལ་ཆེན་པོའི་འདུལ་བ་རྣམ་པ་བཞིས་སྒོ་ནས་ནམ་མཁའ་ཇི་སྲིད་ཀྱི་བར་དུ་འགྲོ་བའི་དོན་མཐའ་ཡས་པ་འབྱུང་བ་ལས། བྱེ་བྲག་འཛམ་གླིང་ཆུང་ངུའི་ཡུལ་དབུས་ཀྱི་ལྟེ་བ་བྱང་ཆུབ་ཀྱི་ལྗོན་པས་མཚན་པའི་གནས་མ་ག་དྷ་རྡོ་རྗེའི་གདན་ནས་བྱང་ནས་བྱང་དུ་བགྲོད་པ་ན། ས་ཡི་ཆ་ཐམས་ཅད་གླང་ཆེན་གྱི་གཙུག་ལྟར་མཐོ་ཞིང་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས་གཙང་ཞིང་བསིལ་ལ་མི་རྣམས་དཀར་པོའི་ཆོས་ལ་སྤྱོད་པའི་སྐལ་བ་ཅན་སྙིང་རྗེའི་དབང་ཕྱུག་འཕགས་མཆོག་ལག་ན་པདྨོའི་ཕྱག་མཚན་དུ་བཞེས་པའི་བོད་ཁ་བ་ཅན་གྱི་ལྗོངས་འདིར་སྙིང་རྗེའི་དབང་ཕྱུག་གི་ཐུགས་རྗེའི་ཟླ་གཟུགས་གདུལ་བྱའི་དད་མོས་ཀྱི་དྭངས་ཤེལ་གཙང་མའི་ས་གཞིར་འཕོས་པ་ལས། སྐྱེ་དགུའི་བསོད་ནམས་ཀྱི་མགོན་དུ་བྱོན་པའི་སྤྲུལ་པའི་རྒྱལ་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཐུགས་བསྐྱེད་མཚུངས་པ་མེད་པའི་ཤིང་རྟས་རྫོགས་ལྡན་ཆོས་ཀྱི་སྣང་བའི་དགའ་སྟོན་གསར་དུ་འདྲེན་པའི་དཔུང་གཉེན་དུ། ཨཽ་ཌི་ཡཱ་ནའི་སློབ་དཔོན་ཆེན་པོ་པདྨ་ལས་གྲོལ་སྤྱན་དྲངས་པའི་ཐུགས་རྗེའི་བྱིན་རླབས་ཀྱི་སྤྲིན་ཆེན་པོ་ལྗོངས་འདིའི་མཁའ་ལ་ནུབ་པ་མེད་པར་རྟག་ཏུ་འཆར་བ་ལས་ཉིད་དང་དགོངས་པ་མཉམ་པའི་རྗེ་འབངས་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་རྣམས་ཀྱིས་དངོས་དང་བྱིན་གྱིས་བརླབས་པའི་སྤྲུལ་པ་བྱམས་ཆེན་རྒྱལ་བའི་བསྟན་པ་མ་ཤར་གྱི་བར་དུ་དངོས་སྦས་ཅི་རིགས་པར་བྱོན་པ་ལ། དུས་ལས་ཡོལ་བ་ཅུང་ཟད་ཀྱང་མངའ་བ་མ་ལགས་ཏེ། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་རྣམས་ཀྱི། །དུས་རླབས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཅེས་དང་། ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་ལས། །སེམས་ཅན་ཀུན་གྱི་ཚོགས་ཆེན་པོར། །ཇི་སྲིད་རྣམ་པར་གནས་དེ་སྲིད། །སངས་རྒྱས་སྤྲུལ་པ་རྒྱུན་མི་ཆད། །གྲོལ་བའི་ཆོས་ཀྱང་ནུབ་པ་མེད། །ཅེས་དང་། རྒྱལ་ཚབ་བྱམས་མགོན་ཆེན་པོས། །དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་བའི་དུས་དང་རྒུད་པའི་དུས་ནའང་བདེ། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། ཅེས་གསུངས་པ་ལྟར་རོ།

།དེས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི། འཁོར་བ་ན་ཉེས་པའི་སྐྱོན་གྱིས་མ་གོས་པ་འདམ་གྱི་པདྨ་ལྟར་དག་ཅིང་གཙང་བ། བྱ་དཀའི་གནས་སོགས་ལ་སྐྱོ་ངལ་མེད་པ། གཞན་གྱི་དོན་གཙོ་བོར་བྱེད་ཅིང་རང་བདེ་དོན་གཉེར་གྱི་ཞི་བའི་མཐའ་ལ་གཞོལ་བའི་སྐབས་མ་མཆིས་ཤིང་། སྙིང་རྗེའི་གཞན་དབང་གི་ཆུ་གཏེར་ཆེན་པོ་གཡས་སུ་འཁྱིལ་བར་དཔལ་ལྡན་བྱང་ཆུབ་སེམས་ཀྱི་ཀླུ་དབང་དགྱེས་པར་རོལ་པ་ལ། བསྡུ་བ་རྣམ་བཞི་སོགས་བྱང་ཆུབ་སྤྱོད་པའི་ཆུ་ཀླུང་ཆེན་པོ་དལ་གྱིས་འབབ་པས་བསྟན་འགྲོའི་སྙིགས་མའི་དུས་ཀྱི་རྒུད་པའི་མེ་དབལ་དྲག་པོས་གཟིར་བ་རྣམས་བྱམས་ཐུགས་བརྩེ་བའི་ཆབ་ཀྱིས་ལེགས་པར་བསིལ་བར་མཛད་པའི་ངལ་གསོའི་གོ་འཕང་མཆོག་སྦྱིན་པ་ལ་ནམ་ཡང་བསྙེལ་བ་མེད་པའི་སྙིང་སྟོབས་ཀྱི་རྡོ་རྗེའི་ཡ་ལད་བགོས་ཤིང་། བསླབ་པའི་ཚུལ་ཁྲིམས་ཀྱི་ནོར་བུ་རིན་པོ་ཆེའི་འབྱོར་པ་ཕུན་སུམ་ཚོགས་པས་ཡོངས་སུ་ཕྱུག་པའི་རྣམ་རྒྱལ་ལྷ་ཡི་བ་གམ་མཐོན་པོར་ཏིང་ངེ་འཛིན་གྱི་ལུས་སྟོབས་རབ་ཏུ་རྒྱས་ཤིང་། མི་བརྗེད་པའི་གཟུངས་དང་སྤོབས་པ་མངོན་ཤེས་དྲན་པའི་དཔལ་ཕུན་སུམ་ཚོགས་པ་དང་། ཚད་མེད་རྣམ་བཞིའི་ཡན་ལག་བཟང་པོ་དང་ལྡན་པ། ལྷག་པའི་ཤེས་རབ་ཀྱི་རལ་གྲི་སྔོ་སངས་ནམ་མཁའི་མདངས་འོད་ཀྱིས་མུན་པའི་ཁང་བུར་ཞུགས་པའི་ཐེ་ཚོམ་གྱི་བློ་ཅན་དང་། གཞན་འཕྲུལ་བདག་པོའི་མདའ་ལྔ་སྙིང་ལ་ཟུག་པ་སྡེར་བཅས་ཀྱི་མགོ་བོ་དྲུང་ནས་གཅོད་ཅིང་། སྐལ་ལྡན་ལས་འཕྲོ་ཅན་རྣམས་བློ་གྲོས་ཀྱི་པདྨོ་ཡོངས་སུ་འབྱེད་པར་མཛད་པའི་བསྟན་འཛིན་གྱི་སྐྱེས་བུ། མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པས་རང་སྣང་དབང་དུ་འདུས་ཤིང་གཞན་སྣང་ཟིལ་གྱིས་གནོན་པ་ལ་ཞུམ་པ་མེད་ཅིང་། ཕྲིན་ལས་རྣམ་བཞི་འབད་མེད་དུ་གྲུབ་པ་དང་། ཐུགས་ཀྱི་དགོངས་པ་གཏད་པ་ཙམ་གྱི་མོད་ལ་ཀུན་བཟང་ཆོས་སྐུའི་དགོངས་པ་མངོན་སུམ་ལག་མཐིལ་དུ་སྟོན་པར་ནུས་པའི་རིགས་ཀྱི་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་ཆེན་པོ་འདི་ཉིད་ཀྱི་སྐུའི་སྐྱེ་བའི་ཕྲེང་བ་ནི། བོད་ཆེན་པོའི་ལྗོངས་འདིར་སྔ་འགྱུར་བསྟན་པའི་སྣང་བྱེད་མཚུངས་ཟླ་མ་མཆིས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་ཞེས་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དང་རྣམ་དབྱེར་མ་མཆིས་པ་དེ་ཉིད་ཀྱི་ཐུགས་སྲས་ཡོངས་ཀྱི་ཐུ་བོ། དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་གྱི་རྣམ་འཕྲུལ་ཞྭ་ལམ་རབ་འབྱམས་པ་ཆེན་པོ་བསྟན་པའི་རྒྱལ་མཚན་གྱི་ཆོས་ཀྱི་སྲས་གཅིག་པུར་གྱུར་པ་གྲུབ་དབང་པདྨ་རྒྱལ་མཚན་ཞེས་སྒྲུབ་བརྩོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་ཉིད་ནི་འཕགས་ཡུལ་གྱི་གྲུབ་པའི་སློབ་དཔོན་ཆེན་པོ་པྲ་བྷ་ཧསྟི། གནུབས་སྟོན་ནམ་མཁའི་སྙིང་པོ། བླ་ཆེན་དགོངས་པ་རབ་གསལ། ལང་ལབ་བྱང་ཆུབ་རྡོ་རྗེ། རྗེ་བཙུན་ཏཱ་ར་ནཱ་ཐ། རིག་འཛིན་གཏེར་བདག་གླིང་པ་སོགས་དང་། གཞན་ཡང་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་ལ་རྗེ་བཙུན་མི་ལས་ཞལ་གཟིགས་སྟེ་ཁྱོད་ཁོ་བོའི་ཐུགས་སྲས་རས་ཆུང་པའི་སྐྱེ་བ་ཡིན། ད་དུང་ཀྱང་རས་པ་ཞི་བ་འོད་དང་། དྭགས་པོ་རིན་པོ་ཆེའི་རྣམ་འཕྲུལ་ཁྱེད་ཀྱི་སྐྱེ་མཐའི་མིང་ཐོགས་པ་ལ་འབྱུང་ཞེས་ལུང་བསྟན་པ་ལྟར་བདག་ཅག་གི་དཔལ་མགོན་བླ་མ་འདི་སྙི་སྒོམ་ཆེན་པོའི་རྣམ་རོལ་དུ་གྲགས་པས་དྭགས་ཞུ་དབུ་ལ་བཞེས་པ་ཙམ་གྱིས་གདུལ་བྱ་རྣམས་ཀྱིས་མཇལ་ཚེ་ཐ་མལ་གྱི་སྣང་བ་རང་འགགས་སུ་འགྲོ་བའི་དད་མོས་དབང་མེད་དུ་སྐྱེ་བ་ཞིག་ཡོད་པར་གྲགས་པས་མཚོན་འགྲན་བྲལ་གྱི་མཁས་གྲུབ་དུ་མའི་སྐྱེ་བའི་ཕྲེང་བ་བརྒྱུད་མར་བྱོན་པའི་མཐར། རྗེ་འདི་ཉིད་མདོ་ཁམས་ལྷོ་རྒྱུད་དུ་འཁྲུངས། དགུང་ལོ་བཅུ་གསུམ་པའི་ཐོག་ནས་ཆོས་བྲོས་ལ་བྱོན་ཏེ་ཚེ་རབས་ནས་འབྲེལ་བའི་བླ་མ་རབ་འབྱམས་བསྟན་པའི་རྒྱལ་མཚན་གྱི་ཞབས་པད་མཉེས་པ་གསུམ་གྱིས་བརྟེན་ནས་ལོ་དགུའི་བར་འབྲལ་མེད་དུ་འགྲོགས་ཅིང་གདམས་ངག་གི་ཞུན་ཐར་བཅད། རྗེ་རབ་འབྱམས་པ་གཤེགས་རྗེས། ཁོང་རང་དགུང་གྲངས་ཉེར་དྲུག་ནས་བརྩམས་སྐབས་གསེང་ཕྲན་བུ་མ་གཏོགས་སྒྲུབ་པ་ཉམས་ལེན་ཁོ་ན་གཙོ་བོར་བཏོན་པས། ཁྱོན་དྲིལ་ལོ་མཚམས་ཞེ་བདུན་སོང་། བར་སྐབས་རྣམས་སུ་རྗེ་རབ་འབྱམས་པའི་ཡང་སྲིད་ཁྲི་འདོན་དང་། ཕྱིས་ཆོས་གྲྭ་འདི་ཉིད་བཞེངས་པའི་སྐབས་སོགས་སུ་ཞབས་ཏོག་ཕུལ་དུ་བྱུང་བར་མཛད་པས་ཆོས་སྡེ་འདི་ཉིད་ཚུགས་པའི་བདག་རྐྱེན་ཐུན་མིན་གྲུབ་དབང་འདི་དང་། རྭ་ལོ་རྡོ་རྗེ་གྲགས་པའི་རྣམ་འཕྲུལ་སིབ་རྫོགས་ཆེན་དགོན་པའི་བླ་མ་ཨོ་རྒྱན་བསམ་གཏན་སྐུ་ཕྲེང་གོང་འོག་ཡིན་པ་རབ་འབྱམས་གཉིས་པའི་རྣམ་ཐར་དུ་གསལ། བླ་མ་དང་ལྷག་པའི་ལྷས་རྗེས་སུ་བཟུང་བས་མི་མིན་འབྱུང་པོ་དམ་ལ་ཉན། དབུ་རལ་གྱིས་མཚོན་ཆའི་འཇིགས་པ་བསྲུང་བ་སོགས་གྲུབ་པའི་རྟགས་མཚན་མངོན་དུ་བརྙེས།

སྐུ་གཤེགས་སྐབས་ས་གཡོ་བ་སོགས་སྐྱེས་བུ་དམ་པ་ས་ནས་སར་འཕར་བའི་ལམ་རྟགས་ཡ་མཚན་པ་དང་། སྐུ་གདུང་ཞུགས་ལ་ཕུལ་བར་དབུ་ཐོད་མ་ཉམས་པར་བཛྲ་གུ་རུ་རང་བྱོན་གསལ་དག་དང་། ཐུགས་ཞུན་ཐིག་ལྕགས་གཅོད་དབང་མདོག་ཏུ་འགྲིལ་བ་སོགས་རྡོ་རྗེ་འཛིན་པ་མཆོག་གི་ཆེ་བའི་ཡོན་ཏན་རྫོགས་པ་དེས། སྔར་རང་ཉིད་ཞལ་བཞུགས་དུས་ནས་ལུང་བསྟན་པ་བཞིན་དུ། མངའ་བདག་ཆོས་ཀྱི་རྒྱལ་པོའི་གདུང་བརྒྱུད་ཞིག་ཁམས་སུ་འཕོས་པར་གྲགས་ཤིང་སྤྲུལ་པའི་གཏེར་ཆེན་ཡོན་སྨྱོན་མི་འགྱུར་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མ་བྱོན་པའི་དབོན་བརྒྱུད་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་ལྕགས་འབྲུག་ཧོར་ཟླ་དང་པོའི་ཚེས་གཅིག་ལ་རིགས་ཞང་སེ་བོ་སྔགས་པ་ཉི་མ་ཐག་བཏོད་ཀྱི་ཁྱིམ་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། ཟླ་ངོ་མཐོང་ཙམ་ནས་ང་བླ་མ་པད་རྒྱལ་ཡིན་ཡང་ཡང་གསུངས་པ་དང་། སི་ཏུ་ཀུན་མཁྱེན་དྷརྨཱ་ཀ་ར་སོགས་ཀྱིས་ལུང་བསྟན་པ་བཞིན་རྗེ་དབོན་སངས་རྒྱས་རབ་བརྟན་སོགས་ཀྱིས་གོང་མའི་གདན་ས་གཤོང་ནག་རི་ཁྲོད་དུ་སྤྱན་དྲངས། སིབ་སྤྲུལ་པདྨ་དབང་རྒྱལ་གྱིས་གཙུག་ཕུད་བཞེས་ནས་མཚན་པདྨ་གསང་སྔགས་བསྟན་འཛིན་དུ་གསོལ། དགུང་གྲངས་བདུན་པའི་ཐོག་ནས་ཞེ་ཆེན་དུ་བྱོན་ནས་རབ་འབྱམས་གཉིས་པའི་ཞབས་པད་བསྟེན། བླ་སློབ་སྐྱེ་བ་དུ་མར་འབྲེལ་བ་དང་། སྐུ་ཚེ་འདིར་ཡང་དོན་བརྒྱུད་ཀྱི་རྒྱལ་ས་འཛིན་པའི་རྟེན་འབྱུང་ལ་དགོངས་པས་དགྱེས་པའི་དབུགས་དབྱུང་བཅས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུས་རྗེས་སུ་བཟུང་། ལྷག་པར་ཕུར་པའི་སྒྲོལ་དབང་གི་སྐབས་སུ་བླ་མ་རྡོ་རྗེ་གཞོན་ནུའི་སྐུར་མངོན་སུམ་དུ་གཟིགས་ཤིང་རང་ཉིད་ལང་ལབ་བྱང་ཆུབ་རྡོ་རྗེ་ཡིན་པའི་ཐུགས་ཤེས་གསལ་པོར་འཁྲུངས། གཞན་ཡང་དུས་སྔ་ཕྱི་ཅི་རིགས་པར་གནུབས་ནམ་སྙིང་། བླ་ཆེན་དགོངས་པ་རབ་གསལ། ཇོ་ནང་རྗེ་བཙུན། སྨིན་གླིང་གཏེར་ཆེན་སོགས་ངོས་ཟིན་པ་དང་། མི་ཟིན་པའི། རྒྱལ་པོ། རབ་བྱུང་། སྔགས་འཆང་། གཏེར་སྟོན། ཁྱིམ་པ། བུད་མེད། རྣལ་འབྱོར་པ་སོགས་སྐུ་སྐྱེ་སྔ་མའི་བག་ཆགས་མང་པོ་སད་པའི་རྐྱེན་གྱིས་མཁྱེན་རྟོགས་ཀློང་ནས་རྡོལ། དགུང་ལོ་བརྒྱད་པའི་ཐོག་དག་པའི་སྣང་བར་གུ་རུ་རིན་པོ་ཆེ་མཇལ་ཞིང་གསོལ་བ་བཏབ་པས་གུ་རུའི་ཐུགས་ཀ་ནས་འཇའ་འོད་སྣ་ལྔའི་ཟེར་ཐག་འཕྲོས་པ་སྐུ་ལ་ཕོག་པའི་རྐྱེན་གྱིས་གུ་རུའི་སྐུ་དང་དབྱེར་མེད་དུ་འདྲེས་ནས་རིག་པ་གཏད་མེད་དུ་སོང་སྟེ་ཐུགས་རྒྱུད་ཀྱི་བྱིན་རླབས་འཕོས་པ་སོགས་དག་པའི་གཟིགས་སྣང་མཐའ་ཡས་པ་ཤར། དགུང་གྲངས་བཅུ་གཅིག་པའི་མཇུག་ཐོག་རྗེ་རབ་འབྱམས་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཕོ་བའི་དབང་བསྐུར་དང་བཅས་ཏེ་དོན་གྱི་བསྟན་པ་གཏད་ནས་རྒྱལ་ཚབ་ཏུ་མངའ་གསོལ་ཏེ་སྤྲུལ་པ་བསྡུས་པས། བཅུ་གཅིག་ནས་གཞན་དོན་གྱི་ཕྲིན་ལས་སྐྱོངས། རྡོར་བྲག་ཞབས་དྲུང་པདྨའི་མཚན་ཅན་གྱིས་དག་སྣང་པདྨ་དྲག་པོའི་ཆོས་བདག་དང་ནམ་སྙིང་སྤྲུལ་པར་དབུགས་དབྱུང་། ཀཿཐོག་རྨོག་གྲུབ་ནམ་མཁའ་ཆོས་དབང་ནས་དག་སྣང་མཁའ་འགྲོ་བཀའ་བརྒྱད་ཀྱི་ཆོས་བདག་དང་སློབ་དཔོན་པྲ་བྷ་ཧསྟིའི་རྣམ་འཕྲུལ་དུ་ངོས་བཟུང་ནས་ཀེ་སྟོད་འགྱིང་ང་བྲག་དཀར་དུ་ཚེ་གཅིག་སྒྲུབ་ལ་གཞོལ་ན་ཟག་ཟད་འོད་སྐུར་གྲོལ་བར་ལུང་བསྟན། གཞན་ཡང་སྨིན་གླིང་ཁྲི་ཆེན། དཔལ་རི་སྤྲུལ་སྐུ། ཀོང་པོ་གཏེར་ཆེན་སོགས་དམ་པ་རྣམས་ཀྱིས་བསླུ་མེད་རྡོ་རྗེའི་ལུང་གིས་མགྲིན་གཅིག་ཏུ་བསྔགས། སྔ་ཕྱི་ཅི་རིགས་པར་གོང་སྨོས་ཀྱི་དམ་པ་དེ་རྣམས་དང་། མཁན་ཆེན་ཨོ་ཌི་ཡཱ་ན། གཙད་སྒྲུབ་ཆེན་པདྨ་བཤེས་གཉེན། ལྕགས་ཟམ་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། རྫོགས་སྤྲུལ་ངེས་དོན་བསྟན་བཟང་། ཀཿཐོག་དྲི་མེད་ཞིང་སྐྱོང་། པཎ་ཆེན་ཚེ་དབང་མཆོག་གྲུབ། ཀུན་བཟང་ངེས་དོན་དབང་པོ། རྗེ་དབོན་པདྨ་ཀུན་གྲོལ། འདྲེན་མཆོག་རིག་འཛིན་བཟང་པོ། ཕུ་ཁུང་པདྨ་རིན་ཆེན། གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར། འབར་ཆུང་འཇིགས་མེད་གོ་ཆ་སྐུ་མཆེད་སོགས་དང་། སི་ཏུ་ཀུན་མཁྱེན་དྷརྨཱ་ཀ་ར། ཞྭ་ལུ་མཁན་ཆེན་ཀུན་དགའ་མཁྱེན་རབ། ར་ཉག་གྲུབ་ཆེན་བློ་བཟང་མཐུ་སྟོབས་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དུ་མའི་ཞབས་པད་བསྟེན་ནས་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་གསན་ཞིང་ཐུགས་ཉམས་སུ་བསྟར་བས་སྣང་སྤྱོད་ཐམས་ཅད་དག་པ་ཡེ་ཤེས་ཀྱི་འཁོར་ལོར་འབྱམས་ཀླས་པས་གཟུང་འཛིན་གྱི་མཚན་མ་དབྱིངས་སུ་དག །མཉམ་བཞག་འོད་གསལ་རྣམ་པར་མི་རྟོག་པའི་ངང་ནས་རྗེས་ཐོབ་གང་ཤར་རང་གྲོལ་མཉམ་ཡང་ཕྱམ་བདལ་གྱི་དགོངས་པ་རང་བྱུང་རང་ཤར་དུ་འཁྲུངས་པ་ལས་མཉམ་རྗེས་རེས་འཇོག་གི་ཤུན་པ་བུད་ནས་རིས་མེད་འོད་གསལ་འཁོར་ཡུག་གི་ཏིང་ངེ་འཛིན་ལ་རང་དབང་འབྱོར་ཏེ། གྲུབ་ཆེན་ས་ར་ཧ། ཨོ་རྒྱན་ཆེན་པོ། ཆོས་རྒྱལ་སྲོང་བཙན། ཡེ་ཤེས་མཚོ་རྒྱལ། ལྷ་ལུང་དཔལ་རྡོར། ལྷོ་བྲག་མར་པ། ཚར་ཆེན་བློ་གསལ་རྒྱ་མཚོ། སྨིན་གླིང་གཏེར་ཆེན་ཡབ་སྲས། རྗེ་བཙུན་བླ་མ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་སོགས། རྒྱ་བོད་གྲུབ་བརྙེས་རིག་འཛིན་དུ་མས་དག་པ་ཡེ་ཤེས་ཀྱི་སྐུས་དབང་བསྐུར་བྱིན་གྱིས་བརླབས་ཤིང་རྗེས་སུ་གདམས་པའང་གནང་། ཆེ་མཆོག་ཧེ་རུ་ཀཿརྡོ་རྗེ་ཕུར་པ་སོགས་ཡི་དམ་གྱི་ལྷ་དང་། སངས་རྒྱས་བྱང་སེམས་མང་པོའི་ཞལ་གཟིགས། མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་འདུས། རྡོ་རྗེ་ཆོས་སྐྱོངས་རྣམས་ཀྱིས་ལས་ཀྱི་སྟངས་ཕུལ། དཀར་ཕྱོགས་ཀྱི་ལྷ་ཀླུ་གཞི་བདག་ཐམས་ཅད་བྲན་དུ་ཁོལ། ནག་ཕྱོགས་ཀྱི་མི་དང་མི་མ་ཡིན་པ་རྣམས་ཚར་བཅད་པ་སོགས་ལས་གང་རྩོམ་ཐོག་མེད་དུ་འགྲུབ་པའི་གྲུབ་པའི་མངོན་རྟགས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་སོགས་ཀྱིས་དུས་མཉམ་གྱི་ཆེ་དགུ་ཕལ་ཆེར་གྱིས་ཞབས་ལ་གཏུག་པས་སྐུ་བསོད་དང་སྙན་གྲགས་རྒྱས། ཆོས་སྡེ་འདིའི་འདུ་ཁང་དང་མགོན་ཁང་ཙམ་མ་གཏོགས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན། འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ཇི་ལྟ་བ་བཞིན་གྱི་སྤྲོས་བཅས་ཚེས་བཅུ་ཆེན་མོ་གཙོ་བོར་གྱུར་པའི་དུས་མཆོད་ཆེན་པོ་ལྔ་རྗེས་འབྲེལ་དང་བཅས་པ་རྒྱུན་འཛུག་ཐོག་སྤྲོས་བཅས་ཀྱི་ཡོ་བྱད་སོགས་གང་དགོས་ཁྱད་ཐོན་དང་། ཉེར་མཁོའི་སྒྲུབ་དཀྱིལ་ཁྲིད་ཡིག་སོགས་ཆ་ཚང་སྤར་དུ་སྒྲུབ། སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གསར་དུ་བཏབ་ནས་སྤོང་བ་བསམ་གཏན་པ་བཅུ་གསུམ་རྒྱུན་འཇགས་དང་། གཞན་ཡང་། སིབ་དགོན་གསང་ཆེན་བཀྲ་ཤིས་ཆོས་གླིང་། གཤང་ནག་རིག་འཛིན་མཁའ་སྤྱོད་གླིང་། ཕུག་དགོན་ཆོས་འཁོར་བདེ་ཆེན་ལྷུན་པོ། སྒོ་མེ་དེང་སྐྱ་དགོན་གསང་སྔགས་ཆོས་གླིང་། འཇུ་མོ་ཧོར་གསང་སྔགས་བཤད་སྒྲུབ་གླིང་། ཉག་གཟུར་པ་ལྷ་འབུམ་དགོན་གསང་སྔགས་ཆོས་གླིང་རྣམས་སུ་གཙུག་ལག་ཁང་གསར་བཞེངས། རྙིང་པ་ཞིག་གསོས་མཆོད་ཐེབས་རྟེན་གསུམ་སྩལ་བ་སོགས་མཐའ་ཡས། ལྕགས་ཁྱི་ལོར་གུ་རུ་རིན་པོ་ཆེས་ཞལ་གཟིགས་ནས་ལུང་བྱང་སྩལ་བ། པདྨས་བྱིན་བརླབས་བདུད་འཇོམ་རོལ་པ་སྩལ། །ཁྱོད་ནི་སྔོན་ཚེ་ནམ་མཁའི་སྙིང་པོའོ། །

བདག་ནི་སྣ་ཚོགས་སྐུར་སྟོན་པདྨ་འབྱུང་། །ཁྱོད་ལ་རྟག་ཏུ་བྱིན་གྱིས་བརླབས་ཕྱིར་འོང་། །ཁྱོད་ཀྱི་སེམས་ཉིད་ཡིད་བཞིན་ནོར་བུ་དེ། །རང་ངོ་ཤེས་ན་ང་ཉིད་ལོགས་སུ་མེད། །ཞེས་སོགས་ཁ་བྱང་ལུང་བསྟན་སྩལ་བ་ལྟར། །ཀེ་སྟོད་འགྱིང་ང་བྲག་དཀར་གནས་ཞལ་ཕྱེས། ཤིང་གླང་ལོར་དག་སྣང་ཁ་བྱང་ཕེབས་པ་བཞིན་གནས་མཆོག་སེང་གེ་གནམ་རྫོང་གནས་སྒོ་འབྱེད་པར་མཛད་པས་མཚོན་ཟབ་གཏེར་གྱི་ཁ་བྱང་ལུང་བསྟན་སྔ་རྗེས་མང་ཙམ་བྱུང་ཡང་སྙིགས་དུས་ཀྱི་སྐྱེ་བོའི་སྒྲོ་སྐུར་དང་བསྟན་པའི་མིག་རྐྱེན་སོགས་ལ་དགོངས་ནས་ཆེད་གཉེར་མ་མཛད། ལྷག་པར་བསྟན་རྒྱུན་ལ་དགོངས་པའི་མདོ་སྒྱུ་སེམས་ཕྱོགས་སོགས་ཟབ་རྒྱས་ཆོས་ཀྱི་འཆད་སྤེལ་སྤྱི་དང་། བྱེ་བྲག་ཡང་གསང་རྫོགས་པ་ཆེན་པོ་སྡེ་གསུམ་སྙིང་པོའི་ཆོས་འཁོར་རྒྱ་ཆེར་བསྐོར་ཞིང་དེ་དག་ཀྱང་གང་ཟག་སོ་སོའི་བློ་རིམ་དང་མཚམས་པར་མྱོང་ཁྲིད་རྒྱུད་ལ་ཅི་སྨིན་ལ་གཙོ་བོར་མཛད་པས་ཞལ་སློབ་ཀྱང་། པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་། ཀུན་སྤངས་གྲུབ་ཆེན་ཤེས་རབ་ཡར་འཕེལ་ཏེ་ཟླ་བྲལ་གྱི་པཎ་གྲུབ་རྣམ་གཉིས་དང་། གཞན་ཡང་། རྣམ་འདྲེན་རྫོགས་ཆེན་བཞི་པ། རབ་འབྱམས་སྐུ་ཕྲེང་གོང་འོག །ཀཿཐོག་ཞིང་སྐྱོང་དང་། རྨོག་ཚའི་ཡང་སྤྲུལ། དགེ་ཕྱག་རྣམ་གཉིས། ཉི་སྤྲུལ་གསུམ་པ། རྡོ་གྲུབ་ཆེན་རིན་པོ་ཆེ། གྲུབ་དབང་འཇིགས་མེད་གོ་ཆ། གླིང་རྗེ་དྲུང་རིན་པོ་ཆེ། ར་ཉག་གྲུབ་ཆེན། སྐུ་ཞབས་ཡེ་ཤེས་རྡོ་རྗེ། མགོ་ཚ་མཆོག་སྤྲུལ། གོང་གསལ་དགོན་མ་ལག་རྣམས་ཀྱི་བླ་སྤྲུལ་དམ་པ་རྣམས་ཀྱིས་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་བཟང་ལ་མང་བ་དང་། བྱེ་བྲག་སྙིང་པོའི་སྒྲུབ་པ་ལྷུར་ལེན་པའི་སྤོང་བ་པ་སྐུ་ཚེ་རིལ་པོར་སྒྲུབ་པའི་རྒྱལ་མཚན་བརྟན་པ་སྒྲུབ་ཆེན་འགྱུར་མེད་བསྟན་འཕེལ་དང་འགྱུར་མེད་མཐའ་ཡས། སློབ་དཔོན་ཧཱུྃ་ཀཱ་རའི་རྣམ་འཕྲུལ་དུ་ལུང་གིས་ཟིན་ཅིང་རིག་པ་ཚད་ཕེབས་ཀྱི་རྟགས་ཚད་མཐར་ཕྱིན་པ་མཁས་གྲུབ་འགྱུར་མེད་བསྟན་འཛིན་གྲགས་པ། རྟ་ནག་དང་། སྨིན་གླིང་རྡོར་སེམས། བདེ་གཤེགས་ཀུན་འདུས། གང་ཚེ། འོད་དཔག་མེད་བཅས་ཀྱི་བསྙེན་པ་དུང་ཕྱུར་རེ་ཐེམ་ཞིང་དཔལ་རྟ་མགྲིན་གྱི་ཞལ་དངོས་སུ་མཐོང་བ་གྲུབ་ཆེན་ཀུན་བཟང་ངག་དབང་། ཆོས་དབང་ཡང་འདུས་ཀྱི་སྙིང་པོ་ཡིག་དྲུག་དུང་ཕྱུར་བཅོ་ལྔ་འགྲུབ་ཅིང་འཕགས་པ་སྤྱན་རས་གཟིགས་ཀྱིས་ཞལ་བསྟན་པའི་བླ་མ་བསམ་གཏན། བླ་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ཅིང་སྐྱེ་འཆི་ལ་རང་དབང་ཐོབ་པ་བླ་མ་དབང་ཆེན་འབུམ། ཉམས་རྟོགས་མཐར་ཕྱིན་པའི་སྔགས་རམ་པ་ཀུན་བཟང་གསང་སྔགས་སོགས་བར་དོ་གསུམ་གང་རུང་དུ་གྲོལ་བའི་གདེང་ཚད་མངོན་དུ་བརྙེས་པའི་ཡང་དབེན་གྱི་སྒྲུབ་ཆེན་བཅུ་གསུམ་གྱིས་མཚོན་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་ས་ཟིན་ངེས་ཀྱི་བུ་སློབ་ཆེས་མང་ཞིང་། ཐ་ན་དམ་པ་འདི་ཉིད་ལས་སྒོམ་ཁྲིད་སྣ་རེ་ཐོབ་པའི་གྲྭ་རྒན་དཀྱུས་མ་རྣམས་ཀྱང་འདའ་ཀ་བླ་མའི་སྣང་བ་འཆར་བ་དང་། འདའ་ཚོད་ཟིན་པ་སོགས་རྟགས་ཡ་མཚན་བརྒྱུད་མར་འོང་བ་ཐོས་སོ། །དེའི་སྤྲུལ་པའི་སྐུ་ཨོ་རྒྱན་རང་བྱུང་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ནི། རྡོར་སྨིན་སོགས་དམ་པ་དུ་མའི་ལུང་གིས་ཟིན་པ་ལྟར་གོང་མའི་ཆོས་ཁྲིར་མངའ་གསོལ། ཆུང་ངུ་ནས་སྔོན་གནས་རྗེས་དྲན་སོགས་དམ་པའི་རྣམ་ཐར་སྒྲིབ་མེད་དུ་གསལ། དབོན་སྤྲུལ་ཐུགས་རྗེའི་གཏེར་ཆེན་དང་། རྫོགས་ཆེན་བཞི་པ། སྨིན་གླིང་ཁྲི་ཆེན་ཡིད་བཞིན་དབང་རྒྱལ། འཇིགས་མེད་རྒྱལ་བའི་མྱུ་གུ། ལྷ་འབྲང་དཔལ་ལྡན་ཆོས་རྒྱལ་སོགས་དམ་པ་དུ་མ་བརྟེན་ནས་གསན་བསམ་གྱིས་སྒྲོ་འདོགས་བཅད། སྒོམ་སྒྲུབ་ཀྱིས་ཉམས་སུ་བླང་བས་གནས་ལུགས་ཀྱི་རྟོགས་པ་འཁྲུངས། ལྷག་པའི་ལྷ་རབ་འབྱམས་ཀྱིས་ཞལ་བསྟན་ཞིང་རྗེས་སུ་བཟུང་། བར་སྲིད་ཀྱི་རྣམ་ཤེས་དང་ལྷ་འདྲེའི་སྤྱོད་ཚུལ་སོགས་ལྐོག་གྱུར་གྱི་ཆོས་རྣམས་སྒྲིབ་མེད་དུ་གཟིགས། ནུས་མཐུས་མི་དང་མི་མ་ཡིན་གཟུགས་ཅན་རྣམས་ཚར་བཅད། ལྷ་ལྡན་ཕྱོགས་སུ་འབྲུམ་པ་ནག་པོའི་ནད་ཀྱང་དཀར་པོར་བསྒྱུར་བ་སོགས་གྲུབ་པའི་སྤྱོད་པའང་ཅི་རིགས་མཛད། རང་དགོན་མ་ལག་རྣམས་འཛིན་སྐྱོང་སྤེལ་གསུམ་དང་ཉམས་པ་གསོ་བ། ཆོས་རྗེ་རབ་འབྱམས་ལྔ་པ་གོང་མའི་སེང་ཁྲིར་མངའ་གསོལ་བ་སོགས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་མཐར་ཕྱིན་ནོ། །དེ་སྐད་དུ་ཡང་རྣམ་ཐར་གསོལ་འདེབས་ལས། ཕྱོགས་བཅུ་དུས་གསུམ་ཀུན་ན་བཞུགས་པ་ཡི། །ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་མཆོག །དྲན་པས་སྲིད་ཞིའི་འཇིགས་པ་འཕྲོག་མཛད་པ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །གཟོད་ནས་གདོད་མའི་དབྱིངས་སུ་བྱང་ཆུབ་ཀྱང་། །ཚུ་རོལ་འགྲོ་ལ་རྗེས་བརྩེའི་སྤྲིན་ཆེན་འཁྲིགས། །བྱིན་རླབས་ཐུགས་རྗེའི་གྲུ་ཆར་འབེབས་མཁས་པ། །དཔལ་ལྡན་དང་པོའི་མགོན་པོར་གསོལ་བ་འདེབས། །མཐའ་ཡས་ཞིང་ན་དག་དང་མ་དག་གི། བཟོ་སྐྱེ་ངོ་མཚར་མཆོག་གི་སྤྲུལ་སྐུ་སོགས། །ཡེ་ཤེས་གཅིག་ཉིད་དུ་མར་འཆར་ཞིང་འཕྲུལ། །མཁྱེན་བརྩེའི་དབང་ཕྱུག་མཆོག་ལ་གསོལ་བ་འདེབས། །ཁྱད་པར་འཛམ་གླིང་ཐུབ་མཆོག་བསྟན་པ་འདིར། །འཕགས་བོད་གཉིས་སུ་མཁས་གྲུབ་དུ་མ་ཡི། །སྐྱེ་བའི་རོལ་གར་ཨུ་དུམ་ཝཱ་རའི་ཕྲེང་། །བགྲང་ཡས་སྟོན་པར་མཛད་ལ་གསོལ་བ་འདེབས། །བྱེ་བྲག་བསིལ་ལྡན་གངས་ཀྱི་རི་བོའི་ལྗོངས། །འཕུར་འགྲོའི་སློབ་དཔོན་པདྨ་ལས་གྲོལ་གི། ཐུགས་སྲས་ཡང་དག་གྲུབ་བརྙེས་ནམ་སྙིང་སོགས། །བསྟན་འགྲོའི་མགོན་དུ་བྱོན་ལ་གསོལ་བ་འདེབས། །བོད་ཆེན་ལྗོངས་ཀྱི་གདུལ་བྱ་འདུལ་བའི་སླད། །མྱ་ངན་མེད་དཔལ་རྡོ་རྗེ་སློབ་དཔོན་གཟུགས། །གང་དེས་ཆོས་ཀྱི་རྒྱལ་ཚབ་མངའ་གསོལ་བའི། །རྣམ་རོལ་བཞི་པར་སྟོན་ལ་གསོལ་བ་འདེབས། །ཅེས་པས་དོན་བསྡུ་བའོ། །གཟོད་ནས་སྤྲོས་པ་ཉེར་ཞི་ཡེ་ཤེས་སྐུ། །འཁོར་འདས་གཉིས་ཀའི་མཐའ་ལ་མི་གནས་ཀྱང་། །སྲིད་དང་ཞི་བའི་སྲོག་ཏུ་རབ་ཞུགས་པ། །མཁའ་འདི་སྣོད་བཅུད་ཀུན་ལ་ཁྱབ་པ་བཞིན། །གཅིག་དང་དུ་མའི་ཆོས་ཉིད་ལས་འདས་ཀྱང་། །གཅིག་པུའི་གར་གྱི་ས་གསུམ་ཁྱབ་པར་སྟོན། །སྒྱུ་མའི་རོལ་གར་ཁེངས་པ་བསྙིལ་བྱེད་འདི། །རྒྱལ་སྲས་རྣམས་ཀྱི་མཛད་པའི་ཆོ་འཕྲུལ་ཆེ། །བདུད་རྩི་འོད་ཅན་ས་ལ་ལྟུང་མིན་ཀྱང་། །སྣོད་ཀྱི་དབྱེ་བ་ཇི་སྙེད་མཆིས་པ་དེར། །ཅིག་ཆར་སྣང་བཞིན་འཕགས་ཆེན་དམ་པ་རྣམས། །སྐྱེ་འདི་ལས་ཀྱིས་སྣང་མིན་ཐུགས་རྗེའི་མཐུ། །

འགྲོ་རྣམས་བརྩེ་ཆེན་ཐུགས་རྗེའི་ཕྱག་སོར་ནི། །པདྨའི་ལྕུགས་ཕྲན་གསར་པའི་འཁྲི་ཤིང་གིས། །དུཿཁས་གཟིར་རྣམས་འཁྲིག་མ་ནས་བཟུང་སྟེ། །བདེ་ནས་བདེ་བའི་སར་ཁྲིད་བླ་མ་རྗེ། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་སྐུ་ཡི་སྐྱེ་བ་འདི་ཉིད་ཀྱི་རྟོགས་པ་བརྗོད་པ་ལ་ལྷུམས་སུ་ཞུགས་ནས་སྐུ་བལྟམས་པའི་ཚུལ་དང་། རྒྱལ་བའི་བསྟན་པ་ལ་ཞུགས་ནས་རང་དོན་དུ་ཐོས་བསམ་བསྒོམ་པ་མཛད་ཚུལ། གཞན་དོན་དུ་འཆད་རྩོད་རྩོམ་པས་ཐུབ་བསྟན་གསལ་ཚུལ། གཉིས་དོན་དུ་མཁས་བཙུན་བཟང་པོའི་ཡོན་ཏན་ཇི་ལྟར་མངའ་བའི་ཚུལ་དང་། སྤངས་རྟོགས་དེ་དག་གི་མཐུ་ལས་སྐལ་ལྡན་གྱི་སློབ་ཚོགས་ཇི་ལྟར་བྱུང་ཚུལ། བྱ་བ་ལས་ཀྱི་འཁོར་ལོའི་མཛད་པ་ཇི་ལྟར་གནང་ཚུལ། མཐར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་ཚུལ་བསྟན་པའི་སྐབས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲངས་སུ་བསྟན་པ་ལ། དང་པོ་སྐུའི་སྐྱེ་བ་འདི་ཉིད་ལྷུམས་སུ་ཞུགས་ཤིང་སྐུ་བལྟམས་པའི་ཚུལ་ལས་བྱུང་བའི་རྟོགས་བརྗོད་མདོར་བསྡུས་པ་ལ། ཀུན་མཁྱེན་བླ་མ་འདི་ཉིད་ཀྱི་སྐུའི་སྐྱེས་རབས་སྔོན་མ་ཨོ་རྒྱན་རང་བྱུང་རྡོ་རྗེ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་གཤེགས་ལ་ཉེ་བའི་སྐབས། ཉེ་བར་གནས་པ་རྣམས་ལ། ད་སྟེ་བདག་ནི་རྒ་དང་ན་བའི་ཟུག་རྔུས་མནར་བའི་ལུས་འདི་བོར་ནས། བྱིས་པ་ལུས་ཡང་ཞིང་གམ་ཟོ་བདེ་བ་ནད་ཀྱིས་མི་གཙེར་བ་ཞིག་གི་སྐྱེ་བ་བླང་ན་དགའ་བར་འདུག །ཅེས་ཕེབས་པ་དང་། ཡང་ངེད་རང་ཚེ་མགོ་རྟིང་གཉིས་ཀར་བསྔོས་ཤ་ཟོས་པའི་རྣམ་སྨིན་ཤིན་ཏུ་ལྕི་བས་ཐར་པ་ཐོབ་དཀའ་བར་འདུག་ཞིང་སང་ཕྱི་རེས་སྐྱེ་ངན་འདྲ་སྲིད་ན། ཤ་འདི་ཟ་མི་དགོས་པ་ཞིག་བྱུང་ན་ཨ་རེ་ཤི་གསུང་ཤིང་ཐུགས་སྐྱོ་བའི་རྣམ་པ་ཆེས་ཆེར་མཛད་པ་དང་། མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་སྲས་ཨ་གྲོ་སྒྲ་རམ་པ་ཞེས། ཀུན་མཁྱེན་ཆོས་འབྱུང་གི་ཞལ་སློབ་ཀྱི་ཐུ་བོ། འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ཀྱི་སྐྱེ་བར་གྲགས་པ། བཅུ་ཕྲག་རིག་པའི་གནས་ལ་མཁྱེན་རབ་ཀྱི་པདྨོ་རྣམ་པར་རྒྱས་ཤིང་ངེས་དོན་ཆོས་ཉིད་ཀྱི་དགོངས་པ་ལ་དབང་འབྱོར་ཞིང་། དབུས་གཙང་གངས་རི་སོགས་རྒྱ་བོད་ཀྱི་རྡོ་རྗེའི་གནས་རྣམས་སུ་སྦས་ཚུལ་ཀུན་སྤང་གི་ཚུལ་གྱིས་བྱོན། རྒྱ་ནག་རི་བོ་རྩེ་ལྔ་ནས་པཎ་ཆེན་བི་མ་ལ་ཨ་ཙ་རའི་ཆ་བྱད་ཅན་གྱིས་རྗེས་སུ་བཟུང་བ་སོགས་དང་ལྷ་ལྡན་དུ་ཇོ་བོ་མཇལ་བའི་སྐབས་མཛོད་སྤུ་ལས་རིང་བསྲེལ་མཐེ་བོང་ཙམ་བྱོན་པ་སོགས་ཉམས་དང་རྟོགས་པའི་ཡོན་ཏན་མཐོན་པོར་སོན་པ། སྦས་པའི་རྣལ་འབྱོར་ཆེན་པོ་དེ་ཉིད་ཀྱི་མཚན་དངོས་འགྱུར་མེད་རྣམ་རྒྱལ་ཞེས་པ་དེ་ཉིད་ལ་ཞུ་ཡིག་དང་པད་ཞུ་བཅས་གནང་བའི་ཟུར་འཛིན་ཕྱག་རྟགས་ཀྱིས་སྤྲས་པའི་ནང་དུ། ཨེ་མ་ཧོ། ངོ་བོ་ཀ་ནས་དག་པ། །ནམ་མཁའ་ལྟ་བུའི་མེ་ལོང་། །རང་བཞིན་ལྷུན་གྱིས་གྲུབ་པ། །འཇའ་ཚོན་ལྟ་བུའི་འཆར་སྒོ། །འགགས་མེད་ཤར་བའི་ལུང་ལ། །སྔོན་ཚེ་འདས་པའི་སྐབས་སུ། །རྡོ་རྗེའི་མཚན་གྱིས་འོད་ཟེར། །ཤར་ནས་འཆར་བའི་ཁྲི་གདུགས། །གཟུང་འཛིན་སྤྲིན་གྱིས་མ་གོས། །ད་ལྟ་ཚེ་འདིའི་ཉམས་ལེན། །སྟོང་ཉིད་སྙིང་རྗེ་གཞན་ཕན། །བསྐྱེད་རྫོགས་མངོན་དུ་གྱུར་ཚེ། །ནུབ་ནས་ཚེས་པའི་ཟླ་བ། །མ་འོངས་པ་ཡི་དུས་སུ། །རྩ་གསུམ་སྒྲུབ་པའི་རྣལ་འབྱོར། །ངུར་སྨྲིག་ཆ་ལུགས་འཛིན་པ། །རང་རང་མོས་འདུན་གར་གཏད། །སྐྱེ་སྲིད་བཟུང་བར་གདོན་མི་ཟ། ཞེས་སྐུ་སྐྱེ་ཕྱི་མ་མཁས་གྲུབ་རྡོ་རྗེ་འཛིན་པ་ཆེན་པོ་སྔགས་འཆང་ཀུན་གྱི་གཙུག་རྒྱན་དུ་གྱུར་པ་དེ་ཉིད་དང་ཉེ་བར་ཐུགས་གཏད་ཅིང་། ཞབས་འབྲིང་བ་དག་ལ་སྒྲ་རམ་པའི་ཡོན་ཏན་འབའ་ཞིག་གསུངས་ཤིང་། ཁྱད་པར་གསོལ་དཔོན་པདྨ་རང་བྱུང་ལ། ད་ནས་ཁྱེད་རང་འདིར་སྡོད་དགོས་མེད། ལྷོ་ཁོག་ཏུ་སོང་ལ་ལོ་ཆེན་བི་ཛ་ཡའི་མདུན་ནས་རིག་གནས་ཕྲན་བུ་རེ་ཨི་ཤེས་ལྟོས། ང་དང་མྱུར་དུ་འཕྲད་འོང་ཞེས་གསུང་གི་ཐ་མ་ཞལ་ཆེམས་སྩོལ་བ་ལྟར། བདེ་གཤེགས་མྱ་ངན་མེད་ཀྱི་རྣམ་རོལ་རབ་འབྱམས་ལྔ་པས་ཀྱང་། སྒྲིབ་བྲལ་མཁྱེན་པའི་དྭངས་ཤེལ་གྱི་ངོགས་སུ་མཆོག་སྤྲུལ་ལྷོ་རྒྱུད་དུ་འཁྲུངས་པའི་གསལ་སྣང་བརྟན་པོར་བྱུང་བ་དང་། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དྲུང་དུ་མཆོད་བསྔོ་ཕུལ་བ་དང་སྦྲགས། སྤྲུལ་སྐུ་གར་འཁྲུངས་དགོངས་བརྟགས་ཞུས་པའི་བཀའ་ལན་དུ། སྐྱབས་རྗེ་མཆོག་སྤྲུལ་རིན་པོ་ཆེའི་ཡང་སྲིད་གར་ཕེབས་སོགས་རང་ལ་མངོན་ཤེས་ལྟ་ཅི། རྨི་ལམ་རྣོ་བ་ཙམ་ཡང་མེད་པས་ཐུགས་ཕན་ཐོགས་པའི་ཞུ་རེ་བྲལ་ཡང་། གསུང་མི་གཅོག་ཙམ་དུ་གུ་རུ་རིན་པོ་ཆེའི་སྐུ་ཚབ་མདུན་བརྟགས་བསྒྲིལ་ཞུས་པར། སྤྱིར་ཡང་སྲིད་འཁྲུལ་མེད་འབྱོན་ངོ་དང་། དེའང་ལུག་ལོ་ལས་མི་འགྱང་བར་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ལ་འབྱུང་སྙམ་པ་ཤར་ལགས། ཞེས་རྡོ་རྗེའི་ལུང་གིས་ཤིན་ཏུ་གསལ་བར་བསྟན་ཅིང་། དེ་བཞིན་དུ་སྔ་འགྱུར་བསྟན་པའི་གཙུག་རྒྱན་རྫོགས་ཆེན་བཞི་པའི་ཡེ་ཤེས་གཟིགས་པར་ཡང་། །རྒྱལ་ཚབ་དམ་པའི་ཡང་སྲིད་ནུབ་ཀྱི་ཕྱོགས། །ཕ་མ་ཐབས་ཤེས་ཉི་ཟླ་ཀླུ་གནས་མཚོ། །དད་པའི་ལོ་ལ་འཁྲུངས་པའི་རྟེན་བཟང་ཤར། །ཞེས་དང་། རྟ་ནི་ངང་པ་གསེར་ལྡན་ཕུལ་བ་ཡིས། །ཚོར་བ་རྟ་ཡི་ལོ་ནི་དེ་ནས་བྱུང་། །ཞེས་རྟ་ལོར་ལྷུམས་སུ་ཞུགས་པའི་ལྐོག་གྱུར་མངོན་སུམ་གཟིགས་པ་དང་། སྨིན་གླིང་ཁྲི་རིན་པོ་ཆེ་འགྱུར་མེད་ཡིད་བཞིན་དབང་རྒྱལ་དང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སོགས་ཡེ་ཤེས་གཟིགས་པ་རྣམས་ཀྱིས་ཀྱང་། ལྷོ་རྒྱུད་ཕྱོགས་འདིར་དམ་པ་རྣམས་བཀའ་བགྲོས་པ་བཞིན་དཔལ་གྱི་མགུལ་ནས་མགྲིན་གཅིག་ཏུ་ལུང་བསྟན་པ་ལྟར་རུས་ཆེན་བཞིའི་ཡ་གྱལ། སྨུག་པོ་གདོང་གི་རིགས་ཨ་གྲོའི་རུས་སུ་གཏོགས་པ་ལྷ་ཐོག་དཔོན་གྱི་མངའ་འོག་བསིལ་ལྡན་ཆུ་བོའི་གཡས་ཟུར་ལྷོ་ཟླ་དལ་འབབས་ཀྱི་གཡོན་དུ་ཨ་གྲོ་ཚང་ཞེས་གྲུབ་དབང་སྦས་པའི་རྣལ་འབྱོར་མཁས་གྲུབ་ཆེན་པོ་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པ་གོང་དུ་སྨོས་མ་ཐག་པ་དེ་ཉིད་ཀྱི་གཞིས་ཀར། བསྐྱེད་པའི་ཡབ་ནི་ཤེས་རབ་ཅེས་པ་དཀོན་སྤྱི་ཡི་དམ་དུ་བྱེད་ཅིང་རང་བཞིན་བཟང་ལ་དཀོན་མཆོག་རིན་པོ་ཆེར་མཆོག་ཏུ་གུས་ཤིང་འཇིག་རྟེན་ཡང་དག་གི་ལྟ་བ་ལ་ངང་གིས་གནས་པ། དངོས་རྫས་རྣམས་ཆོས་ཕྱོགས་ལ་བཏང་། ཨ་མི་དྷེ་ཝ་མ་ཎི་སིདྡྷི་རྡོར་སེམས་སྙིང་པོ་རྣམས་ཁྲི་མཁར་ཉེར་གསུམ། རྒྱལ་བཀའ་རིན་པོ་ཆེ་སོགས་གསུང་རབ་བཀླག་པ་དང་། མ་ཎི་སོགས་དུང་ཕྱུར་ཁ་ཤས་ཐོན་ཅིང་སེམས་དོན་ཉམས་ལེན་བཟང་པོ་ཡོད་པ་ཞིག་དང་། ཡུམ་ནི་དཔའ་རྩལ་སྟོབས་ཤུགས་ཆེ་ཞིང་ཡ་རབས་དྲྭ་མའི་རིགས་བརྒྱུད་འབྲོང་པ་དཔོན་ཚང་གི་བུ་མོ་ནམ་མཁའ་སྒྲོན་མ་ཞེས། ཨ་མི་དྷེ་ཝ་དུང་གཅིག །མ་ཎི་དུང་གཉིས། སིདྡྷི་དུང་གཅིག །བཛྲ་ས་ཏྭ་དུང་གཅིག

།བཀའ་ཐང་བསྡུས་པ་ལེའུ་བདུན་སོགས་རྒྱུན་དུ་ཁ་ཏོན་བྱེད་ཅིང་དགེ་སེམས་དང་ལྡན་པ། ཆོས་ལ་མོས་ཤིང་དད་པ་དང་དག་སྣང་ཆེ་བ། དམན་ལ་བརྩེ་ཞིང་བུད་མེད་ངན་པའི་སྐྱོན་གྱིས་མ་གོས་པ་གཏོང་ལ་གོམ་པའི་བློ་ཅན་ཏེ། ཡབ་ཡུམ་དེ་གཉིས་ལ་སྲས་ལྕམ་སྲིང་བདུན་འཁྲུངས་པའི་ཆེ་བའི་འོག་མ་རྗེ་བླ་མ་འདི་ཉིད་ཡིན་ལ། ལྷུམས་སུ་ཞུགས་པ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གདོང་གསེར་གྱི་དྲྭ་བས་གཡོགས་པ་ཅན་གྱི་རྣམ་པས་ལྷུམས་ཞུགས་དང་ཆོས་མཚུངས་པར། ཡུམ་ལ་ངོ་མཚར་དགེ་བའི་ལྟས་མཚན་རྨི་ལམ་བཟང་བ་རེ་བྱུང་ཞིང་སད་པའི་དུས་ནའང་བག་ཆགས་ཡིད་ཀྱི་ཀུན་རྟོག་གི་རི་མོ་ནུབ་པ་མེད་པ་དད་དང་སྤྲོ་དགའ་ཕུན་སུམ་ཚོགས་པའི་ཆུ་ཤེལ་དབང་པོ་དགའ་བ་བརྒྱ་ལྡན་གྱི་མཁའ་ལ་བཀོད་ཅིང་། རིག་འཛིན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ནས་བཞུགས་པའི་ནུས་མཐུ་སྒོ་གསུམ་ལ་ཞུགས་པའི་རྟགས་སུ། ཤར་རིའི་མཁའ་ངོས་ལ་དར་དཀར་པོ་དྲི་མ་མེད་པ་ཞིག་ཤར་གྱིས་བྱུང་བས་རང་གི་ལུས་ལ་དཀྲིས་པའི་མོད། དར་ཅིག་ཤེས་པ་བརྒྱལ་བ་ལྟར་གྱུར་པ་དང་། གཉིད་ལས་སད་པ་ནའང་ལུས་སེམས་ལ་སྔར་མེད་པའི་དགའ་བདེ་ཁྱད་པར་ཅན་སྐྱེས་ཤིང་ལུས་ཀྱི་ཟོ་མདོག་རྒྱས་པ་དང་། ལུས་མི་ངལ་ཞིང་། ཡང་བ་སོགས་གྱུར་ཏོ། །ལྷུམས་སུ་ཞུགས་པའི་ནུབ་མོར་དཀར་ཕྱོགས་ཀྱི་ལྷ་ཀླུ་རྣམས་ཀྱང་མངོན་པར་དགའ་ཞིང་འཇིག་རྟེན་གྱི་ཁམས་སུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བའི་རྟགས་སུ་ཆུ་ཤེལ་དང་མཚུངས་པའི་ཁ་བའི་འདབ་མ་མེ་ཏོག་གི་དབྱིབས་ཅན་གྱིས་འཛིན་མའི་ཁྱོན་ཐམས་ཅད་ཁེབ་ཅིང་དཀར་པོར་གྱུར་པ་ནི་རྗེ་བླ་མ་འདིས་བསྟན་འགྲོར་ཕན་བདེའི་ཕྲིན་ལས་ཀྱི་སྣང་བ་དཀར་པོས་འཇིག་རྟེན་གསུམ་ན་ཁྱབ་པའི་ལྟས་སུ་གོར་མ་ཆགས་ཤིང་སྐྱེ་བོ་དཔྱོད་ལྡན་རྣམས་ཀྱིས། ཨེ་མ་འདི་ནི་སྐྱེས་བུ་དམ་པ་ཞིག་སྐུ་འཁྲུངས་པ་སོགས་གང་རུང་གི་རྟགས་ངོ་མཚར་ཅན་ཞིག་གོ་ཞེས་དབང་པོའི་མངོན་སུམ་གྱི་དགེ་བའི་རྟགས་ཁྱད་པར་མཐོང་བའི་ཡ་མཚན་ཅིར་ཡང་སྒྲོགས་སོ། །རྗེ་འདི་ཉིད་ལྷུམས་སུ་ཞུགས་པའི་ཟླ་བ་ཕྱི་མར། རྗེ་མཁས་གྲུབ་ཆེན་པོ་བི་ཛའི་མཚན་ཅན་གྱི་དག་པ་ཡེ་ཤེས་ཀྱི་སྣང་ཆར་བྲག་རི་དཀར་པོ་རྡོ་རྗེ་གྱེན་བསློང་འདྲ་བའི་ངོས་ནས་སྒྲོམ་བུ་ཞིག་རྙེད་པ་ཁ་འབྱེད་དེ་གཟིགས་པ་ན། སྔ་ན་མེད་པའི་དྲི་བསུང་འཕྲོ་བ་དང་ལྷན་ཅིག་ཨོ་རྒྱན་རིན་པོ་ཆེའི་སྐུ་བྱིན་རླབས་ཀྱི་གཟི་འོད་འབར་བ་དགྱེས་པའི་ཞལ་མདངས་འཛུམ་མེ་རེ་བ་ཞིག་འདུག་པ་སྤྱི་བོར་བཞག་ནས་དབང་བཞི་ལེན་པའི་དམིགས་གནད་བཅས་རུམ་དུ་འཛུད་པ་དང་། རང་བྱུང་ལྷན་སྐྱེས་འཕོ་མེད་ཀྱི་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ལྟ་བུའི་ཉམས་མྱོང་དེ་ཀའི་མུར། མདུན་གྱི་བར་སྣང་ལ། མཁའ་འགྲོ་ཤེལ་དཀར་རྡོ་རྗེ་མཚོ་ཡིན་ཟེར་བ་གྲི་ཐོད་འཛིན་ཅིང་གར་སྟབས་བསྒྱུར་བ་གཅིག་གིས་གླུ་དབྱངས་གསལ་མི་གསལ་ཐུང་ངུས། ཨ་ཧོ་མ་ཧཱ་སུ་ཁ་སིདྡྷི་ཧོཿསྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས༔ འགགས་མེད་ཤར་བའི་བུ་མོ་ང་༔ རིག་པའི་བུ་ཆུང་སྐྱོང་ཕྱིར་འོང་༔ དེ་ཕྱིར་རང་ངོ་ཤེས་འཚལ་ལོ༔ སྣང་བ་སེམས་ཡིན་སེམས་ཉིད་སྟོང་༔ སྟོང་གསལ་མཐའ་དབུས་བྲལ་བའི་དབྱིངས༔ དེ་བཞིན་ཉིད་ལ་འཕོ་འགྱུར་མེད༔ གཟུང་འཛིན་སྤྲིན་གྱིས་མི་སྒྲིབ་འཚལ༔ བློ་ལས་འདས་པའི་བདེན་དོན་རྟོགས༔ མཐའ་བྲལ་ཨ་ཏིའི་ངོ་བོ་སྐྱོང་༔ མ་བཙལ་འབྲས་བུ་ལྷུན་གྱིས་གྲུབ༔ ཀུན་བཟང་དེ་ཉིད་ཨེ་མ་ཧོ༔ ད་དུས་བདུད་འཇོམས་རོལ་པ་རྩལ༔ རྟ་བདུན་ཆིབས་ནས་གླིང་བཞི་ཉུལ༔ གདུལ་བྱའི་ཞིང་ས་འཚོལ་སྐབས་སུ༔ སྦས་ཡུལ་པདྨ་ཤེལ་ཕུག་གི༔ གནས་སྒོ་འབྱེད་པའི་ལྟས་བཟང་ཤར༔ ཞེས་སོགས་ཀྱི་བརྡའ་དང་ལུང་བསྟན་ཁྱད་པར་ཅན་བྱུང་བ་ལ་དཔག་ན་རྗེ་འདིའི་སྐྱེ་འཕྲེང་གོང་མ་རྣམས་ཀྱང་ཡང་དག་གྲུབ་པ་ནམ་མཁའི་སྙིང་པོའི་སྐྱེ་བ་དམིགས་སུ་བསལ་བ་དང་། བདུད་འཇོམས་རོལ་པ་རྩལ་ཞེས་ནམ་སྙིང་གི་གསང་མཚན་ཡིན་པས། ལྕགས་རྟ་ལོར་གདུལ་བྱའི་ཞིང་ས་ཚོལ་ཏེ་ལྷུམས་སུ་ཞུགས་པ་སོགས་ལུང་བསྟན་གྱི་དངོས་དོན་དང་འགྲིགས་པས། རྗེ་བླ་མ་འདི་སྦས་པའི་ཚུལ་དུ་བཞུགས་པ་ལས་ངེས་དོན་ལ་ཨོ་རྒྱན་རྗེ་འབང་གི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཞིག་ཡིན་ངེས་ནའང་། རང་སྐལ་གྱི་ཟབ་གཏེར་དངོས་ལ་ཐུགས་གཉེར་མ་གནང་བ་ནི། མཆོག་གཏེར་ཐུགས་སྒྲུབ་བསམ་ལྷུན་གྱི་ལོ་རྒྱུས་ཤེལ་ཕྲེང་ལས། རེས་འགའ་ཐུགས་གཏེར་དགོངས་པའི་ཀློང་ནས་བརྡོལ༔ འགའ་ཞིག་ལྷ་དང་མཁའ་འགྲོས་དངོས་སུ་སྟོན༔ ལ་ལས་བཏོན་ཀྱང་རང་ཉམས་ཁོ་ན་ལེན༔ ཕལ་ཆེར་ལོ་གྲངས་བཀའ་རྒྱས་བཏབ་ནས་སྤེལ༔ ལ་ལས་ཁ་བྱང་ལུང་བསྟན་གསལ་གྱུར་ཀྱང་༔ དངོས་སུ་མི་འདོན་བཀའ་རྙིང་བསྟན་པ་སྐྱོངས༔ དེ་ལྟར་ཚད་ལྡན་སྐྱེས་བུ་དེ་དག་གིས༔ གང་ལྟར་སྤྱོད་ཀྱང་པདྨ་བདག་ཉིད་ཀྱི༔ བྱིན་བརླབས་སྔོན་སྨོན་དབང་གི་བྱེ་བྲག་སྟེ༔ འབྲེལ་ཚད་འཚེངས་ཤིང་དོན་དང་ལྡན་པ་ཡིན༔ ཅེས་གསུངས་པ་ལྟར་བཀའ་རྙིང་གི་བསྟན་པ་བསྐྱངས་བ་ཁོ་ན་ཐུགས་ལ་བཅགས་ཤིང་དགོངས་གཏེར་ཟབ་མོ་དག་དང་ཁྱད་མེད་པའི་བསྟན་བཅོས་རྣམས་མཛད་པ་ལས། དངོས་གཏེར་འདོན་པ་དང་སྤེལ་བར་མ་མཛད་དོ། །ཡང་རྗེ་སྦས་པའི་མགོན་པོ་བི་ཛའི་མནལ་ལམ་དུ། རང་རེའི་ཁྱིམ་དུ་རྒྱལ་ཚབ་རིན་པོ་ཆེ་འབྱོན་རྒྱུ་རེད་ཟེར་ནས་མི་མང་པོས་ཁྲི་བཤམས་པ་དང་། གཞན་དང་མི་འདྲ་བའི་མི་སྨུག་པོ་དར་ཐོད་ཅན་ཤིན་ཏུ་འཇིགས་སུ་རུང་བ་ཞིག་གིས་དར་ཁ་དོག་སྣ་ཚོགས་ཁྲུ་གང་ཙམ་ཞིག་འདུག་པ་ཕྱག་མདུད་རྒྱུ་ཡིན། ད་ནི་རེ་ཞིག་ཁྱེད་ཉིད་ཀྱིས་ཉར་ཚགས་དགོས་པ་ཡོད་ཟེར་ནས། ཕྱག་ཏུ་སྤྲོད་བྱུང་བའི་ཐུགས་སྣང་དང་། ཁྱིམ་དེར་གནས་པ་གཞན་དག་གི་རྨི་ལམ་དུའང་དགེ་བའི་ལྟས་མཚན་འགའ་ཞིག་བྱུང་འདུག་ཀྱང་མཐའ་དག་བྲི་བར་མི་ལྡང་ལ། གཏེར་སྟོན་ཚད་ལྡན་དུ་མཆོག་གླིང་དང་མཁྱེན་བརྩེ་སོགས་སྐྱེས་ཆེན་རྣམས་ཀྱིས་ཚད་མར་མི་མཛད་ཀྱང་རླངས་དཔལ་སེང་གི་རྣམ་འཕྲུལ་དུ་སྒྲོགས་པ་གེ་མོ་གཏེར་སྟོན་དུ་གྲགས་པས་ཀྱང་རྒྱལ་ཚབ་སྤྲུལ་སྐུ་འདིར་འཁྲུངས་རྒྱུ་ཡིན་ཚུལ་དང་། འགྲོ་ཁར་མ་ཡུམ་ལ་གཙང་སྦྲ་དགོས་ཚུལ་སོགས་སྨྲས་སྐད་འདུག །གང་དུ་སྐུ་བལྟམ་པའི་གནས་ནི་སྡེ་བཞི་དགེ་བ་བཅུའི་དཔལ་གྱིས་མཐོ་བ་ལྷ་ཐོག་གི་ས་ཡི་ཆར་སྤང་ལྗོངས་དང་མེ་ཏོག་སྣ་ཚོགས་བཀྲ་བ་ཡན་ལག་བརྒྱད་ལྡན་གྱི་ཆུ་ཀླུང་གི་སྒྲ་ལྷུང་ལྷུང་སྒྲོགས་པ། བྲག་རི་དང་རྩི་ཤིང་ནགས་ཚལ་རྒྱས་ཤིང་སྤང་ལྗོངས་ཉམས་དགའ་བས་མཛེས་ཤིང་འདོད་རྒུའི་དཔལ་ཡོན་ངང་གིས་འདུ་བ་རྫོགས་ཀྱི་མཚོ་ལུང་ཞེས་པར་མངལ་གྱི་ཟླ་གྲངས་ཐེམ་པ་ན། ལྕགས་ཕོ་རྟའི་ལོ་མཇུག་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་དང་དགོངས་འདུས་སྐར་མཛོད་སོགས་ཀྱི་ལོ་མགོར་རྒྱལ་ཟླ་བརྩི་བའི་དབང་དུ་བྱས་ན། པ་ཛ་པ་ཏི་ཏེ། སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་ལོ།

ཧོར་ཟླ་བཅུ་གཉིས་པ་ལྷག་པའི་ཕྱི་མ་སྣ་ཚོགས་ཤིང་རྟ་ཆུ་སྲིན་གྱི་ཁྱིམ་དུ་ཞུགས་ཤིང་ཆུ་ཤེལ་དབང་པོ་རྒྱུ་སྐར་གྱི་ལྷ་མོ་རྒྱལ་གྱི་ཉ་བའི་ཚེས་བཅུ་དགུ་རེས་གཟའ་ལྷའི་བླ་མ་ཤར་བའི་འཕྲོད་ཆེ་ཆུང་སོགས་སྦྱོར་བ་ཕུན་སུམ་ཚོགས་པར་མ་བསྒྲིག་ལྷུན་གྲུབ་ཀྱི་རྟེན་འབྲེལ་བཟང་པོ་ངང་གིས་འགྲིག་པ་དང་རྟ་བདུན་རྒྱལ་པོ་རྡོ་རྗེ་ཅན་གྱི་ཕྱོགས་ནས་འོད་ཟེར་གྱི་སྣང་བས་ནུབ་ཕྱོགས་བདེ་ཆེན་ཞིང་གི་ཕྱོགས་ཀྱི་རི་རྩེར་སྣང་བའི་མོད་ལ་བྱང་ཆུབ་སེམས་དཔའ་མངལ་ལས་གྲོལ་ཤིང་། དེ་ཡང་ཕྲུ་མས་ཆོས་གོས་ལྟར་དཀྲིས་པ་དང་། སྤྱན་ཟུང་རྡོ་རྗེའི་ལྟ་སྟང་ཁྲ་ཧྲིག་གེ་བ། དཔྲལ་བའི་དབྱེས་ཆེ་ཞིང་དབུ་གདུགས་ལྟར་རྒྱས་པ། ཤངས་ཀྱི་གཟེངས་མཐོ་བ་སོགས་མཐོང་ན་མི་མཐུན་མེད་ཅིང་། སྐུ་སྨད་ཐམས་ཅད་དུ་སྟག་རིས་བཀྲ་བ་དང་། ཀུན་ནས་བལྟ་བས་ཆོག་མི་ཤེས་པ། གང་གིས་མཐོང་བ་ལ་དགའ་བ་དང་བདེ་བ་གྱ་ནོམ་པ་སྦྱིན་པའི་སྐྱེས་བུ་ཁྱུ་མཆོག་ཆེན་པོ་ཞིག་ཉིན་བྱེད་དབང་པོ་དྭངས་བའི་མཁའ་ལ་འཆར་པ་དང་ཕན་ཚུན་འགྲན་པ་ལྟར། ས་ཡི་སྟེང་འདིར་བྱོན་པ་དང་། དར་ཅིག་ནས་ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་ཁ་དོག་སྣ་ཚོགས་པའི་ཆུ་འཛིན་མཁའ་ལ་བཀོད་ཅིང་འབྱུང་བ་ཐམས་ཅད་དབྱར་གྱི་དཔལ་ཡོན་ལ་ཤིན་ཏུ་ངེས་འབྱུང་གི་ངང་ཚུལ་བསིལ་ལྡན་རྒྱལ་མོའི་རེག་པས་དམ་པར་བསྡམ་པ་ཡང་ལྷོད་པོར་གྱུར་ཏེ་སྤྲིན་སྒྲའི་དབྱངས་སྙན་ཡུད་ཙམ་ལ་ལྷང་ངེར་སྒྲོགས་ཤིང་། འཇའ་སྤྲིན་ཁ་དོག་དང་དབྱིབས་སྣ་ཚོགས་ཀྱིས་མཁའ་དབྱིངས་མཛེས་པར་གྱུར་ཏོ། །དེ་ཡི་ཚེ་སྦས་པའི་རྣལ་འབྱོར་གྱིས་སྐུ་ཚེ་དང་ཤེས་རབ་འཕེལ་བའི་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་དང་བར་ཆད་བསྲུང་བའི་རྫས་སྔགས་སོགས་ཕྱག་བཞེས་གནང་། མཚན་ཚེ་རིང་འབྲུག་རྒྱལ་ཞེས་པར་གསོལ་བ་སོགས་ཐོག་མའི་རྟེན་འབྲེལ་ལེགས་དགུའི་ཕྱོགས་སུ་བསྒྲིགས་པར་མཛད་པ་དང་། ཡང་རྗེ་ཉིད་ཀྱིས་རྒྱུན་བསྣམས་སྣག་བུམ་དང་ཕྱག་སྙུག་སྦ་མཁར་བཅས་རྗེ་བླ་མ་ལ་ཕུལ་ཏེ། ཁོ་བོའི་སྤང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཁྱེད་ལ་ཡོངས་སུ་རྫོགས་པའི་རྟེན་འབྲེལ་ཡིན་ཞེས་གསུངས་པ་དང་། དེ་ནས་ཡབ་ཡུམ་རྣམས་ཀྱིས་བཀུར་བསྟི་རིམ་གྲོ་ཕུན་སུམ་ཚོགས་པའི་ཞབས་འདེགས་བཅས་ནང་དུ་རྩ་རླུང་ཐིག་ལེའི་སྟོབས་འཕེལ་བའི་ཐབས་དང་ཕྱི་རུ་སྐུ་ཡི་དཀྱིལ་འཁོར་ལ་འཕྲོད་བཞེས་གང་ཆེའི་བསྐྱེད་བསྲིངས་ཤིང་། རྗེ་འདི་ཉིད་གཞོན་ནུའི་སྐབས་ནས། རྒྱལ་ཚབ་བྱམས་པས། །སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་རྣམས། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། ཞེས་དང་། ཆུ་སྐྱར་ལས་ནི་ཆུར་ཤེས་དང་། །དུ་བ་ལས་ནི་མེར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར། རྒྱལ་སྲས་སེམས་དཔའ་ཆེན་པོར་གཟོད་ནས་གྲུབ་པ་ལ་གཞན་ཕན་བརྩེ་ཆེན་སྙིང་རྗེའི་ཁུར་ཆེན་ཅུང་ཟད་ཀྱང་བྲི་བ་དང་དོར་བ་མེད་པ་རང་གི་ཆོས་ཉིད་དུ་གྱུར་པས་སེམས་ཅན་བསད་པའི་ཤ་ཁྲག་ལ་མི་དགྱེས་ཤིང་། དངོས་སུ་བཞེས་པ་ལྟ་ཞོག་དྲི་ཙམ་བྲོ་བ་དང་། ཤ་ཡི་དྲི་མས་སྦགས་པའི་སྣོད་ཅན་གཙང་དག་མ་བྱུང་བར་གསོལ་ཐུག་ལ་སོགས་བསྐོལ་བ་ན་དེའི་རོ་ལྗགས་ལ་སྨིན་པས་ཀྱང་སྐུ་ཁམས་མི་དྭངས་བར་གྱུར་པ་དང་། སེམས་ཅན་གསོད་པ་སོགས་གཟིགས་པ་ནས་སྙིང་རྗེའི་ཤུགས་ཀྱི་གདུང་བའི་སྤྱན་ཆབ་ཆར་དྲག་པོ་ལྟར་བསིལ་ཞིང་ཐབས་ཅི་ནུས་ཀྱིས་བཟློག་པ་དང་། སྐུ་གཞིས་ཀྱི་ཨ་ནེ་སོགས་ལ་ཤ་གཅོད་དུ་འཇུག་པ་སོགས་ཀྱིས་མཚོན། ཉམ་ཐག་གི་འགྲོ་བ་རྣམས་ལ་ཤིན་ཏུ་བརྩེ་ཞིང་སྦྱིན་པ་ལ་དགའ་བ། བླ་མ་གྲྭ་པ་སོགས་ངུར་སྨྲིག་གི་རྒྱལ་མཚན་བགོས་པ་དང་། སེར་ཆས་གྱོན་པ་གཟིགས་ན་དེ་ལ་དགའ་ཞིང་བརྩེ་བ་དང་། སྐུ་གསུང་ཐུགས་ཀྱི་རྟེན་དང་། མཆོད་རྫས་སོགས་ལ་དགྱེས་ཤིང་། དབང་བསྐུར་ཆོས་འཆད་ཀྱི་སྟངས་ཀ་དང་། ཌཱ་དྲིལ་དཀྲོལ་ཞིང་། སྐབས་འགར་བསམ་གཏན་ལ་གནས་པའི་བཞུགས་སྟངས་ཀྱང་རྒྱུན་རིང་གནང་བ་སོགས་ཐ་མལ་བྱིས་པའི་སྤྱོད་པ་གཏན་ནས་མི་གནང་ཞིང་། དངུལ་ཆུ་སར་ལྷུང་ཀྱང་རྡུལ་དང་མ་འདྲེས། པདྨ་འདམ་ན་གནས་ཀྱང་འདམ་གྱིས་མ་གོས་པའི་དཔེ་ལྟར་དམ་པའི་ངང་ཚུལ་ལ་ཉེས་དྲིས་གཞར་ཡང་མི་མཛའ་ཞིང་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཁོ་ནས་དུས་འདའ་བ་ཞིག་བཞུགས་པར་གྲགས་སོ། །དེ་སྐད་དུ་ཡང་རྣམ་ཐར་གསོལ་འདེབས་ལས། ཡེ་ཤེས་གཟིགས་པའི་ཆ་ཤས་ལྷོ་ཟླའི་ལྗོངས། །ཡུལ་གྱི་དགེ་བཅུ་གཡང་དུ་འཁྱིལ་པ་དེར། །གྲུབ་པ་མཆོག་གི་རིགས་སུ་ཞུགས་པ་ན། །དགེ་ལེགས་སྣང་བས་ཁྱབ་ལ་གསོལ་བ་འདེབས། །བལྟམས་ཚེ་བཀྲ་ཤིས་མཚན་རྟགས་བཟང་པོས་སྤྲས། །རང་བཞིན་ཏིང་འཛིན་བཟང་པོར་དབང་འབྱོར་ཞིང་། །ཕལ་པའི་སྤྱོད་ལས་རིང་དུ་འདས་པ་ཡི། །ལྷ་མི་སྤྲོ་བ་བསྐྱེད་ལ་གསོལ་བ་འདེབས། །ཆུང་ངུའི་དུས་ནས་ཡོན་ཏན་ཚད་མེད་མངའ། །ཐེག་ཆེན་རིགས་ཀྱི་ནུས་པ་ཡོངས་སུ་སད། །མཆོག་གཟིགས་རྣམས་ཀྱི་ལུང་གིས་བསྐུལ་བ་ཡི། །སྤྲུལ་པའི་བདེན་དོན་རྙེད་ལ་གསོལ་བ་འདེབས། །ཞེས་ཀྱང་བྱུང་ངོ་། །འཕགས་པའི་ས་ལ་བཞུགས་ཀྱང་བུང་བའི་རྣམ་པར་རོལ། །འཕོ་འགྱུར་སྤྲོས་པ་བྲལ་ཡང་གཞོན་ནུའི་གཟུགས་སུ་སྣང་། །རྣམ་པ་ཐམས་ཅད་མཁྱེན་ཡང་སྦྱང་པའི་ཚུལ་བསྟན་པ། །རྒྱལ་སྲས་དཔའ་བོ་མཆོག་འདིའི་རང་བཞིན་བརྟགས་པར་དཀའ། །གང་གི་ཐུགས་ལ་ཤེས་བྱ་ཀུན་ཤོང་ཞིང་། །སྐུ་མཆོག་མཚན་བཟང་མཐོང་བས་ཡིད་འཕྲོག་པ། །གསུང་གི་གདངས་སྙན་ཀ་ལ་པིངྐའི་དབྱངས། །ཡོན་ཏན་ཐམས་ཅད་འབད་མེད་ལྷུན་གྱིས་རྫོགས། །རིགས་ཀྱི་མཛད་པ་བཟང་པོ་ལས། །བརྒྱ་ཕྲག་བསྐལ་པར་གོམས་པའི་མཐུས། །ངལ་བས་ནན་གྱིས་མ་བརྩོན་ཀྱང་། །དམ་པའི་སྤྱོད་པར་ངང་གིས་མཛའ། །ས་ཡི་སྙིང་ནས་གསེར་བཞིན་དུ། །བཟང་པོའི་དཔལ་འོད་འཕྲོ་བ་ཡི། །སྙན་པའི་དྲི་བསུང་རྒྱང་དུ་འཐུལ། །ལྷར་བཅས་ངོ་མཚར་གཏམ་གྱི་གཞི། །ཞེས་པའང་བར་སྐབས་ཀྱི་ཆེད་དུ་བརྗོད་པའོ། ། ༈

དེ་ལྟར་མི་ཡི་ཁྱུ་མཆོག་འགྲོ་བའི་བླ་མ་རྒྱལ་སྲས་གཞོན་ནུ་དེ་ཉིད་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་གསལ་བྱེད་ཆེན་པོར་སྔོན་གྱི་སྐྱེ་བའི་ཕྲེང་བ་མང་པོའི་གོང་ནས་སྨོན་ལམ་གྱི་མཐུ་གྲུབ་པས། དེང་གི་དུས་གསང་བ་གསུམ་གྱི་མཛད་ཚུལ་ཚུ་རོལ་མཐོང་བའི་བློ་ཅན་སྦྱངས་དང་མ་སྦྱངས་ཐམས་ཅད་ཀྱིས་སྐྱེས་བུ་འདི་ནི་རྒྱལ་དང་རྒྱལ་སྲས་དམ་པའི་རྣམ་འཕྲུལ་ཁྱད་པར་ཅན་ཡིན་ནོ། །རྒྱལ་ཚབ་ཆོས་ཀྱི་རྒྱལ་པོ་བསམ་བཞིན་འབྱོན་པ་ཡིན་ནོ་ལ་སོགས་པའི་གཏམ་གྱི་གྲགས་སྙན་རླུང་གིས་ཁྱེར་བ་ལྟར་དཀར་ཕྱོགས་ཀྱི་ལྷ་དང་མི་ཡིས་ཕྱོགས་ཀུན་ཏུ་བསྒྲགས་པ་ན། སྔོན་གྱི་རིག་འཛིན་གོང་མ་གྲུབ་པའི་ཁྱུ་མཆོག་དེ་ཉིད་ཀྱི་ཞལ་ཆེམས་གནད་ཐེམ་དང་། ཡེ་ཤེས་གཟིགས་པའི་འཕགས་ཆེན་རྣམས་ཀྱི་ལུང་བསྟན་པ་ལ་སོམ་ཉིའི་སྐབས་ཆེར་མ་མཆིས་ཀྱང་། ཡིད་ཆེས་བླ་ལྷག་ཏུ་བསྐྱེད་པའི་ཕྱིར་འཇམ་དབྱངས་སྨྲ་བའི་སེང་གེ་མི་ཡི་བརྫུ་ལ་ཞུགས་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་གསེར་སྙན་རིན་པོ་ཆེར་ཡུལ་ཕྱོགས་ཡབ་ཡུམ་འདི་དང་འདི་ལྟ་བུ་ལ་ངོ་མཚར་བའི་མཚན་ལྟས་དང་ལྡན་པའི་སྐྱེས་མཆོག་ཁྱད་པར་འཕགས་པ་སྐུ་བལྟམས་པ་འདི་རང་བྱུང་རྡོ་རྗེའི་རྣམ་འཕྲུལ་སྒྱུ་མའི་རོལ་རྩེད་ལ་ནོར་འཁྲུལ་ཐེ་ཚོམ་གྱི་སྐབས་མ་མཆིས་སམ། ཐམས་ཅད་གཟིགས་པའི་བདེན་པས་སྐབས་དབྱེ་བར་གསོལ་ཅེས་དད་གསུམ་གུས་པས་གསོལ་བ་བཏབ་པ་ན། མཉམ་པར་མ་བཞག་པའི་ཐུགས་མི་མངའ་བ་དང་ལྡན་པ་དེས་པདྨའི་ལྗགས་རིང་གཡོ་བས་བསྙེལ་བ་དང་ཞུམ་པ་མེད་པའི་གསུང་ཚངས་པའི་དབྱངས་དང་། འབྲུག་སྒྲ་ལྟར་བརྗིད་པས་དོན་འདི་ལ་ནི་ལན་བརྒྱར་བརྟགས་ཀྱང་ནོར་བ་མ་མཆིས་ཤིང་གདན་ས་ཆེན་པོར་ཞབས་སོར་བཀོད་ན་དོན་དང་ལྡན་པར་འགྱུར་རོ། །ཞེས་པའི་བཀའ་ལུང་རྡོ་རྗེ་རིན་པོ་ཆེའི་ཅོད་པཎ་སྤྱི་བོའི་གཙུག་ཏུ་བཅིངས་ནས་འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོའི་སྡེ་ཞེས་པའི་མཚན་འབུལ། ཞབས་བརྟན་གྱི་བདེན་ཚིག་ཤིས་དབྱངས་བཅས་སྩོལ་བར་མཛད་པ་དང་། ཟེ་ཆེན་ནས་རབ་འབྱམས་ལྔ་པའི་མཆོག་སྤྲུལ་རིན་པོ་ཆེ་དབུས་བཀའ་བགྲོས་ཏེ། བླ་མཆན། མགྲོན་གཉེར་སོགས་ཆེད་ཕེབས་ཀྱིས་རྗེ་བླ་མ་དགུང་གྲངས་ལྔ་བཞེས་པ་དང་མཆོག་སྤྲུལ་ཉིན་བྱེད་གཞོན་ནུའི་གསེར་ཞལ་ཐོག་མར་མཇལ་བའི་སྐབས་དེ་དག་ཀྱང་དགའ་བ་དང་སྐྱོ་བའི་ཉམས་སྣ་ཚོགས་པ་རྒྱུད་ལ་སྐྱེས། དད་མོས་དྲག་པོས་ཇི་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ་པོར་དབང་བསྐུར་བའི་དུས་བདེན་ཚིག་གྲུབ་པའི་བྲམ་ཟེ་ཆེན་པོ་དག་གིས་ཤིས་པ་བརྗོད་པ་དང་། བདུད་རྩིའི་ཆུས་ཁྲུས་བྱེད་པ་ལྟར། གཙང་མའི་ཆབ་ཀྱིས་སྐུ་ཁྲུས་གསོལ་བས་ཕྱི་ནང་གི་ཉེས་ཚོགས་ཤིན་ཏུ་དག་པར་བྱས་ཤིང་དྲང་སྲོང་ཆེན་པོའི་ཆོས་གོས་དག་ཕུལ། དགའ་སྟོན་བཟང་པོ་སྣ་ཚོགས་པ་དང་ཞལ་ཟས་སྣ་ཚོགས་ཀྱིས་མདུན་བསྟར། བཀྲ་ཤིས་པའི་ཚིགས་སུ་བཅད་པ་དུ་མ་སྒྲོགས་ཤིང་ཧོར་ཟླ་དགུ་པའི་ཚེས་གཟའ་སྐར་སྦྱོར་བྱེད་དགེ་ཞིང་ཤིས་པ་འཛོམས་པ་ན། སྤུ་སྡུག་མཛེས་ཤིང་ཡིད་དུ་འོང་བ་མྱུར་མགྱོགས་ཅང་ཤེས་རིན་པོ་ཆེར་སྒ་སྲབ་སོགས་རྒྱན་གྱིས་རྣམ་པར་མཛེས་པའི་སྟེང་དུ། བརྟན་པའི་འཁོར་ལོ་གདོང་ལྔའི་དབང་པོར་འགྱིང་བ་ལྟར་ཤིན་ཏུ་མཛེས་པའི་སྐུ་མཆོག་ལྷན་ནེ་ལྷང་ངེ་ལྷམ་མེ་བ་གཟི་བརྗིད་མཚུངས་པ་མེད་པ་ལ། འཁོར་མི་དང་མི་མ་ཡིན་དཀར་ཕྱོགས་ཀྱི་ཚོགས་རྣམས་བཞོན་པ་སྣ་ཚོགས་ལ་ཞོན་པ། ལག་ན་དར་ཟབ་ཆེན་ཁ་དོག་སྣ་ཚོགས་པའི་བ་དན་འཕྱར་བ་དང་བཅས་དལ་འགྲོས་ཀྱིས་གསེར་ལྡན་འབྲི་ཀླུང་དམ་པ་ཆོས་ཕྱུག་གི་གཙང་ཆབ་ཆེན་པོར་ཀོ་གྲུའི་འཁྲུལ་འཁོར་གྱིས་བརྒལ་བ་དང་། གདན་ས་ཆེན་པོ་ནས་ཀྱང་རྟ་ཐབ་ཀྱི་བསུ་བ་སྔ་རྗེས་རིམ་པར་བརྒྱུད་དེ་སྔ་འགྱུར་བཤད་སྒྲུབ་བཀའ་གཏེར་གྱི་ཆུ་ཀླུང་འབུམ་ཕྲག་གཅིག་ཏུ་འཁྱིལ་བ་རིག་པ་དང་གྲོལ་བའི་ཡོན་ཏན་དཔག་ཏུ་མེད་པའི་དགེ་འདུན་གྱི་སྡེ་དང་། མཁས་དང་གྲུབ་པ་བརྒྱུད་མར་བྱོན་པའི་གནས། དཔལ་ཞེ་ཆེན་མདོ་སྔགས་བསྟན་པ་གཉིས་ལྡན་བཤད་སྒྲུབ་དར་ཞིང་རྒྱས་པའི་གླིང་ཆེན་པོར་ཉེ་བར་ཆིབས་བསྒྱུར་བ་ན་ངུར་སྨྲིག་གི་རྒྱལ་མཚན་བགོས་པའི་དགེ་འདུན་གྱི་ཕྲེང་བ་ཚར་དུ་དངར་ཤིང་། དྲི་ཞིམ་པོ་སྣ་ཚོགས་བསྲེགས་པའི་སྤོས་ཀྱི་གླང་པོ་ཕྱོགས་བཅུར་འཕྲོ་བ་དང་། ལྷ་ཡི་རོལ་མོ་སྣ་ཚོགས་པ་དང་། དར་གྱི་ལྡ་ལྡི། ཟ་འོག་གི་རྒྱལ་མཚན། རིན་པོ་ཆེའི་ཏོག་གིས་བརྒྱན་པའི་བཀྲ་ཤིས་པའི་གསེར་གྱི་གདུགས་དཀར་པོ་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་པས་མདུན་ནས་དྲངས་ཏེ་གཙུག་ལག་ཁང་ཆེན་པོར་ཕྱག་ཕེབས་པ་དང་། བདེ་གཤེགས་མྱ་ངན་མེད་དཔལ་དགེ་བའི་བཤེས་སུ་རོལ་བ་རབ་འབྱམས་ལྔ་པ་དང་ཡབ་སྲས་གཉིས་མཇལ་ཞིང་ལྷ་རྫས་གངས་རིའི་མདངས་ལྡན་བཀྲ་ཤིས་རྟགས་ཀྱི་རི་མོས་སྤྲས་པ་རྣམས་བསོད་ནམས་བརྒྱ་ལས་གྲུབ་པའི་ཕྱག་སོར་ཕན་ཚུན་མཛེས་པར་བརྐྱངས་པས་ཐོགས་ཏེ་སྐུའི་སྐྱེ་བའི་ཕྲེང་བ་དུ་མར་སྨོན་ལམ་དང་ཐུགས་བསྐྱེད་མཐུན་པས་འགྲོགས་པ་སླར་ཡང་དུས་ལ་བབ་པར་མཁྱེན་བཞིན་དུ་དགྱེས་པ་ཆེན་པོས་གསུང་རྡོ་རྗེ་འོད་དཔག་མེད་ལོངས་སྤྱོད་ཀྱི་འཁོར་ལོའི་རྒྱན་དུ་མཛེས་པར་བྱས་པས་བསྟན་འགྲོར་དགེ་བའི་རྟེན་འབྲེལ་གྱི་གཞི་ལེགས་པར་བཏིང་ཞིང་། བཞུགས་ཁྲིར་ཞབས་པད་བཀོད་ཟིན་པ་དང་འབྲུག་གི་སྒྲ་ཆེས་ཆེར་སྒྲོག་པ་དུས་མཉམ་དུ་བྱུང་བ་ནི་ཟབ་རྒྱས་ཆོས་ཀྱི་སྒྲ་ཆེན་པོ་འཇིག་རྟེན་གསུམ་ན་སྙན་པར་སྒྲོགས་པས་སྐལ་བཟང་གདོང་མཐའི་ཚོགས་དགའ་བའི་དཔལ་བསྐྱེད་པས་སྨིན་གྲོལ་གྱི་ལང་ཚོ་ཅི་དགར་རྒྱས་ཏེ། སྔ་འགྱུར་གྱི་བསྟན་པའི་གསལ་བྱེད་ཆེན་པོར་འབྱུང་བའི་རྟགས་ཡོངས་སུ་གྲུབ་པའོ། །དེར་འདུས་པ་ཐམས་ཅད་ཀྱིས་གུས་པའི་ལྷ་ཕྱག་གྱང་འགྱེལ་བ་ལྟ་བུ་སྔོན་དུ་འགྲོ་བས་བཀྲ་ཤིས་པའི་ལྷ་རྫས་ཕུལ་བ་དང་། སྐྱབས་མཆོག་འཇམ་དཔལ་གཞོན་ནུའི་ཕྱག་སོར་དེ་བཞིན་གཤེགས་ལྔར་བྱིན་གྱིས་བརླབ་པ་སྤྱི་བོར་བཀོད་པ་ལས་བྱུང་བའི་བདུད་རྩིས་སྒོ་གསུམ་སྨིན་པར་བྱས་སོ།

།དེ་ནས་དུས་ཚེས་བཟང་བར་སྟོན་པའི་སྣང་བརྙན་གྱི་དྲུང་དུ་དབུ་སྐྲ་མཐོན་མཐིང་ལྟར་གནག་པའི་གཙུག་གི་ཕུད་བུ་བྲེག་པ་དང་། མཚན་ཨོ་རྒྱན་མི་འགྱུར་ཀུན་བཟང་བསྟན་པའི་རྒྱལ་མཚན་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་མཚན་སྙན་གྱི་དྲིལ་ཆེན་བསྒྲགས། དེ་ནས་རྒྱལ་བ་ལྷ་ལས་བབ་པའི་དུས་ཚེས་བཟང་པོར་རྗེ་གོང་མའི་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་སྟ་གོན་རྣམས་ལེགས་པར་ཚོགས་པ་དང་། ཆོས་བརྒྱུད་འདིར་གཏོགས་པའི་ཕྱོགས་མཐའི་འདུས་པ་རྒྱ་མཚོ་རྣམས་འཚོགས་པའི་དབུས་རྗེ་འཇམ་དཔལ་གཞོན་ནུ་ཉིད་འཇིགས་མེད་གདོང་ལྔས་བཏེགས་པའི་ཆོས་ཀྱིས་བསྲུངས་བའི་ཁྲི་ཆེན་པོར་ཞབས་པད་འཁོར་ལོས་མཚན་པ་བཀོད་དེ་སྐུ་མི་གཡོ་བ་རྣམ་པར་སྣང་མཛད་ཆེན་པོ་ཆོས་བདུན་གྱི་ངོ་བོར་བཞུགས་པ་དང་། གསུང་བརྗོད་པ་རྣམ་པ་ཐམས་ཅད་པའི་ཆོས་ཀྱི་སྒྲ་དབྱངས་སྒྲོགས་ཤིང་། ཐུགས་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས་པས་གདུལ་བྱའི་རྒྱུད་སྨིན་གྲོལ་གྱི་མཐུ་དང་ལྡན་པ། ཡོན་ཏན་ཕྲིན་ལས་འཛད་པ་མེད་པའི་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ལྗོན་ཤིང་ལྟར་བསྟན་འགྲོའི་རེ་སྐོང་ལྷ་མིའི་གཙུག་རྒྱན། ཐུབ་དབང་ཤཱཀྱའི་རྒྱལ་པོ་ལྟར་བཞུགས་པ་ལ་ཆོས་ཀྱི་རྒྱལ་པོར་འོས་པའི་རིན་ཆེན་སྣ་བདུན། བཀྲ་ཤིས་པའི་རྟགས་རྫས་སོགས་དང་ལྷ་ཀླུ་མི་ཡི་དཔལ་འབྱོར་ཕྱུར་བུར་སྤུངས་ཤིང་མཆོད་པའི་ཡོ་བྱད་སྣ་ཚོགས་པས་མདུན་བསྟར་ཏེ་རིམ་གཉིས་ཀྱི་དྲོད་ཚད་དང་ལྡན་པའི་དགེ་འདུན་འདུས་པའི་སྡེས་བསྐྱེད་རྫོགས་ཟབ་མོས་འཆི་མེད་རྡོ་རྗེར་སྒྲུབ་པའི་བརྟན་བཞུགས་ཀྱི་ཆོ་ག་དང་འབྲེལ། གླིང་བཞི་རི་གླིང་ཉི་ཟླ་བཀོད་པའི་མཎྜལ་སྟོང་གསུམ་གྱི་སྟོང་ཆེན་པོར་ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲོས་ཏེ་འབུལ་བ་དང་། ག་ན་ཙཀྲའི་དགའ་སྟོན་རྒྱ་ཆེན་པོའི་འདུ་བ་ལ་ལོངས་སྤྱོད་ཅིང་། རྒྱལ་བའི་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་དབྱངས་དང་། ལྷའི་མེ་ཏོག་མནྡཱ་རའི་ཆར་པུས་ནུབ་ཙམ་དུ་བསྙིལ་བས་དགེ་ལེགས་ཀྱི་རོལ་མོ་སྲིད་ཞིའི་ཁོངས་སུ་རྒྱུན་མི་ཆད་པར་བསྒྲགས་སོ་ཞེས་གྲགས་སོ། །ལྷ་ཡི་བླ་མ་གང་གི་ཡབ་ཡུམ་གཉེན་གྱི་ཆར་གཏོགས་འཁོར་དང་བཅས་པར་ཡང་ཞལ་ཟས་སྣ་ཚོགས་ཀྱི་བཟའ་བ་དང་། ལྷའི་བདུད་རྩིའི་བཏུང་བ་ཕུན་སུམ་ཚོགས་པས་མཆོད་ཅིང་། བདོག་དགུའི་དངོས་པོ་གྱ་ནོམ་པ་རྣམས་རང་རང་གི་བགོ་སྐལ་དང་འཚམས་པར་རྣམ་ཐོས་བུའི་བང་མཛོད་ཁ་འབྱེད་པ་ལྟ་བུར་བསྙེན་བར་ཞུས་པས་མགྲོན་དུ་བོས་པ་རྩ་ལག་དང་བཅས་པའི་ཞལ་བཟང་ཟླ་བ་ལྟར་གསལ་ཞིང་སྙན་ཚིག་གི་གླིང་བུ་རབ་དགའི་པི་ཝཾ་ལ་འགྲན་པར་ཆས་སོ། །དེ་སྐད་དུ་ཡང་། རྣམ་ཐར་གསོལ་འདེབས་ལས། མདོ་སྔགས་བསྟན་པ་གཉིས་ལྡན་ཆོས་གྲྭ་ཆེར། །གོང་མའི་ཆོས་ཀྱི་ཁྲི་ལ་མངའ་གསོལ་ཚེ། །རྫོགས་ལྡན་ཉི་མ་གསར་པའི་དགའ་སྟོན་ནི། །ནུབ་མེད་ངོམ་པར་མཛད་ལ་གསོལ་བ་འདེབས། །ཞེས་བྱུང་ངོ་། །ཚངས་དང་བརྒྱ་བྱིན་ལ་སོགས་པ། །ཆེ་དགུས་ཐོར་ཅོག་གིས་བཏུད་པ། །གདོང་ལྔའི་དབང་པོ་བསྒྱིངས་པའི་ཁྲིར། །མགོན་པོ་ཀུན་གཟིགས་གསང་གསུམ་བརྗིད། །སྲིད་ཞིའི་དཔལ་འབྱོར་མཆིས་སོ་ཅོག །འདི་ན་གཅིག་ཏུ་སྤུངས་བྱས་ནས། །མཆོད་པ་ཀུན་ཏུ་བཟང་པོ་ཡི། །ཏིང་འཛིན་སྤྲིན་ལ་འགྲན་པར་ཆས། །འཇིག་རྟེན་ཆེན་པོར་གྲགས་པའི་སྲེད་ལྡན་རྣམས། །རིན་ཆེན་ཁྲི་རྐང་མཐོན་པོར་འཛེགས་གྱུར་ན། །འཕགས་རྣམས་ཆོས་ཀྱི་ཁྲི་ལ་མངའ་གསོལ་བར། །བརྩོན་ངལ་བརྒྱ་འགྱུར་བསྐྱེད་ནས་མཆོད་འདི་འོས། །ཞེས་ཀྱང་སྨྲས་སོ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལས་སྐུ་བལྟམས་པའི་ཚུལ་ལས་གཙོ་བོར་གླེང་བའི་སརྒ་དང་བོ། གཉིས་པ་རྒྱལ་བའི་བསྟན་པ་ལ་ཞུགས་ནས་ཐོས་བསམ་བསྒོམ་པའི་རིམ་པ་ཇི་ལྟར་མཛད་པའི་ཚུལ་ལས་གཏམ་གྱི་སྦྱོར་བ་བསྙད་པར་བྱ་སྟེ། རྗེ་འདི་གདན་སར་མངའ་གསོལ་གྲུབ་ནས་ཁུ་བོ་སྐྱིད་གཡང་ཞེས་པ་མིང་དངོས་པདྨ་དབང་ཆེན་ཟེར་བས་སློབ་དཔོན་མཛད་ནས་གངས་ཅན་གྱི་ཡི་གེའི་ཕྱི་མོ་འཇམ་དབྱངས་ཐུ་མིའི་མཁྱེན་རབ་ཀྱིས་བསྐྲུན་པའི་ཡི་གེའི་སྦྱོར་བ་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན་པར་སྦྱངས་ཤིང་། སྨྱུག་འཛིན་པ་དེ་ཉིད་ལས་ཕྱག་བྲིས་ཀྱི་སྨྱུག་འགྲོས་རྣམས་ཀྱང་ལེགས་པར་ཆུབ་པ་དང་། དེ་ཡང་དམ་པ་རྣམས་ཀྱི་བྱ་བ། རྒྱལ་བ་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་དང་། རིས་མེད་པའི་འགྲོ་བ་མཐའ་དག་ལ་ཕན་བདེའི་དབུགས་འབྱིན་ཆེན་པོ་སྟེར་བའི་དོན་ཁོ་ན་ལས་གཞན་དུ་མི་སེམས་ཤིང་དེ་ཁོ་ནའི་དོན་ལ་རྟག་ཏུ་བརྩོན་པའི་སྙིང་སྟོབས་ཀྱི་འཇུག་པ་ཟླ་མེད་པ་འཕགས་པ་སྤྱན་རས་གཟིགས་དང་། རྒྱལ་སྲས་ཐུ་བོ་འཇམ་དཔལ་གཞོན་ནུ་ལྟར་སྐྱོ་ངལ་དང་བརྩོན་པ་ལྷོད་པའི་དྲི་མས་ཤིན་ཏུ་རྣམ་པར་དག་ཅིང་བསྟན་འགྲོའི་དོན་འབའ་ཞིག་སྒྲུབ་པ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་ཆོས་ཉིད་ཡིན་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་ལ་དགོས་འདོད་འབྱུང་བ་དང་། ཙནྡན་དང་དྲི་བསུང་། མེ་དང་མེ་ཡི་ཚ་བ་ལྟར་ངོ་བོ་དང་མཚན་ཉིད་འབྲལ་མི་ཤེས་པའི་ཚུལ་ཅན་ཏེ། ཁྱད་པར་སྙིགས་མ་རྩོད་པ་རྒྱས་པའི་དུས་འདིར་སྡིག་ཏོ་ཅན་དམ་པར་བརྫུས་ནས་ལོག་པའི་ལམ་སྟོན་པས་ཐམས་ཅད་ཕུང་ཁྲོལ་ཆེན་པོར་འགྱུར་བ་དང་། ཆོས་བརྒྱད་ཀྱི་སྒེགས་མོའི་བསླུ་བྲིད་ལ་གཡེངས་པས་ཚེ་འདིའི་ཆེ་ཐབས་ལྷུར་ལེན་ཤིང་ཐོས་བསམ་བསྒོམ་སྒྲུབ་བགྱིས་པའི་མཁས་དང་གྲུབ་པའི་གསོབ་ཏུ་ཞུགས་ཀྱང་རང་ཉིད་མ་སྨིན་ཤིང་མ་གྲོལ་བས་མཐར་གྱིས་ནང་གི་དེ་ཉིད་མ་རྟོགས་པར་འགྱུར་བ་དང་། ལ་ལ་དག་སྡེ་སྣོད་ལ་དགྲ་བལྟ་ཞིང་གཡོ་ཅན་གྱི་ལྟ་བ་ངན་པའི་མཆེ་བ་རྣོན་པོ་གཟེངས་ཏེ་ལས་འབྲས་བཤས་རོལ་དུ་བྱེད་པ་རྣམས་ཀྱིས་ས་སྟེང་ཕལ་ཆེར་གང་ཞིང་། འགའ་ཞིག་ནི་ཕྱོགས་རེའི་མིག་ཅན་གྱིས་རང་ཕྱོགས་ཀྱི་དམ་ཆོས་ཅུང་ཟད་ཀྱིས་ཆོག་པར་བསམས་ནས་རྒྱལ་བསྟན་རིས་སུ་བཅད་ཅིང་ཆོས་སྤང་གི་ལས་བསགས་པ་དང་། སྐྱེ་བོ་མང་པོ་དག་སྒོ་གསུམ་མ་བསྒྲིམས་ཤིང་མ་དུལ་བས་ཆོས་ལ་མི་འཇུག་ཅིང་ཁྱི་སྔོན་དུ་རྩྭ་འཇོག་པ་ལྟར་གལ་ཆུང་ཆོས་ལ་བྱེད་པའི་སྐབས་འདིར། རྗེ་བླ་མ་འདི་ནི་ཐོས་པའི་སྒོ་ཀུན་ནས་བསྡུ་ཞིང་བསྟན་པ་རིན་པོ་ཆེ་ཚད་མ་གསུམ་གྱིས་དག་པའི་བཤད་རྒྱུན་ཀ་ཆེན་བཅུ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གཞུང་གདམས་མན་ངག་ཐམས་ཅད་བུང་བས་བཅུད་ཚོལ་བ་ལྟར་དཀའ་ཚེགས་དང་སྐྱོ་དུབ་སྤངས་ནས་ཡོངས་འཛིན་བཤེས་གཉེན་ཆེན་པོ་རྣམས་ལས་གསན་པར་མཛད་པས་དམ་པའི་ཆོས་ཀྱི་མཛོད་ཉམས་པ་མེད་པར་བསྲུང་བའི་གོ་ཆ་ཆེན་པོ་བགོས་པ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། །གང་གིས་སངས་རྒྱས་སྟོང་རྣམས་དང་། །སངས་རྒྱས་བྱེ་བ་གྲངས་དག་ལ། །བསྐལ་པ་གངྒཱའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བཀུར་བ་ལས། །འཇིག་རྟེན་མགོན་གྱིས་གསུང་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཆོས་འཇིག་དུས་སུ་ཆོས་འཛིན་པ། །སྔོན་གྱི་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་ཡེ་ཤེས་རབ་གནས་པ། །ང་ལ་དེས་ནི་མཆོད་པ་བྱེད། །དམ་པའི་ཆོས་ནི་འཇིག་པའི་ཚེ། །སྟོན་པའི་བསྟན་པ་བསྲུང་བྱེད་པ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །དེ་ནི་ནམ་ཡང་རྒུད་མི་འགྱུར། །ཅེས་སོགས་རྒྱ་ཆེར་བཀའ་བསྩལ་པ་ལྟར་སྟོང་གསུམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་བས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་ཚིགས་སུ་བཅད་པ་གཅིག་གི་རིན་ཐང་གཞལ་བར་མི་ནུས་ཤིང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྐུ་ལུས་ཏིལ་མར་གྱི་ནང་དུ་བཅུག་སྟེ་མར་མེ་སྦར་བ་དང་། སྐུ་ལ་ལྕགས་ཀྱི་གཟེར་བུ་སྟོང་བཏབ་སྟེ་ཆོས་བཙལ་བ་སོགས་དམ་པའི་ཆོས་འབྱུང་བར་དཀའ་བ་དང་། དོན་ཆེ་བའི་ཚུལ་ལ་དགོངས་ནས་དཀའ་ཆེན་ངང་དུ་བཞེས་པ་ལྟར། བདག་ཅག་གི་དཔལ་ལྡན་བླ་མ་ཆོས་ཀྱི་གཏེར་མཛོད་ཆེན་པོ་འདིས་ཀྱང་དེ་བཞིན་ཐུགས་ཉམས་སུ་བཞེས་པ་སྟེ། དེ་ཡང་བསྟན་པ་རིམ་ཞུགས་ཀྱི་དབང་དུ་བྱས་ན། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར། ཐོག་མར་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི། མངོན་མཐོ་དང་ངེས་ལེགས་ཡོན་ཏན་ཀུན་གྱི་གཞིར་གྱུར་ཅིང་། ལྷ་མི་ཀུན་གྱི་བསོད་ནམས་ཀྱི་དཔལ་ཞིང་། དེ་བཞིན་གཤེགས་པའི་བསྟན་པ་རིན་པོ་ཆེའི་རྗེས་སུ་སློབ་པའི་དྲང་སྲོང་ཆེན་པོ་ངུར་སྨྲིག་གི་རྒྱལ་མཚན་ཐོགས་པ་ཞེས་ས་གསུམ་འགྲོ་བ་མཐའ་དག་གི་སྐྱབས་ཀྱི་མཆོག་ཏུ་གྱུར་པས་མུ་སྟེགས་ལྷ་མིན་གྱི་ཆོས་ལུགས་ཉམས་དམས་པར་བྱས་ཤིང་། རིག་པ་དང་གྲོལ་བའི་ཡོན་ཏན་གྱི་འབྱོར་པ་དམ་པས་བརྒྱན་པ། རྒྱལ་བ་དགྱེས་པའི་དྲི་བསུང་ཞིམ་པོ་བསྣམས་ན་བདེ་བ། སྐུ་ཡི་དཀྱིལ་འཁོར་མཐོང་བས་ཡིད་འཕྲོག་པ་འཁོར་འདུས་པ་རྒྱ་མཚོའི་དབུས་ན་གཟི་བརྗིད་མཚུངས་པ་མེད་པ་དེ་ལྟ་བུའི་ཡོན་ཏན་བརྗོད་པར་དཀའ་བའི་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེར་ཐུགས་ཉམས་སུ་བཞེས་པའི་ཕྱིར། མདོ་ལས། ཁྱིམ་པ་རྣམས་ནི་མེ་ཡི་འོབས་ན་གནས་པ་ལྟ་བུའོ། རབ་ཏུ་བྱུང་བ་རྣམས་ནི་བསིལ་ཁང་ན་གནས་པ་ལྟ་བུའོ། །ཞེས་དང་། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། ཤཱ་རིའི་བུ་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་བཅུ་ཡོངས་སུ་འཛིན་ཏེ། བཅུ་གང་ཞེ་ན། འདོད་ཆགས་ལ་ཆགས་པར་མི་འགྱུར་བ་དང་། དགོན་པའི་གནས་ལ་དགའ་བ་རྙེད་པ་དང་། སངས་རྒྱས་ཀྱི་སྤྱོད་ཡུལ་ཐོབ་པ་དང་། ཆུང་མ་དང་བུའི་ཆགས་པ་དང་བྲལ་བ་དང་། ངན་འགྲོར་འགྲོ་བ་རྣམས་སྤོང་བ་དང་། བདེ་འགྲོར་འགྲོ་བའི་ཆོས་ལ་བརྟེན་པ་དང་། སྔོན་གྱི་དགེ་བའི་རྩ་བ་ཡོངས་སུ་མི་ཉམས་པ་དང་། དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་ཐོབ་པ་དང་། དེ་ལ་ལྷ་རྣམས་རབ་ཏུ་དགའ་བ་དང་། དེ་ལ་མི་མ་ཡིན་རྣམས་བསྲུང་བར་འགྱུར་བ། རབ་ཏུ་འབྱུང་བ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་བཅུ་པོ་དེ་དག་ཡོངས་སུ་འཛིན་པར་འགྱུར་རོ། །ཞེས་རྒྱལ་བ་སྐྱེ་རྒུའི་ཉི་མ་ཐུབ་དབང་མཆོག་གི་ཡང་དག་པའི་བདེན་པས་ཆེས་ཆེར་བསྔགས་པ་མ་ཟད། གང་ན་དམ་ཆོས་འདུལ་བ་ཡོད་པ་དེར་སངས་རྒྱས་ཀྱི་བསྟན་པ་གནས་པར་གསུངས་ཤིང་། ལྷ་དང་བཅས་པའི་འཇིག་རྟེན་གསུམ་ན་མཛེས་པའི་རྒྱན་གཅིག་པུར་གྱུར་ཅིང་། དེ་བཞིན་གཤེགས་པའི་སྤངས་རྟོགས་ཀྱི་གསང་བ་ཐམས་ཅད་པའི་གཞིའམ་རྟེན་རྨད་དུ་བྱུང་བས་བསྐལ་བཟང་འདིར་བྱོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱང་ཛམ་བུའི་གླིང་འདིར་མངོན་པར་རྫོགས་པ་སངས་རྒྱས་པ་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་མཛད་པ་བསྟན་ཅིང་འཁོར་འདུས་པ་རྣམས་ཀྱང་ཕལ་ཆེར་རབ་ཏུ་བྱུང་བ་ངུར་སྨྲིག་གི་རྒྱལ་མཚན་ཐོགས་པ་ཆེན་པོ་ལ་བཀོད་ནས་དེ་རྣམས་ཀྱིས་བསྟན་པ་དམ་པའི་ཆོས་སྐྱོང་ཞིང་འགྲོ་བའི་དཔལ་མགོན་དུ་བཞུགས་པ་སྟེ་སོ་སོར་ཐར་པའི་མདོ་ལས་ཀྱང་། སངས་རྒྱས་འདུལ་བ་གངས་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་བས་ཟིན་རྣམས་ཀྱི། །གདུག་པ་རྣམ་སེལ་སྨན་འདི་ཡིན། །ཅེས་དང་། འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་ནས། །འདི་ནི་ཁྱོད་ཀྱི་སྟོན་པའོ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཅེས་པ་ལྟར་སྟོན་པའི་བསྟན་པ་རིན་པོ་ཆེའི་གཞི་མར་གྱུར་ནའང་། དེང་སང་ཉོན་མོངས་པའི་སྙིགས་མ་ཆེས་ཆེར་བདོ་བའི་འདོད་ཆགས་ཀྱི་ཆུ་ཀླུང་དྲག་ཏུ་འཕྱུར་བས་བསྟན་པ་ལ་ཞུགས་པ་ཕལ་ཆེར་ངུར་སྨྲིག་གི་རྒྱལ་མཚན་ལ་སྡང་བར་གྱུར་པས་རྒྱབ་ཀྱིས་ཕྱོགས་པ་དང་། བསྟན་འཛིན་སྐྱེས་བུར་གྲགས་པ་རྣམས་ཀྱང་བདུད་ཀྱི་བར་དུ་གཅོད་པས་ཚུལ་མ་ཡིན་པའི་དུག་ཆུས་མྱོས་ཤིང་། ལ་ལ་དག་དམར་སེར་རྟགས་ཀྱིས་སྤྲས་པའི་འོག་ནས་དུག་མདའ་འཆང་བ་ཤ་སྟག་གིས་གང་བར་གྱུར་པའི་སྐབས་འདི་ལྟ་བུ་ན་ཆོས་ཀྱི་རྗེ་གནས་བརྟན་འདུལ་བ་འཛིན་པ་ཀུན་གྱི་གཙུག་རྒྱན་དུ་གྱུར་པ་འདི་ངེས་པའི་དོན་དུ་གསང་བ་སྔགས་ཀྱི་ལམ་ནས་ཡེ་ཤེས་བརྙེས་པའི་དམ་པ་ཉོན་མོངས་པའི་འཆིང་གྲོལ་ལས་འདས་ཀྱང་། ཇི་སྐད་དུ། ཕྱི་རུ་ཉན་ཐོས་སྤྱོད་ལ་གནས། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་པ་ལྟར། རྗེས་སུ་སློབ་པའི་གང་ཟག་རྣམས་ཀྱང་ཡང་དག་པའི་སྤྱོད་པར་གདམས་པ་དང་། བསྟན་པ་མི་ནུབ་པའི་ཆེད་དུ་དགུང་གྲངས་བཞེས་པར་འདུལ་བ་རྒྱ་མཚོའི་མངའ་བདག་ཉེ་བར་འཁོར་གཉིས་པ་བརྟན་མཁས་ཡོན་ཏན་རྫོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་དམ་ཆོས་འོད་ཟེར་ལས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་དངོས་པོར་བསྒྲུབས། མཚན་འགྱུར་མེད་པདྨ་རྣམ་རྒྱལ་ཞེས་གསོལ་ནས་དགེ་ཚུལ་གྱི་བསླབ་བྱ་རགས་པ་བཅུ་དང་། བླང་འདས་སོ་གསུམ་སོགས་དགེ་ཚུལ་གྱི་བསླབ་གཞི་ཆར་གཏོགས་དང་བཅས་པའི་གནས་ཕྲ་མོ་ལས་འདའ་བ་མེད་པར་མཛད་ཅིང་། ཚིགས་ཕྱི་མ་བསྙེན་པར་རྫོགས་པ་ནི་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་སྤྲུལ་པའི་སྐུ་མཆོག་ཐུབ་དབང་བསྟན་པའི་ཉི་མ་ལས་གསན་བཞེད་ཀྱིས་དུས་རིང་པོར་འགྱངས་བ་སྐྱབས་མགོན་མཆོག་གི་སྤྲུལ་པའི་སྐུ་བསྙེན་སྒྲུབ་ཟབ་མོའི་དམ་རྒྱ་ལས་ནམ་ཡང་མི་འདའ་བས་གསན་བཞེས་མ་གྲུབ་ཀྱང་བརྟེན་མཁས་ཕན་འདོགས་ཀྱི་ཡོན་ཏན་དུ་མས་ཁྱད་པར་དུ་བྱས་པ། དགེ་མང་མཁན་རིན་པོ་ཆེ་ཡོན་ཏན་རྒྱ་མཚོ། ལས་སློབ་ཟུར་མང་དྲུང་སྤྲུལ་ཀརྨ་ཆོས་ཀྱི་ཉིན་བྱེད་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་སྔ་འགྱུར་བསྟན་པའི་ཤིང་རྟ་ཐུབ་དབང་གཉིས་པ་མཁན་ཆེན་ཞི་བ་འཚོའི་སྡོམ་རྒྱུན་ལོ་ཙཱ་བ་ཆེན་པོ་དྷརྨ་ཤྲཱིའི་བཀའ་དྲིན་ལས་བྱུང་བ་ཉིད་ལེགས་པར་བཞེས་པས་གནས་བརྟན་འདུལ་བ་འཛིན་པ་ཀུན་གྱི་གཙུག་རྒྱན་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོའི་རྟེན་མཆོག་ཏུ་གྱུར་པ་ཡིན་ཏེ། དུས་འཁོར་རྩ་རྒྱུད་ལས། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་པ་དེ་ཉིད་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུངས་པ་ལྟར་དེའི་བསླབ་བྱ་ཕྲ་རགས་རྣམས་ཀྱང་ཉམས་པ་མེད་པ་མིག་གི་འབྲས་བུ་ལྟར་བསྲུངས་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ཤིང་ནང་དུ་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་མཐུས་ཚུལ་ཁྲིམས་ཀྱི་དྲི་བསུང་ཡང་སྐུ་ཡི་ཉེ་འཁོར་ཐམས་ཅད་ལ་ཁྱབ་པས་ཡིད་འཕྲོག་པ་དང་། སྐུ་ལ་གཉེར་མ་མེད་ཅིང་གཞོན་ཤ་ཆགས་པ་སྣུམ་བག་གཟི་བརྗིད་དང་ལྡན་པས་འཁོར་རྣམས་ཟིལ་གྱིས་ནོན་པ་སོགས་བསླབ་པའི་ཚུལ་ཁྲིམས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པ་ཉིད་དོ།

།དེ་ནི་ཕྱི་སོ་སོར་ཐར་པའི་དབང་དུ་བྱས་ཤིང་། ནང་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྟག་པར་ཐུགས་རྒྱུད་དང་གཉིས་སུ་མི་ཕྱེད་པས་སྐྱེ་བ་དུ་མར་སྙིང་རྗེའི་གཞན་དབང་དུ་སོང་བས་སྐུ་ཚེ་འདིར་ཡང་གཞན་ཕན་ལྷག་པའི་སེམས་རིན་པོ་ཆེ་དང་ཆུང་ངུའི་དུས་ནས་ཙནྡན་དང་ཙནྡན་གྱི་དྲི་ལྟར་འབྲལ་མེད་ཡེ་ལྡན་དུ་ཡོད་ཀྱང་། རྒྱས་འགྱུར་གྱི་རིགས་ལྷག་པར་སད་པའི་ཉེར་ལེན་དུ་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ལས་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་བཀའ་སྲོལ་དང་། འཇམ་མགོན་བློ་གྲོས་མཐའ་ཡས། མཁན་ཆེན་ཀརྨ་བཀྲ་ཤིས་འོད་ཟེར། རབ་འབྱམས་ལྔ་པ་སོགས་ལས་སྲོལ་གཉིས་ཀའི་སེམས་བསྐྱེད་སྡོམ་པའི་ཚུལ་ཁྲིམས་གསན་བཞེས་གནང་ནས། དེ་ཕྱིན་ཆད་ནག་པོའི་ཆོས་བཞི་དང་ཕམ་འདྲའི་རྩ་ལྟུང་བཞི་སོགས་སྤོང་ཞིང་དེའི་གཉེན་པོ་དཀར་པོའི་ཆོས་བཞི་སྒྲུབ་པ་དང་། གཞན་ཡང་ཉེས་བྱས་བཞི་བཅུ་ཞེ་དྲུག་དང་། ནམ་སྙིང་གི་མདོ་ནས་གསུངས་པའི་བྱང་ཆུབ་སེམས་དཔའ་རྒྱལ་པོ་ལ་འབྱུང་ཉེ་བའི་ལྟུང་བ་ལྔ། བློན་པོ་ལ་འབྱུང་ཉེ་བའི་ལྟུང་བ་ལྔ། དམངས་ཕལ་པ་ལ་འབྱུང་ཉེ་བ་བརྒྱད་སོགས་ཀྱི་བསྲུང་སྡོམ་གྱི་ར་བ་ལས་ནམ་ཡང་མི་འདའ་ཞིང་སྔར་སྨྲོས་པ་ལྟར་སྐུ་ན་ཕྲ་མོའི་དུས་ནས་ཤ་ཆང་ལ་གཏན་ནས་མི་དགྱེས་པས་ཤ་ཟ་བ་ནི་ཉེས་པ་དུ་མའི་ཕུང་པོ་སེམས་ཅན་ལ་གནོད་པའི་གཞི་རྒྱལ་སྲས་ཀྱི་སྤྱོད་པ་དང་འགལ་བ་དེ་ལས་ཆེ་བ་མེད་དེ། ཁྱད་པར་འཕགས་བསྟོད་ལས། སེམས་ཅན་གསོད་པར་བྱེད་པ་གང་། །འཇིག་རྟེན་པ་ཡི་ཆོས་སུ་འཚལ། །ཁྱོད་ཀྱི་བསྟན་ལ་དེ་དག་སྨད། །གང་ཞིག་སྲོག་ཆགས་ལ་རྟག་གནོད། །དེ་ལ་ཆོས་ཉིད་ག་ལ་ཡོད། །གཙོ་བོ་ཁྱེད་ཀྱིས་རང་ཉིད་ཀྱི། །སྲོག་གིས་སེམས་ཅན་ལེགས་པར་བསྲུངས། །ཞེས་དང་། ཞི་བ་ལྷས། གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང་། །གང་དག་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་པ་ཀུན་དགྱེས་ཤིང་། །དེ་ལ་གནོད་པས་ཐུབ་ལ་གནོད་པ་བྱས། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང་། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་གསུངས་པ་ཐུགས་ཉམས་སུ་བཞེས་ནས་ཐུབ་རྣམས་དགྱེས་པའི་བརྟུལ་ཞུགས་ཟླ་མེད་པ་འདི་གཅིག་པུའི་རྣམ་པར་ཐར་པ་ལའང་སུས་ཀྱང་འགྲན་ཟླ་མེད་པར་གྲུབ་བོ། །གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་ནི། འཇམ་མགོན་བླ་མ་རྣམ་གསུམ་གཙོ་བོར་གྱུར་པ་ལས་དབང་ཁྲིད་གདམས་པ་རྒྱ་མཚོ་གསན་པ་འོག་ཏུ་ཅུང་ཟད་འབྱུང་བ་ལྟར་ལ། པདྨ་འོད་གསལ་མདོ་སྔགས་གླིང་པ་ལས་རྡོར་གླིང་བཀའ་བརྒྱད་གསང་རྫོགས་དང་། སོ་ལུགས་ཡང་དག་སོགས་དང་། འཇམ་མགོན་པདྨ་གར་དབང་ལས་བཀའ་བརྒྱད་བདེ་འདུས། བཀའ་མ་སྒྱུ་འཕྲུལ་ཞི་ཁྲོ་སོགས་ཐོག་མའི་སྨིན་བྱེད་དུ་གྱུར་པས་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་ཅིང་སྐུ་བཞིའི་ས་བོན་ཐེབས་པ་དང་། ཐ་མལ་སྣང་ཞེན་ལས་སྡོམ་ཞིང་། དགོངས་སྤྱོད་ཐམས་ཅད་དག་པ་ཡེ་ཤེས་ཀྱི་འཁོར་ལོ་ལས་མ་གཡོས་པར་བཞུགས་པ་དང་། རྡོ་རྗེ་ཐེག་པ་སྤྱི་ལ་གྲགས་པའི་རྩ་ལྟུང་བཅུ་བཞི། ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད་སོགས་དང་ཁྱད་པར་ནང་རྒྱུད་ཡོ་ག་གསུམ་གྱི་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་དམ་ཚིག་རྣམས་ལས་འདའ་བ་མེད་ཅིང་། ཅུང་ཟད་བྱུང་ནའང་དེ་མ་ཐག་ཏུ་བཤགས་སྡོམ་དང་ཐུན་མོང་དང་ཐུན་མིན་གྱི་ཆོ་ག་རྣམས་ཀྱིས་བྱང་ཞིང་དག་པར་མཛད་ནས་ཉེས་པ་དང་ཞག་ཏུ་འགྲོགས་པར་མི་མཛད་དོ། །སྔར་དགུངས་གྲངས་སུམ་ཅུ་སྐོར་ཡན་ཆོད་ལ་རྒྱུན་གྱི་ཐུགས་དམ་ཁྲིགས་ཀྱང་། སྔ་བྱ་གྲག་ཙམ་ལ་ཡར་བཞེངས་ནས། སྙིང་ཐིག་རྣམ་གཉིས་ཀྱི་བླ་བརྒྱུད་གསོལ་འདེབས། ངག་བྱིན་རླབས། སྨེ་བརྩེགས། རྣམ་འཇོམས། བླ་མ་གསང་འདུས། ཚེ་སྒྲུབ་གསང་འདུས། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས། བཀའ་བརྒྱད། ཕུར་པ། ཁྲོས་ནག །སེང་གདོང་དམར་མོ། ཆུ་གཏོར་བཅས་གསུངས་ནས་གསོལ་ཇ་བཞེས། བསང་བདུད་རྩི་སྤྲིན་ཕུང་གསུང་བ་སོགས་མཛད། དུས་ཕྱིས་ནི་སྤྲོས་མེད་ཀྱི་རྣལ་འབྱོར་གཙོར་བཏོན་ལས་ཁྲིགས་ཆགས་ཀྱི་རིམ་པ་ཆེར་མེད། དབྱར་སྒར་ལྟ་བུས་མཚོན་གྲོང་ཆོག་མང་རིགས་ལ་ཨ་མཆོད་ནུས་པ་ཁ་ཡིན་གསུངས་ནས་གསུང་ཆོག་ཞིབ་རྒྱས་མཛད། བསྔོ་རྟེན་བྱུང་རིགས་ལ་བསྔོ་སྨོན་ཟབ་རྒྱས་རེ་གནང་། དབྱར་སྟོན་སྒར་པར་བྱོན་གདོང་། འབྲེལ་ཐོགས་ཀྱི་ཆེད། ཐོག་མཐའ་བར་གསུམ་དུ་ཞི་ཁྲོའི་གནས་བརྒྱ་རེ་བླ་བྲང་ནས་ཡོན་སྦྱར་ནས་གསུངས་སྲོལ་ཡོད། ཕྱག་ཟོག་རྣམས་ལ་སྐྱེ་བདུན་མྱོང་གྲོལ་གནང་ཞིང་གཟུང་སྔགས་ཁྱད་འཕགས་དང་། སངས་རྒྱས་བྱང་སེམས་ཀྱི་མཚན་མང་པོ་རྣ་ལམ་དུ་བསྒྲགས་ཤིང་བསྔོ་སྨོན་ཡང་ཡང་མཛད་ཅིང་བསྔོ་རྟེན་བྱུང་རིགས་རྣམས་ཀྱི་མིང་ཡིག་ཕྱོགས་བསྡོམ་བཀོད་ནས་ཟླ་རེའི་ནང་བྱང་ཆོག་ལན་ཁ་ཤས་དང་། ཉེར་དགུའི་བསྐང་གསོ། ཡར་ངོའི་ཚེས་བཅུ་ལ་བླ་སྒྲུབ་རེ་དང་མར་ངོའི་ཚེས་བཅུར་ཡི་དམ་མཁའ་འགྲོ་གང་རིགས་དང་། ཉ་སྟོང་ཚེས་བརྒྱད་རྣམས་ལ་མཆོད་འབུལ་སྐབས་དང་བསྟུན་ནས་དགོངས་མོ་ཡང་དམ་ཅན་སྤྱི་གཏོར་དང་དུར་ཁྲོད་ལྷ་མོ་གཙོ་བོར་གྱུར་པའི་ཆོས་སྐྱོང་གི་གཏོར་འབུལ་དང་ལུས་སྦྱིན་དམར་གསུར་མ་ཎི་བསྔོ་སྨོན་བཅས་གནང་། དེ་ལྟར་དད་སྦྱིན་རྣམས་ནས་འབྱོར་པའི་ནོར་རྫས་རིགས་རྟེན་རྩར་ཕངས་མེད་དུ་བཏང་ཞིང་དད་རྫས་ཆུད་མི་གསན་པར་དགེ་ཚོགས་སུ་ཐེངས་ངེས་ལས་དཀོར་རྫས་ལས་གཟི་བྱིན་སྒྲུབ་པ། ཁ་དྲགས་དོན་གཉེར་གྱིས་དགོན་སྡེའི་ཞབས་ཞུ་ཡིན་རློམ་སོགས་ཆོས་བརྒྱད་ཀྱི་བྱ་བ་ལ་ཐུགས་སྐྱོ་སྐྱོ་མཛད། སྤྱིར་འདིར་སྣང་གི་བྱ་བཞག་ལ་ཐུགས་གཏན་དུ་ལོག་ནས། གར་སོང་ཆ་མེད་དུ་རྒྱལ་ཁམས་ཉུལ་ནས་བྱོན་དགོངས་པར། རིགས་བདག་འཇམ་མགོན་རྣམ་གཉིས་ལ་དེ་ཚུལ་ཞུས་པས་དེ་ལྟར་ཐུགས་བཞེད་ལེགས་ཀྱང་བསྟན་དགོན་དར་རྒྱས་ཆེད། གོང་མ་རྣམས་ཀྱི་ཐུགས་བསྐྱེད་བསམ་ཡས་ཀྱིས་བསྐྲུན་པའི་ཞབས་འདེགས་མ་ཉམས་གོང་འཕེལ་དུ་བསྒྲུབས་ན་རྒྱལ་བསྟན་ལུང་རྟོགས་གཉིས་ཀྱིས་འཛིན་མཁན་འདུས་པའི་སྡེ་ཡིན་པས་དེ་ཉིད་བསྡུ་བའི་གཞིར་གྱུར་པ་དགོན་སྡེ་རྣམས་ཡིན་ཕྱིར་དེ་དག་ཉམས་གསོ་རེ་མཛད་གྲུབ་ན། ཡོན་གནས་མཆོག་དམ་པར་གྱུར་ནས་ཚོགས་ཆེན་བསགས་པ་རྒྱལ་བའི་བཀའ་དང་། གོང་མའི་ཕྱག་ལེན་ལྟར་ཡིན་པས། རྙེད་པ་རྣམས་ཀྱང་སུམ་ཆར་བགོས་པའི་ཆ་གཅིག་ཙམ་ལས་གཞན་རྟེན་རྩར་སྨིན་ངེས་མཛད་ཐོག་སུམ་ཆ་ལོངས་སྤྱོད་ན་དེ་ལྷག་མེད། ལོ་རེར་ཞག་བརྒྱ་རེ་བསྟན་འགྲོར་སྨན་པའི་སྐུ་མཚམས་དང་། གཉེར་ཕྱག་སོགས་འཁོར་རྣམས་ལ་དཀོར་ཟས་རྔམས་སྤྱོད་དང་སྲོག་བཅད་སོགས་ཀྱི་ཉེས་དམིགས་བཤད་ན་དད་རྫས་ཆུད་མི་ཟ་བ་ཡིན་ཞེས་བཀའ་ཕེབས་པ་ལྟར་ན་བཟའ་གསོལ་ཆས་རྟེན་ཕྲན་བུ་རེ་ལས་དེ་མིན་རྟེན་རྩར་གཏོང་བ་དང་བླ་བྲང་གི་བགོ་བཤས་ཀྱི་སྡིག་རྒྱུན་བཅད་པ་སོགས་ལས་འབྲས་ཤིན་ཏུ་ཞིབ་པར་ཕྱག་བཞེས་སུ་བསྟར་བར་མཛད་པའོ།

།ཁམས་མང་རིན་ཆེན་སྣ་བཞིའི་ལྷུན་པོ་པ། །ཀ་ཤིའི་རས་ཀྱིས་བྱི་དོར་བྱས་པ་བཞིན། །བསླབ་པའི་ཚུལ་ཁྲིམས་ཡོན་ཏན་འབྱུང་གནས་ལ། །གཅིག་ཏུ་བརྩོན་པས་ཆེས་ཆེར་གསལ་བར་གྱུར། །གང་ཐུགས་དམ་པའི་དེད་དཔོན་གྱིས་བཟུང་ནས། །གཞན་ཕན་བརྩེ་བའི་ཁུར་ཆེན་ཐོད་དུ་དཀྲིས། །རང་ཉིད་དལ་གྱིས་འགྲོ་བ་རིང་སྤངས་ནས། །འགྲོ་བ་སྲིན་མོའི་གླིང་དུ་ཞུགས་རྣམས་སྒྲོལ། །དེང་སང་ཕལ་ཆེར་སྐྱོན་ངན་འདམ་གྱིས་གོས། །ད་དུང་འཛེམ་མེད་ངོ་སོ་མཐོན་པོར་བྱེད། །ཁྲེལ་དང་ངོ་ཚ་མེད་པའི་བ་གླང་སེམས། །ཀུན་ཏུ་རྨོངས་པའི་ཚོགས་རྣམས་ཀྱེ་མ་ཧུད། །དེ་ལྟར་སྙིགས་མའི་སྤྱོད་ཚུལ་ངན་པའི་ཁྲོད། །མགོན་ཁྱོད་རྡུལ་གྱིས་མ་གོས་པདྨ་དང་། །རྒྱལ་མཚན་ཏོག་ལྟར་མངོན་པར་མཐོ་བ་ཡིས། །ཉི་མའི་གཉེན་གྱི་བསྟན་པ་གསལ་བར་བྱས། །ལྷག་པའི་ཏིང་འཛིན་ཤེས་རབ་ནོར་བཟང་པོས། །ཁྱོད་སྐུ་གོ་སྐབས་མེད་པར་གཏམས་པ་དང་། །ཡོན་ཏན་རྒྱ་མཚོའི་རང་བཞིན་ཁྱོད་ཉིད་ཅེས། །བློ་ལྡན་རྣམས་ཀྱིས་བསྔགས་པའི་མེ་ཏོག་འཐོར། །སྡོམ་གསུམ་ཏི་སེའི་ལྷུན་པོར་གནས་བཅས་པའི། །སྟོབས་ལྡན་མི་ཡི་སེངྒེ་ཁྱོད་ཉིད་ལ། །དུས་མཐའི་མཆེ་ཅན་རྣམས་ཀྱིས་འགྲན་མི་བཟོད། །ཐོས་བསམ་བསྒོམ་པའི་རྩལ་རྫོགས་གཞན་སུ་ཞིག །དེས་ན་མཆོག་གི་རྣམ་ཐར་ཕྲ་མོས་ཀྱང་། །བདག་ཡིད་དད་པའི་འདབ་སྟོང་དབང་མེད་བྱེ། །བྱིན་བརླབས་སྙིང་གི་བདུད་རྩིར་སིམ་པ་དང་། །བྱང་ཆུབ་བར་དུ་སྐྱབས་ཀྱི་མཆོག་ཏུ་བསྟེན། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་དགེ་བའི་བཤེས་གཉེན་བསྟེན་ནས་མང་དུ་ཐོས་པ་ལུང་གི་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་སོན་ཅིང་། བསམ་བྱུང་གི་ཤེས་རབ་ཀྱིས་ཐོས་དོན་ལ་སྒྲོ་འདོགས་ཇི་ལྟར་བཅད་པའི་ཚུལ་ལས་བརྩམས་ཏེ་གཏམ་གྱི་གླིང་བུ་ཅུང་ཟད་འཁྲོལ་བར་བྱ་སྟེ། དེ་ཡང་སྔ་རབས་འདས་པ་དང་། ད་ལྟར་དང་། མ་འོངས་པའི་རྒྱལ་བ་ཆོས་ཀྱི་ཉི་མ་ཐུབ་མཆོག་ཇི་སྙེད་བྱོན་པ་རྣམས་ཀྱང་སྲིད་པའི་གྲོང་ཁྱེར་གྱི་རྒྱུན་གཅོད་ཅིང་། མྱ་ངན་ལས་འདས་པ་ཆེན་པོའི་ཁང་བཟང་ཉམས་དགའ་བར་འཇིག་རྟེན་ལྷ་དང་བཅས་པས་བཏུད་པའི་ཆོས་ཀྱི་ཁྲི་སྲུང་བ་ལ་འཇིགས་པ་མེད་པའི་དཔལ་གྱི་དམ་པ་ཐོབ་པར་བྱ་བའི་ཕྱིར་དུ་དུས་རིང་མོ་ཉིད་ནས་དགེ་བའི་བཤེས་གཉེན་བསྟེན་ཅིང་གདམས་ངག་བདུད་རྩིའི་སྨན་མཆོག་གིས་སྲིད་པའི་རིམ་བརྒྱ་དུས་གཅིག་དུ་སེལ་བར་བྱེད་པ་དག་ཡང་ཡང་ཐོས་པ་དང་། བསམ་བྱུང་གིས་རང་དང་སྤྱིའི་མཚན་ཉིད་ལ་གཞན་དུ་མི་སེམས་པར་དེའི་དོན་བཅུད་མྱོང་བས་གཏན་ལ་དབབ་པ་ཉིད་དོན་ཡིན་ལུགས་གཤིས་ཐོག་ཏུ་ཕེབས་པས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་མཐུས་མཐར་གྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ནས་བདུད་བཏུལ་བ་དང་། མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་ཡོངས་སུ་བསྐོར་བས། སེམས་ཅན་དཔག་ཏུ་མེད་པ་འཁོར་བ་ལས་གྲོལ་བའི་ཕྲིན་ལས་འགོག་པ་མེད་པ་རང་འཆར་བ་སྟེ། དེ་ལྟར་ཡོན་ཏན་གྱི་འབྱོར་པ་འཕགས་ཆེན་གྱིས་ཀྱང་བརྗོད་པར་དཀའ་བ་རྣམས་བཤེས་གཉེན་བསྟེན་པ་ལས་འབྱུང་བ་ཡིན་ཏེ། འཕགས་པ་ཀླུས། དགེ་བའི་བཤེས་ལ་ལེགས་བརྟེན་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་པ་ལྟར་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་གཞི་རྟེན། ཐར་པའི་ལམ་མཁན། མ་རིག་སེལ་བའི་སྒྲོན་མེ། རྒྱ་མཚོར་བགྲོད་པའི་དེད་དཔོན། ལམ་འཕྲང་འཇིགས་སར་སྐྱེལ་མ་ལྟ་བུ་ཡིན་པ་དང་། མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་གྱི་ཞབས་ལ་གུས་པས་བསྙེན་པ་ལས་གང་ལ་གནས་པའི་ཡོན་ཏན་རྣམས་ཀྱང་ངང་གིས་འགོ་བ་ཆོས་ཉིད་དེ། ཀུན་མཁྱེན་ཆེན་པོས། ཇི་ལྟར་ཙནྡན་ཤིང་ལ་འཁྲི་ཤིང་དང་། །མི་གཙང་འདམ་དུ་བརྟེན་པའི་ཀུ་ཤ་ལྟར། །དམ་པ་བསྟེན་པས་རང་ཉིད་དམ་པར་འགྱུར། །ངན་པ་བསྟེན་པས་རང་ཉིད་ངན་པར་འགྱུར། །དེ་ཕྱིར་སྐྱེ་བོ་དམ་པ་བསྟེན་པ་དང་། །སྡིག་པའི་བཤེས་གཉེན་སྤང་ལ་ནན་ཏན་བྱ། །ཞེས་སོགས་བཀའ་དང་བསྟན་བཅོས་ཐམས་ཅད་ནས་ཡང་ཡང་འདོམས་པ་ལྟར་དཔལ་ལྡན་བླ་མ་ཆོས་ཀྱི་གཏེར་མཛོད་ཆེན་པོ་འདིས་ཀྱང་སྐྱོ་ངལ་མེད་པར་བརྩེ་ཆེན་ཐུགས་རྗེའི་གཏེར་ཆེན་དཔལ་མགོན་བླ་མ་དམ་པ་རྣམས་ཀྱི་ཞབས་པད་གཙུག་ཏུ་མཆོད་ནས་མཉེས་པ་གསུམ་གྱིས་ལེགས་པར་བསྙེན་པ་ལས་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད་ཅིང་། དེ་ཡང་ཐོག་མར་ཨ་གྲོ་སྒྲར་མ་པའི་དངོས་སློབ་ཨ་ཁུ་སྐྱིད་གཡང་ལས་གཙུག་ལག་རྒྱ་མཚོར་འཇུག་པའི་སྒོ། བྷོ་ཊའི་མཁས་པའི་གཞུང་ཐམས་ཅད་ཀྱི་ཕྱི་མོ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་འགྲེལ་པ་འཇམ་མགོན་སི་ཏུ་ཀུན་མཁྱེན་གྱིས་མཛད་པའི་སྟེང་ནས་གོ་དོན་དཔྱིས་ཕྱིན་པ་དང་། དཔལ་ལྡན་དནྜཱིའི་ཚིག་རྒྱན་གྱི་བསྟན་བཅོས་སྙན་ངག་མེ་ལོང་གི་ལེའུ་གསུམ་ཁམས་པའི་འགྲེལ་ཆེན་དང་སྦྱར་བའི་གོ་དོན་རྩོམ་རྒྱུག་བཅས་པ་དང་། སྒྲ་རིག་ལས་ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་བཤད་ཁྲིད་ཙམ་ལས་གཞན་གསན་རྒྱུ་མ་བྱུང་ཡང་། དེ་དང་རྗེས་འབྲེལ་སྡེབ་སྦྱོར་རིན་འབྱུང་རྩིས་དཀར་ནག་གི་གཞུང་རྣམས་བཅས་ལེགས་པར་སྦྱངས་ཤིང་ཐུགས་ལ་མཁྱེན་པར་མཛད་དོ། །ནང་དོན་རིག་པའི་སྐོར་ལ་གསན་སྦྱངས་གནང་ཚུལ་རགས་པ་ཙམ་འོག་ནས་འབྱུང་བ་ལྟར་ལ། མདོར་ན་ཤེས་བྱ་རིག་པའི་གནས་མཐའ་དག་གང་ལའང་སྐྱེས་སྦྱངས་ཀྱི་རྣམ་དཔྱོད་ཟླ་མེད་པས་ཡང་དག་པར་ཐུགས་སུ་ཆུབ་པར་མཛད་པ་ཡང་། ཞི་བ་ལྷས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ནི་གང་ཡང་ཡོད་མ་ཡིན། །ཅེས་དང་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་གཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་གསུངས་པ་ལྟར་ཕྱི་ནང་གི་གཙུག་ལག་རྣམས་ལ་ལེགས་པར་སྦྱངས་པ་ཉིད་དོ། །དེ་ལས་ནང་དོན་ཐུན་མོང་མ་ཡིན་པ་མྱུར་ལམ་ཟབ་མོ་བཀའ་གཏེར་གསར་རྙིང་གི་སྨིན་གྲོལ་གདམས་པའི་བདུད་རྩི་སྩོལ་བའི་རིགས་ཐམས་ཅད་ཀྱི་བདག་པོ། རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་དུས་གསུམ་ན་འབྱོན་པར་དཀའ་བ་འཇམ་མགོན་བླ་མ་རྣམ་པ་གསུམ་གྱི་ཐུགས་ཀྱི་སྲས་མཆོག་ཏུ་གྱུར་པ་རྗེ་བླ་མ་འདི་ཉིད་ཡིན་ཏེ། དེ་ཡང་དགུང་གྲངས་དྲུག་ཏུ་སོན་པ་མེ་མོ་ཕག་གི་ལོའི་མགོ་ཟླ་བའི་ཚེས་དགུ་ལ་བྱང་ཆུབ་སེམས་དཔའ་ཆོས་འཕགས་རྟག་ཏུ་ངུས་ཆོས་ཚོལ་བ་ལྟར་ཐུགས་ཤིན་ཏུ་རིངས་པའི་སྟབས་ཀྱིས་བྱོན་ཏེ་དཀར་པོའི་ཕྱོགས་ཀྱི་འཕེལ་ཆ་ཡོངས་སུ་རྫོགས་ཤིང་སངས་རྒྱས་པ་རྣམས་ཀྱི་དུས་ཆེན་མཆོག་ཏུ་བྱིན་གྱིས་བརླབས་པའི་ཚེས་བཅོ་ལྔ་བཟང་པོར་མཁས་དང་གྲུབ་པ་མང་པོས་བྱིན་གྱིས་བརླབས་པའི་གནས་རྫོང་སར་བཀྲ་ཤིས་ལྷ་རྩེ་ཞེས་དུས་འདི་ཙམ་ན་ཤྲཱི་ནཱ་ལེནྜ་གཉིས་པར་བསྔགས་པའི་ཆོས་གྲྭ་ཆེན་པོ་ག་ལ་བར་ཆག་ཕེབས་ནས་བཞུགས་སྟན་ཆགས་ཤིང་། ཟླ་བ་དེའི་དམར་ཕྱོགས་ཀྱི་དགའ་བ་དང་པོར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་གསེར་ཞལ་མཇལ་ཞིང་ཕྱག་རྟེན་མཎྜལ་རྣམས་ཕུལ་བ་དང་ཆབ་གཅིག་མདོ་རྒྱུད་བཀའ་གཏེར་སྨིན་གྲོལ་གྱི་ཆོས་ཀྱིས་ཐུགས་རྒྱུད་ཡོངས་སུ་གང་བའི་བཀའ་དྲིན་སྩོལ་གྲུབ་གུས་པའི་ཕྱག་དང་བཅས་ཏེ་གསོལ་བ་འདེབས་པ་ན། འཇམ་མགོན་རྣམ་སྣང་ལོ་ཙཱ་བ་ཆེན་པོ་དེ་ཉིད་ཀྱིས་སྐུ་ཡི་ཕྲེང་བར་སྨོན་ལམ་འབྲེལ་བའི་ལས་ཅན་གྱི་རིག་པ་འཛིན་པ་ཆེན་པོ་ཡིན་པར་མཁྱེན་བཞིན་དུ་དེ་བཞིན་རྗེས་འཛིན་ཆོག་པའི་གསུང་མཆིད་ཨུ་དུམ་ཝཱ་ར་ཐོད་དུ་བཅིངས་ཤིང་། དེ་བཞིན་དུ་མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་བསམ་བཞིན་སྐྱེ་བ་བཞེས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མདུན་དུ་ཕེབས་པའི་ཚེ་ན་འཇམ་དབྱངས་བླ་མ་དེ་ཉིད་ཁྱུ་མཆོག་གི་སྟབས་ཀྱིས་གཟིམ་སྒོའི་ནང་ལོག་ཏུ་དྲི་ཞིམ་པོའི་སྤོས་རིང་ཕྱག་ཏུ་བསྣམ་ནས་བསུ་བའི་ཚུལ་དང་བཅས་བྱོན་པའི་ཚེ། གུས་པའི་ལྷ་ཕྱག་གིས་བཏུད་པ་ན། བརྩེ་ཆེན་ཐུགས་རྗེའི་དབང་ཕྱུག་དེ་ཉིད་ཀྱིས་ཀྱང་ཕྱག་ལེན་དང་། མཇལ་དར་རྩེ་སྤྲོད་སོགས་སྔར་ནས་འདྲིས་པ་ལྟ་བུའི་གཟིགས་བཟོས་ཐུན་མིན་གྱིས་བསྐྱངས་པ་དང་། ཕྱག་རྟེན་མཎྜལ་སོགས་རྒྱ་ཆེར་ཕུལ་ཞིང་། ཐུན་མོང་ཐུན་མིན་གྱི་གསུངས་གླེང་ཞིབ་རྒྱས་གནང་བའི་ཉིན་དེ་ཉིད་ནས་ཁྲོ་བོ་ཐམས་ཅད་ཀྱི་སྤྱི་དཔལ་ཆེན་པོ་བར་ཆད་སེལ་བའི་ལྷག་པའི་ལྷ་མཆོག་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཀུན་མཁྱེན་རོང་ཟོམ་པ་ཆེན་པོའི་བཀའ་སྲོལ་ལས་བྱུང་བའི་སྨིན་དབང་ཟབ་མོའི་ཆོས་ཀྱི་སྒོ་འཕར་དབྱེ་བ་ནས་བརྩམས་འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ལས་སྨིན་གྲོལ་གྱི་རྒྱུན་བར་མ་ཆད་དུ་གསན་པའི་ཚུལ་རགས་བསྡུས་འོག་ནས་འབྱུང་བ་ལྟར་ལ། སྤྱིར་འཇམ་དབྱངས་བླ་མ་རྣམ་གཉིས་ཀྱི་མཚན་དང་པོ་ཐོས་པ་ཙམ་ནས་ཚེ་རབས་ནས་འབྲེལ་བའི་བླ་མར་སོང་གཤིས་རྗེ་འདི་སྐུ་ན་ཕྲ་ཡང་བཟོད་མེད་ཀྱི་མོས་གུས་ཆེན་པོ་རྒྱུན་ཆགས་སུ་ཡོད་པ་དང་། སྐུ་ཡི་དཀྱིལ་འཁོར་ཐོག་མར་མཇལ་བ་ཉིད་ནས་ཐ་མལ་གྱི་སྣང་ཤེས་རང་འགག་ཏུ་འགྲོ་བ་ལྟ་བུས་མོས་གུས་ཀྱི་རྐང་ཚུགས་པས་ཐོག་མའི་རྟེན་འབྲེལ་ལེགས་རྒུའི་ཕྱོགས་སུ་ངང་གིས་འགྲིགས་པར་གྱུར་ཏོ། །དེ་ཡང་གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་རྣམ་སྣང་ལོ་ཙཱ་བ་ཆེན་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཆོས་རྒྱལ་གཏེར་བདག་གླིང་པས་ངམ་ཤོད་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའི་རིགས་ཀུན་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་བརྟེན་ལུང་བཅས་ཚངས་སྤྲུགས་སུ་སྔོན་རྗེས་ལན་གཉིས་དང་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས་མཆོག་གཉིས་སུ་གྲགས་པའི་ཡ་གྱལ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་བླ་སྒྲུབ་གསང་བ་འདུས་པའི་དངོས་སྟ་འབྲེལ་བའི་དབང་བཞི་ཡོངས་རྫོགས་དང་། གཏོར་དབང་གནད་ཀྱི་ཤོག་གཅིག་མ་བཅས་ཚོགས་འཁོར་དང་རྗེས་འབྲེལ་དུ་བསྩལ། གཏེར་ཆེན་དེ་ཉིད་ཀྱི་གཏེར་བྱོན། དཔལ་ཡང་དག་ཧེ་རུ་ཀའི་ཆོས་སྐོར་དང་། ཕུར་པ་ཡང་གསང་སྤུ་གྲིའི་ཆོས་སྐོར་གྱི་སྨིན་གྲོལ་རྒྱབ་བརྟེན་བཅས་དང་། གཏེར་ཆེན་དེ་ཉིད་ཀྱི་གཏེར་བྱོན་གསང་འདུས་ཐེམ་མེད་ཀྱི་ཆོས་སྐོར་ལས་བྱོན་པའི་གསང་འདུས་ཡུམ་བཀའ། དྷཱ་ཀི་གཙུག་གི་རྒྱན་གཅིག་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་པའི་དཀྱིལ་འཁོར་གྱི་དབང་བཞི་ཡོངས་རྫོགས་དང་། ཕྱི་ནང་གསང་བའི་སྒྲུབ་ཐབས་ཀྱི་ཡིག་ཆ་གཏེར་གཞུང་ཚང་མའི་ལུང་བཅས་ཚེས་ཉེར་ལྔ་ཉིན་ཚོགས་འཁོར་དང་འབྲེལ་བར་གསན་པའོ།

།གཏེར་འབྱིན་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས་ཉང་རལ་ཉི་མ་འོད་ཟེར་གྱི་ཟབ་གཏེར་ལས་བྱོན་པ་མཁའ་འགྲོའི་སྒྲུབ་སྐོར་ཟབ་རྒྱས་གཉིས་སུ་ཡོད་པ་ལས་ཟབ་མོའི་ཆོས་སྡེ་བསམ་ཡས་མཆིམས་ཕུ་ནས་སྤྱན་དྲངས་པའི་ཁྲོས་མ་ནག་མོའི་སྨིན་གྲོལ་དང་། གཞུང་པོད་ལུང་རྗེ་བླ་མ་རིན་པོ་ཆེའི་ཉེ་གནས་བྱང་སེམས་མ་ཏི་བྷ་དྲ་ལས་གསན། གཏེར་ཆེན་གླིང་པ་བརྒྱད་དུ་གྲགས་པའི་ཡ་གྱལ་རྡོ་རྗེ་གླིང་པས་ངམ་ཤོད་གནམ་ལྕགས་བྲག་གི་རྟ་མགྲིན་ཕུག་པ་ནས་སྤྱན་དྲངས་པའི་འདུས་པ་སྐོར་བཞིའི་ནང་གསེས། ཡི་དམ་བཀའ་བརྒྱད་འདུས་པ་གསང་བ་ཡོངས་རྫོགས་ཆེན་པོའི་ཆོས་སྐོར་གྱི་སྨིན་གྲོལ་རྒྱབ་བརྟེན་བཅས་རྗེ་བླ་མར་དག་སྣང་ཉེ་བརྒྱུད་དུ་བཞུགས་པ་ཉིད་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་དུ་མ་དང་བཅས་ཏེ་མཆོག་གི་རིག་འཛིན་འདུས་པ་རྣམས་དང་ལྷན་ཅིག་ཏུ་ཐོག་མར་སྩལ་སྐབས་དང་། ཉང་གཏེར་བཀའ་བརྒྱད་བདེ་འདུས་ཀྱི་ལས་བྱང་རྒྱུན་ཁྱེར་སྨིན་གླིང་རཏྣ་བི་ཛ་ཡས་བསྒྲིགས་པ་དང་། ནང་ལུས་དཀྱིལ་དང་། ཕྱི་ཧཱུྃ་སྒྲུབ་ལ་བརྟེན་པའི་རྒྱུན་ཁྱེར་རྗེ་ཉིད་ཀྱིས་མཛད་པ་བཅས་ཀྱི་སྟེང་ནས། སྔོན་འགྲོ་ནས་དངོས་གཞི་བསྐྱེད་བཟླས་རྫོགས་རིམ་བཅས་ཀྱི་ཁྲིད་གསུང་བཤད་ཀྱིས་བརྒྱན་པ་དང་། གཞན་ཡང་གཏེར་གཞུང་ཐོག་ནས། ཁྱད་པར་གྱི་རྫོགས་རིམ་རྣམ་ལྔའི་ཁྲིད་རྒྱས་དང་། ཆོས་དབང་གཏེར་བྱོན་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལས་བྱང་བསྡུས་པ་སྐོང་ཟློག་དང་འབྲེལ་པ་སྤོང་སྟོན་དབང་ཕྱུག་གྲུབ་པས་མཛད་པ་ལ། རྗེ་ཉིད་ཀྱི་ཅུང་ཟད་ཁྲིགས་བསྡེབས་མཛད་པའི་ཐོག་ནས་བསྐྱེད་རྫོགས་ཁྲིད་བསྡུས་ལུང་དང་བཅས། གཞན་ཡང་གཏེར་གཞུང་གི་ཐོག་ནས་རིམ་ལྔ་གདན་གཅིག་མའི་ཁྲིད་ལུང་། རིག་འཛིན་རྒོད་ལྡེམ་གྱི་གཏེར་བྱོན་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་ལས་བྱང་གཏེར་གཞུང་གི་སྔགས་སྒྲུབ་ནར་མའི་ཐོག་ནས་བསྐྱེད་རྫོགས་ཀྱི་ཁྲིད་ལུང་དང་། གཞན་ཡང་ཁྲིད་གཞུང་ཡེ་ཤེས་ཟང་ཐལ་དང་། གནམ་ཞལ་དོན་ཁྲིད། རིམ་ལྔའི་ཁྲིད། དགོངས་པ་སྙིང་ཐིག་གི་ཁྲིད་བཅས་གཏེར་གཞུང་ཡིག་ཆ་ལྟར་དང་། གཏེར་ཆེན་ཀློང་གསལ་སྙིང་པོའི་བཀའ་བརྒྱད་ཡོངས་འདུས་ཀྱི་ཕྲིན་ལས་འབྲིང་པོ་ལ། ཁྱབ་བརྡལ་ལྷུན་གྲུབ་ཀྱིས་མཛད་པའི་ཁྲིད་ཡིག་གསང་ཆེན་ཡེ་ཤེས་མྱུར་ལམ་རྗེ་མཁྱེན་བརྩེའི་ཞུ་བཅོས་ཅན་གུང་བསྒྲིགས་ཀྱི་སྟེང་ནས། སྔོན་འགྲོ། དངོས་གཞི་བསྐྱེད་བཟླས་རྫོགས་པའི་རིམ་པ་རྗེས་འབྲེལ་བཅས་ཀྱི་ཁྲིད་ལུང་ཚང་བ་དང་། ཉང་གཏེར་ཕྲིན་སྒྲུབ་རིན་ཆེན་སྒྲོན་མེ། ཀུན་མཁྱེན་ངག་གི་དབང་པོའི་ཡིག་ཆའི་ཐོག་ནས་གཏོར་མ་ལ་བརྟེན་པའི་དབང་བཞི་དང་། དེའི་རྫོགས་རིམ་རྒན་མོ་མཛུབ་ཚུགས་ཀྱི་གདམས་པ། རྒད་པོ་མཁར་བཙུག་གི་གདམས་པ། བྲན་ཀ་ནམ་མཁའ་ལ་གནང་བའི་གསང་སྔགས་གསེབ་ལམ་བཅས་ཀྱི་ཁྲིད། ཉང་གཏེར་སྤྱི་བཤད་རིན་ཆེན་སྤུངས་པ། ནང་བཤད་གསང་སྔགས་ལམ་རིམ་ཆེན་མོ། མན་ངག་ཁྲིད་ཀྱི་རིམ་པ། གདམས་ངག་ངོ་སྤྲོད་ཀྱི་རིམ་པ་རྣམས་ཀྱི་ཁྲིད་ལུང་། བཀའ་མའི་སྐོར་ལ། སོ་ལུགས་ཡང་དག་གི་དབང་དང་། རོག་ཕུར། རོང་ཕུར་གྱི་དབང་། གྲུབ་ཐོབ་ཀརྨ་གླིང་པའི་གཏེར་བྱོན་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་འབྲིང་པོ་འགྲོ་དྲུག་རང་གྲོལ་ལྟར་གྱི་བུམ་དབང་རྗེས་འབྲེལ་དང་བཅས་པ། མཆོག་དབང་གསུམ་སྨིན་གླིང་རྡོར་སེམས་ལྟར་དང་། མཐའ་རྟེན་གཏོར་དབང་། རྫས་རྟགས་སྦྱིན་པ་བཅས་སྨིན་གླིང་གཏེར་ཆེན་ཡབ་སྲས་ཀྱི་ཕྱག་བཞེས་རྣམ་པར་དག་པ་ལྟར་མཛད་ནས་ཁྲིད་ལུང་ལ། ལོ་ཆེན་ཆོག་ཁྲིགས་སྡིག་སྒྲིབ་རྣམ་སྦྱོང་དང་། རྗེ་ཉིད་ཀྱིས་མཛད་པའི་རྒྱུན་ཁྱེར་ཟུང་འཇུག་ལམ་སློང་བཅས་ལ། གཏེར་གཞུང་སྔོན་འགྲོའི་འདོན་ཆ་སྦྲེལ་ཐོག་སྔོན་དངོས་རྗེས་སོགས་ཀྱི་ཁྲིད་ཚང་རགས་བསྡུས་ལུང་བཅས། གཏེར་གཞུང་བར་དོ་དྲུག་གི་རྩ་ཚིག་ནས་བར་དོ་དྲུག་ཁྲིད་ཞིབ་རྒྱས་དང་། རྗེས་འགྲེལ་ན་རཀ་སྐོང་བཤགས་ཀྱི་ལུང་། ལྷ་ལྕམ་པདྨ་གསལ་གྱི་སྐྱེ་བ་པདྨ་གླིང་པའི་ཆོས་སྐལ། ཚེ་སྒྲུབ་ནོར་བུ་ལམ་ཁྱེར་གྱི་སྨིན་བྱེད་གཏེར་གཞུང་ཐོག་ནས་སྩལ། བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་དབང་། ཆོས་རྗེ་གླིང་པའི་ཡང་དག་བདེ་ཆེན་སྙིང་པོའི་དབང་ཁྲིད་ལུང་། ཆོས་གླིང་ཕུར་པ་ཡང་གསང་ཐུགས་ཀྱི་ཐིག་ལེའི་དབང་ལུང་ཆ་ཚང་། ཆོས་གླིང་གཏེར་བྱོན་བདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་སྨིན་གྲོལ་རྒྱབ་བརྟེན་བཅས་ཚང་སྤྲུགས་དང་། རྗེ་བཙུན་ས་སྐྱ་པའི་བཀའ་སྲོལ་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་། དེའི་རྒྱུན་ཁྱེར་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་ཁྲིད་ལུང་། བརྒྱུད་འདེབས་རྗེ་ཉིད་ཀྱིས་མཛད་པའི་ལུང་། མན་ངག་རྫོགས་པ་ཆེན་པོའི་ལམ་གྱི་ཤིང་རྟ་གཅིག་པུར་གྱུར་པ་རིག་འཛིན་འཇིགས་མེད་གླིང་པའི་བཀའ་འབུམ་པོད་དགུ་བཞུགས་པའི། དགོངས་གཏེར་ཀློང་ཆེན་སྙིང་ཏིག་གི་རིགས་འདུས་རྩ་དབང་རྒྱས་པ་དང་མཐར་ཀློང་སྙིང་ཡོངས་རྫོགས་ཀྱི་བྱིན་རླབས་གདམས་གཏད་ཐུན་མིན་ཀྱང་མཛད་མཐར་དོན་བརྒྱུད་ཆོས་ཀྱི་བདག་པོ་ལས་ཐོབ་པ་ཡིན། ཚིག་བརྒྱུད་འཇུ་དབོན་འཇིགས་མེད་རྡོ་རྗེས་ཁོ་བོ་ལས་ལན་གཉིས་ཐོབ་པ་ཡིན་པས་དེར་ཞུས་བརྒྱུད་པ་ངེད་རང་ལ་འདེད་ན་ཆོག་གསུངས། ཕུར་པ་རྒྱུད་ལུགས་ཀྱི་དབང་ལུང་། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྩ་བ། དེའི་རྒྱས་འགྲེལ་ཤིང་རྟ་རྣམ་གཉིས་རྩ་འགྲེལ་སྦྲགས་མའི་སྟེང་ནས་བཤད་ལུང་རྒྱས་པ་དང་། འཕྲོས་བཀའ་འབུམ་པོད་ཆེན་བཞི་བཅས་ཀྱི་ལྗགས་ལུང་གསན། སྤྲུལ་པའི་གཏེར་འབྱིན་མཆོག་གྱུར་གླིང་པ་དེ་ཉིད་ལ་བཀའ་བབས་བདུན་ལྡན་གྱི་མཛོད་མངའ་བའི་ནང་གསེས། ཨ་ཏི་ཟབ་དོན་སྙིང་ཐིག་གི་སྨིན་གྲོལ་རྒྱབ་བརྟེན་བཅས་དང་། གཏེར་ཆེན་དེ་ཉིད་ཀྱིས་རུ་དམ་གངས་ཁྲོད་ནས་སྤྱན་དྲངས་པའི་ནང་སྐོར་དཔལ་འཁོར་ལོ་བདེ་མཆོག་སངས་རྒྱས་མཉམ་སྦྱོར་གྱི་དབང་དང་ཁྲིད་ལུང་བཅས་དང་། པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་གསང་སྒྲུབ་ཡང་གསང་ཁྲོ་བོའི་སྨིན་གྲོལ་རྒྱབ་བརྟེན་བཅས། གཏེར་ཆེན་དེ་ཉིད་ཀྱིས་ཡེ་རྒྱལ་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་སྡེ་གསུམ་གྱི་དགོངས་ཉམས་གཅིག་ཏུ་དྲིལ་བ་རིགས་གསུམ་སྙིང་ཐིག་ཏུ་གྲགས་པའི་སྨིན་གྲོལ་རྒྱབ་བརྟེན་བཅས་དང་། གཏེར་ཆེན་དེ་ཉིད་ཀྱི་གཏེར་བྱོན་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་བླ་མ་བཀའ་བརྒྱད་ཀྱི་དབང་ཁྲིད་ལུང་བཅས། བླ་མ་བསྟན་གཉིས་སྐོར་གསུམ་གྱི་ཆོས་བཀའ་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ་ཉིད་ཀྱི་ཡང་གཏེར་དུ་བཀའ་བབས་པའི། སྨིན་གྲོལ་རྒྱབ་བརྟེན་དང་། རྗེ་བླ་མ་ཉིད་ཀྱི་དག་སྣང་ཆོས་སྡེ་ལས་བྱོན་པའི་གྲུབ་ཐོབ་ཐུགས་ཏིག་གི་དབང་དང་ཁྲིད་ལུང་བཅས། དཔལ་ཆེན་ཡང་དག་ཟབ་ཏིག་དང་། རྡོ་རྗེ་ཕུར་པའི་གནད་ཏིག་བཅས་ཀྱི་སྨིན་གྲོལ་རྒྱབ་བརྟེན་བཅས་དང་། གོང་སྨོས་ལྟར་དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་མཆོག་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དབུ་མ་ལུགས་སུ་གྲགས་པའི་སྡོམ་པ་འབོག་ཆོག་གཏེར་ཆེན་གསུང་ལ་ཀུན་མཁྱེན་ཆེན་པོའི་གསུང་རབ་ཀྱིས་ཟུར་བརྒྱན་པ་ཉིད་ལན་གཉིས་ཀྱི་བར་དུ་གསན་པ་དང་། ལོ་ཙཱ་བ་བཻ་རོའི་རྣམ་འཕྲུལ་འཕྲེང་གཏེར་གསུང་བྱང་སེམས་སྨོན་ལམ་ཕན་བདེའི་ལྗོན་པ་དང་། གསང་སྔགས་སྨོན་ལམ་འདོད་འཇོའི་དགའ་སྟོན། དེའི་འགྲེལ་པ་རིག་འཛིན་འཇིགས་གླིང་གསུང་བཅས་ཀྱི་སྟེང་ནས་བཤད་ལུང་རྒྱས་པ། འཇམ་དཔལ་བསྟོད་སྒྲུབ་ཀྱི་རིགས་གཏད་ལན་གཉིས་དང་། རྗེ་བླ་མའི་གསུང་། བརྒྱད་འདེབས། བསྟོད་སྒྲུབ། བསྟོད་འགྲེལ། མཚན་བརྗོད་བཀླགས་ཐབས། འཇམ་དཔལ་མཚན་བརྒྱ་རྩ་བརྒྱུད་ཀྱི་བསྟོད་པ། ས་པཎ་གསུང་བསྟོད་པ་དཔལ་ལྡན་བློ་གྲོས་སོགས། བཟང་སྤྱོད་ཀྱི་བཤད་པ། རྒྱལ་སྲས་ཐོགས་མེད་གསུང་བློ་སྦྱོང་དོན་བདུན་མ། དེའི་འགྲེལ་པ་རྗེ་བླ་མ་ཉིད་ཀྱིས་མཛད་པ་བཅས་ཀྱི་ཁྲིད་ལུང་། དེའི་བརྒྱུད་འདེབས་སྨོན་ལམ་དང་འགྲེལ་པ་རྗེ་ཉིད་ཀྱི་གསུང་། རྗེ་བློ་བཟང་གྲགས་པས་མཛད་པའི་བྱང་ཆུབ་ལམ་རིམ་དེའི་ངག་འདོན་མཁྱེན་བརྩེ་རིན་པོ་ཆེ་ཉིད་ཀྱི་གསུང་། ཞྭ་དམར་མཁའ་སྤྱོད་དབང་པོས་མཛད་པའི་བློ་སྦྱོང་སྙིང་པོའི་དོན་བསྡུས། ནཱ་རོ་མཁའ་སྤྱོད་ཅེས་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པའི་གདམས་སྐོར་གྱི་སྨིན་གྲོལ་རྒྱབ་བརྟེན་བཅས་པ་དང་། ཀརྨ་པ་དབང་ཕྱུག་རྡོ་རྗེས་ཁྲིད་ཡིག་རྒྱས་འབྲིང་བསྡུས་གསུམ་མཛད་པའི་ཕྱི་མ་ཆོས་སྐུ་མཛུབ་ཚུགས་དང་། སྔོན་འགྲོ་ཟུར་གསལ་གྱི་ཐོག་ནས་ཁྲིད་ལུང་། མི་བསྐྱོད་རྡོ་རྗེས་མཛད་པའི་ཀརྨ་པ་ལ་བརྟེན་པའི་ཐུན་བཞིའི་བླ་མའི་རྣལ་འབྱོར། ཆགས་མེད་གསུང་ཐུན་བཞིའི་རྣལ་འབྱོར་གྱི་ཁྲིད། བན་སྒར་བ་འཇམ་དཔལ་བཟང་པོའི་གསུང་གསོལ་འདེབས་རྡོ་རྗེ་འཆང་ཐུང་མ། དེའི་ཁྲིད་ཨ་རཱ་གས་མཛད་པ་བཅས་སྦྲེལ་བའི་ཁྲིད་ལུང་། རྗེ་བླ་མ་ཉིད་ཀྱི་གསུང་ཐོར་བུའི་གྲས། བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྩོལ། རྣམ་ཐར་གསོལ་འདེབས་སོགས་དང་ཞབས་བརྟན་མཆོད་ཆོག་གསུང་མགུར་སོགས་ཀྱི་སྐོར་ཐོར་བུ་མང་ཙམ་གསན་ཀྱང་རྒྱས་པར་བྲི་བར་མ་ནུས་སོ། ། ༈

རྒྱལ་བས་ལུང་བསྟན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས། རྗེ་ཉིད་ཀྱིས་བཀའ་བསྡུ་མཛད་པའི་ཐུན་མོང་ཤེས་བྱ་མཛོད། རྒྱ་ཆེན་བཀའ་ཡི་མཛོད། ཟབ་མོ་གཏེར་གྱི་མཛོད། ཡང་ཟབ་གདམས་ངག་རིན་པོ་ཆེའི་མཛོད། ཐུན་མིན་གསང་བའི་མཛོད་རྣམས་བཞུགས་པའི་ནང་ཚན། གཏེར་སྟོན་སངས་རྒྱས་བླ་མ་ནས་མཆོག་གྱུར་བདེ་ཆེན་གླིང་པའི་བར་གཏེར་སྟོན་ཉིས་བརྒྱར་ཉེ་བའི་སྨིན་གྲོལ་གདམས་པ་ཁུངས་ཐུབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་རིན་ཆེན་གཏེར་གྱི་མཛོད། རབ་ཚེས་མེ་བྱི་ལོ་ཡན་ཆད་ཀྱི་གླེགས་བམ་ཀ་ནས་ཨ་བར་སུམ་ཅུ་དང་། བཀའ་རྒྱ་མ་པོད་བཞི་བཅས་ཀྱི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་རྫོང་སར་བཀྲ་ཤིས་ལྷ་རྩེར་འཇམ་མགོན་མཁྱེན་བརྩེའི་ཞབས་དང་ཕལ་ཆེར་ལྷན་དུ་གསན། དེ་རྗེས་ཁ་སྐོང་གླེགས་བམ་སུམ་ཅུ་སྐོར་ཡོངས་སུ་རྫོགས་པའི་སྨིན་གྲོལ་རྒྱབ་བརྟེན་བཅས་ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་མདུན་ནས་གསན། ཐུན་མོང་ཤེས་བྱ་མཛོད་སྐབས་བཅུ་རྐང་པ་རེ་བཞི་ཡོད་པའི་རྩ་བ་དང་འགྲེལ་པ་བཅས་གླེགས་བམ་སྐུ་གསུམ་གྲངས་ལྡན་ནི། རྗེ་བླ་མ་སྐུ་དངོས་ཀྱིས་ཐོག་མའི་མཆོད་བརྗོད་དང་། བརྩམས་པར་དམ་བཅའ་བ། མཇུག་གི་སྡོམ་བྱང་སྟེང་ནས་ལྗགས་བཤད་མདོར་བསྡུས་དང་། དཔེ་རྣམས་དབུ་ཐོག་ཏུ་བཞག་ནས་བཀའ་རྒྱ་གདམས་གཏད་སྨོན་ལམ་ཤིས་བརྗོད་རྒྱས་པར་སྩལ་ཞིང་། སྔ་འགྱུར་ཀྱི་རིག་འཛིན་མཁས་གྲུབ་ཀློང་ཆེན་པ་དང་། ཀརྨ་རང་བྱུང་རྡོ་རྗེ། ཀུན་མཁྱེན་དོལ་པོ། སྨིན་གཏེར་ཡབ་སྲས། ཀཿཐོག་དགེ་པཎ། ཞེ་ཆེན་པའི་མཁས་གྲུབ་སོགས་ཀྱི་ལྟ་བ་དབུ་མ་གཞན་སྟོང་ཡིན་པས་དེ་ཉིད་འཛིན་དགོས་པར་བཀའ་སྩལ། འབྲུ་ལུང་ཡོངས་རྫོགས་ནི་ཁྲོ་ཤུལ་མཁན་ཆེན་རྡོ་རྗེ་འཛིན་པ་ཚུལ་ཁྲིམས་རྒྱ་མཚོ་ལས་གསན་པ་དང་། ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་ལས་མངའ་བདག་མར་པ་ལོ་ཙཱ་ནས་བརྒྱུད་པའི་བདེ་དགྱེས་གསང་གསུམ་གཙོས་བླ་མེད་ཀྱི་རྒྱུད་སྡེ་ཟབ་ཅིང་གཉན་ལ་ཆེས་དཀོན་པ་རྣམས་ཀྱི་སྨིན་གྲོལ་དང་། ལྷག་པའི་ལྷ་འགའ་ཞིག་གི་རྗེས་གནང་སྐོར་ཕྱོགས་གཅིག་ཏུ་བསྡུས་པ་སྔགས་མཛོད་ཆེན་མོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་དང་། འཇམ་མགོན་བླ་མ་དངོས་ལས་བརྟག་གཉིས་སྤྱི་དོན་དང་ཚིག་དོན་རྣམ་བཤད། རྒྱལ་དབང་རང་བྱུང་རྡོ་རྗེས་མཛད་པའི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་བསྡུས་པ་ཟབ་མོ་ནང་དོན་ཉུང་ངུའི་ཚིག་གིས་རྣམ་པར་འགྲོལ་བ་ཟབ་དོན་སྣང་བྱེད། རྣམ་ཤེས་ཡེ་ཤེས་འབྱེད་པའི་བསྟན་བཅོས་ཀྱི་འགྲེལ་པ། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་འགྲེལ་བཅས་ཀྱི་བཤད་ལུང་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་མན་ངག་གི་གཞུང་དང་གདམས་ངག་ཡོངས་རྫོགས་ཕྱོགས་གཅིག་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ནི། ངེས་གསང་བཀའ་ཡི་བསྡུ་བ་ཆོས་ཀྱི་བདག་པོ་རྗེ་བླ་མ་མཆོག་ནས་དཀར་ཆག་བརྒྱུད་ཡིག་དབུར་བཞག་གིས་བརྒྱུད་པའི་གཤར་འདེབས་གཏད་རྒྱ་སྨོན་ལམ་བཅས་ཐུགས་ཚིམ་པ་དང་། སྨིན་གྲོལ་རྒྱབ་བརྟེན་བཅས་ཡོངས་སུ་རྫོགས་པ་ཞལ་སློབ་ཡོངས་ཀྱི་གཙོ་བོ་ངེས་དོན་ཆོས་ཀྱི་རྒྱལ་ཚབ་གཅིག་པུ་མདོ་དང་སྔགས་ཀྱི་གཞུང་ལུགས་རབ་འབྱམས་སྨྲ་བ་མཁན་ཆེན་རྒྱལ་བའི་སྲས་པོ་ཐམས་ཅད་མཁྱེན་པ་ཀརྨ་བཀྲ་ཤིས་འོད་ཟེར་མདུན་ནས་ལེགས་པར་གསན་བཞེས་གནང་ཞིང་། ཐུན་མིན་གསང་བའི་མཛོད་ནི་ཡབ་རྗེ་འཇམ་མགོན་བླ་མ་ཉིད་ཀྱི་ཟབ་གཏེར་གྱི་སྐོར་ཏེ། ལྷ་མདོ་འབུར་མོ་ནས་སྤྱན་དྲངས་པའི་རྩ་གསུམ་དགོངས་འདུས་ཀྱི་ཆོས་སྡེ་མཛོད་གཅིག་ཏུ་འདུས་པ་སྔོན་མེད་ཟབ་ཅིང་རྒྱ་ཆེ་བར་ཁྱད་པར་དུ་འཕགས་པ་ངོ་མཚར་ཅན་དུ་བཞུགས་ནའང་རྟེན་འབྲེལ་གཞན་རྐྱེན་གྱིས་དབང་གིས་ཡོངས་རྫོགས་གཏན་ལ་འབེབས་པར་མ་གནང་ཡང་སྙིང་པོ་བསྡུས་པ་ལུང་གཏེར་གྱི་མཛོད་ལ་རྩ་གསུམ་ཆོས་སྐྱོང་གི་སྐོར་བཞི་བཞུགས་པ་ལས་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་ཆོས་སྡེ་ཚན་དྲུག་ཙམ་གཏན་ལ་འབེབས་མཛད་གནང་བ་དང་། ཙཱ་འདྲའི་གཏེར་བྱོན་གསང་ཐིག་ཡབ་བཀའ་ཡུམ་བཀའི་སྐོར། རོང་མེ་དཀར་མོ་སྟག་ཚང་ནས་གཏེར་བྱོན་གྲོ་ལོད། ལམ་ཟབ་ལེའུ་བདུན་རྣམས་སྐུ་དངོས་ལས་གསན་ཅིང་། དག་སྣང་ཚིག་བདུན་ཡབ་བཀའ་ཡུམ་བཀའི་སྐོར་སོགས་དྲུང་རིན་པོ་ཆེ་ལས་གསན་པའོ། །དེ་དག་གི་རྗེས་འབྲེལ་བཀའ་འབུམ་རིན་པོ་ཆེ་པོད་བཅུ་བཞུགས་པ། ལྔ་རིག་སྨྲ་བའི་དབང་པོ་ཀརྨ་བཀྲ་ཤིས་ཆོས་འཕེལ་དང་། དྲུང་རིན་པོ་ཆེ་གཉིས་ལས་གསན། ཡང་འཇམ་མགོན་བླ་མའི་མདུན་ནས་རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་དུ་གང་འཁོད་ཀྱི་ལུང་ཡོངས་རྫོགས། རྒྱ་ཞང་ཁྲོམ་གཏེར་བྱོན་གཤིན་རྗེ་ཚེ་བདག་གི་དབང་ལུང་ཡོངས་རྫོགས། ཡང་བཟློག་མེ་ཡི་སྤུ་གྲིའི་དབང་ལུང་ཡོངས་རྫོགས། སྙིང་ཐིག་ཡ་བཞི་ཚར་གཅིག །ལྷ་འབྲང་མཆོག་སྤྲུལ་དཔལ་ལྡན་ཆོས་རྒྱལ་མདུན་ནས་ཀྱང་ལན་གཅིག་གསན། བཀའ་བརྒྱད་དབང་ཡོངས་རྫོགས་སྒྲུབ་ཆེན་དང་འབྲེལ་བར་འཇམ་མགོན་རིན་པོ་ཆེའི་ཞལ་སྔ་ནས་དང་། དབང་རྐྱང་ཙམ་རབ་འབྱམས་ལྔ་པ་ལས་ཀྱང་གསན། ཞི་བའི་དབང་དང་ཚེ་དབང་། རྒྱུད་རྣམས་ཀྱི་ལུང་མཁན་པད་རྡོར་མདུན་ནས་དང་། པོད་ལུང་ཡོངས་རྫོགས་དགེ་བའི་བཤེས་གཉེན་ན་ཆུ་ཕྲིན་ལས་མདུན་ནས་གསན། གཏེར་ཆེན་ཉང་རལ་གཏེར་བྱོན་རྡོ་རྗེ་ཕག་མོ་ཁྲོས་ནག་གི་དབང་ཁྲིད་ཡོངས་རྫོགས། དུར་ཁྲོད་ལྷ་མོའི་བེ་བུམ་དང་། ཕྲིན་སྒྲུབ་རིན་ཆེན་སྒྲོན་མེའི་དབང་། རྒད་པོ་མཁར་བཙུག །རྒན་མོ་མཛུབ་ཚུག །གསང་སྔགས་གསེབ་ལམ་ཁྲིད་ཀོང་སྤྲུལ་རིན་པོ་ཆེ་དང་། མཁན་པད་རྡོར་གཉིས་ལས་ཀྱང་གསན། གཏེར་ཆེན་ཆོས་དབང་གཏེར་བྱོན་བླ་མ་གསང་འདུས་ཀྱི་དབང་གཞུང་པོད། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་རྣམས་འཇམ་མགོན་བློ་གྲོས་མཐའ་ཡས། གསང་རྫོགས་པོད་ལུང་དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེའི་མདུན་ནས་གསན། ཆོས་དབང་གཏེར་བྱོན་ཡང་སྙིང་འདུས་པའི་དབང་དང་གཞུང་པོད། ཆོས་དབང་ཡང་དག་སྙིང་པོའི་སྨིན་གྲོལ་རྒྱབ་བརྟེན་བཅས་ཆ་ཚང་། ཆོས་དབང་ཕུར་པ་ཡང་གསང་སྤུ་གྲིའི་སྨིན་གྲོལ་རྒྱབ་བརྟེན་བཅས། འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་དང་། རབ་འབྱམས་ལྔ་པའི་མདུན་ནས་ཀྱང་སྨིན་གྲོལ་ལན་གཉིས་གསན་པའོ། །པདྨ་ལས་འབྲེལ་རྩལ་གྱི་གཏེར་བྱོན་གསང་བདག་དྲེགས་པ་ཀུན་འདུལ་གྱི་དབང་དང་གཞུང་པོད། སངས་གླིང་གཏེར་བྱོན་བླ་མ་དགོངས་འདུས་སྨིན་བྱེད་ཡོངས་རྫོགས་རྣམས་ཀོང་སྤྲུལ་རྡོ་རྗེ་འཆང་དང་། དགོངས་འདུས་པོད་ལུང་ཁྱུང་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཆོས་དཔལ་རྒྱ་མཚོའི་མདུན་ནས་གསན་པའོ། །རིག་འཛིན་རྒོད་ལྡེམ་གྱི་གཏེར་བྱོན་བླ་མ་ཞི་བ་གདུང་སྒྲུབ་ཀྱི་སྐོར་དབང་ལུང་ཡོངས་རྫོགས། ཐུགས་སྒྲུབ་དྲག་པོ་རྩལ་གྱི་དབང་དང་གཞུང་པོད་ཡོངས་རྫོགས་ཀྱི་ལྗགས་ལུང་། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་དབང་ལུང་ཡོངས་རྫོགས། རྫོགས་ཆེན་ཀུན་བཟང་དགོངས་པ་ཟང་ཐལ་གྱི་དབང་ཁྲིད་ལུང་དང་ཀ་དག་གི་སྐོར་བཅས་ཡོངས་རྫོགས། བཀའ་བརྒྱད་རང་བྱུང་རང་ཤར་ཆོས་སྐོར་གྱི་དབང་ལུང་ཡོངས་རྫོགས། བྱང་གཏེར་ཕུར་པ་ལུགས་གསུམ་གྱི་དབང་ལུང་། གཏེར་ཆེན་རཏྣ་གླིང་པའི་གཏེར་བྱོན་རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་དབང་ལུང་རྣམས་འཇམ་མགོན་རྡོ་རྗེ་འཆང་དང་། རཏ་ཕུར་དབང་ལུང་རབ་འབྱམས་ལྔ་པའི་མདུན་ནས་ཀྱང་ལན་གཉིས་ཀྱི་བར་གསན། འཇམ་མགོན་རྗེ་ལས་རིག་འཛིན་པདྨ་གླིང་པའི་གཏེར་བྱོན་རྫོགས་ཆེན་ཀུན་བཟང་དགོངས་འདུས་ཀྱི་གཞུང་པོད་ཡོངས་རྫོགས་ཀྱི་བཀླག་ལུང་།

མངའ་རིས་པཎ་ཆེན་གྱི་གཏེར་བྱོན་བླ་མ་བཀའ་བརྒྱད་ཡོངས་རྫོགས་ཀྱི་དབང་ལུང་ཡོངས་རྫོགས། གཏེར་སྟོན་མ་ཏི་རཏྣས་བ་ཐང་ཤིང་རྒྱལ་བའི་དབེན་གནས་ཀྱི་ནུབ་ཕྱོགས་ཨོ་རྒྱན་གསང་ཕུག་སིནྡྷཱུ་རའི་ཆུ་བོ་ནས་སྤྱན་དྲངས་པའི་མཁའ་འགྲོ་བདུད་འདུལ་དྲག་མོའི་ཆོས་སྐོར་གྱི་དབང་དང་། གཏེར་གཞུང་སྐོར་རྒྱ་སྤྲུལ་རིན་པོ་ཆེའི་མདུན་དང་རབ་འབྱམས་ལྔ་པ་ལས་ཀྱང་གསན་པའོ། །འཇམ་མགོན་རྣམ་གཉིས་དང་དྲུང་རིན་པོ་ཆེ་བཅས་ཀྱི་མདུན་ནས་འཇའ་ཚོན་གཏེར་བྱོན་དཀོན་མཆོག་སྤྱི་འདུས་ཀྱི་སྐོར་སྨིན་གྲོལ་རྒྱབ་བརྟེན་བཅས། ལོ་ཆེན་བཻ་རོ་ཙཱ་ནའི་རྣམ་འཕྲུལ་བསྟན་པའི་ཉི་མ་རིག་འཛིན་གཏེར་བདག་གླིང་པའི་ཟབ་གཏེར་ཆོས་ཀྱི་སྨིན་གྲོལ་རྒྱབ་བརྟེན་བཅས་ཇི་ལྟར་གསན་ཚུལ་ལ། གཡའ་མ་ལུང་ནས་སྤྱན་དྲངས་པའི་རིག་འཛིན་ཐུགས་ཐིག་སྨིན་གྲོལ་རྒྱབ་བརྟེན་བཅས་འཇམ་མགོན་བླ་མ་དང་། ལུང་རྐྱང་མཁན་ཆེན་ཀུན་བསོད་དང་། རྡོར་སེམས་སྨིན་གྲོལ་རྒྱབ་བརྟེན་བཅས་འཇམ་མགོན་དང་། རབ་འབྱམས་ལྔ་པ་བཅས་ཀྱི་མདུན་ནས་དང་། མ་ཧཱ་གུ་རུ་དྲག་པོའི་སྐོར་གྱི་དབང་ལུང་ཡོངས་རྫོགས། ཨ་ཏི་ཟབ་དོན་སྙིང་པོའི་སྐོར་གྱི་དབང་ལུང་ཁྲིད་གསུམ་ཚང་བ་འཇམ་མགོན་བླ་མའི་མདུན་ནས་ལན་གཅིག །རབ་འབྱམས་ལྔ་པའི་མདུན་ནས་ལན་བཞི་གསན། བཀའ་སྲུང་ཡེ་ཤེས་མ་མོ་རག་གདོང་མའི་དབང་ལུང་ཡོངས་རྫོགས། འཇམ་དཔལ་གཤིན་རྗེ་དྲེགས་འཇོམས་ཀྱི་དབང་ལུང་ཡོངས་རྫོགས། ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་དང་ཁྲིད་བཅས་རྗེ་བླ་མ་བློ་གྲོས་མཐའ་ཡས་དང་། མྱོས་རིགས་རྗེ་བཙུན་མ་འགྱུར་མེད་བདེ་ཆེན་ཆོས་སྒྲོན་གཉིས་ལས་གསན་ཅིང་། གཏུམ་མོའི་ཁྲིད་སོགས་ཞེ་སྤྲུལ་ངེས་དོན་བསྟན་འཕེལ་ལས་གསན་པའོ། །རྒྱབ་བརྟེན་ལུང་གི་རིམ་པ་ཡོངས་རྫོགས་སྒྲུབ་བླ་དམ་པ་རབ་འབྱམས་དབོན་ཐུགས་རྗེའི་རྒྱ་མཚོ་དང་། གཏེར་ཆེན་རིན་པོ་ཆེའི་བཀའ་འབུམ་ཡོངས་རྫོགས་དགོན་སྟོད་མཆོག་སྤྲུལ་ཨོ་རྒྱན་ཚེ་དབང་རིག་འཛིན་ལས་གསན་པའོ། །གཏེར་ཆེན་བླ་མས་རྡོ་རྗེ་ཐེག་པའི་ཆོས་ཚུལ་རབ་འབྱམས་ལས་ལྷག་པའི་ལྷ་དུ་མའི་སྒྲུབ་ཐབས་བྱིན་རླབས་ཀྱི་དབང་ཆོག་བཅས་ཕྱོགས་བསྡུས་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དབང་ལུང་འཇམ་མགོན་རྡོ་རྗེ་འཆང་གི་མདུན་ནས་ལན་གཅིག །སྐྱབས་རྗེ་རབ་འབྱམས་རིན་པོ་ཆེའི་མདུན་ནས་ལན་གཅིག་བཅས་དང་། དྲུང་རིན་པོ་ཆེའི་མདུན་ནས་འབྲུ་ལུང་ལན་གཅིག་གསན། ཡང་རྗེ་གུ་ཎའི་ཞབས་ལས་གཏེར་ཁ་གསུམ་འདུས་ཟབ་ཏིག་ཆོས་དབྱིངས་རང་གསལ་གྱི་དབང་ལུང་ཡོངས་རྫོགས། ཆོས་གླིང་གཏེར་བྱོན་རྩ་གསུམ་དྲིལ་སྒྲུབ་དབང་ཁྲིད་ལུང་བཅས་ཡོངས་རྫོགས། དེའི་གཏེར་བྱོན་ཡང་དག་དབང་ཁྲིད་ལུང་བཅས་ཡོངས་རྫོགས། དེའི་གཏེར་བྱོན་ཕུར་པ་ཡང་གསང་ཐུགས་ཀྱི་ཐིག་ལེའི་དབང་ལུང་ཡོངས་རྫོགས། མཆོག་གླིང་གཏེར་བྱོན་ཟབ་བདུན་མངོན་སྤྱོད་ཀྱི་ཟབ་པ་ལུགས་ཐུགས་ཀྱི་ཕུར་གཅིག་གི་སྨིན་གྲོལ་ཆ་ཚང་། ཀར་ལུགས་དགྱེས་རྡོར་ལྷ་དགུའི་དབང་ཆོག་རྗེ་ཉིད་ཀྱི་ལྗགས་བསྒྲིགས་སྟེང་ནས་ལན་གཉིས་གསན། བི་རུ་པའི་བཀའ་སྲོལ་ཕ་རྒྱུད་ཞེ་སྡང་འདུལ་བྱེད་གཤིན་རྗེ་གཤེད་དམར་ལྷ་ལྔའི་དབང་ཆོག་སྟ་གོན་སྔོན་འགྲོ་ཇོ་ནང་ཡིག་ཆའི་སྟེང་ནས་དང་། རྗེ་ཉིད་ཀྱི་གསུང་ཐུན་མཚམས་ཆོས་སྤྱོད་སྡོམ་གསུམ་གསོ་སྦྱོང་ཐར་པའི་ཐེམ་སྐས་སོགས་ཀྱི་ལྗགས་ལུང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོང་གྱི་ཁྲིད་ཡིག་རྒྱས་པ་དབང་ཕྱུག་རྡོ་རྗེས་མཛད་པ་ངེས་དོན་རྒྱ་མཚོ། འབྲིང་པོ་མ་རིག་མུན་སེལ། བསྡུས་པ་ཆོས་སྐུ་མཛུབ་ཚུགས་སོགས་འཇམ་མགོན་བླ་མ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་དངོས་ལས་གསན་པ་གཙོ་བོར་གྱུར་པ་རྣམས་མདོར་བསྡུས་པའོ། །མཁན་ཆེན་བཀྲ་ཤིས་འོད་ཟེར་ལས་དབུ་ལུགས་སེམས་བསྐྱེད་ལན་གཉིས། འཇུ་དབོན་ཨ་བྷཱ་ཡ་ལས་རྩེ་ལེའི་སེམས་བསྐྱེད་སྲོལ་གཉིས་འདུས། ཁྱུང་སྤྲུལ་ཐུབ་བསྟན་རྒྱ་མཚོ་ལས། བཀའ་གདམས་གླེགས་བམ། བློ་སྦྱོང་སྙན་བརྒྱུད་ཆེན་མོ། བཻ་རོའི་འདྲ་འབག །མཆོག་སྤྲུལ་ཀརྨ་རསྨི་ལས་མདོ་སྡུད་པའི་བཤད་ལུང་། སྐྱེས་རབས་སོ་བཞི་པ་ཁ་སྐོང་བཅས་དང་། དྭགས་པོ་བཀྲས་རྣམ་པའི་འོད་ཟེར་སྐོར་གསུམ་རྣམས་གསན། མཁས་དབང་ལྔ་རིག་སྨྲ་བ་ཆེན་པོ་བཀྲ་ཤིས་ཆོས་འཕེལ་ལས། ཇོ་ལུགས་དུས་འཁོར་གྱི་དབང་ཁྲིད། བཀའ་གདམས་དོལ་པོའི་བེ་བུམ་སྔོན་པོ། དམ་པའི་མཁྱུད་དཔྱད། ན་བཟའ་བེ་བུམ་རྣམས་ཀྱི་ལུང་དང་། མངོན་རྟོགས་རྒྱན་རོང་ཊིཀ་སྟེང་ནས་བཤད་ལུང་དང་། སྒོམ་རིམ། བྱམས་པའི་ཆོས་ལྔ་འཇམ་མགོན་མཁྱེན་བརྩེའི་ཉེ་བརྒྱུད་རྩ་བའི་སྟེང་ནས་བཤད་ལུང་། རྒྱུད་བླ་དོལ་པོ་དང་རོང་སྟོན་ཆེན་པོའི་ཊིཀ་གཉིས་ཀའི་བཤད་ལུང་། སྤྱོད་འཇུག་ཐོགས་ཊིཀi་རྣམས་གསན། མཁས་པའི་དབང་པོ་ཁྲོ་ཤུལ་མཁན་ཚུལ་རྒྱམ་ལས། ཇོ་བོའི་ཆོས་ཆུང་བརྒྱ་རྩ། དཔལ་སྤྲུལ་རིན་པོ་ཆེའི་ཤེར་ཕྱིན་འབྲུ་འགྲེལ་དང་སྤྱི་དོན་གྱི་བཤད་པ་ཞིབ་རྒྱས། སྡོམ་གསུམ་རྣམ་ངེས་ཞིབ་རྒྱས། ཡོན་ཏན་མཛོད། རྒྱུད་བླ་ཞིབ་བཤད། རོང་ཊིཀi་སྟེང་ནས་འབྱེད་རྣམ་གཉིས་བཤད་པ། དྲུང་རིན་པོ་ཆེ་ལས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་རྒྱུད་བླའི་འགྲེལ་པའི་སྟེང་ནས་བཤད་ཁྲིད། འཇུ་དབོན་ཨ་བྷཱ་ཡ་ལས་སྤྱོད་འཇུག་གི་བཤད་པ། དགེ་མང་མཁན་ཀུན་བཟང་དཔལ་ལྡན་ལས་དབུ་མ་རྩ་འཇུག །མངོན་པ་མཛོད། དབུ་མ་རྒྱན། རྒྱུད་བླ་མ་མི་ཕམ་རིན་པོ་ཆེའི་མཆན་ཊིཀ། ཡིད་བཞིན་མཛོད་སོགས་གཞུང་ཤིན་ཏུ་མང་པོའི་བཤད་ཁྲིད། བླ་མ་གྲགས་རྒྱལ་ལས། ཉིད་མཛད་བཟང་སྤྱོད་ཊི་ཀ། མཁན་བསམ་གཏན་བློ་གྲོས་ལས། མ་ཏིའི་འཇམ་དཀར། བོ་དོང་དབྱངས་ཅན། ས་འཇམ་སྦག་སྒྲུབ། ཉེ་སྲས་སྒོམ་ལུང་རྣམས་དང་། དྲུང་རིན་པོ་ཆེ་ལས་ཟབ་མོ་ནང་དོན་རང་འགྲེལ། རི་ཆོས་ངེས་དོན་རྒྱ་མཚོ། དྭགས་པོའི་བཀའ་འབུམ། འཇའ་ཚོན་པོད་དྲུག་གི་ལུང་རྣམས་གསན། ཀུན་མཁྱེན་མི་ཕམ་རིན་པོ་ཆེ་ལས། འཇམ་དཔལ་ཚེ་བདག་གི་བསྙེན་སྒྲུབ་གྲོལ་སྐབས་དངོས་གྲུབ་ལེན་ཆོག་རྗེ་འདི་ལའང་སྩལ་བ་དང་། འཇམ་དཔལ་རྫོགས་ཆེན་སྐོར་དང་། བཀའ་བརྒྱད་སྤྱི་དོན། མཁས་འཇུག་སོགས་རྗེ་བླ་མ་ཉིད་ཀྱིས་མཛད་པའི་བསྟན་བཅོས་རྣམས་ཀྱི་བཤད་ལུང་དང་། མདོ་སྔགས་ཀྱི་གཞུང་དོན་དཀའ་གནད་དོགས་གཅོད། ཉམས་བཞེས་སྐོར་གྱི་དོགས་སེལ་སོགས་གནང་ཞིང་། ཡང་དག་གསང་འགྲེལ་སོགས་གསུང་གནད་གལ་ཆེ་རིགས་བཤད་ལུང་མཛད་མ་ཐུབ་པ་དུ་མའི་གཏད་རྒྱ་བྱིན་རླབས་སོགས་གནང་བས་ཆེས་ཆེར་བཀའ་དྲིན་ཆེ་བའི་བླ་མ་འཇམ་མགོན་རྣམ་གཉིས་དང་ངོས་མཉམ་པའི་དད་མོས་མཛད། རྗེ་དེ་ཉིད་ཀྱི་ཉེ་གནས་ཐེག་པ་མཆོག་གི་རྣལ་འབྱོར་པ་འོད་གསལ་དང་མཁན་ཀུན་དཔལ་གཉིས་ཀ་ལས་ཀུན་གཟིགས་མི་ཕམ་རིན་པོ་ཆེའི་བཀའ་འབུམ་དུ་བཞུགས་སོ་འཚལ་ཐམས་ཅད་གསན། འཁོར་ལོའི་མགོན་པོ་རབ་འབྱམས་ལྔ་པ་འགྱུར་མེད་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལས་དབུ་ལུགས་སེམས་བསྐྱེད་དང་། ངལ་གསོ་སྐོར་གསུམ་སོགས་དང་། འདོད་བུམ་དབང་ལུང་། སེམས་ཀློང་གི་དབང་ཁྲིད་ལུང་། ན་རག་དོང་སྤྲུགས། སྒྱུ་འཕྲུལ་ཞི་ཁྲོ། གཤེད་དམར་རྣམས་ཀྱི་དབང་ལུང་གཙོས་ཤིན་ཏུ་མང་པོ་དང་། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་ཀུན་བཟང་མདོ་སྔགས་བསྟན་འཛིན་ལས་ཀར་གླིང་ཞི་ཁྲོའི་དབང་ལུང་ཁྲིད་གསུམ་དང་། མ་ཎི་བཀའ་འབུམ། རད་ཕུར། མ་ཏི་རཏྣའི་སེང་གདོང་མའི་དབང་ལུང་སོགས་གསན། ཀཿཐོག་སི་ཏུ་པཎ་ཆེན་ལས་དྲི་མེད་རྣམ་གཉིས་དབང་ལུང་། མཁན་དཀོན་མཆོག་འོད་ཟེར་ལས་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་། དགེ་མང་མཁན་ཡོན་ཏན་རྒྱ་མཚོ་ལས་གསང་འགྲེལ་ཕྱོགས་བཅུ་མུན་སེལ་དང་སྤྱི་དོན་འོད་གསལ་སྙིང་པོའི་རྒྱས་བཤད། མཁས་དབང་རྨེ་རུ་ཆོས་འགྲུབ་ལས་ཉིད་མཛད་བདེ་སྨོན་དང་། གང་བློ་མའི་འགྲེལ་བཤད་རྣམས་གསན། མཁན་པད་རྡོར་ལས་ཉིད་མཛད་མང་ཤོས་ཀྱི་བཀླག་ལུང་།

དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོ་ལས་འཇམ་དཔལ་མཚན་བརྗོད་ཀྱི་བཤད་ལུང་སོགས་དང་བསླབ་བྱ་རྒྱ་ཆེར་སྩལ། འབར་ཆུང་མཆོག་སྤྲུལ་ཐུབ་བསྟན་དགེ་ལེགས་དཔལ་བཟང་ངམ་རྡོ་རྗེ་བདེ་གཤེགས་རྩལ་ལས་ལུང་ཨ་ནུ་ཡོ་ག་ཚོགས་ཆེན་འདུས་པའི་ཐེག་དགུའི་དབང་ཆེན་གསན། རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་ཡོངས་རྫོགས་སྐྱབས་རྗེ་རབ་འབྱམས་ལྔ་པ་དང་། ཁྲོ་ཤུལ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་བཅས་ཀྱི་ཞལ་སྔ་ནས་ལན་གཉིས་ཀྱི་བར་དུ་གསན་པ་སྟེ། དེ་རྣམས་ནི་གསན་ཡིག་ལས་ཆེ་ལོང་ཙམ་དུ་བཀོད་པ་དང་། མདོར་ན་རྗེ་བླ་མ་འདི་ནི་ཐོས་པས་ཆོག་ཤེས་དང་ངོམ་པ་མེད་ཅིང་། གང་ན་རྒྱུན་རྣམ་པར་དག་པ་བཞུགས་པའི་ཐུགས་ངེས་འབྲོང་ཕྱིན་མཚན་གྱི་སྙན་པ་ཆེ་བ་དང་། གོ་ས་མཐོན་པོ་དང་། བཟང་པོར་གྲགས་པ་མིན་ཀྱང་། བསྟན་པའི་རྒྱུན་ལ་ཕན་པར་དགོངས་ནས་ལེགས་པར་བཏུད་ཅིང་གསན་བཞེས་གནང་བ་སྟེ། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས། ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་རྣམས་ཀྱིས་ལེན་པར་བྱེད། །དྲི་ཞིམ་བྱུང་ན་རི་དྭགས་ཀྱི། །ལྟེ་བ་ལས་ཀྱང་གླ་རྩི་ལེན། །ཅེས་པའི་དོན་ལ་ཐུགས་གཞོལ་བས་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པ་ཡིན་ཅིང་། གཞན་དུ་ན་ཐོས་ཉུང་ཅུང་ཟད་ཙམ་གྱིས་ཆོག་ཤེས་པ་ནི་རང་ཕྱོགས་སུ་ལྷུང་བས་བསྟན་པ་ཐམས་ཅད་འགལ་འདུར་འཆར་ནས་རྨོངས་པའི་མུན་ནག་ཆེན་པོར་འཕྱན་ཏེ་ཕྱོགས་རེའི་མིག་ཅན་གཡག་ཞར་གྱི་རྩྭ་ཟོས་པ་ལྟ་བུ་ལས་འབྱུང་བར་མི་འདུག་ཅིང་། མདོ་རྒྱུད་ནས་བསྟན་པའི་བཤེས་གཉེན་རྣམས་ཀྱི་མཚན་ཉིད་ཐམས་ཅད་ཚང་བའང་དེང་སང་སྙིགས་དུས་ན་ཨུ་དུམ་ཝཱ་ར་ལྟར་དཀོན་པས་དེ་ཕྱིར་རྒྱལ་བསྟན་རིས་མེད་པའི་ལུང་གི་ཆོས་ལ་འཆད་ཉན་གྱི་གཟུགས་བརྙན་ཡོད་པ་རྣམས་ཀྱི་རྒྱུན་མི་གཅོད་པར་རྗེ་བླ་མ་འདི་ཉིད་ཀྱི་རྣམ་ཐར་བཞིན་ཐོས་བསམ་ཕྱོགས་མེད་དུ་མཛད་པར་རིགས་སོ། །དེ་ལྟར་མང་དུ་ཐོས་པ་ནི་ནོར་རྣམས་ཀྱི་མཆོག་ཡིན་པ་དང་། ཕྱི་ནང་གི་གྲུབ་མཐའ་ཤེས་པས་བླང་དོར་གྱི་མིག་ཕྱེ། ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་པས་དོན་མེད་གཡེང་བ་སྤོང་། ཤེས་རབ་ཀྱི་བསླབ་པ་ཐོས་པས་ཟག་ཟད་ཀྱི་མྱང་འདས་ཐོབ་པར་བྱེད་པ་ཡིན་ཏེ། འཕགས་པ་ཀླུས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །དེ་དང་བསམ་པ་གཉིས་ནི་ཡོད་གྱུར་ན། །དེ་ལས་བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེས་ནི་དངོས་གྲུབ་བླ་ན་མེད་པ་འབྱུང་། །ཅེས་དང་ལུང་རྣམ་འབྱེད་ལས། མང་དུ་ཐོས་པ་ལ་ཕན་ཡོན་ཡོད་དེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན་ནོ། །ཞེས་སོགས་ཕན་ཡོན་མཐའ་ཡས་པ་དང་། འཇིག་རྟེན་པའི་རིགས་གཟུགས་ལང་ཚོ་དཔལ་འབྱོར་གྱི་ནོར་རྣམས་ནི་བསོག་བསྲུང་དཀའ་ཞིང་ཚེ་འདི་པ་ཙམ་ལས་ཕྱི་མར་ཕན་པ་ཅུང་ཟད་ཀྱང་མེད་ལ་མྱུར་དུ་འཛད་པ་དང་བཅས་པ་ཡིན་པས། དེང་དུས་ཀྱི་བསྟན་འཛིན་སྐྱེས་བུར་གྲགས་པ་བདག་དང་བདག་འདྲ་ཁ་ཅིག་ནི་སྐུ་སྐྱེ་དེའི་མིང་དང་དེའི་གོ་ས་ཐོབ་ཐང་རིགས་རུས་ཀྱིས་སྙེམས་ཤིང་། གསེར་དངུལ་གྱི་མཆོད་ཆ་ངོམས་ནས་དར་ཟབ་ཀྱིས་ཀླུབས་པ་ཙམ་ལ་སྙིང་པོར་བྱེད་པ་རྣམས་ལ་དཔག་ན་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་ངང་ཚུལ་ནི་དངུལ་ཆུ་ས་ལ་ལྷུང་ཡང་རྡུལ་གྱིས་མ་གོས་པ་བཞིན་དུ། དགེ་བའི་བཤེས་གཉེན་བསྟེན་པ་དང་། ལུང་གི་ཡོན་གྱིས་རྒྱུད་ཕྱུག་ཅིང་རྟོགས་པའི་གོ་འཕང་མཐོན་པོར་གཤེགས་ཀྱང་ཉམ་ཆུང་སྦས་པའི་ཚུལ་དུ་ཁེངས་པ་བསྐྱུངས་ཏེ་སྤྲོས་པའི་ཀུན་རྟོག་ཐུགས་ལ་མི་མངའ་བར་བཞུགས་པ་ལ་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་ཁ་ཅིག་གིས་བླུན་པོར་རྩི་ཡང་། བློ་གྲོས་དང་ལྡན་པས་དཔྱད་ན་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཞེས་མཚན་གྱི་མངའ་དབུལ་ཀྱང་དོན་ལ་ངེས་པར་གནས་ཤིང་། དེ་ལྟར་ཆོས་ཀྱི་རྒྱལ་པོ་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དུ་གྱུར་པ་ཉིད་ཟབ་དང་རྒྱ་ཆེའི་གཞུང་ལ་སྐྱེས་ཐོབ་དང་སྦྱངས་སྟོབས་ཀྱིས་ཐོས་བསམ་མཐར་ཕྱིན་པ་ལས་ཡོན་ཏན་གྱི་དཔལ་ཐམས་ཅད་ངང་གིས་འབྱོར་པ་སྟེ། ཇི་སྐད་དུ། ཡོན་ཏན་ཡོད་ན་རྒྱལ་བའི་གོ་འཕང་དང་། སྐྱེ་དགུ་མངོན་པར་འདུ་བའང་ཐོབ་པར་འགྱུར། །ལྷ་དབང་དཔལ་ཡང་ཡོན་ཏན་ལ་ལྟོས་ཏེ། །ཡོན་ཏན་ཡོད་ན་ཕ་རོལ་མགུ་བར་འགྱུར། །གྲགས་པ་རྣམས་ཀྱང་ཡོན་ཏན་ཉིད་ལས་འཕྲོ། །བདག་ཉིད་ཆེ་བའང་ཡོན་ཏན་ལྡན་ལས་འབྱུང་། །ཟླ་འོད་ལས་ཀྱང་གསལ་བའི་ཡོན་ཏན་གྱིས། །དགྲ་བོ་མི་བཟད་དྲེགས་ཤིང་སྡང་བ་དང་། །འཁོན་རྙིང་ཡོད་ཅིང་ཕྲག་དོག་ཆེ་བ་དག །ཡིད་ནི་རབ་ཏུ་དྭངས་ཤིང་མགུ་བྱེད་དོ། །ཞེས་འབྱུང་བ་ལྟར་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་མཆོག་ཐམས་ཅད་ཀྱི་རྟེན་གཞི་ཡིན་ནོ། །དེ་ལྟར་ཐོས་པ་རྣམས་ཀྱང་ཡང་ནས་ཡང་དུ་འདྲིས་ཤིང་གོམ་པར་མཛད་ཅིང་བསམ་བྱུང་གི་ཤེས་རབ་ཀྱིས་ཚིག་དོན་གྱི་ཆ་ཐམས་ཅད་ཚད་མ་གསུམ་དང་། རིགས་པ་བཞི་དང་མི་འགལ་བར་དཔྱད་ཅིང་ངེས་ཤེས་ཁྱད་པར་ཅན་དྲངས་པས་མདོ་སྔགས་རིག་གནས་དང་བཅས་པའི་དཀའ་བའི་གནས་གང་ལའང་ཐེ་ཚོམ་གྱི་དྲྭ་བ་ཆོད་ཅིང་། གཞན་དུ་དཀྲི་བར་མི་བཏུབ་པའི་ཟབ་མོའི་དོན་ལ་གདེངས་ཁྱད་པར་ཅན་རྙེད་པ་ནི་རྗེ་བླ་མ་ཉིད་ཀྱི་བསྟན་བཅོས་རྣམས་ལ་ཕྱོགས་ལྷུང་གི་དྲི་མ་སྤངས་ཏེ་དད་གུས་དང་ལྡན་པས་མཇལ་ན་ཤེས་པར་འགྱུར་བ་ཉིད་ལས་མང་དུ་སྨོས་པའི་ངལ་བ་མི་དགོས་སོ། །གཙུག་ནོར་དམ་པ་གོང་དུ་མདོ་ཙམ་སྨྲས་པ་དེ་རྣམས་ལས་མཆོག་ཏུ་བཀའ་དྲིན་ཆེ་བ། འཇམ་མགོན་རྣམ་གསུམ་ལ་མཁྱེན་རྟོགས་ཆེ་ཆུང་གི་དབྱེ་བ་དང་། གུས་འདུད་ཆེ་ཆུང་མི་མཛད་ཀྱང་གཉུག་མ་ཡེ་ཤེས་རྡོ་རྗེའི་རང་ཞལ་མངོན་སུམ་ངོ་སྤྲོད་པའི་མཐར་ཐུག་ངེས་པ་དོན་གྱི་རྩ་བའི་བླ་མ་སྐྱབས་ཀུན་འདུས་ཞལ་ཆེན་པོ་ནི། བཻ་རོ་དངོས་སྣང་འཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེན་པོ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའམ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཕྲིན་ལས་འགྲོ་འདུལ་རྩལ་ཡིན་པར་འདུག་པའང་ཞར་བྱུང་དུ་སྨྲས་སོ། །དེ་སྐད་དུ་ཡང་རྣམ་ཐར་གསོལ་འདེབས་ལས། །ཆོས་ཀུན་བསླབ་པ་ཙམ་གྱིས་ཐུགས་སུ་ཆུད། །སྐྱེས་ཐོབ་སྦྱོར་བྱུང་ཤེས་རབ་ཕུན་སུམ་ཚོགས། །ཇི་ལྟ་ཇི་སྙེད་གཟིགས་པ་རྣམ་དག་པས། །འཇམ་དཔལ་གཞོན་ནུར་གྱུར་ལ་གསོལ་བ་འདེབས། །ངེས་འབྱུང་ཚུལ་ཁྲིམས་བསླབ་པར་རྟེན་བཅས་ཤིང་། །གཞན་ཕན་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས། །སྣོད་བཅུད་དག་མཉམ་དབྱེར་མེད་ཆེན་པོར་སྡོམས། །སུམ་ལྡན་རྡོ་རྗེ་འཛིན་པར་གསོལ༴ །རིགས་བདག་དགེ་བའི་བཤེས་ཀྱི་ཞབས་པད་ལ། །མཉེས་པ་གསུམ་གྱིས་སྐྱོ་ངལ་མེད་པར་བསྙེན། །ཕྱི་ནང་རིག་གནས་མདོ་སྔགས་བཀའ་གཏེར་གྱི། །ཆོས་ཚུལ་རྒྱ་མཚོར་འཇུག་ལ༴ །ཁྱད་པར་འཇམ་དཔལ་གཞོན་ནུ་སྙིགས་དུས་སུ། །དཔལ་ལྡན་བླ་མའི་རྣམ་ཐར་རོལ་པ་ཡི། །འདྲེན་མཆོག་མཚུངས་མེད་རྣམས་ལས་ཟབ་རྒྱས་ཀྱི། །གདམས་པའི་བཅུད་མཆོག་བཞེས་ལ༴ །རང་གནས་ཡེ་ཤེས་རྡོ་རྗེའི་རང་ཞལ་ནི། །དགོངས་བརྒྱུད་འཕོ་བ་ཐོབ་པའི་རྟེན་འབྲེལ་གྱིས། །རང་ཞལ་ལྷུག་པའི་ངང་དུ་མངོན་སུམ་མཇལ། །ཆོས་ཀུན་དེ་ཉིད་རྟོགས་ལ༴ །ཡོངས་འཛིན་དགེ་བའི་བཤེས་ཀྱི་ཞལ་སྒོ་ལས། །ཐོས་པའི་དོན་ལ་བསམ་པས་སྒྲོ་འདོགས་བཅད། །ཇི་བཞིན་བསྒོམས་པས་ཤེས་བྱའི་གཏིང་མཐའ་དཔོག །ཟག་མེད་ཤེས་རབ་རྡོལ་ལ་གསོལ་བ་འདེབས། །ཞེས་པས་དོན་བསྡུ་བའོ།

།རྒྱ་ཆེན་ཤེས་བྱའི་མཁའ་ལ་སྐྱེས་སྦྱངས་ཤེས་རབ་མཁྱེན་གསུམ་རྩལ་རྫོགས་པའི། །སྨྲ་བའི་དབང་ཕྱུག་གདོང་ལྔ་དེ་ནི་བསླབ་གསུམ་ལུས་སྟོབས་རབ་རྒྱས་པས། །རྩལ་གྱིས་མཆོང་བའི་ཤུགས་ཆེན་གཅིག་གིས་འཁོར་འདས་ཤེས་བྱའི་རླབས་རྒྱ་གཅོད། །འདི་ནི་འཇམ་དཔལ་སྨྲ་བའི་སེང་གེ་དངོས་སམ་དེ་ཡི་སྤུན་ཟླར་གྲགས། །ཆོས་ཚུལ་མང་དུ་ཐོས་པས་མི་ངོམ་ལན་ཚྭའི་ཆུ་བཞིན་ཡང་ཡང་བཞེས། །ཆ་ཤས་ཐོས་པའི་ནོར་ལྡན་ལས་ཀྱང་རང་གི་འདོད་པ་དང་དུ་བླངས། །ལུང་གི་ཡོན་ཏན་རྒྱ་མཚོའི་གཏེར་མཛོད་སྙིགས་དུས་ཁྱེད་འདྲ་གཞན་མ་མཆིས། །བུང་བས་རྩི་བཞིན་ཐུགས་རྒྱུད་དམ་པའི་ཆོས་ཀྱི་ནོར་བུའི་སྒྲོམ་དུ་གྱུར། །དེ་ལྟར་ཡོན་ཏན་ཚོགས་རྣམས་ཀྱང་། །བརྗེད་ངས་རྐུན་བུས་མ་ཕྲོག་ཅིང་། །དཔེ་ནག་སྟེང་དུ་མ་ལུས་པར། །ཐུགས་དབྱིངས་ཟབ་མོར་ཟུམ་མེད་བྲིས། །རང་ཉིད་ལྷག་པར་འདོད་པ་དང་། །གཞན་དག་ཁྱད་བསད་ཕྱིར་མིན་ཅིང་། །བཀའ་དང་བསྟན་བཅོས་ལས་འབྱུང་བཞིན། །ཐོས་པ་དོན་ཡོད་ཉིད་དུ་བྱས། །ཁྱད་པར་ངེས་དོན་སྙིང་པོའི་བཞུགས་ཚུལ་གྱི། །ཕྱིར་མི་ལྡོག་པ་སེང་གེའི་སྒྲ་བསྒྲགས་པ། །དེང་དུས་ཀུན་མཁྱེན་བླ་མ་མཆོག་ཉིད་ལས། །གཞན་པ་སུ་ཞིག་མཐོང་ཐོས་མ་གྱུར་ཏོ། །རྒྱལ་བའི་ཡུམ་འདི་ལ་མོས་སྐྱེས་བུ་དེ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་དང་། །ཡོན་ཏན་རྣམ་བཅུ་ཐོབ་པར་རྒྱལ་བས་གསུངས། །དེས་ན་འདི་འཛིན་སྐྱེས་བུ་འཕགས་ཆེན་དངོས། །ཅེས་པར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་ཐོས་བསམ་མཛད་པའི་ཟབ་དོན་སྒོམ་པ་ཇི་ལྟར་མཛད་པའི་ཚུལ་མདོར་བསྡུས་སུ་གླེང་བར་བྱ་སྟེ། །དེ་ཡང་ཟླ་བ་སྒྲོན་མེའི་མདོ་ལས། །རབ་ཏུ་བྱུང་བས་ཆོས་སྤྱོད་ཅི་འདྲ་བར། །ཟས་དང་གོས་དང་དེ་བཞིན་སྐོམ་རྣམས་དང་། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། །ཁྱུ་མཆོག་རྒྱལ་བ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་འབྱུང་སེམས་ཅན་གྱི། །དོན་དུ་དབེན་པར་ཕྱོགས་ཏེ་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཅེས་དང་། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོག་པ་ཙམ་གཅིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་དང་། རྟོགས་པ་རྒྱས་པའི་མདོ་ལས། ཐང་གཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་སྦྱིན་པས་ནི་འདི་དོན་ཆེ། ཞེས་གསུངས་པ་ལྟར་སྔོན་བྱོན་གྱི་འཕགས་བོད་མཁས་གྲུབ་རྣམས་དང་། འཇིག་རྟེན་གྱི་འདྲེན་པ་ཐུབ་པ་མཆོག་གིས་ཀྱང་ལོ་དྲུག་ཏུ་གཅིག་པུར་དཀའ་བ་སྤྱད་ཅིང་ཏིང་ངེ་འཛིན་ནི་སྒོམ་པར་མཛད་ནས་མཐར་བདུད་ཀྱི་སྡེ་བཏུལ་ཞིང་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་ཡིན་ན། དབེན་པ་བསྟེན་ནས་ཡང་དག་པའི་དོན་ལ་སེམས་པར་ཅིའི་ཕྱིར་མི་བྱེད་དེ། ཐོབ་བྱ་མཐར་ཐུག་འགོག་པ་ཞི་བ་གྱ་ནོམ་ངེས་འབྱིན་གྱི་མཚན་ཉིད་ཅན་ཐེག་ཆེན་ལམ་གྱིས་བསྒྲུབས་པའི་རང་འབྲས་དམ་པ་མངོན་དུ་བྱེད་པ་ལ་བརྩོན་པ་བརྒྱ་འགྱུར་དུ་སྐྱེ་བར་འོས་ཤིང་། སྐྱེས་རབས་ལས། མང་དུ་ཐོས་པ་སྙེམ་པ་མེད། །འབྱོར་པ་རྣམས་ལ་སེར་སྣ་མེད། །ནགས་ཚལ་གནས་སུ་ཆོག་ཤེས་པ། །ཡོན་ཏན་རྒྱན་གྱི་མཆོག་ཡིན་ནོ། །ཞེས་པ་ལྟར་དཔལ་ལྡན་བླ་མ་དམ་པ་འདི་ཆོས་བརྒྱད་ཀྱི་བུ་མོའི་འདུ་འཛི་ལས་རིང་དུ་བྱོལ་ཞིང་ཕྱི་ནང་གི་རྒྱུ་འགྲུལ་དང་གླག་ཅོར་གྱིས་དབེན་པའི་གནས་དམ་པར་སྒོ་གསུམ་དབེན་པར་བསྟེན་ཏེ་རྒྱུའི་ཐེག་པའི་བྱང་ཆུབ་སེམས་དཔའི་བློ་སྦྱོང་གི་སྐོར་བཀའ་གདམས་རིན་པོ་ཆེའི་གཞུང་དང་གསུང་སྒྲོས་མན་ངག་རྣམས་ལ་ཐུགས་དམ་གྱི་སྙིང་པོར་མཛད་ནས་ཚད་མེད་རྣམ་པ་བཞི་དང་འབྲེལ་བས་བདག་གཞན་མཉམ་པ་དང་། བརྗེ་བ། བདག་བས་གཞན་གཅེས་ཀྱི་ཐུགས་ལེགས་པར་འབྱོངས་ཤིང་། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཅོ་ལྔའི་ཟླ་བ་ལྟར་ཉམས་པ་མེད་པ་ཐུགས་རྒྱུད་ལ་བསྟར་བས་སྐུ་གསུང་ཐུགས་ཀྱི་མཛད་པ་ཕྲ་མོ་རེ་རེས་ཀྱང་གཟུགས་ཅན་དང་གཟུགས་མེད་ཀྱི་འགྲོ་བ་མང་པོ་ལ་དངོས་དང་བརྒྱུད་ནས་ཕན་པ་མཐའ་ཡས་པ་སྟེར་ཞིང་ཐར་པའི་ས་བོན་ཐེབས་པ་དང་། གསང་སྔགས་རྡོ་རྗེ་ཐེག་པ་ནི་དུས་གསུམ་ཀུན་ཏུ་འབྱུང་བར་དཀའ་སྟེ་དེ་དང་འཕྲད་པ་ནི་ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དཀོན་པ་དང་། རྒྱུད་དོན་ཚུལ་བཞིན་རྟོགས་ནས་སྨྲ་བར་བྱེད་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་རྒྱ་རྒྱ་ཆེན་དམ་པའི་དབང་བསྐུར་བ་ཡོངས་སུ་རྫོགས་པ་དང་། རྡོ་རྗེའི་རིག་པ་འཛིན་པ་དེ་ནི་བྱང་ཆུབ་རྡོ་རྗེ་དང་མཚུངས་པར་བལྟ་བར་གསུངས་ཏེ། གསང་སྙིང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ནི་ང་ཡིན་དབང་ཡང་རྫོགས། །ཞེས་དང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། གང་ཞིག་གཙོ་བོ་སྒྲུབ་པ་པོ་མཐོང་རེག་པ་དང་། །ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང་། །དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དང་། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཅེས་འབྱུང་བ་ལྟར་དེ་བཞིན་གཤེགས་པ་ཀུན་གྱི་གསང་བ་དམ་པ་སྔགས་ཀྱི་ཐེག་པའི་ཡང་རྩེ་རྣལ་འབྱོར་བླ་མེད་ནང་རྒྱུད་སྡེ་གསུམ་གྱི་བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར་གྱིས་དྭངས་མའི་སྒོ་གསུམ་རྡོ་རྗེ་གསུམ་དུ་སྒྲུབ་པར་བྱེད་པས་སྐུ་ཚེ་དེ་ཉིད་ལ་ཟུང་འཇུག་སྐུ་བཞིའི་དབང་ཕྱུག་དཔལ་ཧེ་རུ་ཀཿརྡོ་རྗེ་འཛིན་རྒྱལ་ཆེན་པོའི་ས་མཆོག་དམ་པར་གཤེགས་པའི་རྟགས་སྣང་མངོན་དུ་གྱུར་པ་སྟེ། དེ་ཡང་སྔ་ཕྱིར་སྡོམ་པས་བགྲང་བྱ་ཉི་ཤུ་ལྷག་ཙམ་དུ་ལྷག་པའི་ལྷའི་བསྙེན་སྒྲུབ་དང་། མཚན་བཅས་མཚན་མེད་ཀྱི་ཐུགས་དམ་ལ་ཆིག་དྲིལ་དུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་གནང་བ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཆོས་འདི་སྒོམ་པར་མ་བྱས་ན། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་བོ་མཐོང་དང་ཐོས་པ་ཡིས། །མ་འཐུང་སྐོམ་པ་ཇི་ལྟར་སེལ། །ཞེས་དང་། གཙུག་གཏོར་ཆེན་པོའི་མདོ་ལས། བསྐལ་པ་མང་པོར་ཐོས་པ་དང་བསམ་པ་བས་ནི་ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམ་པ་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་བྱེད་པའི་ཕྱིར་རོ། །ཞེས་སོགས་རྒྱ་ཆེར་འབྱུང་བ་ལྟར། ཁམས་གསུམ་གྱི་ཟག་པ་དང་ཀུན་སྦྱོར་གྱི་འཆིང་བ་དང་། ཆོས་ཉིད་ཀྱི་གནས་ལུགས་ལ་མཚན་འཛིན་ཤེས་བྱའི་སྒྲིབ་པ་ཀུན་གཞིའི་བག་ཆགས་སྣང་གསུམ་འཕོ་འགྱུར་གྱི་སྒྲིབ་པ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་ཡེ་ཤེས་ཀྱི་སྐུ་མཚན་མ་མེད་པ་ཟག་མེད་རྡོ་རྗེའི་སྐུ་མཆོག་མངོན་དུ་བྱེད་པ་ནི་ནང་དུ་ཡང་དག་འཇོག་པ་ལས་བྱུང་བ་ཡིན་ཏེ། ཇི་སྐད་དུ། ཅི་འདྲ་བ་ཡི་ལས་བྱས་ན། །རྣམ་པར་སྨིན་པ་དེ་འདྲར་འགྱུར། །ཅེས་པ་ལྟར་ཁམས་དྲུག་ལྡན་གྱི་རྟེན་འདི་ནི་རྡོ་རྗེ་ཐེག་པའི་ལམ་གྱི་རྟེན་ཆེས་ཁྱད་པར་དུ་འཕགས་ཤིང་། སྦྱང་གཞི་སྦྱོང་བྱ་སྦྱོང་བྱེད་གནད་དུ་སོང་བ་ལས་སྦྱངས་འབྲས་མངོན་དུ་གྱུར་པ་དབང་པོ་རབ་དང་བརྩོན་མཆོག་དང་ལྡན་པ་ལ་མཐོང་བའི་ཆོས་ལ་མྱོང་བར་གྱུར་པས་ཏེ་རིག་འཛིན་གྲུབ་པ་རྒྱ་མཚོའི་འཁོར་ལོའི་བསྒྱུར་བ་སྟེ། དེང་གི་དུས་ན་དཔལ་ལྡན་བླ་མ་དམ་པ་འདི་ལྟ་བུར་ཤེས་པར་བྱ་ཡི། གཞན་དུ་ཐོས་པ་ཅུང་ཟད་ཀྱང་མེད་ཅིང་བླུན་སྒོམ་མུན་པའི་གཏིང་རྡོ་ཡིད་ལ་བྱེད་པས་གཏི་མུག་གི་མུན་པ་ཆེས་ཆེར་འཐིབ་པ་དང་། ལ་ལ་དག་མང་དུ་ཐོས་ཀྱང་སེམས་ཐོག་ཏུ་མ་ཁེལ་ཞིང་པྲ་ཡས་པས་ཆོས་དང་གང་ཟག་ལ་རྒྱབ་གྱེས་ཏེ་ལས་མཐའ་ལོག་པའམ། ཡང་ན་དུག་ལྔ་འཁྲུག་ཅིང་དག་སྣང་ཅུང་ཟད་ཀྱང་མེད་པ་གྲུབ་མཐའི་གདོན་ཆེན་པོས་ཟིན་ཏེ་ཆོས་སྤང་བའི་ལས་ཚབ་པོ་ཆེ་ལ་ཞུགས་པ་དང་། བདག་འདྲ་འགའ་ཞིག་ནི་བསྙེན་སྒྲུབ་བྱེད་པ་ཡིན་ཟེར་རྣམ་རྟོག་རྒྱ་འབྱམས་ཀྱི་དབང་དུ་ཤོར་ཏེ་ལྷ་སྔགས་ཏིང་འཛིན་གྱི་འཁོར་ལོར་མ་ཡེངས་པར་གནས་པ་ལྟ་ཞོག །མོས་པ་ཙམ་ཡང་མི་བྱེད་པར་བཟླས་པའི་གྲངས་ཙམ་ལ་རྩིས་སུ་བྱས་ནས་ཕྲེང་རྡོག་མཛུབ་མོ་ཟད་ཟད་དུ་བགྲང་བ་རྣམས་ལ་བལྟས་ན། རྗེ་འདིའི་སྒྲུབ་ཚུགས་དང་། དམ་བཅའི་སྙིང་སྟོབས་གང་ཐོག་མར་གཡར་དམ་བཅས་པ་དེ་ལས་ཅུང་ཟད་ཀྱང་མི་འདའ་བར་བསྐྱེད་བཟླས་ལ་ཉམས་བཞེས་རྒྱུད་ལུང་མན་ངག་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་དུས་གྲངས་མཚན་མའི་བསྙེན་པ་ཚད་དུ་ཕྱིན་པ་གནང་བའང་། རྗེ་ཉིད་ཀྱི་གསུང་ལས། བདག་འདྲ་ཡུལ་དུས་བསྐལ་པ་ཆེས་དམན་ཡང་། །སངས་རྒྱས་དངོས་བྱོན་བཤེས་གཉེན་དུ་མ་ཡིས། །རྗེས་བཟུང་སྨིན་གྲོལ་བདུད་རྩི་མང་ཙམ་མྱོང་། །དེ་སླད་སྙིགས་མའི་དུས་མཐར་སྐལ་བཟང་སྙམ། །མི་ཚེ་ཕལ་ཆེར་གཡེང་བས་ཁྱེར་མོད་ཀྱི། །བཅུ་ལྷག་བགྲང་བྱར་བསྙེན་སྒྲུབ་བརྩོན་ཁུལ་བགྱིས། །ངེས་རྫོགས་ལམ་ལ་བརྟན་པ་ཐོབ་མིན་ཡང་། །མོས་སྒོམ་ཙམ་ལ་ཅུང་ཟད་འདྲིས་པར་བྱས། །ཅེས་སྔ་ཐོག་མཛད་པའི་གསུང་ཞིག་ལས་འབྱུང་བ་དང་། ཕྱིས་ལྕགས་བྱ་ལོ་ནས། མེ་སྟག་ལོར་མྱ་ངན་འདས་པ་ལ་ཐུག་གི་བར་དུ་ཟེ་ཆེན་རི་ཁྲོད་པདྨ་འོད་གླིང་གི་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གླིང་དུ། ཕྱོགས་གཞན་དུ་བྱོན་པ་ལྟ་ཞོག་དགོན་དུའང་མ་ཕེབས་ཤིང་། དབང་ཆོས་ཀྱི་སྐབས་ཁ་ཤས་ལས་བཅད་རྒྱ་ཁོ་ནར་བཞུགས་པ་ཡིན་ལ། དེ་ལྟར་བཞུགས་པའི་སྐབས་རྣམས་སུ་སྒྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པར་ཡོད་པར་གོར་མ་ཆགས་ཀྱང་སྔོན་གྱི་བཀའ་གདམས་པའི་རྣམ་ཐར་བཞིན། དམན་མོའི་ས་བཟུང་། ཧྲུལ་པོའི་གོས་གྱོན་གསུངས་པའི་དཔེ་ལྟར་ངེད་ནས་ཅིའང་མི་ཤེས་མི་གོ་ཅེས་ཐུགས་གཏིང་ནས་མི་མཁྱེན། མི་རྟོགས་པའི་ཚུལ་ཁོ་ན་གནང་བ་ལས། འགའ་ཞིག་གིས་ཁ་ནས་མི་ཤེས་ཟེར་ཡང་དོན་ལ་ཐམས་ཅད་མཁྱེན་པར་ཞལ་གྱིས་འཆེས་པའི་རིགས་དེ་འདྲ་གཤིས་ལ་མི་གནས་པས་ནང་གི་ལམ་རྟགས་ཀྱི་སྒྲོས་ཙམ་ཡང་ཕྱི་ནང་སུ་ལའང་མི་གསུངས་ཤིང་བུམ་ནང་གི་མར་མེ་ལྟར་སྦས་ཤིང་རྒྱུན་བསྣམས་ལི་ཐོ་འགའ་ཞིག་ཏུ་དྷརྨ་གུ་ཎ་སོགས་རེ་ཟུང་ཕྱག་བྲིས་གནང་འདུག་པ་འདི་ཅི་ལགས་ཞེས་ཀོང་སྤྲུལ་ཡང་སྲིད་ནས་བཀའ་འདྲི་ཞུས་པས་བླ་མ་སོགས་རྨི་ལམ་དུ་མཇལ་བ་རེད་གསུངས་ཀྱང་འདི་ཞེས་སོ་སོར་ངེས་དཀྲིགས་ཅན་དུ་འོལ་ཚོད་ཀྱིས་ཡི་གེར་འགོད་མ་ནུས་ལ། དམིགས་བསལ་རྗེ་ཉིད་ནས་ཕྱག་ཐོར་བཏབ་པའང་འོག་ཏུ་འཁོད་པ་འདི་ཙམ་ལས་ཅིའང་མི་འདུག་ཤིང་། ངག་རྒྱུན་ཁུངས་མར། རྗེ་མི་ཕམ་རིན་པོ་ཆེ་ནས། ཁྱེད་ཕུར་པའི་གྲུབ་བརྙེས་ཀྱི་སྐྱེ་རྒྱུད་ལ་འདི་ནས་ཕར་བྱོན་ནས་ཕུར་པ་རྟགས་མ་རྫོགས་བར་སྒྲུབ་དགོས་རྟགས་ནམ་རྫོགས་ན་སྦྱིན་སྲེག་གྱིས་ཞེས་ཕེབས་བཞིན་བསྙེན་སྒྲུབ་གནང་བས་ལོ་གཅིག་ནས་རྟགས་མཚན་རྫོགས་ཏེ་སྦྱིན་སྲེག་གནང་ཞིང་། དེ་སྐབས་ཀྱི་ཕྱག་བྲིས་ཐོ་བཀོད་པར་ཉེ་གནས་པས་ལྐོགས་མཇལ་བྱུང་བར། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཞལ་བསྟན་ཚུལ་དང་། ཉེ་གནས་པའི་རུས་པ་བརྡུངས་སྤྱད་ཀྱི་རྡོ་ཞིག་ཡོད་པ་ཞབས་ཀྱིས་འདམས་ལྟར་བརྫིས་པ་ཉེ་གནས་པས་བསྐུངས་ནས། ད་ལྟ་སྒྲུབ་ཁང་པདྨ་འོད་གླིང་གི་གྱང་ལོག་སྦྱར་བའི་ཞབས་རྗེས་འདི་རྗེ་ཉིད་ཀྱི་འཁྲུལ་མེད་ཡིན་པ་ལ་སྦས་མ་ཐུབ་པར་མངོན་པར་གྱུར་ཀྱང་བླ་མ་གཞན་ཞིག་གི་རེད་ཅེས་ནན་གྱིས་གསུངས་པ་དང་། སྐྱབས་རྗེ་རབ་འབྱམས་ལྔ་པ་དང་སྐུ་རྩེད་ཀྱི་ཚུལ་དུ་སྨྱུག་ལ་མདུད་པ་མཛད་པ་དང་། ལྡུམ་བུ་གྲངས་བཀྱེ་མཛད་པ་དང་རྗེ་འདིས་རྡོ་རིལ་ཞིག་ཕྱག་གིས་དྲིལ་ནས་ཆངས་བུ་བཅངས་ཏེ་འདི་འདྲ་ཁྱེར་ཤོག་གསུངས་པ་སོགས་རླུང་སེམས་ལ་རང་དབང་ཐོབ་པའི་གྲུབ་པའི་རྟགས་མཚན་མངོན་སུམ་གྱུར་པ་དང་། དད་ལྡན་དག་གིས་ཞུས་པའི་གང་ཟག་སོ་སོ་ལ་གནང་བའི་ཞལ་གདམས་ཀྱང་མ་འོངས་པར་ཆོས་མཐར་ཕྱིན་མིན་སོགས་ཐམས་ཅད་ལྐོག་གྱུར་མངོན་སུམ་གཟིགས་པའི་ལུང་བསྟན་འབའ་ཞིག་ཏུ་སོང་བས། གནང་ཡུལ་དེའི་རྒྱུད་ཐོག་ཏུ་ཚད་མས་བབ་ཕྱིར་ཕྱིས་ངེས་ཤེས་ལྷག་པར་སྐྱེ་བའི་རྒྱུར་སོང་བས་མཚོན་དུས་གསུམ་སྒྲིབ་མེད་དུ་གཟིགས་ཤིང་། ཕྱིས་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་དམན་པ་དང་། ལྷག་པར་རྙིང་བསྟན་ལ་གེགས་ཆགས་ཆེ་བས་ཟས་དུག་གི་བསྙུན་གྱིས་ཐེབས་པ་ན། རྩ་རླུང་འབྱོངས་པའི་ནུས་པས་སྐུ་དངོས་ལ་གནོད་པར་མ་ནུས་ཀྱང་སྙུན་རོ་ལྟ་བུས་འཕར་ལྡང་སྐབས། མི་ཕལ་པ་ཡིན་ན་མལ་སར་ལྷུང་བ་ལས་ཐབས་མེད་གྱུར་ངེས་ནའང་། བསྙུན་གྱི་རྣམ་པ་ཡེ་མི་མངའ་བའི་ཚུལ་གྱིས་ཞལ་ཏ་དང་སྐུ་རྩེད་བཞེས་པ་ལྟ་བུ་ཐུགས་སྤྲོ་སྤྲོ་ལྟར་མཛད་ནས་བཞུགས་ཤིང་། བསྙུན་དྲིས་ཞུས་པ་ན་དེ་ཙམ་གྲགས། ངེད་སྔོན་ལས་ཀྱི་ནད་སྨན་དཔྱད་ཀྱིས་བཅོས་རྒྱུ་མེད་འདྲ་ཞེས་བསྙུན་གཟུགས་ཡོད་པའི་ཚུལ་བསྟན།

རང་ཉིད་གཅིག་པུར་བཞུགས་པ་ན་ཕལ་ཆེར་སྐུ་གཅེར་བུར་ལུས་གནད་དང་ལྡན་པར་བཞུགས་པ་དང་། བསམ་གཏན་གྱི་ཟས་ཀྱིས་འཚོ་བས་དཀར་སྤྱད་ཀྱི་གསོལ་ཆས་ཉུང་ཟད་ཙམ་ལས་མི་བཞེས་ཀྱང་སྐུ་མདོག་དཀར་ཞིང་སྐུ་ཤ་རྒྱས་པ། གཉེར་མ་མེད་ཅིང་། གཟི་མདངས་དང་ལྡན་པར་ཕྱིས་སྐུ་ན་སྨིན་པའི་དུས་སུའང་ཡོད་ཅིང་གང་དུ་བཞུགས་ཀྱང་ཚུལ་ཁྲིམས་ཀྱི་དྲི་བསུང་འཐུལ་བས་སྣོམ་ན་དགའ་བ་དང་། བཀའ་བཀྱོན་སོགས་གཏན་ནས་མི་གནང་ཡང་མཆོག་དམན་སུ་ཡང་ཟིལ་གྱིས་གནོན་ཅིང་འགྲོགས་ན་བདེ་བ་དང་། དབང་དུས་ཡེ་ཤེས་འབེབས་པ་དང་ཁྱད་པར་རིག་པ་རྩལ་དབང་ལྟ་བུའི་སྐབས་དགོངས་པ་ལ་བཞུགས་པས་སྐུ་གནས་འགྱུར་ཅིང་སྐུ་ཟིལ་ལྷག་པར་བརྗིད་པས་ཐམས་ཅད་ཀྱི་ཐ་མལ་སྣང་ཤེས་རང་འགགས་སུ་འགྲོ་བ་བཅས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་སྟེ། འདི་དག་ཀྱང་ནང་གི་གྲུབ་པའི་ཡོན་ཏན་ལས་བྱུང་བའི་རྟགས་མཚན་ཡང་དག་པའོ། །དེ་ཡང་རྗེ་བླ་མ་ཉིད་སྔར་ཞེ་ཆེན་རི་ཁྲོད་དུ་དཔལ་ཆེན་བཛྲ་ཀུ་མ་རའི་ལྗགས་བསྙེན་བཞུགས་སྐབས་ཐུན་མིན་གྱི་རྣམ་ཐར་ཕྱག་བྲིས་སུ་བཀོད་པ་ཚོམས་ཁ་ཤས་ཉེ་གནས་པས་མཐོང་ཡང་རིང་པོར་མ་ཐོག་པར་གོས་དཀར་མོའི་ཀློང་དུ་རྒྱས་བཏབ་པ་ལས། གསང་རྣམ་འདི་སྐོར་མགོ་ཚེམས་གཅིག་ཆབ་བསང་བྱོན་ཤུལ་ཉེ་གནས་པས་བརྐུས་ཏེ་སྦས་པ་ལས་འབྱུང་བ་རྗེ་ཉིད་ཀྱི་གསུང་ཉམས་པ་མེད་པ་བཀོད་པ་ལ་བླ་མ་ཡེ་ཤེས་མཁའ་འགྲོས་གནང་བ་སྩལ་དུ་གསོལ། དེ་ཡང་འདི་ལྟར་འབྱུང་སྟེ། བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རིག་པ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་ལ་ཐེབས་པར་བྱིན་གྱིས་རླབས་དུ་གསོལ། །དེ་ཡང་དགའ་བ་ཡི་ལོ་སྨིན་དྲུག་གི་ཉ་བའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོར་ལྷ་ཡི་བླ་མ་རྒྱལ་སར་ཕེབས་པའི་འཕྲོད་སྦྱོར་དགེ་བའི་ཉིན་སྒྲུབ་སྡེ་པདྨ་འོད་གླིང་དུ་ཁོ་བོ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེས་བསྟན་འགྲོ་སྤྱིའི་ཞབས་འདེགས་སུ་དམིགས་ནས་རྒྱལ་ཀུན་ཕྲིན་ལས་གཅིག་ཏུ་བསྡོམས་པ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་ཀྱི་མཚམས་ལ་ཞུགས། ཚེས་༢༤ཉིན་བླ་མ་རྒྱང་འབོད་བྱས། ཚེས་༢༦ཉི་གྲོས་སུ་བསྡོམ། འདི་སྐབས་ཕྱི་ཡི་འདུ་བ། ནང་གི་རྣམ་རྟོག །གསང་བའི་ཉམས་སྣང་ཀུན་ཅུང་འཚུབ། ཉེར་དགུའི་ནུབ་རྨི་ལམ་དུ། ཕྱོགས་ཀུན་ནས་སྤྱང་ཀི་མང་པོས་ངུར་མོ་དྲག་ཏུ་སྒྲོགས་ཤིང་། དེའི་ནང་ནས་སྤྱང་ཀི་ཤིན་ཏུ་ཆེ་བ་ཞིག་ཁང་སྟེང་དུ་འཕྱོང་ནས་རེས་ངུར་མོ་དྲག་ཏུ་བྱེད། རེས་ང་རོ་སྒྲོགས། རེས་ཁྱི་ཟུག་བྱེད། རེས་གར་བྱེད། རེས་མཁའ་ལ་འཕྱོ། རེས་ལུས་ས་ལ་བརྡེག །རེས་ས་འབྲད་པ་སོགས་འཇིགས་པའི་རྣམ་འགྱུར་སྣ་ཚོགས་བྱས་མཐར་ཁང་པའི་ནང་དུ་ཡོང་གྲབ་བྱེད་པ་ལ་དགག་སྒྲུབ་འཇིགས་སྣང་གང་ཡང་མ་བྱས་པར་ལྷོད་ཀྱི་གློད་ནས་བལྟས་པས་ཡལ་སོང་། ཡང་ཐོ་རེངས་ཁར་སྔར་གྱི་མཆོད་རྟེན་རྙིང་པ་ཞིག་པོ་ཞིག་སླར་ཁོ་བོས་ཞལ་གསོ་འདུག་པར་བུད་མེད་ཞིག་བྱུང་ནས་བརྩིགས་པའི་གྲོགས་དན་ལེགས་པོ་བྱས་ནས་བུམ་ལྟོ་བར་བརྩིག་དེ་ནས་ཁྱེད་རང་གིས་བརྩིགས་དང་རིང་པོར་མི་ཐོག་པར་འགྲུབ་པར་འགྱུར་རོ་ཟེར་བ་རྨིས། མགོ་ཟླའི་ཚེས་གསུམ་ནས། རིག་འཛིན་བླ་མའི་བྱིན་རླབས། ཆོས་ཉིད་བདེན་པའི་ནུས་མཐུ། གསང་སྔགས་ཟབ་མོའི་བྱིན་འབྲས་བསླུ་མེད་ཀྱིས་ཕྱི་ནང་གི་རྐྱེན་དང་འཚུབ་སློང་རྣམས་དབྱིངས་སུ་ཞི་སྒོ་གསུམ་ཆོས་ཕྱོགས་ལ་ཅུང་བཀོལ་ཐུབ་པས་དགེ་སྦྱོར་ན་ཕྲན་བུ་འཕར་རོ། །འདི་ཡར་མར་ཉམས་རྨིས་འདྲ་མིན་སྣ་ཚོགས་བྱུང་ཡང་འདིར་མ་བྲིས་སོ། །འདིའི་བཅུ་བཞི་ནུབ་རྗེ་བླ་མ་ཀུན་གཟིགས་བློ་གྲོས་མཐའ་ཡས་མཇལ། ཨ་ཏི་རང་བྱུང་ཆེན་པོའི་ཉམས་ལེན་ལག་ཁྲིད་ཟབ་མོ། རིག་པ་རྩལ་གྱི་དབང་བཅས་ཐོབ་པ་རྨིས། བར་འདིར་མཆོག་སྤྲུལ་རིན་པོ་ཆེར་བསྙུན་གཞི་འབྱུང་ཚུལ་དང་། ཁྱིམ་ནས་ཁུ་རྒན་མ་འཚོ་བ་སོགས་ཀྱི་སེམས་ཚོར་ཟ་ཟི་བན་བུན་རྣམས་ཀྱང་བྱུང་། ཡང་སོར་མོའི་རྩེ་ནས་རཀྟའི་རྒྱུན་བབ་པས་ཐང་ཐམས་ཅད་འཇིམ་པ་འབའ་ཞིག་ཏུ་སོང་། ཡང་རྗེ་བློ་གྲོས་མཐའ་ཡས་མཇལ། བླང་དོར་བསླབ་སྟོན་མང་། ཡང་ཚིགས་སུ་བཅད་པ་འགའ་ཞིག་ཀྱང་ཐོས། ཆུ་སྦྲུལ་གྲོ་བཞིན་ཅན་གྱི་ཉེར་དྲུག་ནུབ་དམ་པ་རྒྱ་གར་ཡིན་ཟེར་བའི་སྐྱེ་བོ་ཕོ་མོ་མང་པོའི་དབུས་ན་ཨ་ཙ་ར་ནག་པོ་རས་རྐྱང་འཕྲག་ལ་བཀལ་བ་ཞིག་དང་མཇལ། དབུ་རལ་ཐོར་ཅོག་ཏུ་འདུག །སྨིན་དྲུག་ཟླ་བའི་ཚེས་གསུམ་ནུབ་རྗེ་བླ་མ་གུ་ཎ་ས་ར་དང་མཇལ། ཐུགས་ཁ་ཤིན་ཏུ་གཤིན་པའི་གསུང་གླེང་མང་། ཚེས་བཞི་ནུབ་དཔལ་ཆེན་ཡང་དག་ཧེ་རུ་ཀའི་སྒྲུབ་པ་བྱས་ན་བསྟན་འགྲོ་སྤྱི་སྒེར་ཕན་པའི་ཡི་གེ་ཞིག་དང་། གཞན་བཀའ་ཤོག་གཅིག་བཅས་འབྱོར། ཞབས་དྲུང་རིན་པོ་ཆེའི་མདུན་ནས་རེད། དགོན་ལ་ཅུང་འཚུབ་པའི་ལྟས་དང་རིམ་གྲོ་འགའ་ཞིག་ཐོས། ཡང་ཁོ་བོས་དམག་དཔོན་བྱས་ཏེ། བྱང་ཕྱོགས་ཀྱི་ཡུལ་གྲུ་ཐམས་ཅད་བཅོམ། རྫོང་མཁར་ཐམས་ཅད་ཤུལ་མེད་དུ་བཤིགས། ཡུལ་འཁོར་སྲུང་ཡིན་ཟེར་བའི་མི་དཀར་པོ་ཞིག་གིས་ཞུམ་པའི་སྟབས་ཀྱིས་བཀའ་ནོད་པ་རྨིས། ཡང་ཁྱི་སྨྱོན་ནག་པོ་ང་རོ་འབྲུག་ལྟར་སྒྲོགས་པ། མཆེ་བ་གངས་རི་ལྟར་གཙིག་པ། ནམ་མཁའི་རླུང་ནག་ལས་བང་མགྱོགས་པ་ཞིག་གིས་སྔར་ཡང་ཡུལ་ཁམས་མང་པོ་བརླག་ཟེར་བ་ཞིག་འཇིགས་པའི་གཟུགས་ཀྱིས་ང་ཡི་ཟུར་དུ་བྱུང་པས་ང་ཡི་གྲོགས་ཕལ་ཆེར་བྲོས། ལ་ལ་སྔངས་ཤིང་འགའ་ཞིག་གིས་རྡོ་ཡིས་བརྡེག་པར་རྡོ་རྣམས་སིལ་བུར་འཐོར་ཏེ་ཐམས་ཅད་ཅི་བྱ་གཏོལ་མེད་དུ་གྱུར་པས་ཁོ་བོས་མ་འཇིགས་ཤིག་ཅེས་དབུགས་ཕྱུང་སྟེ། ཁྱི་སྨྱོན་དེ་ཁོ་བོ་རང་གིས་བསད་སྙིང་དེ་བཏོན་ཏེ་ལག་པ་གཡོན་དུ་ཐོག་སྟེ་གར་བྱེད་པ་རྨིས། ཡང་ཡིད་དུ་མི་འོང་བའི་ཡུལ་ཁམས་ཞིག་ན་འབྲོག་དུད་སྐྱུག་བྲོ་བ་དུ་མའི་ནང་དུ་ཁོ་བོ་འདུག་པ་དེ་ལ་ཡིད་སྐྱོ་ནས་གཅིག་པུར་སོང་བས་བྲག་ངོ་ཁུང་དོག་པ་ལྕོང་རོང་དང་ངམ་འབྲོག་སོགས་ཤིན་ཏུ་བགྲོད་དཀའ་བ་འབའ་ཞིག་བརྒྱུད་ནས་མཐར་ལ་གནམ་དུ་ཟུག་པ་ཞིག་ལ་འཛེག་པས། ལམ་བར་དུ་ཡུལ་དང་སྤང་ལྗོང་སོགས་མཆོག་དམན་སྣ་ཚོགས་འདུག་པའི་རྩེ་མོར། རྩྭ་རྣམས་རིན་ཆེན་བཻཌཱུཪྻ་ལྟར་སྔོ་བ་སྲིད་དུ་སོར་ལྔ་ཙམ་ཡོད་པ། ཕལ་གྱི་རྩྭ་ལྟ་བུ་མ་ཡིན་པ། འཇམ་ཞིང་མཉེན་པ། རེག་པ་ཙམ་གྱིས་བདེ་བ་སྟེར་ནུས་པ། མེ་ཏོག་རྣམས་རིན་པོ་ཆེ་གསེར་ལས་བྱས་པ་སོགས་ཕུན་སུམ་ཚོགས་པའི་གནས་ཞིག་ཏུ་ཕྱིན་པ་སོགས་ཉམས་རྨིས་སྣ་ཚོགས་བྱུང་ངོ་། ། ༈

མགོ་ཟླའི་ཚེས་བཅུ་ནས་སྙན་བརྒྱུད་ཡང་ཕུར་སྦྲགས་མའི་སྔོན་འགྲོ་ཁྱུག་ཙམ་བཏང་ནས་ཚེས་བཅུ་བཞི་ནས་བསྙེན་པའི་དབུ་བཙུག་པས་དེ་ཉིན་ནས་བཟུང་རིམ་གྱིས་མགོ་ལོག་གི་ཡུལ་དུ་ཕྱིན་དུས་ཀྱི་བར་ཆད་གློ་བུར་བགེགས་ཆེན་གྱི་གཙོས་ཐམས་ཅད་རིམ་གྱིས་དྭངས། ཏིང་ངེ་འཛིན་ཡང་མཆོག་ཏུ་འཕེལ་ཚེ་རབས་ནས་ལས་འབྲས་ཡོད་པའི་ལྷ་ཞིག་ཡིན་སྙམ་སྤྲོ་བ་འཕེལ། ཉེར་ལྔའི་ཐོ་རེངས་ཀུན་གཟིགས་བློ་གྲོས་མཐའ་ཡས་དང་མཇལ། ཡང་ཕུར་སྦྲགས་མའི་དབང་བཞི་སྔར་ཡོད་འདི་ཉིད་ལན་གསུམ་བར་བསྐྱར་ནས་གནང་། ཐུན་མིན་རྫོགས་རིམ་གྱི་སྐོར་ངོ་མཚར་བ་སྔར་མེད་པའང་མང་པོ་གནང་། དེ་རྣམས་འདིར་ཡོད་པ་ཡིན་གསུངས་ནས་ཉིད་ཀྱི་ཕྱག་བྲིས་ཤོག་དྲིལ་ཆགས་གང་དང་། མགོ་ཚེམས་ཆུང་ངུ་ཁ་ཤས། སམ་ཊ་ཞིག་གི་གང་ཕྱག་བྲིས་མཛད་པ་བཅས་གནང་བ་རྨིས། རྒྱལ་ཟླའི་བཅོ་བརྒྱད་ནུབ་ཀུན་གཟིགས་བློ་གྲོས་མཐའ་ཡས་དང་། ཛར་སྤྲུལ་མཁན་སློབ་སྐུ་སྔར་བས་གཟི་བརྗིད་ཆེ་བ་ཞིག་མཛད་ནས། དགྱེས་པའི་ཉམས་འགྱུར་དུ་མ་དང་བཅས་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་རིན་ཐང་དང་བྲལ་བའི་རིན་པོ་ཆེའི་རྒྱན་གྱིས་སྤུད་པ་ཞིག་སྩལ་ནས། བླང་དོར་གྱི་བསླབ་བྱ་མང་པོ་མཛད་པ་སེམས་ལ་ཆོངས་ཤིག །འདིའི་ཉེར་དྲུག་ནུབ་ཀུན་མཁྱེན་འཇིགས་མེད་གླིང་པ་ཡིན་གསུངས་པའི་རྣལ་འབྱོར་པ་སྐུ་མདོག་དམར་སྨུག །རལ་པའི་ཐོར་ཅོག་གླེགས་བམ་གྱིས་མཛེས་པ། སྙན་གོང་དུང་གིས་བརྒྱན་པ་ནང་གོས་དཀར་པོ་ཕུ་དུང་ཅན་སྟེང་གཟན་དཀར་དང་ཤམ་དཀར་ཅན། སྒོམ་ཐག་གསོལ་བ་ཞིག་དང་མཇལ། ཕྱག་གཉིས་ཁོ་བོའི་མགོར་བཞག་ནས་སྨོན་ལམ་དང་ཞལ་ཏ་མང་པོ་མཛད་པ་རྨིས། ཉེར་དགུའི་ནུབ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན་བརྩེའི་དབང་པོ་དང་མཇལ། རྒྱུད་སྡེའི་དབང་མོ་ཆེ་ཐོབ། ཀུན་གཟིགས་བློ་གྲོས་མཐའ་ཡས་མཇལ། རྡོར་སེམས་དབང་སྟོང་ཐོབ། རྗེ་བླ་མ་རྣམ་པ་གཉིས་ཀས་དགྱེས་པའི་རྣམ་འགྱུར་དང་བཅས་སེམས་དོན་སྐོར་གྱི་ཞལ་འཕྲོས་མང་པོ་མཛད་པ་རྨིས། ཤིང་རྟ་ཆོ་འཕྲུལ་ཟླ་བའི་ཚེས་གཉིས་ནུབ་ཀུན་གཟིགས་བློ་གྲོས་མཐའ་ཡས་མཇལ། བཞེས་དཀར་ཞིག་གི་ནང་གསོལ་འབྲས་ཞིག་གསོལ་ཞིང་འདུག་པའི་ལྷག་མ་རྣམས་མཆོག་སྤྲུལ་རབ་འབྱམས་ཚང་ངེད་དཔོན་སློབ་གཉིས་ལ་གནང་ནས་རྟེན་འབྲེལ་ཞིག་ཡོད་པ་ཡིན་གསུང་གཞན་དགྱེས་པའི་གསུང་གླེང་མང་པོ་གནང་། རང་གི་དོགས་གནས་ཀྱི་བཀའ་འདྲི་འགའ་ཞིག་ཞུས་མཐར་ཁྱེད་དད་དམ་རྣམ་པར་དག་ཅིང་བདག་ལ་མོས་པའི་མི་ཡིན་པས་སྐྱེ་བ་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ་འབྲལ་བ་མེད་པ་ཡིན་པས་ད་དུང་དད་མོས་དང་གསོལ་འདེབས་ལ་རེམ་མཛོད་གསུངས་པ་རྨིས། བཅུ་བདུན་ནུབ་དེ་དང་ལྷན་དུ་པཎྜི་ཏ་ཆ་བྱད་འདི་གཉིས་དང་མཐུན་པ་ཕྱག་ན་དུང་དཀར་བཟུང་བ་ཞིག་འདུག །ཆོས་ཀྱི་གྲགས་པའི་ཕྱག་ན་གླེགས་བམ་དང་། ཕྱོགས་གླང་ཕྱག་ན་རྨ་བྱའི་གདུགས་གཅིག་བསྣམ་འདུག་གོ། བཅོ་བརྒྱད་ནུབ་དཔལ་ཆོས་གྲགས་དང་ཕྱོགས་ཀྱི་གླང་པོ་ཡིན་ཟེར་བའི་པཎྜི་ཏ་མཁན་ཞུ་དམར་པོ་དང་ཆོས་གོས་རྣམ་གསུམ་གསོལ་བ་དབང་པོ་ཞི་ཞིང་དུལ་བ་མཇལ་བ་ཙམ་གྱིས་དད་པ་སྐྱེ་བ་གཉིས་དང་མཇལ་བ་རྨིས། ཉེར་དགུའི་ནུབ་མོ་ཡང་མཇལ་བ་རྨིས། ཚེས་གཅིག་ནུབ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་སྐུ་གཟི་བྱིན་འོད་དུ་འབར་བ་ཞིག་མཇལ། བཅུ་བདུན་ནུབ་རྗེ་བློ་གྲོས་མཐའ་ཡས་ཡབ་སྲས་མཇལ་བ་རྨིས། བཅོ་བརྒྱད་ཉིན། མཉམ་བཞག་དྭངས་པའི་ནམ་མཁའ་ལ། །སྣ་ཚོགས་སྒྱུ་མའི་གཟའ་སྐར་བཀྲ། །ཡིན་ཀྱང་ཆོག་ལ་མིན་ཀྱང་ཆོག །མཉམ་པ་ཉིད་ཀྱི་ཀློང་དུ་ཨ། །ཉེར་བཞིའི་ནུབ་སྙན་བརྒྱུད་ཡང་ཕུར་སྦྲག་མ་འདི་ཉིད་ཀྱི་རྩ་བའི་སྒྲུབ་གཞུང་ཆེན་པོ་ལྡེབ་ལྔ་བཅུ་ནང་སྐོར་དང་། ཚེ་སྒྲུབ་སོགས་ལས་ཚོགས་ཀྱི་དཔེ་ཆ་ལྡེབ་ལྔ་བཅུ་ནང་སྐོར། ཡང་གསང་ཐེམ་མེད་གུད་སྦས་ཚན་བཅས་མཇལ་བ་རྨིས། ནང་པར་ཡང་ཚིག་རྐང་འགའ་ཞིག་བློ་ལ་ཟིན་པ་ལྟ་བུར་འདུག །ཡིག་འབྲུ་རྣམས་འོད་ཟེར་དཔལ་དུ་འབར་བར་འདུག༈།

ནག་པ་ཟླ་བའི་ཚེས་བཞི་ལ། ཚེ་སྒྲུབ་ཀྱི་ཐུན་མགོ་བཟུང་། འདི་ནུབ་ཉམས་རྨིས་ཀུན་ལ་འཚུབ་ཆ་ཤིན་ཏུ་ཆེ། ཁྱད་པར་ཚེ་འཕྲང་དང་ཚེ་སྐེགས་ཀྱི་མཚན་མ། ལྷག་པར་མཐུ་བྱད་ཀྱི་ངོ་ཤིན་ཏུ་ཆེ་བར་སྣང་ནའང་། །དཔལ་ལྡན་འབྲུག་པའི་བུ་བརྒྱུད་བཞིན། །དྲག་སྔགས་གསུམ་གྱིས་ཨར་ལ་གཏད། །ཇོ་བོ་བཀའ་གདམས་དགེ་བཤེས་བཞིན། །གང་བྱུང་ལམ་དུ་ཁྱེར་བར་བྱས། །ཨ་མ་ཇོ་མོའི་ཆོས་ལུགས་བཞིན། །སྐྱེ་མེད་དབྱིངས་སུ་ཕཊ་ཀྱིས་བཅད། །ཀུན་བཟང་པདྨའི་བུ་རྒྱུད་བཞིན། །གང་ཤར་རིག་པའི་ཀློང་དུ་ཨ། །སྟོང་པ་ཉིད་ཀྱི་ངང་དུ་བཤིག །ཧ་ཧ་ཧ། ཚེས་བརྒྱད་ནུབ། ཉམས་ཀྱི་སྣང་བར། ལྕགས་ཧོམ་འབར་བའི་ནང་དུ་ཚུད། །བྱད་ངོ་སྣ་ཚོགས་སྣང་ནའང་། །སྟོང་པ་ཉིད་ཀྱི་ངང་དུ་བཤིག །ཧེ་ཧེ། ཚེས་བཅུ་ནུབ། རྨི་ལམ་དུ། །སྣུམ་ཟད་མར་མེ་ཆེར་རྒས་ཀྱང་། །སླར་ཡང་སྣང་གསལ་སྒྲོན་པ་རྨིས། བཅོ་ལྔའི་ནུབ། །ཙི་ནའི་ལྗོངས་ཀྱི་གྲུབ་པའི་དབང་། །རྣལ་འབྱོར་སྤྱོད་པའི་བརྟུལ་ཞུགས་ཅན། །མཐོང་བས་ཡིད་འཕྲོག་དཔའ་བོ་དང་། །ཉམས་མྱོང་ལྟ་བ་གོ་བསྡུར་རྨིས། ཉེར་གསུམ་ནུབ་མོའི་རྨི་ལམ་དུ། རྐྱེན་སྣ་ཚོགས་མཐོང་བ་ལ་བརྟེན་ནས་གླུ་འདི་འདྲ་ཞིག་བླང་བ་རྨིས་སོ། །མཛེས་ལྡན་མེ་ཏོག་ནི་མང་ཡང་། །ཨུ་དུམ་ཝཱ་ར་ནི་མི་སྣང་། །གངས་ལྗོངས་སྐྱེ་བོ་ནི་མང་ཡང་། །དལ་འབྱོར་དོན་ལྡན་ནི་དཀོན་བྱུང་། །གློ་བུར་སེར་རླུང་གིས་གཏོར་བའི། །པད་རྫིང་སྟོང་པ་འདི་མཐོང་བས། །མི་རྟག་སྒྱུ་ལུས་ཀྱི་ཕུང་པོ། །ནམ་ཡང་བསླུ་མེད་དུ་གོ་བྱུང་། །ཞིང་པས་དཔྱིད་བཏབ་ཀྱི་ས་བོན། །སྟོན་འབྲས་འཆོལ་མེད་དུ་སྨིན་སྣང་། །དཀར་ནག་དགེ་སྡིག་གི་འབྲས་བུ། །ནམ་ཡང་བསླུ་མེད་དུ་གོ་བྱུང་། །མཛེས་ལྡན་མེ་ཏོག་གི་འདབ་མས། །སྦྲང་ཆུང་སྲོག་གཤེད་དུ་ཕབ་སོང་། །ཁམས་གསུམ་འཁོར་བ་ཡི་གྲོང་ཁྱེར། །སྡུག་བསྔལ་རང་བཞིན་དུ་གོ་བྱུང་། །མཁའ་ལ་གསལ་བྱེད་འདྲ་མང་ཡང་། །ཉི་གཞོན་གཉིས་པ་ཞིག་མི་འདུག །དགེ་བའི་བཤེས་གཉེན་ནི་མང་ཡང་། །གུ་ཎ་དང་མཚུངས་ཞིག་མི་སྣང་། །རཏྣ་མཆིང་བུ་ནི་མང་ཡང་། །དགོས་འབྱུང་ཡིད་ནོར་ནི་མི་སྣང་། །གདམས་ངག་ཟབ་ཟབ་ནི་མང་ཡང་། །རྫོགས་ཆེན་དང་མཚུངས་ནི་དཀའ་སྙམ། །མཁའ་ལ་ཆར་སྤྲིན་ནི་གཡོ་ཡང་། །རང་ངོ་འགྱུར་བ་ནི་མི་སྣང་། །གཟུང་འཛིན་སྒྲིབ་ཚོགས་ནི་མང་ཡང་། །ཡེ་གཞིའི་རང་ངོ་ནི་མ་སྒྲིབ། །ཆུ་ལ་རླབས་ཕྲེང་ནི་གཡོ་ཡང་། །ཕན་མེད་གནོད་མེད་དུ་སྣང་བས། །རྣམ་རྟོག་འཆར་སྒོ་ནི་མང་ཡང་། །སྒོམ་ལ་གནོད་སྙམ་ཞིག་མི་འདུག །ཧེ་ཧེ་སྨྱོ་གཏམ་ནི་དེའོ། །ཞེས་བློ་ལ་ཕལ་ཆེར་ནང་སྔ་དྲན་ཞིང་འགའ་ཞིག་བརྗེད་པ་ཕྱོགས་འདྲར་བྲིས་པའོ། །ཉེར་དྲུག་ནུབ་གཏེར་སྲས་དབང་མཆོག་རྡོ་རྗེ་དང་མཇལ་ཐུགས་དགྱེས་པའི་གསུང་གླེང་མང་པོ་བྱུང་། མཛོད་བཏགས་དཀར་པོའི་སྐུ་ཤམས་དང་བཟང་གོས་དམར་སེར་གྱི་འགན་སྦྱར་མནབས་འདུག །སྔར་བས་གཟི་བརྗིད་བརྒྱ་གྱུར་གྱིས་ཆེ་བ་ཞིག་རྨིས། ཚེས་བདུན་ནུབ་རྗེ་བླ་མ་གུ་ན་ས་ར་དམ་གཙང་རྡོ་རྗེའི་མཆེད་གྲོགས་རྣམས་དང་བཅས་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་ལོངས་སྤྱོད་པ་དང་མཇལ་ཞིང་། རང་ལའང་ཚོགས་སྐལ་མང་དུ་གནང་བྱུང་། གཞན་ཡང་གླུ་བྲོ་སོགས་དགྱེས་ཉམས་མང་དུ་མཛད། ཁྱད་པར་ཁོ་བོས་དབྱངས་དྲངས་ཏེ་དཔོན་སློབ་ལྷན་གྱིས་དབྱངས་སྙན་པོས། སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་མང་འདོན་པ་རྨིས། ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཞི་སྒྲུབ་ཀྱི་ཐུན་མགོ་བཟུང་། དེ་ནུབ་ཐོ་རེངས་ཀུན་གཟིགས་བློ་གྲོས་མཐའ་ཡས་དང་མཇལ། ཧཱུྃ་ནག་སྙིང་ཏིག་གི་ཞལ་ཁྲིད་ངོ་སྤྲོད་རྒྱས་པ་དང་། རིག་འཛིན་བརྒྱུད་པའི་གསོལ་འདེབས་སོགས་སྔར་མེད་པ་མང་པོ་གནང་། དེ་རྗེས་རྗེ་བློ་གྲོས་མཐའ་ཡས། ཛར་སྤྲུལ། ཁོ་བོ་གསུམ་གྱིས་རྗེ་མཁྱེན་བརྩེ་རིན་པོ་ཆེར་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་མཐར་ཞབས་བརྟན་དང་མངའ་དབུལ་རིགས་ཤིན་ཏུ་རྒྱས་པར་ཕུལ་བ་རྨིས་པ་མཆོག་སྤྲུལ་ཟླ་བའི་ལང་ཚོ་གསར་དུ་ངོམས་པ་ཡིན་ནམ་སྙམ། ཧོར་ཟླ་བདུན་པའི་ཚེས་བཅུ་དྲུག་ནུབ་གངས་ལྗོངས་ལྷ་འདྲེ་ཆེ་ཕྲ་ཐམས་ཅད་འདུས་པ་ལ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་དམ་ཚིག་ཕོག །གསར་བྱུང་གི་འབྱུང་པོ་རྣམས་ཀྱི་སྲོག་གི་སྙིང་པོ་ཕྲོག་ནས་དམ་ལ་བཏགས་པ་རྨིས། །རྨི་ལམ་འཁྲུལ་རྟོག་ཟ་ཟི་ལ། །སྙིང་པོ་ཡོད་པར་ངས་མ་མཐོང་། །གཟའ་གཏད་མེད་པའི་རིག་པའི་ཀློང་། །གང་ཤར་རང་གྲོལ་ཆོས་ཀྱི་སྐུ། །ཅི་ལྟར་སྤྱོད་ཀྱང་བློ་བདེའོ། །ད་འཆི་བདག་བྱུང་ཀྱང་ཡ་མི་ང་། །འདི་གྲུབ་འབྲས་ཀུན་གྱི་རྒྱལ་པོར་འདོད། ཤིང་ལུག་ཟླ་བ་བདུན་པའི་ཚེས་གཅིག་ལ་དངོས་གྲུབ་ལེན་ཆོག་བྱས་པ་ལགས་སོ། །དེ་འཕྲལ་གྱི་རྫོགས་པ་དང་པོའི་ཉིན། །གཟའ་སྐར་དང་འཕྲོད་སྦྱོར་དགེ་བ་ལ། །ཆོས་ཡང་ཟབ་ཀྱི་བླ་མའི་སྒྲུབ་པ་མཆོག །དཔལ་གསང་བ་འདུས་པའི་བསྙེན་དབུ་བཙུགས། །སེམས་ཉམས་སྣང་རྫུན་གྱི་རི་མོ་ལ། །འདི་མ་མཐོང་བྱ་བ་དགུ་གཅིག་མཐོང་། །ཞག་བདུན་ཕྲག་སོང་བའི་ཉིན་མོ་ལ། །སེམས་མེད་སྣང་སྟོང་པའི་མཁའ་དབྱིངས་སུ། །ལྷ་མ་ཧཱ་གུ་རུ་སྤྲུལ་པའི་སྐུ། །སྐུ་ཆེ་ཆུང་རང་གི་མཐོ་ཚད་ཙམ། །འཇའ་འོད་ཟེར་སྣ་ལྔའི་དབུས་ན་མཐོང་། །ཡུན་རིང་རབ་ཅིག་ཏུ་མངོན་སུམ་བཞིན། །ཕྱི་གཟུགས་ཀྱི་ལྷ་སྐུས་ཅི་བྱར་ཡོད། །ནང་རང་རིག་མ་ཧཱ་གུ་རུའི་སྐུ། །ཞལ་མངོན་སུམ་དུ་མཇལ་བ་འདི་ཨ་ལ་ལ། །རྨི་ལམ་དུ་མཁའ་ལ་འཕུར་བ་སོགས། །ངོ་མཚར་གྱི་སྤྲུལ་སྒྱུར་ཅིར་ཡང་རྩེ། །ཡང་སྐབས་ཤིག་བེམ་རིག་བྲལ་གྱུར་ནས། །རང་བར་དོར་སླེབ་པའི་སྣང་ཚུལ་སོགས། །རྨི་ལམ་གྱི་རྫུན་རིས་ཅིར་ཡང་འཆར། །ཡང་རྨི་ལམ་དུ་རྗེ་བཙུན་གུ་རུ་རྗེ། །འཁོར་ཐུབ་དྲུག་སྤྲུལ་པའི་སྐུ་དང་བཅས། །འཇའ་གུར་གྱི་ནང་དུ་བཞུགས་པ་སོགས། །སྣ་ཚོགས་ཀྱི་བཀོད་པ་ཅིར་ཡང་གསལ། །ཡང་གུ་རུ་རྡོ་རྗེ་གྲོ་བོ་ལོད། །སྐུ་དམར་སྨུག་བཟོད་པར་དཀའ་བའི་ཉམས། །གདན་ཆེ་བཙན་སྟག་གི་སྟེང་ན་འགྱིང་། །རྒྱན་ཆ་ལུགས་སྤྱི་དང་འདྲ་བ་ལ། །ཉི་ཟླ་ཡི་དབུ་རྒྱན་བྱས་པ་སོགས། །ངོ་མཚར་གྱི་དཀྱིལ་འཁོར་མཇལ་བ་རྨིས། །ཡང་སྨན་མཆོག་ཨ་རུ་རྣམ་རྒྱལ་གྱིས། །གཏམ་པ་ཡི་བཻཌུརྱའི་ལྷུང་བཟེད་མཆོག །ཁོ་བོ་ཡི་ལག་པར་སོན་པ་རྨིས། །ཡང་ཉི་ཟླ་དུས་གཅིག་ཤར་བ་དང་། །གསེར་གྱི་མེ་ཏོག་ལྡེར་ཆེན་ཙམ། །བཏུ་ཞིང་བཏུ་ཞིང་འགྲོ་བ་རྨིས། །ཡང་ཀུན་མཁྱེན་ངག་གི་དབང་པོ་མཇལ། །མོས་གུས་ཀྱི་གདུང་བ་བསྐྱེད་ཙ་ན། །རྒྱུད་བྱིན་རླབས་འཕོ་བའི་དགོངས་གཏད་ལ། །ངོ་སྤྲོད་ཀྱི་གནད་གཟེར་གནང་བ་རྨིས། །སྨིན་ཟླའི་ཚེས་བཅོ་ལྔ་ལ་དངོས་གྲུབ་ལེན་ཆོག་བགྱིས་པ་ལགས་སོ། །ཟླ་བ་དེའི་ཚེས་བཅུ་བདུན་ལ་ཉང་གཏེར་ཁྲོས་མ་ནག་མོའི་བསྙེན་པའི་དབུ་འཛུགས་ཀྱི་འདིའི་སྐབས་སུ་ལུས་ལ་ཤིན་སྦྱང་གི་བདེ་བ་བསམ་གྱིས་མི་ཁྱབ་པ་དང་། སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་འཁོར་ཡུག་ཏུ་འབྱམས་པ་དང་ཏིང་ངེ་འཛིན་གྱི་འཆར་སྒོ་དུ་མ་བྱུང་བ་རྗེ་བཙུན་རྡོ་རྗེ་ཕག་མོའི་བྱིན་རླབས་འབར་བ་གསུམ་གྱི་ཡོན་ཏན་ཆ་ཤས་ཙམ་ཡིན་པར་སེམས་སོ། །གཞན་ཡང་སྔ་སོར་ཉེས་སེལ་དུ་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་བགྱིས་སྐབས་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་སྔགས་པ་དར་ཡོལ་གཟི་བརྗིད་བཟོད་པར་དཀའ་བ་ཞིག་གིས་ཕུར་པ་སྤུ་གྲིའི་སྨིན་གྲོལ་ཆིག་རྫོགས་སུ་སྩལ་བའི་ཉམས་རྨིས་བྱུང་བ་དང་། སེང་གདོང་མ་བསྙེན་དུས་ཌཱ་ཀི་མས་ཕྱག་མཚན་གསེར་གྱི་རྡོ་རྗེ་རྩེ་བརྒྱ་པ་བྱིན་པ་དང་། མཁའ་འགྲོ་མང་པོའི་ཚོགས་གྲལ་དུ་ཕྱིན་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་ལོངས་སྤྱོད་པ་སོགས་ཀྱི་ཉམས་རྨིས་བྱུང་བ་རྣམས་དེང་སང་ཡང་མ་བསྙེལ་བར་གསལ་བར་དྲན་འདུག་པའང་ཉམས་མཚར་དུ་བྲིས་པའོ། །ལར་ཆུང་ངུ་ནས་ཀུན་མཁྱེན་ཆོས་རྗེའི་གསུང་སོགས་ཐེག་མཆོག་རྫོགས་པ་ཆེན་པོའི་བསྟན་བཅོས་ཀྱི་ཚིག་འདྲ་ཐོས་ཚེ་ཐ་མལ་གྱི་ཤེས་པ་ཡད་ཡུད་འགགས་ནས་རིག་པ་སོ་མའི་སྟེང་དུ་གནས་པ་ཞིག་ཡོང་འདུག་པ་ལ་དཔག་ན་ལམ་ཟབ་དེར་སྐྱེ་སྔོན་འབྲེལ་བ་ཙམ་ཐེབས་པ་ཞིག་གི་སྐྱེ་བ་ཡིན་ནམ་སྙམ། རྗེ་བླ་མ་རྣམ་གཉིས་ནས་སྨིན་གྲོལ་གྱི་གདམས་པ་ཞུ་སྐོར་བྱིས་པ་མི་རྒོད་དུ་གྱུར་གཤིས་དབང་གི་བརྡ་དོན་སོགས་ལ་ཡིད་འཇུག་པ་མེད་ཀྱང་། བྱིན་འབེབས་དང་ཚིག་དབང་ལྟ་བུའི་སྐབས་སུ་བླ་མའི་བྱིན་རླབས་འཕོས་པ་འདྲ་བས་ཐ་མལ་གྱི་འཁྲུལ་སྣང་ཐམས་ཅད་འགགས་ནས་རང་རིག་སྟོང་གསལ་སྤྲོས་པ་དང་བྲལ་བའི་ངང་དུ་ཆ་མཆམ་གནས་པ་དང་། བླ་མའི་ཐུགས་དང་རང་སེམས་འདྲེས་སྙམ་པའི་ཉམས་བརྒྱུད་མར་ཡོང་འདུག་པ་ཕྱིས་འདིར་ཅུང་ཟད་བསྒོམ་ལོ་བྱས་པའི་འབྲས་བུས་ཀྱང་སྔར་དབང་དུས་སོགས་སུ་རྒྱུད་ལ་ཤར་བའི་རིག་པ་སྟོང་གསལ་ཟང་ཐལ་རྟོགས་པ་དེ་ཅུང་ཟད་བརྟན་པ་ཙམ་དུ་གྱུར། ཀོང་པོ་གཏེར་ཆེན་ཀུན་བཟང་བདེ་ཆེན་རྒྱལ་པོ་དེའི་མཚན་ཐོས་པ་ཙམ་གྱིས་སེམས་ལ་དགའ་བདེ་རྒྱུན་ཆགས་སྐྱེ་བ་ཞིག་ལྷན་སྐྱེས་སུ་མཆིས་ཤིང་ཡང་ཏི་གསེར་འབྲུ་ལ་མོས་པ་མི་འཕྲོག་པ་རྒྱུན་དུ་མཆིས་ཤིང་། ཕྱིས་གཏེར་ཆེན་དེ་ཉིད་ཀྱིས་ཡང་ཏིའི་སྨིན་ཁྲིད་གསན་ཚུལ་གྱི་ལོ་རྒྱུས་དེ་མཐོང་ཚེ་དེ་སྐབས་ཀྱི་གནས་ཚུལ་འལ་འོལ་དྲན་པ་ཞིག་བྱུང་ཡང་ཡིད་བརྟན་ཅི་ཡོད། གཞན་ཡང་ཇོ་བོ་རྗེ་གཤེགས་ནས་འབྲོམ་སྟོན་དཔོན་སློབ་རྭ་བསྒྲེང་དུ་བྱོན་སྐོར་སོགས་ཀྱི་ལོ་རྒྱུས་འགའ་རེ་མཐོང་བས་རྐྱེན་བྱས་ཏེ་སྔོན་རབས་ཀྱི་ཀུན་རྟོག་འལ་འོལ་འཆར་བ་འདྲ་མོ་ཡང་འདུག །རྫུན་རྐྱལ་གྱི་འཁྱལ་གཏམ་མཐོལ་ལོ་བཤགས། ཨོཾ་བཛྲ་ས་ཏྭ་ཧཱུྃ། །མེ་སྤྲེལ་དབོ་ཟླ་བའི་ཡར་ཚེས་དགེ་བ་ལ་དངོས་གྲུབ་ལེན་ཆོག་བགྱིས་པའོ། །འདིའི་དངོས་གྲུབ་ལེན་ཆོག་གི་སྐབས་༧སྐྱབས་རྗེ་ཀོང་སྤྲུལ་རིན་པོ་ཆེའི་མདུན་ནས་མཚུངས་བྲལ་ཐུགས་བརྩེས་རྗེས་འཛིན་གྱི་བཀའ་གླེགས་རིན་པོ་ཆེ། ཚེ་རྫས་འཆི་མེད་བདུད་རྩིའི་བུམ་པ། ལྷ་གོས་ཚེ་ལྷ་རིས། བཟང་གོས་འབྲུག་མ་དབང་གི་མདོག་ཅན་བཅས་སྩལ་བ་བུ་ཆུང་དགེ་ལེགས་རྒྱ་མཚོའི་ལག་བརྒྱུད་ཀྱིས་འཕྲོད་པའི་རྟེན་འབྱུང་གི་དགེ་མཚན་ཤིན་ཏུ་ལེགས་པར་གྱུར་ཏོ། ། ༈

སྭསྟི། རིགས་ཀུན་བདག་པོ་སྨྲ་བའི་སེང་གེ་ཡིས། །ཐུགས་ཀྱི་དགོངས་གཏད་ཐུན་མིན་བསླབ་གནང་མཛད། །རྩ་གསུམ་ལྷ་ཚོགས་ལུས་དང་གྲིབ་མ་བཞིན། །མི་འབྲལ་ལྷན་ཅིག་འགྲོགས་པའི་ལྟས་མཚན་ཤར། །རྒྱལ་བ་གཉིས་པ་གུ་ཎ་ས་ར་ཡིས། །སྡེ་གསུམ་དགོངས་པའི་གསང་མཛོད་ཕ་ཕོག་སྩལ། །འོད་གསལ་བསམ་མི་ཁྱབ་པའི་ཡེ་ཤེས་གདངས། །བདེ་གསལ་མི་རྟོག་ཞག་གསུམ་འཁོར་ཡུག་བརྡལ། །གྲོལ་བ་དྲུག་ལྡན་རྡོ་རྗེ་རྩེ་མོའི་སྲོལ། །ཆེས་ཆེར་འཕེལ་གནས་ཀརྨའི་ཡང་དབེན་དུ། །མོས་གུས་རྩལ་ལས་བླ་མའི་སྒྲུབ་པ་ཤར། །བྱིན་རླབས་ཚན་ཁ་ཅུང་ཟད་ཡོད་དམ་སྙམ། །ཀོང་ཡུལ་ལྟེ་བ་པྲ་ཏི་མཐོན་པོ་སྒང་། །མངའ་བདག་བརྒྱུད་པའི་ཕྲིན་ལས་སྨིན་པའི་སར། །སྒྲུབ་པ་སྡེ་བརྒྱད་མཚོ་ལ་གཟའ་སྐར་བཞིན། །ལྔ་ལྡན་འཇའ་ཟེར་ཐིག་ལེའི་དཀྱིལ་འཁོར་མཛེས། །རིན་ཆེན་གཉིས་པའི་སྒྲོམ་བཟང་ཆུ་སྐྱེས་རིས། །འཛིན་མའི་ཁོངས་ནས་ཐོན་པའི་ནང་ཁོངས་སུ། །སྟོང་ཆེན་དེ་བཞིན་ཉིད་དབྱིངས་ཤེལ་གྱི་མཆོག །མངོན་སུམ་ལྷུག་པར་སོན་པའི་ཉིང་འཁྲུལ་མངོན། །གསང་ཆེན་སྨིན་གྲོལ་ཆོས་ཀྱི་དགའ་ཚལ་དུ། །མཁའ་ངོས་དར་དཀར་སྦྲེལ་བའི་ལམ་ཡངས་པོར། །རིག་འཛིན་རྩ་བརྒྱུད་བླ་མའི་ཚོམ་བུ་མཛེས། །ཡེ་ཤེས་ཌཱ་ཀི་ནི་ཡི་རྗེས་ཐོག་དེར། །རྡོ་རྗེ་དབང་མཆོག་དགའ་བའི་གར་གྱིས་བྲེལ། །ཧ་ཡ་གྷྲི་ཝས་གད་རྒྱང་སྒྲོགས་པ་རུ། །ཨ་མྲྀ་ཏ་ཡི་སྒྲུབ་ལ་ཞུགས་པའི་ཚེ། །གཟུང་འཛིན་མཚན་མ་དག་པའི་མཁའ་དབྱིངས་སུ། །དོན་དམ་ཀུན་བཟང་ཆོས་སྐུའི་རང་ཞལ་མཇལ། །གཞན་ཡང་ལྷ་དང་བླ་མ་དགྱེས་པ་ལྟར། །དམར་ཕྱོགས་ལྷ་ཀླུ་འགོ་བའི་མཚན་མ་སོགས། །ཅིར་ཡང་མཐོང་མོད་རེ་ཞིག་དེ་ཙམ་མོ། །གཏད་མེད་སྨྱོན་པའི་རྫུན་གཏམ་ཨ་ཐམ་རྒྱ། ། ༈ ས་ཕག་དབོ་ཟླར་ཤྲི་སརྦ་ཏར། །དྲིན་ཆེན་རྗེ་ཡི་ཞབས་ཀྱི་པདྨོར་བཅར། །ཞལ་མཇལ་ཙམ་གྱིས་གེགས་གོལ་མང་པོ་གྲོལ། །ཕྱི་མཐར་གཟིགས་པའི་གསུང་གི་དབུགས་དབྱུང་ཐོབ། །ཁྱད་པར་སྟོན་པའི་ཞལ་སྐྱིན་མུ་ནེ་ལ། །གསོལ་བཏབ་དབང་བླང་རྗེ་ཡི་ཐུགས་དགོངས་གཏད། །བདེ་དྲོད་རང་འབར་སྙན་ཤར་མཁའ་ལ་ཕྱུར། །བར་ཆད་ཚེ་འཕྲང་གཡུལ་ལས་རྒྱལ་ཞེས་གསུངས། །མགོ་ཟླའི་ཚེས་༢༧ལ་དྲིན་ཆེན་དགུང་དུ་གཤེགས། །ཉེར་དགུའི་ཐུགས་དམ་གྲོས་བསྟུན་ས་གཡོས་ཀྱི། །རྐྱེན་གྱིས་ཐ་མལ་ཤེས་པ་གཤིས་ལ་ཕེབས། །ལྟ་སྒོམ་ཞེན་པའི་རྫུན་ཕུག་དེ་རུ་རྡིབ། །ཨ་མྲྀཏ་ཡི་སྒྲུབ་ལ་ཞུགས་པའི་ཚེ། །སྣང་རིག་འདྲེས་པའི་ཉམས་མྱོང་ཐུན་གཅིག་ཤར། །དེ་སྐབས་དལ་ལ་འཇའ་ཚོན་ཟུག་ཅེས་གླེང་། །མྱོང་གྲོལ་སུམ་གཉིས་ཙམ་དུ་འཕེལ་བར་སྣང་། །ལྕགས་བྱི་ཐ་སྐར་ཟླ་བར་དབེན་སྤྱིལ་དུ། །རིགས་འདུས་རྡོ་རྗེ་སེམས་དཔའི་བསྙེན་པར་བརྩོན། །རྨི་ལམ་ཕལ་ཆེར་དགེ་ལྟས་འབའ་ཞིག་ཤར། །རྫོགས་རིམ་བདེ་གསལ་མི་རྟོག་ཞལ་འདྲིས་ཞུས། །མཚན་སྣང་སྲབ་མོའི་འོད་གསལ་ཟིན་ཙམ་བྱུང་། །དེ་ལས་མང་དུ་མི་སྨྲ་ཨེ་མ་ཧོ།། །། ༈

གནས་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན། །དཔལ་སྟོན་པ་ཀུན་བཟང་རྡོར་འཆང་ཞེས། །མཚན་ཡོངས་ལ་གྲགས་པའི་གཡེར་པོ་ཆེ། །དོན་གཞན་དུ་མ་དམིགས་དྲིན་ཆེན་རྗེ། །ཕ་བློ་གྲོས་མཐའ་ཡས་མ་ལགས་སམ། །སྐུ་མཐོང་བས་ཐ་མལ་འཁྲུལ་སྣང་འགགས། །གསུང་ཐོས་པས་བདེ་ཆེན་ཡེ་ཤེས་བསྐྱེད། །ཐུགས་དྲན་པས་གཟུང་འཛིན་བདེན་ཞེན་ཞིག །རྗེ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། །མི་ང་ལ་བསམ་རྒྱུ་རྗེ་ལས་མེད། །དབྱིངས་ཆོས་སྐུའི་ཀློང་ནས་རྗེས་དགོངས་ལ། །དུས་ད་ལྟ་འཕོ་ཆེན་གྱི་ཡེ་ཤེས་སྐྱེད། །འབྲལ་མེད་དུ་འགྲོགས་པའི་དགའ་སྟོན་སྩོལ། །མི་ང་རང་ཞན་ཏེ་བླ་མ་བཟང་། །སངས་རྒྱས་རིན་ཆེན་གྱི་ཞབས་པད་བརྟེན། །ལྟེམ་རྐྱང་མེད་པས་གསོལ་བ་བཏབ། །བྱིན་རླབས་སྙིང་གི་དབུས་སུ་སད། །ཆོས་དབུ་མ་དང་ཕྱག་རྒྱ་རྫོགས་ཆེན་གྱི། །གྲུབ་མཐའི་སྤུ་རིས་དབྱིངས་སུ་ཡལ། །བློ་བྲལ་ཆོས་ཉིད་ཀྱི་མལ་དུ་སླེབ། །ཐ་སྙད་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཨི་ནུས་ཀྱིས་སྡུག་བཙིར་མ་བྱས་ཀྱང་། །ལྷན་སྐྱེས་ཀྱི་ཡེ་ཤེས་ཁོང་ནས་སད། །གནས་འགྱུ་ཡི་འདམ་ཀ་བདག་ལ་མེད། །སེམས་འཛིན་ཀུན་ཇི་ལྟར༴ །དཔྱད་སྒོམ་གྱི་སྤྲོས་པ་མ་བྱས་ཀྱང་། །སྤྲོས་བྲལ་གྱི་མཚན་ཉིད་མངོན་སུམ་མཐོང་། །དགག་སྒྲུབ་ཀྱི་སྤང་ལེན་བདག་ལ་མེད། །ཡིད་དཔྱོད་ཀུན་ཇི་ལྟར༴ །གཏད་མེད་ཀྱི་རིག་པ་ཕྱམ་བདལ་ལ། །འཇུར་དྲན་གྱི་ཞབས་ཏོག་མ་བསྒྲུབས་པས། །ཉམས་སྣང་གི་སྤུ་རིས་དབྱིངས་སུ་ཞི། །བཟང་རྟོག་ཀུན་ཇི་ལྟར༴ །ཆོས་མདོ་རྒྱུད་སྒྲུབ་བརྒྱུད་མན་ངག་སྲོག །ཀུན་མཐར་ཐུག་ངེས་དོན་ཀློང་དུ་གཅིག །གནད་བློ་བྲལ་གཉུག་མའི་རང་ངོ་རིག །ཐོས་བསམ་ཀུན་ཇི་ལྟར༴ །ཁོང་རྟོག་གེ་མཁན་གྱི་སྟོན་ཆེན་གྱིས། །ཨུ་ནུས་ཀྱིས་ལོ་བརྒྱར་འགེགས་བྱས་ཀྱང་། །མི་ང་ལ་ཐེ་ཚོམ་འཁུ་འཕྲིགས་མེད། །ངོ་བོ་ལ་རྟག་ཆད་མི་འདུག་ན། །རང་བཞིན་ལ་འཕོ་འགྱུར་མི་འདུག་ན། །ཆོས་དབྱིངས་ལ་བྲི་གང་མི་འདུག་ན། །འབྲས་བུ་ལ་ཐོབ་ཤོར་མི་འདུག་ན། །ལམ་ནོར་གོལ་བྱ་བ་ཅི་ལ་ཟེར། །སྒོམ་མ་བྱུང་བྱ་བ་ཅི་ལ་ཟེར། །གནད་མ་ཤེས་ཟེར་བ༴ །དོན་མ་རྟོགས་བྱ་བ༴ །ལྟ་དང་སྒོམ་དང་སྤྱོད་པ་གསུམ། །ཐམས་ཅད་གཉུག་མའི་ཀློང་དུ་གཅིག །གེགས་དང་གོལ་ས་མཚན་འཛིན་གསུམ། །བློ་ཡིས་བརྟགས་པའི་སྤུ་རིས་ཏེ། །བློ་བྲལ་གཤིས་ལ་ཕན་གནོད་ཅི། །རང་གྲོལ་རྣལ་འབྱོར་ཨ་ལ་ལ། །འདི་ཡང་དཔལ་ལྡན་བླ་མའི་དྲིན། །དྲིན་ལན་དུ་རྟོགས་པའི་མཎྜལ་འབུལ། །ད་དུང་ཡང་འབྲལ་མེད་ཐུགས་རྗེས་སྐྱོངས། །དོན་གཉིས་མཐར་ཕྱིན་གྱི་དགེ་མཚན་སྩོལ། །མངྒ་ལཾ། །ཅེས་འབྱུང་བ་འདི་རྣམས་ནི་གང་ཟག་ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་ཅིང་གསང་བ་ལས་ཀྱང་ཆེས་གསང་བའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་དང་། ༧སྐྱབས་རྗེ་རབ་འབྱམས་ལྔ་པ་སྐུ་གཤེགས་པའི་སྐབས་ཀྱི་འདས་རྗེས་ཀྱང་འདི་ལྟར། ན་མོ་གུ་རུ་རཏྣ་ཡཱ། །དྲི་མེད་འོད་གསལ་དེ་བཞིན་ཉིད། །གློ་བུར་སྦུབས་རྒྱ་ལས་གྲོལ་བའི། །གདོད་མའི་མགོན་པོ་བླ་མ་ལ། །འདུ་འབྲལ་མེད་པར་ཕྱག་གིས་འདུད། །མགོན་ཁྱོད་གཟོད་ནས་རྣམ་གྲོལ་གཞིར། །འཕོ་མེད་རྟག་པའི་དཔལ་བརྙེས་པས། །སྐྱེ་འཆིའི་མཚན་མ་ཡེ་དག་ཀྱང་། །གདུལ་བྱའི་སྣང་ངོར་ཅིར་ཡང་སྟོན། །ཇི་ལྟར་མཁའ་ཟླ་ཆུ་སྣོད་ལྟར། །འགྲོ་སེམས་སྐལ་བའི་ཁྱད་པར་གྱིས། །སྐྱེ་དང་འགགས་པའི་ཚུལ་ཡང་སྟོན། །ཡང་དག་དོན་ལ་སྐྱེ་འབྲི་དབེན། །དེ་སླད་མགོན་པོ་མཆོག་ཉིད་ཀྱང་། །ཞིང་འདིར་སྲིད་པ་ཉེར་བཟུང་ནས། །རླབས་ཆེན་བསྟན་འགྲོའི་དོན་ཟིན་ཏེ། །སླར་ཡང་གཟུགས་སྐུ་བསྡུ་ཚུལ་བསྟན། །དེ་ཚེ་ཉམས་ལ་འདི་ལྟར་ཤར། །ཀྱེ་མ་ཕྱོགས་འདི་ཡུད་ཀྱིས་སྟོང་། །ཉམས་ཐག་འགྲོ་བ་སུ་ལ་རེ། །བུ་སློབ་ཚོགས་པ་སུ་ཡིས་སྐྱོངས། །དབང་ཁྲིད་གདམས་པ་གང་ལ་ཞུ། །ཉམས་ལེན་སྒྲོ་འདོགས་གང་དུ་བཅད། །འདི་ཕྱིའི་བློ་གཏད་སུ་ལ་འཆའ། །བདག་སྙིང་མི་འགས་བདེ་ཅི་ཞེས། །དྭ་ཕྲུག་ཐང་ལ་ལྷུང་བ་བཞིན། །བཟོད་ཐབས་མེད་པའི་མཆི་མ་ཤོར། །གདུང་བའི་འོ་དོད་ཕྱོགས་བཅུར་བོས། །གསོལ་བ་བཏབ་ལ་དབང་བཞི་བླང་། །རྗེས་ཐོབ་ཉམས་ལ་འདི་ལྟར་ཤར། །ཡ་ཀི་ཐུབ་པ་ཆེན་པོ་ནས། །མ་ཀི་འཇག་མིའི་སྲིན་བུ་ཡན། །གཤིས་ངོར་འཕོ་འགྱུར་མ་དམིགས་ཀྱང་། །སྣང་ངོར་ཆོ་འཕྲུལ་བསམ་མི་ཁྱབ། །ཀུན་ཀྱང་མི་རྟག་སྒྱུ་མའི་དཔེ། །སྔོན་ཆད་རྟག་འཛིན་གདོན་གྱིས་བསླུས། །དེ་རིང་བརྡའ་ཆོས་མངོན་དུ་བསྟན། །འགྱུར་མེད་གཏན་སྲིད་མ་ཟིན་ན། །བྱ་བྱེད་མང་པོའི་དགོས་པ་སྐྱུངས། །སྔོན་ཚེ་ཆོས་རྗེ་ཞབས་བརྟན་ནས། །ཚེ་གང་འབྲལ་མེད་འགྲོགས་ལགས་ཀྱང་། །དད་དམ་ངོ་ལྐོག་ཤོར་མ་མྱོང་། །མོས་གུས་ལྟེམ་རྐྱང་བྱས་པ་མེད། །གཅིག་པུར་བརྟགས་ན་རང་ཡིད་ཆེས། །དམ་པས་གཟིགས་ཀྱང་ཁྲེལ་སྙམ་མེད། །བསམ་ཀྱིན་འགྱོད་མེད་བློ་བདེའི་ངང་། །ཐུགས་ཡིད་བསྲེས་ལ་མཉམ་པར་བཞག །དེ་ཚེ་རྨི་ལམ་སྣང་བ་རུ། །ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་དང་། །བླ་སློབ་དགོངས་པ་མཉམ་ཉིད་ཕྱིར། །པཎ་ཆེན་བི་མའི་ཐུགས་ཀློང་དུ། །ཐིམ་མོ་ཞེས་པའི་སྒྲ་ཡང་ཐོས། །རྔ་ཡབ་པདྨ་འོད་གླིང་དུ། །གུ་རུའི་ཚོགས་གྲལ་བཞུགས་སོ་ཞེས། །མཁའ་ལ་འཇའ་སྤྲིན་ལྡིང་ཁང་དུ། །ལྷ་རྣམས་མཆོད་པ་འབུལ་བར་མཐོང་། །བརྒྱུད་མར་དགྱེས་པའི་ཉམས་འགྱུར་བཅས། །བརྡའ་ཐབས་རྟེན་འབྲེལ་གནང་བ་སོགས། །འབྲལ་མེད་རྗེས་སུ་སྐྱོངས་བའི་རྟགས། །བྱིན་རླབས་མཚན་མ་ཅིར་ཡང་ཐོབ། །ད་ནི་མྱ་ངན་དབྱིངས་སུ་སངས། །སྡུག་བསྔལ་བདེ་བ་ཆེན་པོའི་ཀློང་། །བླ་མ་རང་སེམས་འབྲལ་བ་མེད། །དགའ་སྤྲོ་སྐྱིད་པའི་ཉམས་ཤིག་ཤར། །གུ་ཡངས་གཏད་མེད་ཉལ་སྙིང་འདོད། །བྱ་བྱེད་བྱིས་པའི་རྩེད་མོ་འདྲ། །བསྟོད་སྨད་བྲག་ཆའི་སྒྲ་སྙན་བཞིན། །བདེ་སྡུག་རྨི་ལམ་འཇའ་བསྙོགས་འདྲ། །ཤི་གསོན་ལག་པའི་འདུ་བྱེད་ཙམ། །འཕྲལ་གྱི་བྱེད་སྤྱོད་སྣ་ཚོགས་འདི། །འགྲུབ་ན་བླ་མའི་ཞབས་ཏོག་སྟེ། །བསྟན་དང་འགྲོ་ལ་གང་ཕན་ལགས། །མ་གྲུབ་ཀྱང་འདུས་བྱས་མཚན་མའི་གཤིས། །སྨིག་རྒྱུ་ལ་ཆུ་རག་སུ་ཞིག་བྱེད། །ཆོས་བརྒྱད་ཀྱི་གཉེར་ཁ་བྱེད་དོན་རུང་། །བྱ་བ་བྱས་ཀྱང་ཆོག་ལ་བཞག་ཀྱང་ཆོག །གཅིག་ཏུ་བསྡུད་ཀྱང་ཆོག་ལ་སོད་ཀྱང་ཆོག །རིག་པ་བཞག་ཀྱང་ཆོག་ལ་བཏང་ཡང་ཆོག །གང་བྱས་ཆོག་པའི་རྣལ་འབྱོར་བློ་བདེ་ལགས། །བླ་མ་དང་རང་སེམས་དབྱེར་མེད་པའི། །ཟང་ཐལ་གྱི་རིག་པ་རྒྱ་ཡན་ཀློང་། །ཤར་གྲོལ་གྱི་ཤེས་ཉམས་ཕྱད་མ་ཕྱོད། །སྡུག་བསྔལ་ཆོས་ཉིད་དུ་སངས་པ་ལགས། །གཅིག་གསུམ་གཉིས་ཀྱིས་དང་པོ་གྱིས། ཨྠིྀ། ཞེས་རྗེ་ཉིད་བླ་བྲང་དུ་སྐུ་མཚམས་ལ་བཞུགས་པའི་སྐབས་ཤིག །གཟིམས་སྐྱིལ་ལ་རྒྱ་སྐར་གྱི་མཐོང་ཁུང་ཕྱེས་ནས་བཞུགས་འདུག་པ། ཉེ་གནས་པས་མཇལ་སྟེ་གསུང་ཐུན་གྲོལ་རྗེས་ཆབ་གསང་ལ་ཕེབས་ཤུལ་དུ་གཟིམས་ཁང་དུ་སོང་བས་གསོལ་ལྕོགས་ནང་ཤོག་དྲིལ་ཞིག་འདུག་པ་ལྐོག་ནས་ཁྱེར་བའི་ཕྱག་བྲིས་དངོས་ལས་ཁྲོ་ཤུལ་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོས་དཔེ་བཤུས་པ་ལས་སླར་ཡི་གེ་མང་དུ་འཕེལ་བ་འདི་ཁོ་ནའང་རྗེ་བླ་མ་ཡབ་སྲས་གཉིས་ཀའི་ཐུན་མོང་མ་ཡིན་པའི་རྣམ་ཐར་དུ་འདུག་པ་དང་ཡང་བཀའ་བརྒྱད་སྒྲུབ་ཕུག་ཏུ་བཞུགས་སྐབས་ཀོང་སྤྲུལ་ཡང་སྲིད་རིན་པོ་ཆེ་ཞབས་འབྲིང་དུ་བཅར་བཞུགས་ཡོད་པ་དང་པོའི་སྐབས་སུ་སྒྲུབ་ཕུག་གི་བྲག་རི་ཞིག་པ་དང་རྩོད་པ་འགྱེད་པའི་ཐུགས་ཉམས་གྱི་སྣང་བ་དང་དངོས་སུའང་མི་མ་ཡིན་གྱི་རྗེས་མཐོང་རྒྱུ་ཡོད་པ་སོགས་འཚུབ་སློང་ཆེར་བྱུང་ཞིང་མཐར་དེ་དག་ཞི་བའི་རྗེས་ཐུགས་དམ་འཕེལ་བས་སྒྲུབ་ཕུག་འདིར་ཤིན་ཏུ་སྐྱིད་པོར་བྱིན་རླབས་ཆེ་བར་འདུག་གསུངས་ཤིང་། དེ་ཡི་རིང་ལ་ཕལ་ཆེར་ཐུགས་སྣང་འགྱུར་ནས་གསུང་མགུར་ཤར་གྱིས་གསུངས་པ་དང་། མཆོད་ཆོག་གི་སྐོར་མང་དུ་མཛད་པ་སོགས་ངོ་མཚར་བའི་གཟིགས་སྣང་རྒྱ་ཆེན་ཞིག་བྱུང་ཡོད་ཚོད་ཡིན་ཀྱང་གསང་བ་བསྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་ཟུར་ཙམ་ཡང་བཀའ་གནང་བར་མི་འདུག་གསུངས། གོང་དུ་ཕྱོགས་ཙམ་བསྟན་པ་ལྟར། འོག་མིན་གསུང་གི་གནས་མཆོག་ཀརྨའི་དགོན་གྱི་ཀརྨའི་ཡང་དབེན་དུ་རྗེ་ཀརྨ་རང་བྱུང་རྡོ་རྗེས་ཞལ་མངོན་སུམ་དུ་བསྟན་པ་ལས་བླ་སྒྲུབ་རྡོ་རྗེའི་ཚིག་རྐང་བསྐྱེད་རྫོགས་ཡི་གེར་བཀོད་པ་དང་། དེའི་ཐོག་མའི་བརྩམས་གཞིའི་མཛད་བྱང་གི་གཤམ་དུ་སྐུ་ཕྱི་མའི་མཆོག་སྤྲུལ་ཡང་གནས་དེའི་ཕྱོགས་སུ་འབྱོན་པའི་ཚིག་ཟུར་ཞིག་ཡོད་ངེས་དེ་སྐབས་ཞབས་འབྲིང་དུ་མས་ཕྱག་བྲིས་དངོས་ལས་མཇལ་འདུག་ཀྱང་ཕྱིས་རྗེ་ཉིད་ནས་བཅོས་བསྒྱུར་གྱིས་མི་མངོན་པར་མཛད་པ་སོགས་བསྟན་བཅོས་ཀྱི་མཛད་བྱང་འགའ་ཞིག་ལས་ཚིག་གི་ཟུར་གྱིས་རྗེས་སུ་དཔག་པས་ཤེས་པར་འགྱུར་བ་དང་། རང་གནས་གདན་སར་སྐུ་མཚམས་ལ་བཞུགས་པའི་སྐབས་ཤིག་འཇམ་མགོན་བླ་མ་འཆི་མེད་བསྟན་གཉིས་གླིང་པ་ལས་ཉིད་ཀྱི་ཟབ་གཏེར་ཡང་དག་ཧེ་རུ་ཀའི་གསང་བ་ཐུགས་ཀྱི་ཏནྟྲའི་སྨིན་གྲོལ་རྫོགས་པར་གསན་པའི་དག་སྣང་བྱུང་བ་གཏེར་ཁ་དེ་ཉིད་ཀྱི་རྩ་བའི་ཆོས་བདག་ཡིན་འདུག་པས་དེའི་ཆོས་སྐོར་སྐུ་དངོས་ལས་སྨིན་གྲོལ་མ་གསན་ཀྱང་དག་སྣང་ཉེ་བརྒྱུད་དུ་ཐོབ་པར་གསུངས་པ་དང་། འཇམ་མགོན་གཏེར་ཁ་ཚིག་བདུན་བླ་སྒྲུབ་ཀྱི་ཆོས་བདག་དུའང་ལུང་གིས་ཟིན་པ་དང་། ཡང་འཆི་མེད་བསྟན་གཉིས་གླིང་པའི་ཟབ་གཏེར་གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་བསྙེན་སྒྲུབ་ལ་བཞུགས་སྐབས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་མངོན་སུམ་དུ་ཞལ་བསྟན་པའི་སྐུ་མདོག་ཕྱག་མཚན་རྒྱན་ཆས་སོགས་སྟག་ཤམ་རྡོ་རྗེའི་ཟབ་གཏེར་གྱི་གྲོ་ལོད་དང་མཚུངས་པར་འདུག་ཅེས་ཀོང་སྤྲུལ་ཡང་སྲིད་ལ་བཀའ་ཕེབ་པ་དང་། དགུང་གྲངས་བཅོ་ལྔའི་སྟེང་རྩོམ་པའི་སྙན་ངག་གི་དོན་འགྲེལ་དང་དཔེ་བརྗོད་ཀྱིས་མཚོན་པའི་སྐུ་ཆུང་ངུའི་དུས་ནས་སྙན་ངག་བྱེད་པ་ལ་ཐོགས་པ་མེད་ཅིང་སྒྲ་དབྱངས་ལྷ་མོས་དངོས་སུ་རྗེས་སུ་བཟུང་བ་དང་། བདེ་ཀུན་རྩ་རླུང་སྦྱངས་སྐབས་རྡོ་རྗེ་ལུས་ཀྱི་རྩ་འཁོར་ཤིན་ཏུ་གསལ་བར་དངོས་སུ་གཟིགས། ཕྲན་ཅག་ལ་ཆོས་དབང་ཕུར་པ་སྤུ་གྲིའི་དབང་གནང་སྐབས་ཐུགས་སྣང་ཤིན་ཏུ་དྭངས་ཤིང་རྗེ་བླ་མ་འཇམ་མགོན་ཀོང་སྤྲུལ་ཞབས་ཀྱི་དབུ་ཞྭ་སྐུ་དྲེག་ཅན་བཞེས་ནས་དབང་གི་བསྔོ་བའི་མཚམས་སྦྱར་སྐབས་ལྷག་པའི་ལྷ་མཆོག་འདི་ལས་ཁོ་བོ་ཡན་གྲུབ་པའི་རྟགས་མཚན་མངོན་དུ་མ་གྱུར་པ་མེད་དམན་པ་ཁོ་བོ་ཅག་ལྟ་བུས་ཀྱང་འདིའི་བསྐྱེད་རྫོགས་ལ་བརྩོན་པས་དངོས་གྲུབ་ཀྱི་རྟགས་མཚན་ཅི་རིགས་པ་ཐོབ་ཅེས་ཕེབས་ཀྱང་ཇི་ལྟར་བྱུང་ཞེས་བཀའ་འདྲི་ཞུ་བའི་སྤོབས་པ་བྲལ་བར་གྱུར་ཏོ། །བསྙེན་སྒྲུབ་གནང་བའི་རིམ་པའང་། རྗེ་ཉིད་ཀྱི་རྩ་བའི་ཐུགས་དམ་ཕུར་པ་སྤུ་གྲི་ནི་ལོ་རེ་བཞིན་བསྟར་ཆགས་སུ་གྲངས་བསྙེན་ཚད་ལྡན་དང་བསྙེན་གསོས་ཞག་བདུན་ཕྲག་གསུམ་རེའི་མ་མཐའ་བྱས་པ་གང་ཆད་མེད་དུ་གནང་ཞིང་། གཞན་སྨིན་གླིང་རྡོར་སེམས་ལན་མང་པོ། སོ་ལུགས་ཡང་དག །ཆོས་དབང་ཡང་དག་གི་བསྙེན་པ་ལན་གྲངས་མང་པོ། བཀའ་བརྒྱད་བདེ་འདུས་བསྙེན་ཆེན་ཟླ་བ་བཅུ་དྲུག །ཡང་ཟླ་དྲུག་མ་སོགས་ཐེངས་ཁ་ཤས། རྗེ་མཁྱེན་བརྩེའི་ཟབ་གཏེར་ཡང་དག་ཕུར་པ་ཡང་ཕུར་སྦྲགས་མ། བཀའ་འདུས་ཆོས་རྒྱ་མ། མཁའ་འགྲོ་གསང་འདུས། འཇམ་མགོན་རིན་པོ་ཆེའི་གྲོ་ལོད། གསང་ཐིག་ཡབ་བཀའ་ཡུམ་བཀའ། རཏྣའི་ཚེ་གསང་། ཆོས་དབང་བླ་མ་གསང་འདུས། ཉང་གི་ཁྲོས་ནག །བོ་དོངས་སེང་གདོང་མ་བྱད་གྲོལ་གསེར་ལྡེ། འཇམ་དཔལ་སྨྲ་སེང་། འཇམ་དཀར་དབྱངས་ཅན་དཀར་མོ་རྣམས་ལན་ཁ་ཤས། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། ནཱ་རོ་མཁའ་སྤྱོད། ཀར་ལུགས་དགྱེས་རྡོར་སོགས་གསར་རྙིང་གི་ལྷག་པའི་ལྷ་ཤིན་ཏུ་མང་པོའི་དུས་གྲངས་མཚན་མའི་བསྙེན་པ་མཐའ་རྒྱས་སུ་གནང་བའོ།

།སྔ་སོར་སྐུ་ན་ཆུང་དུས་ཉམས་སྣང་གི་རྨི་ལམ་སྣ་ཚོགས་ཞིག་བྱུང་བའི་ནང་། མཁའ་འགྲོའི་ལུང་བསྟན་ལྟ་བུར་གཏེར་གྱི་ཁ་བྱང་སོགས་ཀྱི་ལུང་བསྟན་ཉམས་རྨི་ལམ་མང་ཞིག་བྱུང་བ་རྣམས་རིགས་བདག་འཇམ་མགོན་རྣམ་གཉིས་མདུན་ཞུས་པར། སྐུ་ན་ཆུང་དུས་མཁའ་འགྲོའི་ལུང་བསྟན་བྱུང་ན་དེ་ལ་མཆོག་འཛིན་བྱས་ནས་དེའི་དབང་དུ་སོང་ན། སྒྲོ་བསྐུར་གྱི་གནས་མང་ཞིག་མཐོང་བས། རེ་དོག་མ་བྱས་ན་ཨི་དགའ་སྙམས། བར་ཆད་འདྲ་ཡིན་ན་བཟློག་རིམ་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ཚད་ལྡན་དང་། གུ་རུ་ཞི་དྲག་གི་བསྙེན་སྒྲུབ་མཛད་རྒྱུ་བྱུང་ན་ཞི་འགྲོ་ན་ཅི་ཤེས། ལར་གཏེར་རྙིང་རིག་འཛིན་བརྒྱུད་པ་བར་མ་ཆད་པའི་བྱིན་རླབས་ཚན་ཁ་མཆོག་རྣམས་ཉམས་བཞེས་མཛད་གྲུབ་ན། དེ་ལས་ལྷག་པ་ཅི་ཡོད། དེང་སང་གཏེར་ཆོས་ཟེར་བ་དང་གཏེར་སྟོན་རྣམས་སྒྲོ་བསྐུར་གྱི་གནས་ལྟ་བུ་ལས་མ་མཐོང་བས་དེ་འདྲ་ལ་ཆེད་གཉེར་མ་མཛད་ན་ཨི་དགའ་གསུང་བ་ལྟར་བཏང་སྙོམས་སུ་བཞག་ཀྱང་། ཉམས་མ་ནོན་པ་ལྟ་བུའི་ཡི་གེ་མང་ཞིག་བྲི་དགོས་བྱུང་ཡང་མེ་ལ་བསྲེགས། རེ་དོག་ཅི་ཡང་མ་བྱས་པས་ཕན་གནོད་གང་ཡང་མ་བྱུང་བ་དེ་བླ་མའི་ཐུགས་རྗེ་ཡིན་གསུངས་པའང་། དེང་དུས་ལྷ་མཐོང་འདྲེ་མཐོང་། ནག་ཆང་ལ་སྲེད་ནས་གཏེར་སྟོན་ཡིན་ཞེས་སྒྲོགས་པ་དང་། འགའ་ཞིག་ལ་ལྷ་བདུད་རྒྱལ་པོའི་ཆོ་འཕྲུལ་གྱིས་ཐོལ་བྱུང་ལྟ་བུའི་བྲི་རྒྱུ་མང་པོས་མགོ་འཁོར་ཞིང་། དེ་དག་གཏེར་ཆོས་ཟབ་མོར་རློམ་པ་མང་བས་རྗེ་བླ་མའི་ཞལ་གདམས་འདི་ལ་དཔྱད་ན་གོ་རྒྱུ་ཆེན་པོ་ཡོད་དོ། །དེ་ཡང་ཇི་སྐད་དུ། རྒྱལ་བ་ཐུབ་པའི་བསྟན་པ་ནི། །ལུང་དང་རྟོགས་པའི་བདག་ཉིད་དེ། །དེ་འཛིན་བྱེད་པ་སྨྲ་བ་དང་། །སྒྲུབ་པར་བྱ་བ་ཁོ་ནའོ། །ཞེས་ལུང་གི་ཆོས་ལ་འཆད་རྩོམ་མཛད་ཚུལ་འོག་ཏུ་འབྱུང་ལ། རྟོགས་པའི་བསྟན་པ་རིན་པོ་ཆེ་སྒོམ་སྒྲུབ་ཀྱི་འཛིན་དགོས་པ་དང་། སྔོན་བྱོན་འཕགས་བོད་ཀྱི་མཁས་གྲུབ་རིག་འཛིན་གོང་མ་རྣམས་ཀྱང་ཕལ་ཆེར་དབེན་པའི་སྒྲུབ་གནས་རྣམས་སུ་དཀའ་ཆེན་དང་དུ་བཞེས་ཤིང་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེར་འཛིན་ཏེ་རང་དོན་ཆོས་སྐུ་མངོན་དུ་བརྙེས་ནས། གཟོད་གཞན་དོན་གདུལ་བྱ་དུས་བབ་ཀྱི་འགྲོ་བ་རྣམས་འབད་རྩོལ་ཆེ་མ་དགོས་པར་ངང་གིས་འདུལ་བས་དོན་གཉིས་ལྷུན་གྱིས་གྲུབ། འགྲོ་དོན་ནམ་མཁའི་མཐའ་དང་མཉམ། ཆོས་བརྒྱུད་ཆུ་བོའི་རྒྱུན་ལས་རིང་བ་ལྟར། དཔལ་ལྡན་བླ་མ་འདི་ཡང་དམ་པ་གོང་མ་དེ་རྣམས་དང་མཛད་སྤྱོད་ལྟ་དགོངས་མཉམས་ཤིང་། དགོངས་པ་ལུང་སྟོན་ལས། །ཤིན་ཏུ་གྲངས་མེད་བསྐལ་པ་རུ། །སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། །སྔགས་པ་རྣམས་ཀྱིས་དུས་གཅིག་ཏུ། །ཚེ་གཅིག་རྫོགས་པའི་བྱང་ཆུབ་ཐོབ། །ཅེས་དབང་རྣོན་ཚེ་གཅིག་ལ་གྲོལ་བའི་ཆོས་མྱུར་ལམ་མཐར་ཐུག་གི་མཚན་དོན་ཆུད་མ་ཟོས་པ་ཐུགས་ཉམས་སུ་བཞེས་པས་མཆོག་གི་དངོས་གྲུབ་བརྙེས་པའོ། །ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་མན་ངག་སྡེའི་སྙིང་ཐིག་ཆེན་མོ་མ་བུ་དང་ཨ་ཏི་ཟབ་དོན་སྙིང་པོ་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་སོགས་ཉམས་བཞེས་ཀྱི་སྙིང་པོར་གནང་བས་ཡིད་དཔྱོད་བློ་འདས་རིག་སྟོང་འོད་གསལ་ཆོས་སྐུ་ཆེན་པོའི་དགོངས་པའི་རྩལ་རྫོགས་ཤིང་ཉམས་ཀྱི་ཤུན་པ་དོར། མཉམ་རྗེས་རོ་གཅིག་ཏུ་གྱུར། བསྒོམ་བྱ་སྒོམ་བྱེད་ཀྱི་ཞེན་འཛིན་ཡལ། སྤྲོས་པའི་བརྫུན་ཕུག་རྡིབ། བྱར་མེད་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ཆེན་པོ་ལ་བསྙེན་སྒྲུབ་ཆེད་དུ་གནང་བའི་སྐབས་ལས་གཞན་དུ་ཐུགས་དམ་ཞེས་པའི་སྒྲ་བོ་ཆེ་ཨ་འཐས་ཁྲིགས་ཆགས་འཛིན་སྟངས་ཅན་ཕྱིས་སུ་ཅི་ཡང་མེད་ཀྱང་། མ་འཁྲུལ་པའི་གནས་ལུགས་ཡེ་ཤེས་རང་སྣང་ཆེན་པོ་ཡངས་པ་ལ་ཕྱལ་བར་མ་ཤོར། རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ་བརྡལ་ཁྱབ་ཐིག་ལེ་ཆེན་པོའི་དབྱིངས་སུ་དུས་གསུམ་འདུ་འབྲལ་མེད་པར་བཞུགས་པ་ལས་ནམ་ཡང་མི་གཡེལ་བ་ཉིད་དེ། རྗེ་བླ་མ་མཆོག་གི་རྒྱུན་གྱི་བསྙེལ་གསོས་སྨོན་ལམ་དུ་འདེབས་མཛད་པའང་། །ནང་གི་ཡེ་ཤེས་མངོན་དུ་མ་གྱུར་ནས། །ཟ་ཟིའི་སྤྱོད་པས་རང་མགོ་མི་བསྐོར་བར། དབེན་གསུམ་བདུད་རྩིའི་གྲིབ་བསིལ་ལ་བརྟེན་ནས། །ཟུང་འཇུག་གྲུབ་པའི་གོ་འཕང་མངོན་བྱེད་ཤོག །ཟ་ཟིའི་ཉམས་ལ་མཆོག་འཛིན་རློམ་སེམས་སོགས། །འདིར་སྣང་བདུད་ཀྱི་དབང་དུ་མི་འགྲོ་བར། །ནམ་ཞིག་རང་དོན་རྫོགས་ནས་གཞན་གྱི་དོན། །མཁའ་ཁྱབ་ཞིང་དུ་སྲིད་པ་གནས་ཀྱི་བར། །གང་འདུལ་སྤྲུལ་པའི་རོལ་པ་ཚད་མེད་པས། །རྒྱལ་བ་རྒྱ་མཚོའི་རྣམ་ཐར་འཛིན་གྱུར་ཅིག །བདག་ནི་རྒྱུ་འབྲས་དབྱེ་བ་ཅུང་ཤེས་ཀྱང་། །སྔོན་ལས་འཕྲལ་རྐྱེན་ངན་པའི་གཟེབ་ཏུ་ཚུད། །སྒོ་གསུམ་བྱ་བ་ཆོས་འགལ་འབའ་ཞིག་སྒྲུབ། །དེ་ཚུལ་བསམ་ན་སྙིང་རླུང་ལྡང་ལ་ཉེ། །འོན་ཀྱང་མཚན་ལྡན་བླ་མས་རྗེས་བཟུང་ཞིང་། །ཟབ་རྒྱས་གདམས་པའི་བདུད་རྩི་ཅི་འདོད་ཐོབ། །འགྲོ་དོན་སེམས་བསྐྱེད་བཟང་པོའི་སྨོན་ལམ་བཏབ། །ཐེག་ཆེན་རིགས་ཀྱི་སྐལ་ཆད་མིན་ནམ་སྙམ། །ཚེ་འདིའི་མི་ཚེ་ཡེངས་མ་ལམ་ཟད་ཀྱང་། །ཕྱི་མའི་སྐྱེ་སྲིད་ཉེ་བར་ལེན་གྱུར་གང་། །ཉམས་དགའ་རིགས་པ་དྭངས་པའི་དབེན་གནས་སུ། །བག་ཡོད་བདུད་རྩིའི་བཅུད་ཀྱིས་ལུས་འཚོ་བཞིན། །སྒྲུབ་པའི་རྒྱལ་མཚན་འཛུག་པའི་སྨོན་ལམ་འཆའ། །ཅི་ལྟར་སྤྱོད་ཀྱང་རང་འདོད་འཁྲི་དང་བྲལ། །གང་ལྟར་སྡོད་ཀྱང་གཞན་ཕན་འབའ་ཞིག་གཉེར། །ཇི་ལྟར་བྱས་རུང་ཆོས་ལས་མི་འདའ་བས། །སྲས་བཅས་རྒྱལ་བའི་རྣམ་ཐར་འཛིན་གྱུར་ཅིག །ནམ་མཁའ་ཇི་སྲིད་སེམས་ཅན་མཐའ་དེ་སྲིད། །ཇི་སྲིད་ལས་ཉོན་སྟོང་པར་མ་གྱུར་པ། །དེ་སྲིད་མི་སྐྱོ་བརྩོན་པའི་གོ་བགོས་ཏེ། །རྒྱལ་བ་སྲས་བཅས་ཕྲིན་ལས་སྒྲུབ་པར་ཤོག །དུས་གསུམ་རྒྱལ་བས་དབྱིངས་ནས་བྱིན་གྱིས་རློབས། །སེམས་དཔའ་རྣམས་ཀྱིས་དགེ་བའི་གྲོགས་མཛོད་ལ། །ཆོས་མིན་རྟོག་པ་སྐད་ཅིག་མི་སྐྱེ་བར། །སྨོན་ལམ་མཐའ་རུ་ཕྱིན་པར་མཛད་དུ་གསོལ། །ཅེས་རང་གི་སྨོན་ལམ་དུ་བྱ་བའི་ཚུལ་ཉུང་ངུ་འདིའང་པདྨ་བི་ཛས་སོ། །ཞེས་གསུངས་པ་དང་མཐུན་པའི་ཉམས་བཞེས་སུ་མཛད་ཅིང་། ལས་བྱེད་པ་རྣམས་ལ། གསོན་གཤིན་རྣམས་ཀྱི་དངོས་རྫས་འབུལ་བརྟེན་བཞེང་ལ་འགྲོ་ངེས་དགོས་རང་རེ་ལ་སྦྱིན་པ་རེད་པས། དེ་ལ་བསམ་ན་དཀོན་མཆོག་གི་དཀོར་ཡང་ཡིན་ལ། ང་དང་ཆོས་འབྲེལ་ཡོད་ལུགས་ལ་དཔག་ན་བླ་མའི་དཀོར་ཡང་རེད་པས་རྫས་ངན་འདི་འདྲ་ལ་ལོངས་སྤྱོད་དགོས་རྒྱུ་འདི། ཁོ་མེད་ན་མི་འབྱུང་། ཁོ་ཡོད་པ་ལས་རང་གཞན་ལ་གནོད་ཆེན་པོ་འབྱུང་ཁྱད་པར་ཕྱི་མར་ཕན་པའི་རེ་ལྟོས་བྱས་ནས་སྦྱིན་པའི་དངོས་རྫས་འདི་ཉིད་ཀྱི་རྣམ་སྨིན་ནི། ཇག་རྐུན་གྱིས་འཕྲོག་པའི་ཟས་ཞིག་ལས་ལྕི་སྟེ། དགྲ་ཇག་གིས་ཟོས་པ་ལ་མངོན་སུམ་ཚད་མས་འཕྲོག་བཅོམ་གྱིས་བླང་བ་ཡིན་པས་སེམས་ཅན་བསླུས་པའི་ཉེས་ལྟུང་མེད། རང་ལ་ཕྱི་མར་ཕན་ཐོག་ཏུ་རེ་བས་བྱིན་ཀྱང་ཕྱི་མར་དེ་ལ་ཕན་ཐོག་སྦྱིན་པའི་ནུས་པ་ཕྲ་གཤིས་དད་ལྡན་བསླུས་པའི་རྣམ་སྨིན་ངན་པ་དེས་ནོན་པ་ཡིན་གསུངས་ནས་ཐུགས་སྐྱོ་ཚད་མེད་པ་དང་། ཁྱེད་རྣམས་ནས་ལས་འབྲས་དང་རྣམ་སྨིན་ལ་བསམ་མནོ་ཞིབ་པར་ཐོངས་དང་སྔོན་བསགས་བཟང་པོའི་ལུས་རྟེན་ཁྱད་འཕགས་ཐོབ་པ་འདི་འཕེན་བྱེད་དགེ་བས་འཕང་བ་ཡིན་པས་དོན་མེད་དུ་མ་སོང་བ་ཞིག་བྱེད་དགོས། དཀོར་ཟས་ལ་འཛེམ་མེད་དུ་སྤྱོད། སེམས་ཅན་གྱི་སྲོག་བཅད་དུ་འཇུག་པར་བྱེད་པ་རྣམས་རྫོགས་བྱེད་མི་དགེ་བས་རྫོགས་ནས་འོག་ནས་འོག་ཏུ་ངན་སོང་མུ་མཐའ་མེད་པར་འཁྱམས་དགོས་བྱུང་ན་དེ་ལས་ཕུང་ཚབ་ཆེ་བ་ཅི་ཡོད་ཅེས་རྒྱུན་དུ་བཀའ་སྩལ་པར་མཛད་དོ།

།དེ་སྐད་དུ། རྣམ་ཐར་གསོལ་འདེབས་ལས། དབེན་པ་གསུམ་བརྟེན་རིམ་གཉིས་ལམ་ལ་བརྩོན། །མཚན་བཅས་མཚན་མེད་རྣལ་འབྱོར་དུ་མ་ཡིས། །གསང་གསུམ་རྡོ་རྗེ་བཞི་དང་དབྱེར་མེད་གྲུབ། །རྣལ་འབྱོར་དབང་ཕྱུག་ཆེན་པོར་གསོལ་བ་འདེབས། །རྩ་གསུམ་ལྷ་ཡིས་དགྱེས་ཞལ་རྟག་ཏུ་ངོམ། །ཡི་དམ་གྲུབ་པའི་གདེང་ཚད་ཕུལ་དུ་བྱུང་། །ཌཱ་ཀི་ཆོས་སྐྱོང་ཕྲིན་ལས་གཡེལ་མེད་སྒྲུབ། །གྲུབ་པའི་ཁྱུ་མཆོག་ཆེན་པོར་གསོལ་བ་འདེབས། །འཁོར་འདས་ཆོས་ཀུན་རང་རིག་གཉུག་མར་རྫོགས། །སྣང་ཤེས་རང་གྲོལ་གཏད་མེད་ཟང་ཐལ་ཆེ། །ལྷུན་གྲུབ་འོད་གསལ་སྣང་བ་འབྱམས་སུ་ཀླས། །ཆོས་ཟད་བློ་འདས་ཆེན་པོར་གསོལ་བ་འདེབས། །ཅེས་འབྱུང་ངོ་། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལས། རྗེ་བླ་མ་ཆོས་ཀྱི་རྒྱལ་པོས་རང་དོན་དུ་ཐོས་བསམ་སྒོམ་པ་ཇི་ལྟར་མཛད་པའི་སྐབས་ཀྱི་གླེང་བའི་སརྒ་སྟེ་གཉིས་པའོ།། །།ད་ནི་གཞན་དོན་དུ་འཆད་རྩོད་རྩོམ་པའི་ཚུལ་ལས་འཕྲོས་པའི་རྣམ་པར་ཐར་པ་ཉུང་ངུའི་ངག་གིས་འཆད་པ་ལ། དེ་ཡང་མདོ་སྔགས་རིག་གནས་ཀུན་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས་ཤིང་ཤེས་བྱ་ཐམས་ཅད་ལ་ཆགས་ཐོག་གི་སྒྲིབ་པ་སྤངས་པས་ངེས་དོན་དུ་རྗེ་བཙུན་འཇམ་དཔལ་དཔའ་བོ་དང་རྣམ་དབྱེར་མེད་པ་ཀུན་གཟིགས་ཆོས་ཀྱི་ཉི་མ་དེ་ཉིད་ཀྱིས་མཐའ་ཡས་པའི་འགྲོ་ཚོགས་རྒྱ་མཚོ་ཡོངས་སུ་སྨིན་པ་དང་གྲོལ་བར་བྱ་བའི་ཕྱིར། གནས་སྐབས་ཕན་པ་དང་། མཐར་ཐུག་གི་ངེས་ལེགས་མཆོག་སྦྱིན་པའི་ཆེད་དུ་སྲིད་པའི་རིམ་བརྒྱའི་འཇིགས་འཕྲོག་ཞི་བསིལ་བདུད་རྩིའི་སྨན་ཆེན་འདོད་འབྱུང་ཆོས་ཀྱི་གྲུ་ཆར་ཆེན་པོ་སྐལ་བཟང་གདུལ་བྱའི་ཞིང་སར་རྟག་པར་འབེབས་པས་རྣམ་གྲོལ་སྐུ་བཞིའི་ལོ་ཏོག་རྒྱས་པར་མཛད་ཅིང་། གང་ཞིག་སྲིད་པའི་རྒྱ་མཚོ་ཆུ་སྲིན་འཇིགས་རུང་གི་གནས་ལས་མ་བརྒལ་བ་རྣམས་བརྒལ། ཐར་པའི་མཆོག་དམ་པར་མ་སྒྲོལ་བ་རྣམས་སྒྲོལ། རྒྱལ་སྲས་སློབ་པ་དབུག་མ་དབྱུང་བ་རྣམས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་དབུག་དབྱུང་བའི་ཕྲིན་ལས་ཀུན་དགའི་རོལ་མོ་ཕྱོགས་དུས་གནས་སྐབས་མཐའ་ཡས་མུ་མེད་པར་འབྱམས་ཀླས་ཤིང་གསུང་གཅིག་དབྱངས་ཀྱི་བྱེད་ལས་གདུལ་བྱའི་མོས་པ་དང་མཚམས་པར་འཇུག་ཅིང་སྣང་བས་འགྲོ་ཀུན་དགའ་བར་བྱེད་པའི་གསུང་གི་ཕྲིན་ལས་ཕུན་ཚོགས་དགེ་ལེགས་བྱེ་བའི་འབྱུང་གནས་ཀྱི་གཏེར་ཆེན་པོར་བྱིས་བློས་གཞལ་བའི་ཡུལ་ལས་འདས་ཀྱང་། རེ་ཞིག་བདག་ཅག་མོས་ལྡན་ངོར་གང་གི་དཔལ་གྱི་མགུལ་ནས་ལེགས་པར་བསྒྲགས་པའི་དམ་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་བསྙེན་སྒྲུབ་གནང་བའི་སྐབས་མ་གཏོགས་ཞུ་བ་པོ་མོས་ལྡན་སུ་བྱུང་གིས་གསོལ་བ་གང་བཏབ་པ་ཐམས་ཅད་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པས་བསྐྱངས་ཤིང་ཐུགས་རྗེས་ཡལ་བར་མི་འདོར་བས་རྗེ་གུ་ཎའི་ཡང་སྲིད་རིན་པོ་ཆེས་དབུས་བློ་གསལ་ཁ་ཤས་ལ་སུམ་རྟགས། སྙན་ངག་ཐེངས་ཁ་ཤས་ཕྱག་ཁྲིད། སྤྱོད་འཇུག །ཡིད་བཞིན་མཛོད། ཡོན་ཏན་མཛོད། མཁས་འཇུག །སྡོམ་གསུམ་རྣམ་ངེས། ངལ་བསོ་སྐོར་གསུམ། བསྐྱེད་རིམ་ཟུང་འཇུག་སྙེ་མ། གསང་སྙིང་། རྒྱུད་བླ་སོགས་སྔ་ཕྱིར་ཐེངས་ཁ་ཤས་རེ་གསུངས་ཞིང་། ཁྱད་པར་བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པ་ཡིན་པས། བསྟན་པ་ལ་སྨན་པའི་འཆད་ཉན་གྱི་རྒྱུན་བཟང་མི་ནུབ་པར་བྱ་བའི་ཐུགས་དགོངས་རྒྱ་ཆེན་པོས་གསང་བའི་བདག་པོ་བློ་གྲོས་མཐའ་ཡས་ཀྱི་ངོ་མཚར་བཀའ་ཡི་བསྡུ་བ་མཛོད་ཆེན་རྣམ་པ་ལྔ་ལས་སྔགས་མཛོད་མ་གཏོགས་གཞན་རྣམས་ལན་རེ་འཆད་མཛད་ཅིང་། ཉང་གུར་བྱང་གསུམ། སངས་གླིང་། རྡོར་གླིང་། པདྨ་ལས་འབྲེལ་རྩལ། ཀུན་མཁྱེན་སྔ་ཕྱི། སྨིན་གླིང་གཏེར་ཆེན། མཁྱེན་བརྩེ་རིན་པོ་ཆེ། རྗེ་གུ་ཎ་སོགས་ཀྱི་གཏེར་ཆོས་རྣམས་སྔ་ཕྱི་ལན་གྲངས་དང་། སྔ་འགྱུར་བཀའ་མ་འདུས་པ་མདོ་དབང་ཆེན་མོ་དང་། སྒྱུ་འཕྲུལ་ཞི་ཁྲོ་སོ་ལུགས་ཡང་དག །སེམས་ཀློང་མན་ངག་སྡེ་གསུམ། སྙིང་ཐིག་ཡ་བཞི། བཀའ་དགོངས་སོགས་ཚར་རེ་མ་འཆད་པ་མེད་པ་དང་འགའ་ཞིག་ནི་ལན་གྲངས་མང་པོར་འཆད། བཀའ་མ་གཞན་རྣམས་ཀྱང་ཚར་རེ། མདོར་ན་རྗེ་ཉིད་ལ་བཞུགས་པའི་སྨིན་གྲོལ་གསན་པ་རྣམས་ལས་རྒྱལ་བཀའ་རིན་པོ་ཆེ་དང་རྙིང་རྒྱུད་ཕྱེད་ཙམ་གསུངས་མཚམས་བསྙུན་པས་འཕྲོ་ལུས་པ་མ་གཏོགས་གཞན་རྣམས་ཚར་རེ་གསུངས་གྲུབ་པ་དང་། ཕལ་ཆེར་ལན་གྲངས་སྔ་ཕྱིར་སྩལ་བ་སྟེ། དཀོན་མཆོག་བརྩེགས་པ་ལས། །ནམ་མཁའ་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱི་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་ལྟར། སྐུ་དང་གསུང་གི་མཛད་པ་མཐའ་ཡས་པས་ཞིང་ཁམས་ཀུན་ཏུ་ཁྱབ་པ་ལས་ཞིང་འདིའི་གདུལ་བྱའི་ཆ་ཤས་ཉུང་ངུ་རྣམས་ལའང་གསུང་གི་སྣང་བ་ཆེན་པོས་ཁྱབ་པར་མཛད་པ་ནི། བདག་ཅག་གུས་སློབ་རྣམས་ཀྱིས་བཀའ་དྲིན་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བར་དཀའ་ཞིང་། འཆད་པའི་གནས་སྐབས་སུ་ཡང་ཚིག་ཉུང་ལ་དོན་ཟབ་ཅིང་རྒྱ་ཆེ་བའི་ངག་གིས་འདོམ་པར་མཛད་པ་ལས་དོན་གྱིས་སྟོང་པའི་ཚིག་གྲིམ་ལ་བཤད་རྒྱ་ཆེ་བ། མཛེས་ཁྲིད་ཅན་འབྲེལ་ལ་མ་འབྲེལ་བའི་ལུང་སྦྱོར་ལྟར་སྣང་རིགས་པ་སད་སུད་མང་པོས་མི་མགོ་རང་མགོ་སྐོར་ནས་སློབ་མའི་རྒྱུད་ཆུད་གསན་པ་དེ་འདྲ་མ་ཡིན་པར་ཟང་ཟིང་དོན་དུ་མི་གཉེར་ཞིང་དད་ལྡན་སློབ་མའི་རྒྱུད་དང་བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་པའི་བྱང་ཆུབ་མཆོག་སེམས་རྒྱ་ཆེན་པོས་འཆད་པར་མཛད་པ་ན། ལྡབ་ལྡིབ་དང་། ཟློས་སྐྱོན་དང་། གོང་འོག་འཁྲུག་འཛིང་། དལ་མྱུར་ཆེས་པའི་སྐྱོན་ཐམས་ཅད་སྤང་ཤིང་རྣ་བར་སྙན་པ། བློ་ལ་བཟུང་བདེ་བ། དོན་གྱི་གནད་ལ་ཕིག་པ་ཤ་སྟག་དང་། ཁྱད་པར་གསང་སྔགས་སྟོན་པའི་སློབ་དཔོན་གྱི་མཚན་ཉིད་ཕྱི་ནང་གི་དེ་ཉིད་བཅུ་ལ་མངའ་དབང་འབྱོར་བས་དཀྱིལ་འཁོར་གྱི་ལས་རབ་འབྱམས་སྒྲུབ་པ་ལ་དབང་ཞིང་ཐ་ན་རྐྱེན་སེལ་གྱི་ཚེ་དབང་ཙམ་བསྐུར་བར་མཛད་ནའང་། བྱ་སླ་སྦམ་ཁྱེར་མི་མཛད་པར་ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་བ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་གནང་བར་མཛད་པས་བྱིན་རླབས་ཀྱི་བབ་ཆེན་པོ་དང་ལྡན་ཞིང་བརྒྱུད་པའི་སྲོལ་ཀ་ཟིན་ངེས་པར་མཛད་པས་བསྟན་པའི་སྲོག་མཐུད་པར་གྱུར། འདོན་ཚིག་གི་གོང་འོག་དང་འཕྲལ་གྱི་ཡོ་བྱད་ཙམ་ལ་ཞིབ་ཚགས་ཡང་ཡང་བྱེད་ཅིང་དོན་གནད་སྒོམ་དོན་དང་རྒྱུད་དང་མན་ངག་གི་ཟབ་གནད་ནི་ཅི་ཡིན་ཀྱང་མི་ཤེས་པའི་བླུན་པོ་གཏི་ཐུག་ཀྱང་མ་ཡིན་ཞིང་། གདུལ་བྱའི་དབང་པོ་མཆོག་དམན་གྱི་ཚུལ་ལ་གཏན་ནས་མི་དཔྱད་པར་རང་ཉིད་ལྟ་དགོངས་མཐོན་པོའི་ཁུར་གྱིས་ཐམས་ཅད་ལ་ངེས་དོན་ཟབ་མོ་འབའ་ཞིག་འཆད་པ་ལས་བློ་སྦྱོངས་སོགས་དམན་ཆོས་སུ་རློམས་པའི་ཞྭ་དཔེ་ལྷྭམས་འགེབ་དང་། ཡང་ཟབ་དོན་གྱི་ཁྲིད་ཞེས་གླེང་ས་མེད་པའི་དམན་ལ་མཆོག་འཛིན་ཀྱང་མ་ཡིན་པ་གང་ཟག་སོ་སོའི་རྒྱུད་ཚོད་དང་མཐུན་པའི་བློ་སྦྱོང་གི་སྐོར་དང་། ཕྱག་རྫོགས་ཀྱི་ཉམས་ཁྲིད་ཀྱང་འདེབས་པར་གནང་ཞིང་། དེ་ཡང་ཚིག་ཁྲིད་ཙམ་མིན་པར། སློབ་མའི་རྒྱུད་དང་མཚམས་པ་གོ་མྱོང་རྡོ་རུས་འཕྲོད་པ་མ་བྱུང་གི་བར་དུ་སྨིན་ཁྲིད་ཞིབ་བཅའ་ཕྱག་ལེན་དུ་བཏབ་པ་མཛད་པས་རྟོགས་པ་དོན་བརྒྱུད་དང་ལྡན་པའི་ངེས་གསང་སྙིང་པོའི་བསྟན་པ་རིན་པོ་ཆེའི་སྲོག་འཛིན་པ་སྟེ།

མདོར་ན་ཆོས་ཀྱི་སྦྱིན་པ་ནི་ཕན་ཡོན་ཚད་མེད་པའི་འཇུག་ངོག་དམ་པར་གྱུར་པ་ཡང་། མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་གྱུར་ཏེ། །མེ་ཏོག་བྱུག་པ་མར་མེ་ཡི། །རྒྱལ་བ་ཡང་དག་མཆོད་མ་ཡིན། །ཅེས་རྒྱལ་བ་མཆོད་པའི་མཆོག་ཏུ་བསྔགས་པ་དང་། བྱམས་པ་སེངྒེ་སྒྲ་ཡི་མདོ་ལས། གང་ཞིག་གངྒཱའི་ཀླུང་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །རབ་དགའི་སེམས་ཀྱིས་རྒྱལ་ལ་འབུལ་བ་དང་། གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་གྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་དུ་བསམ་དུ་ག་ལ་ཡོད། །ཅེས་སོགས་རྒྱ་ཆེར་བཀའ་སྩལ་པ་ལྟར་བསྟན་འཛིན་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པའི་རྣམ་ཐར་རྒྱ་མཚོའི་སྙིང་པོ་ཕུལ་དུ་བྱུང་བའོ། །གང་ཞིག་ལོག་པར་སྨྲ་བ་ཚར་གཅོད་པའང་རང་ཕྱོགས་ལ་ཆགས་ཤིང་། གཞན་ཕྱོགས་ལ་སྡང་བའི་སུན་འབྱིན་གྱི་རིགས་པ་ནི་རང་རྒྱུད་མ་རུང་པར་བྱེད་ཅིང་ཆགས་སྡང་འཕེལ་བའི་རྒྱུ་ལས་མ་མཆིས་ཤིང་། སྙིགས་དུས་འདིར་རྩོད་པས་བསྟན་པ་རིན་པོ་ཆེ་གསལ་བར་ནུས་པ་མཁས་དབང་འགའ་ཞིག་གི་རྣམ་ཐར་ལས་གཞན་རྣམས་ཀྱི་བསྟན་དཀྲུག་དང་ཕུང་སེལ་གྱི་རྒྱུ་ལས་མི་འོང་པར་འདུག་པས་རྗེ་འདིས་ཀྱང་དུས་ཀུན་སྙིང་པོས་དབེན་པའི་ཆོས་སྤང་གི་ས་བོན་གྲུབ་མཐའི་ཕྱོགས་ཞེན་གཏན་ནས་མི་མཛད་པར་བསྟན་པ་ཐམས་ཅད་འགལ་མེད་དུ་འཛིན་ཅིང་བསྟན་བཅོས་རྣམས་ཀྱི་སྐབས་ན་དག་སྣང་གི་ཟོལ་མས་རང་གཞན་གྱི་གྲུབ་མཐའ་གོང་འོག་ཐམས་ཅད་བསྲ་བསྲེའི་གཏད་སོ་གཅིག་ཀྱང་མེད་པ་མི་མཛད་པར་རང་ལུགས་བླ་མ་གོང་མའི་བཞེད་པ་གཙོ་བོར་སྟོན་པ་ཙམ་ལས་རང་ལྟ་ལ་ཆགས་པའི་སྒྲུབ་དང་སུན་འབྱིན་གྱི་ཚེར་མས་གཞན་རྒྱུད་བསྲེག་པར་མི་མཛད་ཀྱང་། མངོན་རྗེས་ཀྱི་ཚད་མ་ཡང་དག་དང་། ལྟར་སྣང་གི་རྣམ་དབྱེ་ལེགས་པར་ཕྱེད་ཅིང་རྟོག་གེའི་ཚིག་དོན་རྣམས་མ་ནོར་པ་མཁྱེན་པ་ཡང་ཉིད་ཀྱི་གསུང་རབ་རྣམས་ལས་དངོས་དང་ཤུགས་ཀྱིས་གསལ་བ་དང་། རྒྱ་བོད་མཁས་གྲུབ་ཀྱི་བསྟན་བཅོས་ལུང་གི་ཚད་མ་དང་། དཔེ་ཉེར་མཇལ་གྱི་ཚད་མས་གཞལ་ཞིང་ཆོས་བཟང་རིག་པའི་རྣམ་དཔྱོད་བདུད་ཀྱི་བསླུ་བ་མེད་པས་གཏན་ལ་དབབ་པའི་དོན་ལེགས་པར་གསུངས་པའི་ཚོགས་རྣམས་ཀྱིས་སྙིགས་དུས་ཀྱི་ལྟ་སྤྱོད་ངན་པ་དང་འཁྲུལ་པ་ཐམས་ཅད་སེལ་བར་མཛད་ཅིང་། དོན་གསུམ་ཐེ་ཚོམ་མེད་པའི་བློ་ཡང་དག་པ་སྟོན་པར་མཛད་པས། ཀུན་མཁྱེན་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་སྔ་འགྱུར་གྱི་བསྟན་པ་མར་མེ་འཆི་ཀ་མ་ལྟ་བུ་འདི་འཇམ་མགོན་མི་ཕམ་སྨྲ་བའི་སེངྒེ་དང་། བདག་གི་ཀུན་མཁྱེན་བླ་མ་ཡབ་སྲས་འདི་གཉིས་ཀྱིས་གསོ་བར་མཛད་པའོ། །དེ་ཡང་བསྟན་པ་ཇི་སྲིད་གནས་ཀྱི་བར་ཉམས་པ་མེད་པའི་ཆེད་དུ་བསྟན་པའི་བཙས་སུ་བཞག་པའི་གསུང་རབ་རིན་པོ་ཆེའི་མཆོད་སྡོང་འཁྲུལ་པའི་གཡའ་དྲིས་མ་གོས་པའི་བསྟན་བཅོས་ལེགས་པར་གསུངས་པའི་ཚོགས་རྣམས་ཀྱང་། ཇི་སྐད་དུ། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤངས། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་ངན་པའི་སྐྱོན་དྲུག་དང་བྲལ་ཞིང་བཟང་པོའི་ཡོན་ཏན་གསུམ་དང་ལྡན་པ་རྒྱུ་སྙིང་རྗེ་ཆེན་པོས་ཀུན་ནས་སློང་བ་ལས་རང་ཆེ་མཁས་འདོད་ཀྱི་སྙེམས་པ་དང་གཞན་ལ་ཁྱད་གསོད་སོགས་ཡེ་ནས་མི་མངའ་ཞིང་། ཐུགས་བརྩེ་བས་ལེགས་པར་འདོམ་པའི་ཆོས་རྣམས་ཀྱང་འདུལ་བ་ལ་འཇུག །མདོ་སྡེ་ལ་སྣང་། མངོན་པའི་ཆོས་ཉིད་དང་མི་འགལ་ཞིང་རང་བཟོ་དང་། ཕོ་ཚོད། གསར་བཞག་གི་གྲུབ་མཐའ་དང་དཔེ་སྣ་བསྡུས་པ་ལྟ་བུ་མ་ཡིན་པར་སྔོན་བྱོན་ལོ་པཎ་སྐྱེས་ཆེན་མཁས་གྲུབ་རྣམས་ཀྱི་བཀའ་དྲིན་རྗེས་སུ་གསོ་བའི་ཆེད་དུ་འཕགས་ཡུལ་གྱི་བཀའ་དང་བསྟན་བཅོས་རང་ལུགས་ཀྱི་མཁས་པ་ཆོས་ཀྱི་སྤྱན་ལྡན་གཟུ་བོར་གནས་པ་སྔོན་བྱོན་གོང་མ་རྣམས་ཀྱི་གསུང་རྒྱུན་དང་། ཁྱད་པར་འཇམ་མགོན་མི་ཕམ་ཆོས་རྗེའི་ཞལ་ལུང་དང་ལེགས་བཤད་གསལ་བར་བྱེད་པའི་རྒྱན་དུ་ཐུགས་རྩོམ་གནང་བའང་རྩོམ་པ་པོ་ཆོས་ཉིད་ཀྱི་བདེན་པ་རྟོགས། ཡི་དམ་ལྷ་ཡི་ལུང་བསྟན་ཐོབ། རིག་པའི་གནས་ལྔ་ལ་མཁས་པ་སྟེ་བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་ཚང་བས་ལེགས་པར་གསུངས་པའི་ཚོགས་རྣམས་ཀྱང་སྨྲ་བའི་དབང་ཕྱུག་རྣམས་ཀྱི་མིག་གི་དགའ་སྟོན་དང་། མགུལ་པའི་རྒྱན་དུ་གྱུར་པ་བསྔགས་པའི་པད་དཀར་ཕྱོགས་བརྒྱར་འཐོར་བའི་འོས་སུ་གྱུར་པ་ཤ་སྟག་དང་། རྗེ་འདི་པར་སྦས་པའི་ཚུལ་དུ་བཞུགས་པས་སྔོན་དུས་རྒྱལ་ཁམས་ཡོངས་ལ་མཁས་པའི་གྲགས་སྒྲ་མི་ཆེ་ཡང་། འཇམ་མགོན་མི་ཕམ་ཆོས་རྗེས་དགོངས་གཏད་ཤིན་ཏུ་ཆེ་བ་དང་། འདས་རྗེས་ཞལ་ཆེམ་དུ། ཞེ་ཆེན་རྒྱལ་ཚབ་སློབ་གཉེར་ཅུང་ཡོད་པས་དཔེ་ཆ་རྣམས་དེ་ལ་ཕུལ་ཅེས་གསུང་གི་བསྔགས་པ་དོན་དང་ལྡན་ཅིང་རྗེ་དེ་ཉིད་གཤེགས་ཁར་ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོས་པ་དང་། ཡེ་ཤེས་ཀྱི་སྐུས་ཡང་ཡང་རྗེས་སུ་བཟུང་བས་མཁྱེན་རྟོགས་ཡེ་ཤེས་ཀྱི་རྩལ་ཕྱོགས་མེད་དུ་ཆེས་ཆེར་རྒྱས་པར་གྱུར་པ་ནི་ཀུན་གྱིས་མངོན་སུམ་དུ་གྱུར་པ་དང་། ཕྱིས་ཉིད་མདུན་བླ་མ་རིན་པོ་ཆེའི་བསྟན་བཅོས་དང་མན་ངག་གི་སྐོར་གྱི་ཁྲིད་ལུང་སོགས་ཞུས་ཚེ་རྗེ་ཉིད་ནས་འཇམ་མགོན་མི་ཕམ་རིན་པོ་ཆེ་སྐུ་བཞུགས་པའི་སྐབས་སུ་མ་གསན་པ་དག་ཀྱང་ལུང་གནང་སྟེ་འཇམ་མགོན་བླ་མའི་འཕྲོར་ཁོ་བོའི་མིང་བྲིས་ཞེས་བཀའ་སྩལ་བའི་ཚིག་གི་ཟུར་གྱིས་ཀྱང་ཤེས་ནུས་པའོ། །དེ་ལྟར་ཚིག་དོན་ཕུན་སུམ་ཚོགས་པའི་བསྟན་བཅོས་དཔྱོད་ལྡན་མཁས་པ་རྣམས་ཀྱི་ཡིད་འཕྲོག་པའི་གསུང་རབས་ཇི་ལྟར་བཞུགས་པའི་མཚན་བྱང་རྒྱས་པ་དཀར་ཆགས་སུ་གསལ་བ་ལྟར་ལ་འདིར་ཡང་གཙོ་ཆེ་བ་རགས་བསྡུས་ཙམ་བཀོད་ན། སྟོན་པ་བདེ་བར་གཤེགས་པ་དང་རྒྱལ་སྲས་སེམས་དཔའ་ཆེན་པོ་རྒྱ་བོད་ཀྱི་ལོ་པཎ་མཁས་གྲུབ། བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་བསྟོད་ཚོགས་ཤིན་ཏུ་མང་པོ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཆོས་འབྱུང་ལེགས་བཤད་པདྨ་དཀར་པོའི་རྫིང་བུ།

རིན་ཆེན་གཏེར་གྱི་མཛོད་ཆེན་པོ་ལས་འཕྲོས་པའི་གཏམས་དཔག་བསམ་རབ་རྒྱས་ལྷ་ཡི་རྔ་སྒྲ། ཡི་གེའི་སྦྱོར་བ། བསྟན་རྩིས་ཉེར་མཁོ་རབ་གསལ་མེ་ལོང་འབྱུང་རྩིས་ཀྱི་རེའུ་མིག་ཉེར་མཁོ་བལྟ་བདེར་སྤེལ་བ་ཀུ་མུད་དཱའི་རྫིང་བུ། བལ་མོའི་ལྡིང་དཀོར་གྱི་མོ་བཤད་ཨུཏྤལ་དཀར་པོའི་ཕྲེང་བ། སྒྲ་ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ལག་ལེན་བདུད་རྩིའི་ཉིང་ཁུ། དག་ཡིག་བློ་གསལ་མགུལ་རྒྱན། སྙན་ངག་དོན་འགྲེལ་པད་དཀར་རྫིང་བུ། དོན་རྒྱན་སོ་ལྔའི་དཔེར་བརྗོད་བློ་གསལ་དགའ་བྱེད། ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་ཟབ་དོན་སྦྲང་རྩིའི་བུམ་བཟང་། སྔོན་འགྲོ་སྤྱི་ལ་སྦྱོར་ཆོག་པའི་ཐུན་མོང་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་མཁྱེན་ཞལ་ལུང་རྣམ་གྲོལ་ཤིང་རྟ། དཀོན་མཆོག་རིན་པོ་ཆེ་དང་ལས་འབྲས་ལ་ཡིད་ཆེས་བསྐྱེད་པའི་གཏམ་རྒྱུད་མདོ་ནས་བཏུས་པ་ཡང་དག་ཐར་ལམ་བགྲོད་པའི་ཐེམ་སྐས། སྨིན་གླིང་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་སྔོན་འགྲོའི་ཁྲིད་རབ་གསལ་སྒྲོན་མེ། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྔོན་འགྲོ་ལྷ་རྫས་མེ་ཏོག །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྐྱེད་རིམ་སྤྱི་ཡི་རྣམ་བཞག་རབ་གསལ་ནོར་བུའི་མེ་ལོང་། ལས་དང་པོ་པ་ལ་མཁོ་བའི་བསྐྱེད་རྫོགས་གནད་བསྡུས་ཉུང་གསལ་གོ་བདེ། རྒྱུད་བླ་མའི་སྤྱི་དོན་རྣམ་པར་བཞག་པ་དད་པའི་རླབས་ཕྲེང་རྣམ་པར་གཡོ་བའི་ཆུ་གཏེར། སྤྱོད་འཇུག་ཤེར་ལེའི་མཆན་འགྲེལ་དོན་གསལ་མེ་ལོང་། ཐེག་དགུའི་རྣམ་བཤད་རིན་ཆེན་ཐེམ་སྐས། ངེས་དོན་སྙིང་པོའི་གནད་བསྡུས་པ་རིན་པོ་ཆེའི་སྒྲོན་མེ། དེའི་ས་བཅད། བདེན་གཉིས་བསལ་བཞག་དང་བྲལ་བའི་དོན་གྱི་དགོངས་བཤད་གློག་གི་སྒྲོན་མེ། བཤེས་སྤྲིང་དང་། ཡིད་བཞིན་མཛོད་ཀྱི་མཆན་འགྲེལ་པདྨ་དཀར་པོའི་འཁྲི་ཤིང་། ཟུར་ཆུང་བའི་ཞལ་གདམས་བརྒྱད་ཅུ་པ་སོགས་ཀྱི་མཆན་འགྲེལ། ཐེག་དགུའི་ཚོགས་བཤད་ནོར་བུའི་ཏམ་བུ་ར། སྡོམ་གསུམ་ཚོགས་བཤད། གསང་སྙིང་ཚོགས་བཤད། ཚོགས་གཏམ་བྱ་ཚུལ། སྔ་འགྱུར་བསྟན་རྒྱས་སྨོན་ལམ་རྣམ་བཤད་བསྟན་པ་མི་ནུབ་པའི་རྒྱལ་མཚན། གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཕུར་པ་སྤུ་གྲིའི་རྣམ་བཤད་རིག་འཛིན་ཞལ་ལུང་། མཁྱེན་བརྩེ་རིན་པོ་ཆེའི་སྙན་བརྒྱུད་ཡང་ཕུར་སྦྲགས་མའི་རྣམ་བཤད་གྲུབ་གཉིས་འདོད་འཇོའི་དགའ་ཚལ། རྙིང་ལུགས་དབང་གི་སྔོན་འགྲོའི་སྤྱི་བཤད་ཨུཏྤ་ལའི་ཆུན་པོ། ལྷག་པའི་ལྷ་ཡི་བསྙེན་ཡིག་སྐོར་རིན་ཆེན་ཕྲེང་བ། རྩ་གསུམ་ལྷག་པའི་སྒྲུབ་ཐབས་རྒྱུན་ཁྱེར་མང་པོ། ཚེ་ལྷ་རྣམ་གསུམ། སྨན་བླ། སངས་རྒྱས་སྟོང་། ཉེ་སྲས་བརྒྱད། ས་ཡི་སྙིང་པོ། གནས་བརྟན་བཅུ་དྲུག །མཁན་སློབ་ཆོས་གསུམ། རྗེ་འབངས་ཉེར་ལྔ་རྣམས་ཀྱི་མཆོད་ཆོག །བསམ་ལྷུན་མཆོད་ཆོག །སྔ་འགྱུར་རྡོ་རྗེ་ཐེག་པའི་ཤིང་རྟ་རྣམས་གཙོ་བོར་གྱུར་པའི་བླ་མཆོད། རྟེན་གསུམ་བཞེངས་པ་ལས་འཕྲོས་པའི་གཏམ་ཚོགས་གཉིས་པད་ཚལ་བཞད་བྱེད་ཡིད་ཆེས་ལུང་གི་ཉི་མ། འཇམ་མགོན་མི་ཕམ་ཆོས་རྗེའི་གསུང་གི་དཀར་ཆགས། རྗེ་དེ་ཉིད་ཀྱི་གདུང་རྟེན་གཉིས་ཀྱི་དཀར་ཆགས་ངོ་མཚར་སྣང་བ། བླ་མའི་རྣལ་འབྱོར་དང་། ཞལ་གདམས་གསོལ་འདེབས་གསུང་མགུར་གཏམ་ཚོགས་སྐོར་ནང་གསེས་ཤིན་ཏུ་མང་བ་དང་། བཅའ་ཡིག་བླང་དོར་རབ་གསལ། བསང་གསོལ་སོགས་ཐོར་བུ་སྣ་ཚོགས། བཀྲ་ཤིས་མཆོད་ཆོག །བསྔོ་སྨོན་ཤིས་བརྗོད་སྐོར་བཅས་བཞུགས་པ་སྟེ། དེ་ཡང་མདོ་སྡེ་རྒྱན་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་གསུང་པ་ལྟར་ལེགས་བཤད་ཁྱད་པར་དུ་འཕགས་པ་འདི་རྣམས་བློ་གསལ་རྣམས་དང་། ཁྱད་པར་སྔ་འགྱུར་གྱི་བསྟན་སྒོར་ཞུགས་པ་རྣམས་ཀྱི་སྙིང་གི་ནོར་བུར་བཟུང་བར་རིགས་སོ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལས། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་བགྱིས་པས་རྒྱལ་བའི་བསྟན་པ་ལ་བྱ་བ་ཇི་ལྟར་མཛད་པའི་སརྒ་སྟེ་གསུམ་པའོ།། །།མཁས་པ་མཁས་པའི་རྒྱུ་སྐར་ཚོགས་ཀྱིས་ཉེ་བར་བསྙེན་པའི་དབུས་ན་མཚན་མོའི་མགོན་པོ་བཞིན། །གྲུབ་པ་གྲུབ་པའི་རི་བོ་མཐོན་པོར་འཇིགས་མེད་མཁའ་ལྡིང་གཤོགས་རླབས་ཡངས་པས་བསྐྱོད། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོས་ལེགས་གསུངས་མ་ཎིའི་ཕྲེང་བ་སྤེལ་ལེགས་མཛེས། །ཤེས་རབ་གསེར་གྱི་ཉ་མིག་ལྡན་པའི་བློ་གསལ་བྱེ་སྙེད་དགའ་བའི་བདུད་རྩིར་གྱུར། །ཁྱོད་གསུང་ཟབ་ཅིང་རྒྱ་ཆེ་བས། །འཕགས་ཡུལ་ཤིང་རྟ་ཆེ་རྣམས་ནི། །གངས་ལྗོངས་ཐུབ་བསྟན་སྲོལ་འབྱེད་ཚེ། །སྙིགས་དུས་སླར་ཡང་བྱོན་ནམ་ཅི། །ཕྱོགས་ལྷུང་སྡང་བའི་རླུང་གིས་མ་དཀྲུགས་པའི། །བཤད་པའི་ཆུ་ཀླུང་གངྒའི་རྒྱུན་བཟང་གི། འགྲོ་རྣམས་སྐོམ་པའི་དབུལ་བ་ཀུན་སེལ་ཞིང་། །ཐུབ་བསྟན་པདྨའི་དགའ་ཚལ་དར་ལ་བབས། །མཁས་པར་གྲགས་པའི་བསྟན་བཅོས་ཕལ་དང་ཕལ། །དོན་བཟང་འབྲས་བུའི་སྟོང་པའི་སྦུན་པ་དང་། །ཆུ་ཤིང་དང་འདྲའི་ཁལ་རྒྱབ་ལོངས་པ་རྣམས། །གང་གསུངས་ཆ་ཤས་ཙམ་གྱིས་མོག་པོར་བྱེད། །འདི་དང་འདི་འདྲའི་ལེགས་བཤད་ཁྱད་འཕགས་རྣམས། །རིན་ཆེན་དབྱིག་ལྟར་གུས་པས་གཅེས་གཟུངས་ནས། །གཞན་ལ་འཆད་དང་ཉམས་སུ་བླང་བ་རྣམས། །བསྟན་པ་འཛིན་པའི་སྐྱེས་བུ་དམ་པར་ངེས། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

།།ད་ནི་གཉིས་ཀའི་དོན་དུ་མཁས་བཙུན་བཟང་གསུམ་གྱི་རྟོགས་པ་བརྗོད་པ་མདོར་བསྡུས་པའི་གཏམ་གྱི་སྦྱོར་བ་ཉུང་ངུས་བསྙད་པར་བྱ་སྟེ། དེ་ཡང་བདག་ཅག་གི་སྐྱབས་གནས་དཔལ་མགོན་བླ་མ་ཉིད་ནི་རྒྱལ་སྲས་དམ་པ་རྣམས་ཀྱི་ཐུ་བོ་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་དབྱངས་དང་དབྱེར་མ་མཆིས་པ་ཆོས་རྣམས་ཀྱི་ཤེས་བྱའི་དེ་ཉིད་རང་དང་སྤྱིའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་ཤིང་སྒྲིབ་མེད་ཡེ་ཤེས་ཀྱི་ཆོས་སྤྱན་ཉེས་པའི་རྡུལ་ཐམས་ཅད་དང་བྲལ་བས་ཆོས་དང་ཆོས་ཉིད་ཐམས་ཅད་རོ་མཉམ་ཡེ་ཤེས་ཆེན་པོའི་ངང་ལས་མི་གཡོ་ཞིང་འདའ་བ་མེད་པའི་ཕྱག་རྒྱས་བཏབ་པས། རང་རིག་བྱང་ཆུབ་སེམས་ཀྱི་ཀློང་དུ་འུབ་ཆུབ་ཤིང་ཤེས་དང་ཤེས་བྱ་རོ་གཅིག་དབྱེར་མེད་ཆེན་པོའི་ངང་དུ་རྫོགས་པས་མཐའ་གཅིག་ཏུ་སྐྱེ་བ་འདི་ལ་སྦྱངས་པ་ཙམ་ལ་མ་ལྟོས་པར་སྐུ་སྐྱེ་གོང་མའི་གོང་མར་གྱུར་པ་ནས། རྒྱལ་བའི་ཆོས་ཐམས་ཅད་ལ་ཤིན་ཏུ་གོམ་འདྲིས་བྱས་པའི་སྟོབས་ལས་སྐུ་ཚེ་འདིར་འབད་པ་ཆུང་ངུས་ཆོས་རྣམས་ལན་རེ་ཟུང་རེ་ཐོས་པ་དང་གཟིགས་པ་ཙམ་གྱིས་མཁྱེན་པའི་ཡེ་ཤེས་ཀྱི་རིག་པའི་རྩལ་ཁ་ཕྱོགས་མེད་དུ་རྒྱས་ཤིང་རང་བྱུང་གི་ཡེ་ཤེས་ཀྱི་སྣང་བ་མཁའ་དང་མཉམ་པ་ལ་དབང་འབྱོར་པས་སྤོབས་པའི་གཏེར་ཆེན་བརྒྱད་གྲོལ་བར་གྱུར་ཏེ། རྒྱ་ཆེར་རོལ་པ་ལས། བརྗེད་པ་མེད་པ་དྲན་པའི་གཏེར་དང་། བློས་རབ་ཏུ་འབྱེད་པས་བློ་གྲོས་ཀྱི་གཏེར་དང་། མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཁོང་དུ་ཆུད་པས་རྟོགས་པའི་གཏེར་དང་། ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་ཀྱི་གཏེར་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་སྤོབས་པའི་གཏེར་དང་། དམ་པའི་ཆོས་ཡོངས་སུ་བསྲུང་བས་ཆོས་ཀྱི་གཏེར་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པ་བྱང་ཆུབ་སེམས་ཀྱི་གཏེར་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་སྒྲུབ་པའི་གཏེར་ཏེ་གཏེར་ཆེན་པོ་བརྒྱད་པོ་དེ་དག་ཐོབ་པར་འགྱུར་རོ། །ཞེས་པ་ལྟར་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པའི་བྱིན་བརླབ་ཐུགས་དབུས་སུ་ཐིམ་པས་ཕྱི་ནང་གི་རིགས་པའི་གནས་མཐའ་དག་ལ་མཁྱེན་རབ་པདྨའི་འདབ་མ་ལྟར་རྒྱས་ཤིང་། ཤེས་བྱ་རིགས་པའི་གནས་ཆུང་ལྔ་དང་གནས་ཆེན་ལྔ་སྟེ་བཅུ་ཡི་ཡ་གྱལ་ཁྱད་པར་དུ་སྙན་ངག་བྱེད་པ་ལ་རྗེ་འདི་འགྲན་ཟླ་མེད་པ་སྟེ་སྐུ་ན་ཤིན་ཏུ་ཕྲ་མོའི་དུས་ནས་བསྟོད་ཚོགས་སོགས་རྩོམ་པ་ལ་དཔྱོད་ལྡན་མཁས་པའི་ཡིད་དབང་མེད་དུ་འགུགས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་ཏེ་སྒྲ་དབྱངས་ལྷ་མོ་ཐུགས་མཚོར་རོལ་ཞིང་དགྱེས་ཞལ་ཡང་ཡང་ངོམ་པས་འཕགས་ཡུལ་གྱི་སློབ་དཔོན་དཔའ་བོའི་ཞབས་དང་དབྱེར་མ་མཆིས་པ་ལྟ་བུ་ཡིན་ནོ། །དེ་ཡང་སྙན་ངག་གི་རང་བཞིན་ནི་བརྗོད་བྱ་གང་ཞིག་རྗོད་བྱེད་སྙན་ཅིང་འཇེབས་ལ་ཉམས་འགྱུར་དུ་མ་དང་ལྡན་པས་ཟབ་བརླིང་རྟོགས་པར་དཀའ་བའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་མཚན་ཉིད་དེ། ཇི་སྐད་དུ། དེ་ཕྱིར་མཁས་པས་སྐྱེ་རྒུ་རྣམས། །བྱེ་བྲག་རྟོགས་ལ་མངོན་དགོངས་ནས། །རྣམ་བཀྲ་ལམ་ལྡན་ཚིག་རྣམས་ཀྱི། །བྱ་བའི་ཆོ་ག་ངེས་པར་སྦྱར། །ཞེས་པ་ལྟར་གྱི་མཚན་ཉིད་དང་ལྡན་པ་ལྕི་ཡང་གི་སྡེབས་ལེགས་པའི་རྣམ་གསལ་ཚིག་གི་ཕྲེང་བ་བཻཌཱུརྱ་བསྟར་ལ་བརྒྱུས་པ་ལྟ་བུའི་དོན་བཟང་པོས་ལྕི་བ་རྗེ་བླ་མ་འདིའི་གསུང་རབ་རྣམས་ཕྱི་མའི་དུས་ན་བསྟན་བཅོས་བྱེད་པ་རྣམས་ཀྱི་ནང་ནས། བརྒྱ་བྱིན་གྱིས་ཐོགས་པའི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །གང་ལ་མཁས་པའི་ཆོས་དེ་ལའང་སྤྱིར་ཆོས་ཀྱི་སྒྲ། ཇི་སྐད་དུ། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །གསུངས་རབ་ཚེ་དང་བསོད་ནམས་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་སྐབས་ཀྱི་འཇུག་སྒོ་བཅུ་ལ་འཇུག་ཀྱང་། འདིར་བསོད་ནམས་དང་། ལམ་དང་། མྱང་འདས་གསུམ་གྱི་བརྗོད་བྱའི་དོན། བརྗོད་བྱ་དང་རྗོད་བྱེད་ལ་ལྟོས་ནས། ལུང་རྟོགས་གཉིས། ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས། གཉེན་པོའི་སྒོ་ནས་སྡེ་སྣོད་གསུམ་དུ་དབྱེ་ཞིང་དེ་ལས་ལུང་གི་ཆོས་ནི་རྟོགས་པའི་དོན་ལ་འཇུག་པར་བྱེད་པའི་བརྗོད་པ་ཕུན་སུམ་ཚོགས་པ་མཐའ་དག་སྟེ། དེ་ལའང་འདས་པ་དང་མ་འདས་པ་གཉིས་ལས། དང་པོ་ནི། བརྟག་པ་བརྒྱད་སོགས་འཁོར་བའི་ཆོས་དང་ལྡན་པ། གཉིས་པ་ནི་དེ་བཞིན་གཤེགས་པའི་ཆོས་ཁམས་མཐའ་དག་ངེས་པའི་དོན་ལ་འབབ་ཅིང་གཞོལ་བར་འགྱུར་བ་ལས་འབྲས་བུ་རྟོགས་པའི་དམ་ཆོས་ཞེས་བྱ་བའོ། །དེ་ཡང་ཐུན་མོང་གི་རིག་པའི་གནས་ལ། གྲངས་ཀྱི་གནས་དང་། འཇིག་རྟེན་གྱི་ཁམས་ཞིབ་མོར་གཏན་ལ་དབབ་པར་བྱེད་པའི་སྐར་རྩིས་དང་། འབྱུང་རྩིས་ཀྱི་རྣམ་བཞག་དང་། བྲྀཏྟཱ་ཛ་ཧིའི་དབྱེ་བའི་སྡེབ་སྦྱོར་གྱི་བྱེ་བྲག་མང་པོ། ཟློས་གར་གྱི་ཆར་གཏོགས་དབྱངས་དང་རོལ་མོའི་ཉམས་འགྱུར་དང་མཚན་ཉིད། སྙན་ངག་ནི་གོང་དུ་སྨོས་པ་ལྟར་དང་། མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་འདོད་འཇོ་དང་། གཞན་ཡང་སྔར་གྱི་མཁས་པ་རྣམས་ཀྱིས་བྱས་པའི་མིང་གི་མངོན་བརྗོད་རྣམས་ཀྱང་ལེགས་པར་མཁྱེན་ཅིང་། སྒྲ་ཚད་གཉིས་ལ་སྦྱངས་པ་རྒྱ་ཆེར་མ་མཛད་ཀྱང་། སྒྲ་ཡི་དབྱིངས་རྐྱེན་གྱི་རྣམ་འགྱུར། ཚད་མའི་འགྲོ་ཕྱོགས་རྣམས་ཀྱང་དེང་སང་གི་ལོ་ཟླ་མང་པོར་སྦྱངས་པ་རྣམས་ལས་ཀྱང་མཁྱེན་པ་ཟབ་ཅིང་། བཟོ་གནས་ཀྱང་བྱ་སླ་ཚེགས་ཆུང་མང་དུ་མཁྱེན་པ་དང་། རྟེན་གསུམ་དང་གཞལ་ཡས་ཀྱི་ཐིག་ཚད་སོགས་ཤིན་ཏུ་ངེས་པ་དང་། གསོ་བ་རིག་པ་ནི་ཕྱག་ལེན་དུ་བཏབ་པར་མི་གནང་ཡང་། ལུས་དང་རྩ་ཡི་གནས་ཚུལ་གསོ་བྱ་གསོ་བྱེད་གསོ་ཐབས་ཀྱི་མཚན་ཉིད་རྣམས་ཤིན་ཏུ་གསལ་བར་མཁྱེན་ཅིང་དཔལ་ལྡན་རྒྱུད་བཞི་ལ་ཐུགས་རྩིས་ཤིན་ཏུ་ཆེ་བར་མཛད་དོ།

།ནང་དོན་རིག་པ་རྒྱུ་མཚན་ཉིད་ཐེག་པའི་མདོ་ཡི་བསྟན་དོན། ཆོས་ལྔ། རང་བཞིན་གསུམ། བདག་མེད་གཉིས། རྒྱ་ཆེན་མངོན་པའི་ཕྱོགས་ཀྱི་མཁས་པར་བྱ་བའི་གནས་བཅུ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ། གནས་དང་གནས་མ་ཡིན་པ། དབང་པོ་དང་། དུས་དང་། བདེན་པ་དང་། །ཐེག་པ་དང་། འདུས་བྱས་འདུས་མ་བྱས་རྣམས་ལ་མཁས་པ་དང་། གསང་སྔགས་རྡོ་རྗེ་ཐེག་པ་ཐུན་མོང་དང་ཐུན་མིན་ཁྱད་པར་མཆོག་གསང་རྫོགས་པ་ཆེན་པོའི་དགོངས་དོན་གཏན་ལ་དབབ་པ་ལ་རྒྱལ་བ་རིག་འཛིན་བརྒྱུད་པའི་ཞལ་ལུང་བཞིན་སྨྲ་བ་ནི་ཀུན་མཁྱེན་བླ་མ་འདི་ཉིད་ལ་མཚུངས་ཟླར་འོས་པ་འགའ་ཡང་མ་མཆིས་ཤིང་། རྗེ་འཇམ་པའི་དབྱངས་མི་ཕམ་རིན་པོ་ཆེའི་ཟིན་བྲིས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་གཉུག་མ་འོད་གསལ་གྱི་དོན་གསལ་བར་སྟོན་པའི་བསྟན་བཅོས་ཆེན་པོ་དང་། གཉུག་སེམས་ཟུར་དཔྱད་སོགས་ཀྱང་མངོན་དུ་སྣང་བར་མཛད་པ་པོ་ནི་རྗེ་འདིའི་མཁྱེན་རབ་ཀྱི་བཀའ་དྲིན་དུ་གྱུར་པས་སྙིང་པོའི་དོན་སྨྲ་བ་རྣམས་ཀྱི་ཁོག་པའི་སྙིང་དཔྲལ་བའི་མིག་ལྟར་གྱུར་པ་དང་། རྗེ་ཉིད་ཀྱི་གསུང་། བདེན་གཉིས་རྣམ་དབྱེ། ཐེག་དགུའི་རྣམ་དབྱེ་སོགས་ཀྱིས་ཀྱང་རྟོགས་པར་ནུས་ཤིང་སྐུ་ན་གཞོན་དུས་ཀྱི་བསྟན་བཅོས་རྩོམ་པ་ཁ་ཤས་ཀུན་གཟིགས་མི་ཕམ་རིན་པོ་ཆེའི་སྤྱན་སྔར་འབུལ་བ་ན། ཐུགས་དགྱེས་པའི་རྩེར་སོན་པ་དང་། བསྟན་བཅོས་བརྩོམ་པར་བཀས་བསྐུལ་ཞིང་། གསུང་བརྩོམས་རིགས་བསྟན་པའི་བཙས་སུ་ཆེ་བས་འཐོར་ཟག་སུ་མ་སོང་བར་ཕྱོགས་གཅིག་ཏུ་བསྡུ་དགོས་པར་ཡང་བཀའ་སྩལ་བའོ། །ཁྱད་པར་དུ་བཀའ་འཁོར་ལོ་ཐ་མའི་དགོངས་དོན་རྒྱལ་ཚབ་ས་བཅུའི་དབང་ཕྱུག་གིས་ལེགས་པར་རྣམ་པར་ཕྱེ་བའི་བསྟན་བཅོས་ཆེན་པོ་དང་ཀླུ་སྒྲུབ་ཀྱི་སེམས་འགྲེལ་དང་། བསྟོད་ཚོགས་རྣམས་ཀྱི་བསྟན་དོན་ངེས་དོན་དབུ་མ་ཆེན་པོ་ཕྱིར་མི་ལྡོག་པའི་སེང་གེའི་སྒྲ་བསྒྲགས་པ་ལ་ཀརྨ་པ་རང་བྱུང་རྡོ་རྗེ། ཇོ་ནང་ཀུན་མཁྱེན་ཡབ་སྲས། ཀུན་མཁྱེན་དྲི་མེད་འོད་ཟེར། སྨིན་གླིང་པ་སྐུ་མཆེད། ཀུན་གཟིགས་ཆོས་ཀྱི་འབྱུང་གནས། ཀཿཐོག་རིག་འཛིན་ཆེན་པོ། པཎ་ཆེན་ཤཀ་མཆོག །མང་ཐོས་ཀླུ་སྒྲུབ། སྐྱབས་མགོན་དགེ་པཎ་སོགས་རིས་མེད་མཁས་གྲུབ་རྒྱ་མཚོའི་སྙིང་ནོར་མདོ་སྔགས་ཟུང་འབྲེལ་གྱི་ལྟ་བ་འདི་ཉིད་ལ། དེང་སང་གི་སྐབས་འདིར་མཁས་གྲུབ་དབང་པོ་གཞན་ལ་ཕན་པའི་བློ་ཅན་ཆོས་ཀྱི་སྤྱན་ལྡན་འགའ་ཞིག་གིས་དབུ་མ་ཐལ་འགྱུར་གྱི་གྲུབ་མཐའ་རྩལ་དུ་འདོན་པ་དང་། དགོས་དབང་ཁྱད་པར་ཅན་གྱིས་འགོགས་པའི་ཚུལ་མཛད་པ་ན་ཅོལ་ཆུང་གི་སྐྱེ་བོ་ཕལ་ཆེར་དེའི་ཞལ་གཡམ་ལ་རྒྱུག་ནས་བསྐུར་པ་མི་བཟད་པ་བཏབ་ཅིང་ལྟ་བའི་བྱ་ཐན་དུ་རྩི་ནའང་རང་ཉིད་བཟོད་དུ་མེད་པའི་དམྱལ་བའི་སྡུག་བསྔལ་ཉེ་བར་སྒྲུབ་པའི་སྔ་ལྟས་ལས་ངེས་དོན་གྱི་རི་མོ་སྲུབ་ཏུ་མེད་ཅིང་། ངེས་དོན་སྙིང་པོའི་མདོ་སྡེ་ཉི་ཤུ་བླ་མེད་སྔགས་རྒྱུད་རྒྱ་མཚོར་དཔང་པོར་བཞུགས་ཤིང་། རྒྱབ་བརྟེན་འཇིགས་མེད་རྡོ་རྗེའི་རི་བོ་ལྟར་བསྟན་པ་དང་། རྒྱུད་བླ་མ་ངེས་དོན་དུ་ཁས་བླངས་བཞིན་གཞུང་གི་དགོངས་པ་དྲང་དོན་དུ་ཀྱོག་པ་སོགས་རྒྱལ་ཚབ་ས་བཅུའི་དབང་ཕྱུག་གི་དགོངས་པ་དཀྲུག་པ་དེ་དག་སེལ་བའི་ཕྱིར་དུ་ཀུན་མཁྱེན་བླ་མ་འདིས་ལེགས་བཤད་ངེས་དོན་སྙིང་པོ་དང་། བདེན་གཉིས་གློགས་ཞགས་སུ་རྩལ་དུ་བཏོན་ཅིང་འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སེང་གེའི་སྒྲ་བསྒྲག་པས་ལྟ་བ་ངན་པ་ཟིལ་གྱིས་གནོན་ཅིང་ངེས་དོན་དབུ་མ་ཆེན་པོ་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་རྒྱལ་བའི་དགོངས་བཅུད། འཕགས་པའི་ཉམས་བཞེས། མཁས་པའི་གྲུབ་མཐའ། གྲུབ་པའི་དབང་ཕྱུག་རྣམས་ཀྱི་རྟོགས་དོན་ཆེས་ཆེར་གསལ་བར་བྱས་པས་བདེ་བར་གཤེགས་པའི་བསྟན་པ་ལ་མཆོག་ཏུ་བྱ་བ་བྱས་པ་སྟེ། མདོ་ལས། ང་ནི་མྱ་ངན་འདས་ཕྱི་ནས། །མི་ཡི་ནང་ནས་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཡོད་དོ་ཞེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན། །ཞེས་དང་མྱང་འདས་ཆེན་པོ་ལས། །སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོན་པར་བྱེད་པའི་སེམས་ཅན་དེ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་ནི་ལས་གྲངས་མེད་པ་བྱས་པ་རྣམས་ཀླད་པ་ན་བ་དང་། རིམ་གྱིས་བཏབ་པ་དང་། ཟུག་རྔུ་དང་བསྐུར་པ་ཙམ་གྱིས་བྱང་བར་འགྱུར་རོ། །ཞེས་དང་། དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ཅན་དུ་ཡིད་ཆེས་ན་གང་ཟག་དེ་ནི་མེ་ཏོག་ཨུ་དུམ་ཝཱ་ར་ལྟར་ཤིན་ཏུ་དཀོན་པའོ། །ང་མྱ་ངན་ལས་འདས་ནས་གང་གིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་སེམས་སྐྱེས་ན། དེ་ནི་མ་འོངས་པའི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་ལྟུང་བར་མི་འགྱུར་བར་རིགས་པར་བྱའོ། །ཞེས་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྟག་གོ། དམ་པའི་ཆོས་ནུབ་པར་མི་འགྱུར་རོ། །དགེ་འདུན་མེད་པར་མི་འགྱུར་རོ། །སྙམ་དུ་ཤེས་པ་ལ་བརྩོན་པར་བྱས་ན་དེ་དག་ཀྱང་ང་དང་འདྲ་བར་སངས་རྒྱས་ཀྱི་གནས་སུ་བལྟ་བར་བྱའོ། །ཞེས་སོགས་སྟོན་པ་བཀའ་དྲིན་ཅན་གྱིས་རྒྱ་ཆེར་རྗེས་སུ་གདམས་པར་མཛད་པ་ལ་བདག་ཅག་གི་ཀུན་གཟིགས་ཆོས་ཀྱི་སྣང་བ་འདིས་ཐུགས་གཞོལ་ཏེ་རྒྱལ་སྲས་འཇམ་དབྱངས་དང་། བྱམས་པ། འཕགས་པ་ཀླུ་ཐོགས་གཉིས་རྣམས་ཀྱི་དགོངས་པའི་གནད་གཅིག་ཏུ་དྲིལ་ཞིང་བཀའ་འཁོར་ལོ་བར་མཐའ་རྒྱབ་འགལ་དུ་མི་འགྱུར་བར་གཅིག་ཏུ་འདུས་པའི་དབྱེན་བཟླུམ་མཆོད་རྟེན་ཆེན་པོ་རྩོད་པ་དང་བྲལ་བ་འགྲན་ཟླས་དབེན་པ་ཉིད་དུ་ཤེས་ཤིང་གུས་པར་བྱ་བར་གསོལ་བ་འདེབས་སོ། །དེ་བཞིན་དུ་བཙུན་ཞིང་བརྟན་པའི་ཡོན་ཏན་ཀྱང་སྡོམ་པ་གསུམ་གྱི་ཉེས་པའི་དྲི་མས་མ་གོས་ཤིང་། ཕྱི་སོ་ཐར་གྱི་དབང་དུ་བྱས་ན་བཙུན་པ་འདུལ་བ་འཛིན་པའི་ཁྱུ་མཆོག་ཉེས་བྱས་ཕྲ་མོ་ཙམ་ལ་བག་ཡང་སུ་ཇི་མི་སྙམ་དུ་མི་མཛད་པས་ཉེ་བར་འཁོར་གཉིས་པ་ལྟ་བུ། དབང་པོ་ཞི་བ། ཉེ་བར་ཞི་བ། དུལ་བའི་དཔལ་དང་ལྡན་པ། ཀུན་ཤེས་པ། རྣམ་པར་གྲོལ་བའི་ལམ་མངོན་དུ་མཛད་པས་སྲིད་པའི་ཉེས་སྦྱོར་ཐམས་ཅད་ཟད་པར་བྱེད་པ་འཕགས་པ་དགྲ་བཅོམ་པ་ཆེན་པོ། ནང་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ན། གནུབ་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་མདོ་འགྲེལ་ལས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་བརྟེན་པའི་མི་ལ་དཔུང་གཞིའི་བག་ཚ་བ་མེད་པ་ལྟར་ཐེག་པ་ཆེན་པོར་སེམས་སྐྱེས་པས་རིགས་མི་འགྱུར་བ་ལ་ལོག་རྟོགས་སྡུག་བསྔལ་གྱིས་ཉམས་ང་བ་མེད་དོ་ཅེས་དང་། དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་ནོར་བུ་རིན་པོ་ཆེ་ཟིལ་གྱིས་གནོན་ཅིང་། རྡོ་རྗེ་ཆག་པའི་ཡོན་ཏན་མི་སྟོར་བར་སྤྱོད་པར་དབང་བའི་ལྟོགས་པའི་སྡུག་བསྔལ་འཇོམས་པ་བཞིན་ཐེག་པ་ཆེན་པོའི་དོན་དང་ལྡན་པའི་རྣལ་འབྱོར་པས་གཞུང་ཀུན་ནས་མ་དྲོངས་པའི་ཆ་ཉམས་ཀྱང་བསམ་པའི་དོན་དང་མ་བྲལ་པས་རྒྱུའི་ཐེག་པ་ཆེ་ཆུང་གཉིས་ཀ་ཟིལ་གྱིས་གནོན་ཏེ་དེ་ཅིའི་ཕྱིར་ཞེ་ན། རྒྱུའི་ཐེག་པ་ཆུང་ངུ་པ་ལྟ་སྨོས་ཀྱང་མེད་ན། ཐེག་པ་ཆེན་པོའང་བདེན་པ་རེས་འཇོག་གི་སེམས་ལ་གནས་པས་གཉིས་མེད་ཀྱི་མཐའ་མི་མཐོང་སྟེ། དཔེར་ཁབ་མིག་སྐུད་པས་ནམ་མཁའ་མི་མཐོང་བ་བཞིན་ནོ། །དེ་བས་ན་བདེན་པ་གཉིས་རིས་མེད་པ་ཡེ་ཤེས་ཀྱི་སྟོབས་སོ།

།དེ་ནས་དེ་མ་ཐག་ཏུ་དོན་ཟབ་མོ་རིག་པ་ལ་ཤར་ནས་འབྲས་བུ་ཆོས་ཀྱི་དབུལ་བ་སེལ་ཏེ། ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར། བྱམས་པ་དང་སྙིང་རྗེའི་ས་གཞི་ལ་བྱང་ཆུབ་སེམས་དཔག་བསམ་གྱི་ལྗོན་པ་རབ་ཏུ་རྒྱས་པས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེའི་འབྲས་བུ་སྟེར་ཞིང་རང་འདོད་ཡིད་བྱེད་ཀྱི་རྟོག་པ་ལ་ཞུགས་པ་ཐམས་ཅད་རིགས་དང་བློ་ཡི་སྟོབས་ཀྱིས་ཟིལ་གྱིས་གནོན་པས་སེངྒེ་གངས་ལ་གནས་པ་ལྟར། འཁོར་བར་མི་ལྡོག་ཅིང་སྐྱེ་མེད་ཀྱི་ཆོས་ལ་བཟོད་པ་ཐོབ་སྟེ་མཐོང་བའི་ལམ་གྱི་ཡེ་ཤེས་མངོན་དུ་བྱས་ཟིན་པ་བརྩེ་ཆེན་སྙིང་རྗེའི་དབང་ཕྱུག་འཕགས་མཆོག་ཕྱག་ན་པད་དཀར་འཆང་བ་དང་དབྱེར་མ་མཆིས་ཤིང་སྲིད་པའི་འགྲོ་བ་དུཿཁས་དུབ་པ་རྣམས་བདེ་ནས་བདེ་བར་འདྲེན་ཞིང་ཐར་པའི་ལམ་མཁན་མ་རིག་པའི་མུན་པ་སེལ་བའི་ཉི་ཟླའི་འོད་སྣང་གང་འབྲེལ་ཐམས་ཅད་འཁོར་བ་མཐའ་ཅན་དུ་བྱེད་པའི་སྙིང་རྗེའི་དབང་ཕྱུག་ཆེན་པོ་དེ་ཉོན་མོངས་པའི་ཀུན་ཏུ་དཀྲིས་པ་རྣམས་ཀྱིས་མ་གོས་ཤིང་ཚུལ་ཁྲིམས་རྣམ་པ་གསུམ་དང་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱིས་ཐུགས་རྒྱུད་ཕྱུག་པ་བྱང་ཆུབ་སེམས་དཔའ་ཤཱནྟ་རཀྵི་ཏ་གཉིས་པ་ལྟ་བུའོ། །གསང་བ་སྔགས་ཀྱི་དབང་དུ་བྱས་ན་སློབ་དཔོན་གྱི་མཚན་ཉིད་མདོར་བསྡུས་པ། བླ་མ་ལྔ་བཅུ་པ་ལས། །བརྟན་ཤིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་སྦྱོར་བ་ཤེས། །རབ་ཏུ་དྭངས་ཤིང་དབང་པོ་དུལ། །ཅེས་པ་ལྟར་གྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བཤེས་གཉེན་རྒྱལ་བའི་གདུང་འཚོབ་ཡོན་ཏན་གྱི་ཕུང་པོ་ཆེན་པོ་འདི་ལ་ནི། མཉམ་རྗེས་ཀུན་དུ་ཐ་མལ་མཚན་འཛིན་གྱིས་མ་གོས་ཤིང་སྣོད་བཅུད་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད། དབྱིངས་ཡེ་ཟུང་འཇུག་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤར་ཞིང་། གཟུང་འཛིན་ཡིད་དཔྱོད་ལས་འདས་པའི་རང་སྣང་ཀ་དག་རང་བྱུང་གི་ལྟ་བའི་གདན་ཁྲི་ལས་མ་གཡོས་ཤིང་འོད་གསལ་ལྷུན་གྲུབ་ཉི་ཟླའི་དཀྱིལ་འཁོར་གྱི་སྣང་བ་མུ་མེད་པ་ལ་སྤྱོད་པས་སྐུ་གསུམ་རིག་པ་ཚད་ལ་ཕེབས་ཤིང་བསྲུང་བྱ་སྲུང་བྱེད་ལས་འདས་པའི་ཡེ་བསྲུང་རྒྱལ་པོའི་དམ་ཚིག་ཉམས་ཤོར་མེད་པའི་ངང་དུ་བཤགས་བྱ་བཤགས་བྱེད་ཀྱི་སྤྲོས་པས་མ་གོས་པའི་ཆོས་ཉིད་གཉུག་མའི་ངང་དུ་འབྲལ་བ་མེད་པར་བཞུགས་པས་བཙུན་པའི་མཐར་ཐུག་པའོ། །བཟང་ཞིང་ཕན་འདོགས་པའི་ཡོན་ཏན་ཀྱང་། རྗེ་འདི་ལ་ལོག་པར་སེམས་ཤིང་སྡང་ཞུགས་དང་ལྡན་པའི་སྐྱེས་བུ་འགའ་ཞིག་ལའང་ཀུན་ནས་ཀུན་ཏུ་ཁོང་ཁྲོ་བ་ལྟ་ཞོག་སྤྱན་གྱིས་གཟིགས་ཕྱོགས་ལོག་པ་ཙམ་ཡང་མཛད་མ་མྱོང་ཞིང་། ལོག་སྒྲུབ་ཀྱི་སྐྱེས་བུ་གདུག་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་སྙིང་རྗེའི་གཞན་དབང་དུ་གྱུར་པས་ཐུགས་ཕྱི་ཕྱིར་ལྷག་པར་བརྩེ་བ་དང་། མཁས་བླུན་སྐྱེ་བོ་ཕོ་མོ་འབྱོར་པ་ཡོད་མེད་ཐམས་ཅད་བྱམས་པས་ཕྱོགས་རིས་མེད་པར་བསྐྱང་ཞིང་ཀུན་ལ་མ་ལྟར་མཛའ་བ་དང་། ཞལ་མཇལ་ཙམ་ཞུས་པས་ཀྱང་དད་པ་དང་མོས་གུས་མཆོག་ཏུ་འཕེལ་ཞིང་དད་པ་སྔར་མེད་པ་རྣམས་ལ་གསར་དུ་རྙེད་ཅིང་ངེས་འབྱུང་རྒྱུད་ལ་སྐྱེ་བ་དང་། གསུང་སྙན་ཅིང་འཇེབས་པས་ཆོས་མཐུན་གྱི་གཏམ་དང་། སྐྱེ་བོ་ཕལ་པ་ལ་དགའ་བའི་གཏམ་སོགས་གང་ལ་གང་འཐད་གནང་བ་ལས་ཆེ་འཇིགས་དང་། ཟོལ་ཟོབ། བཀའ་བཀྱོན་དང་ཕྱག་འབེབ་སོགས་ནི་སྐུ་ཚེ་དེ་ལ་མཛད་མ་མྱོང་ཞིང་གཞན་སེམས་བསྲུང་བ་ལ་གཅིག་ཏུ་བརྩོན་པ་ཁོ་ན་དང་། མཐོན་པོ་ང་རྒྱལ་ཅན་ཁེངས་དྲེག་གིས་རློམ་པ་རྣམས་ལ་མཁོ་བའི་ངོ་བསྲུང་ཕྱེ་གཏོར་རྒྱུ་ཟས་སྦྱིན་པ་སོགས་ཀྱི་ལོག་འཚོའི་རིགས་དང་ཤི་གསོན་གྱི་རྒྱུ་ཆུད་ཟོས་དོན་མེད་དུ་གཏོང་བ་དེ་འདྲ་ཡང་གཏན་ནས་མི་མཛད་ཅིང་རང་གི་གཤིས་ལུགས་ཆོས་དང་མི་འགལ་བའི་བསྡུ་བ་རྣམ་བཞི་ཀུན་དང་མཐུན་ཞིང་ཀུན་ཏུ་བཟང་པོ་ཁྲོ་བ་སྤངས་པ་རྟོག་པའི་དྲྭ་བ་ཐམས་ཅད་རྣམ་པར་སེལ་བའི་འོད་ཟེར་གྱི་ཚོགས་བྱེ་བ་འབུམ་སྙེད་ཀྱིས་བརྒྱན་པའི་རྒྱལ་སྲས་ཆེན་པོ་དང་རྣམ་དབྱེར་མི་ཕྱེད་པ་སྟེ། དེ་ལྟར་མཁས་བཙུན་བཟང་པོའི་ཡོན་ཏན་འབུམ་གྱིས་མངོན་པར་མཐོ་ཞིང་འཕགས་པའི་ནོར་བདུན་གྱིས་མངོན་པར་ཕྱུགས་པའི་རྒྱལ་ཐབས་ལ་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ནི། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་སྡུད། །རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །ཅེས་པ་ལྟར། མདོ་སྔགས་རིགས་གནས་དང་བཅས་པའི་ཆུ་ཀླུང་གཅིག་ཏུ་འཁྱིལ་ཞིང་། ཁྱད་པར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གདམས་པ་མ་དྲོས་མཚོ་ཡི་བདག་པོ་གདེང་ཅན་བྱེ་བའི་གཙུག་རྗེ་བཀའ་གཏེར་བཤད་སྒྲུབ་ཀྱི་རྒྱ་མཚོ་ཆེན་པོ་མཆོག་གཟིགས་འཇམ་དབྱངས་བློ་གྲོས་རྒྱ་མཚོ་ཞེས་པའི་མཚན་གྱི་སྙན་པ་དོན་དང་ལྡན་པ་ནི་རང་གི་བླ་མར་ཕྱོགས་ཞེན་གྱིས་བསྔགས་པ་མ་ལགས་ཏེ། དམ་པ་ཡོན་ཏན་སྦས་གྱུར་ཀྱང་། །འཇིག་རྟེན་ཀུན་ལ་ཁྱད་པར་གསལ། །སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་། །དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར། །ཅེས་པ་ལྟར། གངས་རིའི་ར་བས་བསྐོར་བའི་འཇིག་རྟེན་དབང་ཕྱུག་གི་གདུལ་ཞིང་འདིར། དེང་དུས་མཁས་གྲུབ་རྣམས་ཀྱི་དབུས་ན་ལྷམ་མེ་ལྷང་ངེར་གསལ་བའོ། །མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་བསྐྲུན་པའི་ཐུགས་སྲས་བསྟན་འཛིན་གྱི་སློབ་བུ་ཡང་། ཇི་སྐད་དུ། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཅེས་པ་ལྟར་ཕྱོགས་མཐའ་དག་ནས་གདུལ་བྱའི་སློབ་ཚོགས་རྒྱ་ཆེར་བྱུང་བ་སྨོས་ཀྱིས་མི་ལྡང་ལ་རབ་འབྱམས་ལྔ་པས་ཀྱང་དབང་ཆོས་མང་པོ་གསན་ཅིང་། རྗེ་ཐམས་ཅད་མཁྱེན་པ་མི་ཕམ་རིན་པོ་ཆེ་ནས་ཚེ་དབང་དང་། ཐོག་སྲུངས་སྐོར་སོགས་གསན་པར་མཛད། ཞལ་སློབ་གཙོ་ཆེ་བ་འགའ་ཞིག་ནི། སྔ་འགྱུར་བསྟན་པའི་ཉི་མ་རབ་འབྱམས་དྲུག་པ་ཀུན་བཟང་བསྟན་པའི་ཉི་མ་བཤད་སྒྲུབ་ཆོས་ཀྱི་གོ་ཆ། ཟུར་མང་དྲུང་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཀརྨ་ཆོས་ཀྱི་ཉིན་བྱེད། འཇམ་མགོན་མཁྱེན་བརྩེའི་ཡེ་ཤེས་སྒྱུ་མའི་རོལ་གར་དུ་ཐར་རྩེ་རྡོ་རྗེ་འཆང་འཇམ་དབྱངས་བློ་གཏེར་དབང་པོ་དང་། རྗེ་ཉིད་བཅས་ཀྱིས་ལུང་གིས་བསྟན་པ་དིལ་མགོ་མཆོག་སྤྲུལ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར།

འཇམ་མགོན་ཐམས་ཅད་མཁྱེན་པ་ཀོང་སྤྲུལ་རིན་པོ་ཆེའི་ཡང་སྲིད་ཙཱ་འདྲའི་གདན་སའི་ཁྲི་འཛིན་པ་ཀརྨ་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་བློ་གྲོས་དྲི་མེད་དང་། ཞེ་ཆེན་གདན་སར་བཞུགས་པ་རྗེ་བླ་མ་མཆོག་དང་ལུས་དང་གྲིབ་བཞིན་འགྲོགས་ཤིང་ཐུགས་ཀྱི་གསང་མཛོད་རྫོགས་པར་ཐོབ་པའི་མཆོག་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། སངས་རྒྱས་མཉན་སྤྲུལ་དགུ་པ་ཀརྨ་བཤད་སྒྲུབས་བསྟན་པའི་ཉི་མ། རྫོགས་ཆེན་གླིང་བླ་སྤྲུལ་སྐུ། ཁྲོ་ཤུལ་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོ། བྱང་ཆུབ་སེམས་དཔའ་ཆེན་པོ་དགེ་མང་མཁན་ཡོན་ཏན་རྒྱ་མཚོ། མཁན་ཀུན་བཟང་དཔལ་ལྡན། རྫོགས་ཆེན་མཁན་བསོད་ཆོས། མཁན་ལྷ་སྒོང་། མཁན་བློ་གྲོས་སྒྲ་དབྱངས། ཚབ་ཚ་སྒྲུབ་སྤྲུལ། ཉ་འགེ་སྤྲུལ་སྐུ། གནམ་མཚོ་སྤྲུལ་སྐུ། སྒོ་མེ་དིང་སྐྱ་མཆོག་སྤྲུལ། ཕུ་ཁུང་ཞེ་སྤྲུལ། ཆུ་ངོས་ཀརྨ་རྒྱ་མཚོ། ཁྱུང་སྤྲུལ་ཀར་རྒྱམ། གཡི་ཁོག་སྤྲུལ་སྐུ། མཁན་འཇམ་དཔལ་རྡོ་རྗེ། དཔལ་ལྷུན་འགྲུབ་སྟེང་གི་མཁན་ཆེན་རྡོ་རྗེ་འཛིན་རྒྱལ་བསམ་གཏན་བློ་གྲོས། ཞེ་ཆེན་དགོན་གྱི་འབར་ཆུང་དབང་རིས་སྤྲུལ་སྐུ། འབར་བླའི་སྤྲུལ་སྐུ། དགོན་སྟོད་སྐུ་གོང་འོག་སིབ་བཀྲ་ཤིས་ཆོས་གླིང་གི་སྤྲུལ་སྐུ་བླ་མ་རྣམས་དང་། གཤང་ནག་སྤྲུལ་སྐུ། ཀཿཐོག་མཁན་ནུས་ལྡན། མགོ་ཚའི་མཁན་ཤིས་ལུ་དང་ཨུ་རྒྱན་བསྟན་འཕེལ། གླིང་བླ་དབོན་རིག་འཛིན་འོད་ཟེར་སོགས་བསྟན་པ་རིས་མེད་ཀྱི་བླ་སྤྲུལ། མཁན་པོ་རྡོར་འཛིན་མང་པོ་དང་། ༧ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཡབ་སྲས། བོད་གཞུང་ས་ཆེན་པོའི་སྐུ་དྲག་སྔ་ཕྱི་མང་པོ་སོགས་བསྟན་པ་སྟོབས་ཀྱིས་འདེགས་པའི་རྒྱལ་བློན་ཁྱིམ་བདག་གི་ཚོགས་རབ་ཏུ་མང་པོ་དང་། ཞལ་མཇལ་ཆོས་འབྲེལ་ཐོབ་པ་ནི་གྲངས་ལས་འདས་ཤིང་ཆེས་དམན་པ་བདག་ལྟ་བུའང་ལུགས་གཉིས་ཀྱི་གཟིགས་པ་ཆེན་པོས་དུས་རྟག་ཏུ་ཁྱབ་པའི་བཀའ་དྲིན་གཞལ་བར་དཀའ་ཞིང་། ཞལ་སློབ་ཀྱི་ཐུ་བོར་གྱུར་པ་རྣམས་ཀྱིས་ཀྱང་། གཞན་ལ་དབང་བསྐུར་ཆོས་བཤད། སྒྲུབ་པའི་རྒྱལ་མཚན་འཛུག་པ་སོགས་བདག་དོན་རྟོགས་པ་མངོན་དུ་གྱུར་ཅིང་། གཞན་དོན་ཐུགས་རྗེའི་དཔལ་དང་ལྡན་པས་བསྟན་འགྲོར་ཕན་བདེ་སྦྱིན་ནུས་པ་ཤ་སྟག་གོ། སྙིགས་མའི་སྐྱེ་བོ་རྣམས་མ་རིག་པའི་མུན་པས་ཁེབས་པའི་སྐྱོན་གྱིས་རྗེ་རིན་པོ་ཆེ་ལ་ཡོན་ཏན་འདི་ཙམ་མངའ་བ་མ་མཐོང་བ་ནི། ཇི་སྐད་དུ། ཉི་མའི་འོད་ཟེར་ཤར་བ་ན། །འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །ཅེས་པ་ལྟར་རང་རང་གི་ལོག་པར་རྟོག་པ་ཡིན་ལ་དམ་པའི་ཡོན་ཏན་ནི་བཀག་ཏུ་མེད་ཅིང་ཉི་ཟླ་སྦར་མོས་མི་ཁེབས་པ་བཞིན་རྣམ་དཔྱོད་ཀྱི་སྣང་བ་ཟོལ་མེད་དུ་ངོམས་པར་མི་ཤེས་པར་རྒྱ་ཆེའི་བློ་གྲོས་ཀྱི་མིག་ལྡོངས་ཤིང་བལྟར་སྣང་རིག་པའི་ལིང་ཐོག་གིས་སྒྲིབས་པ་གཞན་དག་གིས་ཡིད་རབ་ཏུ་འཁྲུགས་ཤིང་དམ་པའི་ཡོན་ཏན་གྱིས་སེམས་ལ་གདུང་བ་ཆེན་པོར་གྱུར་པ་དེ་རྣམས་སྙིང་རྗེའི་ཡུལ་དུ་གྱུར་པ་དང་། དེ་ལྟར་གོང་དུ་བཤད་མ་ཐག་པ་ལྟར། མཁས་བླུན་གྱི་དབྱེ་བ་ཡང་། བསྟོད་འདོད་དང་མོས་བློས་བཞག་པ་ཙམ་མིན་པ་མཁས་པའི་ལག་རྗེས་ལེགས་བཤད་ཀྱི་ཕུང་པོ་རྣམས་ལ་རྣམ་དཔྱོད་ལྡན་པས་ཤེས་རབ་ཀྱི་མིག་སྒྲུབ་ན་ཤེས་པར་འགྱུར་ཏེ། ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞལ་ནས། ནགས་ཚལ་ཤིན་ཏུ་མང་ན་ཡང་། །ཙནྡན་ས་མཆོག་སྐྱེ་བ་ཉུང་། །དེ་བཞིན་མཁས་པ་མང་ན་ཡང་། །ལེགས་བཤད་འབྱུང་བ་ཤིན་ཏུ་དཀའ། །རྟ་མཆོག་འགྲོ་བའི་ཚེ་ན་ཤེས། །གསེར་དངུལ་བཞུ་ན་ཤེས་པར་འགྱུར། །གླང་ཆེན་གཡུལ་ངོར་ཤེས་འགྱུར་ཏེ། །མཁས་པ་ལེགས་བཤད་རྩོམ་ན་ཤེས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྐྱེས་བུ་དམ་པ་དང་དེ་ལས་ལྡོག་པའི་ཁྱད་པར་རྣམ་པར་འབྱེད་པ་དེའང་བ་གླང་རྫི་བདག་དང་བདག་འདྲས་དབྱེ་བར་མི་ནུས་ཀྱང་འཕགས་པའི་སྐྱེས་བུ་ཚད་མས་གྲུབ་པ་རྣམས་ཀྱིས་ཀྱང་རྗེ་འདི་ལ་བསྔགས་པའི་མེ་ཏོག་འཐོར་བའི་ཡུལ་དུ་གྱུར་པ་སྟེ། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེས་ཀྱང་འཕྲིན་ཡིག་རྣམས་སུ། སྔ་འགྱུར་བསྟན་པའི་རྩ་ལག་མཚུངས་བྲལ་རྒྱལ་བའི་མྱུ་གུ་མཆོག་གི་ཞབས་པད་དུ། །ཅེས་དང་། །རྒྱལ་བའི་མྱུ་གུའི་ཞབས་པད་བརྟན། །རྒྱལ་སྲས་སྤྱོད་པ་མཁའ་ཁྱབ་རྒྱས། །རྒྱལ་བསྟན་སྲོག་ཏུ་ཡོངས་གྲུབ་པའི། །རྒྱལ་རྔ་སྲིད་ན་སྙན་གྱུར་ཅིག །ཅེས་པའང་ཕྱི་མཐར་གཟིགས་པའི་གསུང་གི་བདེན་ཚིག་བསླུ་བ་མེད་པ་དང་། ཡང་།

སྔ་འགྱུར་བསྟན་པའི་གསལ་བྱེད་ཆེན་པོ་རྒྱལ་ཚབ་མཆོག་གི་སྤྲུལ་པའི་སྐུའི་ཞབས་དྲུང་དུ། ཅེས་དང་། སྐུ་ཚེའི་རྒྱལ་མཚན་ཡུན་དུ་བརྟན། །གསན་བསམ་སྒོམ་པའི་ཕ་མཐར་སོན། །ཕན་བདེའི་ཕྲིན་ལས་ཕྱོགས་བརྒྱར་འཕེལ། །བདག་ཀྱང་ཡེ་ཤེས་གཟིགས་པས་སྐྱོང་། །ཅེས་སོགས་དེས་མཚོན་སྔ་རྗེས་གསུང་གི་གླེགས་བུ་དུ་མར་བསྔགས་འོས་བསྔགས་བསྟོད་དངོས་ཤུགས་ནས་གནང་བ་དང་། དངོས་མཇལ་སྐབས་ཀྱང་སྔ་ཕྱི་ཐེངས་ཁ་ཤས་ཆོས་ཀྱི་སྐྱེས་ཆེན་སྩོལ་བའི་མཐར་དངོས་པོའི་གནང་སྐྱེས་གྱ་ནོམ་སྩལ་བ་དང་གོང་སྨྲོས་ལྟར་ཕུར་པའི་བསྙེན་སྒྲུབ་ཟིན་རྗེས་རྗེ་མཁྱེན་བརྩེའི་མདུན་ཡབ་སྲས་ཞལ་འཕྲོས་ཞིབ་པར་གནང་རྗེས་ཞེ་ཆེན་རྒྱལ་ཚབ་མཆོག་སྤྲུལ་གྱིས་ཉིན་རེ་གསེར་ལྷུང་བཟེད་གང་རེའི་དད་ཟས་ལ་སྤྱོད་ཀྱང་ལོག་འཚོའི་སྒྲིབ་པས་གོས་མི་ནུས་པའི་དགོངས་སྤྱོད་ཐུགས་ལ་འཁྲུངས་འདུག་ཞེས་ཞལ་འཕྲོས་ཀུན་གཟིགས་མཁྱེན་བརྩེའི་ཞབས་ཀྱིས་གཞན་ལ་གནང་བ་དང་། རྗེ་ཉིད་ཀྱི་གཏེར་བྱོན་གུ་རུ་རིན་པོ་ཆེའི་ཕྱག་མཚན་རྡོ་རྗེ་ཁྱད་འཕགས་མགུལ་བསྲུངས་དུ་གནང་བ་སོགས་དགོངས་གཏད་ཤིན་ཏུ་ཆེ་ཞིང་། དེ་བཞིན་འཇམ་མགོན་རྣམ་སྣང་ལོ་ཙཱ་བ་ཆེན་པོས་ཀྱང་སྔ་རྗེས་དུ་མར་ཆོས་དང་ཟང་ཟིང་གིས་གཞན་དང་འགྲན་དུ་མེད་པར་དགོངས་གཏད་བརྩེ་བས་བསྐྱངས་ཤིང་ཐུན་མོང་ཐུན་མིན་གྱི་བསླབ་སྟོན་སྔ་རྗེས་བརྒྱུད་མར་ཕེབས་པ་དང་། གསུང་ཕྲིན་ཡང་ཡང་སྩོལ་བའི་ཁ་གཅིག་ཏུ་འདི་ལྟར་འབྱུང་སྟེ། འཕགས་རྣམས་ཐུགས་བསྐྱེད་ཟབ་མོའི་རྒྱ་མཚོ་ལས། །མཁྱེན་བརྩེའི་རང་བཞིན་བཅུ་དྲུག་ཆ་རྫོགས་ཤིང་། །བསྟན་འགྲོའི་ཀུ་མུད་བཞད་པའི་གཉེན་གྱུར་པ། །མཆོག་གི་སྤྲུལ་སྐུ་ཟླ་བ་གསར་པའི་དྲུང་། །མ་སྨད་དགེ་བའི་ཐུགས་བསྐྱེད་རླབས་པོ་ཆེའི། །རིན་ཆེན་རྡུལ་མང་བརྩེགས་པའི་རྒྱུ་ཚོགས་ལས། །བསྟན་འཛིན་རི་བྲན་ཚོགས་པའི་མཇིང་དབུས་ན། །ལྷུན་མཐོར་འཕགས་པའི་རི་དབང་བཞིན་དུ་མཛེས། །རྒྱལ་དབང་པདྨའི་རིང་ལུགས་ཉེར་འཛིན་པའི། །སྔ་འགྱུར་བསྟན་པའི་རྒྱལ་མཚན་བླ་ནས་བླར། །འདེགས་བཟོད་དེང་གི་དུས་ན་ཉིན་སྐར་བཞིན། །ཁྱོད་ཀྱི་སྙིང་སྟོབས་དཔུང་པ་དར་བར་ངེས། །བསྔགས་འོས་ཡོན་ཏན་དཔལ་དེས་ཉེར་འཁྱུད་པའི། །སྐུ་དབང་ལྗོན་པ་བཟང་པོ་རིང་བརྟན་ནས། །བསྟན་འགྲོའི་དགེ་མཚན་གྲིབ་མ་སྣུམ་པའི་ཕྱིར། །དོན་དང་བཅས་ལ་འབྲས་བུར་བཅས་པ་ལགས། །དེས་ན་མཚན་དཔེའི་དཔལ་འབར་སྐུ་མཆོག་གི། ཟླ་བའི་མ་མ་མངོན་པར་གསལ་བ་ནས། །དམ་པས་བསླབ་འོས་གནས་ལ་ཉེར་ཞུགས་པའི། །ཕྲིན་ལས་འོད་སྣང་དཀར་པོ་སྤྲོ་བ྄༷ཞིན་ནས། །དད་དང་དམ་ཚིག་དག་པའི་ཉེར་ལེན་གྱིས། །བརྗོད་བྱ་རྗོད་བྱེད་ཕུན་སུམ་ཚོགས་པ་ཡི། །དཎྜིའི་གཞུང་གི་ཉམས་འགྱུར་གྱིས་སྤུད་པའི། །གསུང་མཆིད་མཉེན་པར་འོས་པ་དེ་དག་དང་། །བཀྲ་ཤིས་ལྷ་ཡི་རེག་བྱ་ཟླ་མདངས་ཀྱི། །ཅོད་པཎ་ལྷབ་ལྷུབ་གཡོ་བས་མཛེས་བྱས་པའི། །རིན་ཆེན་མཎྜལ་བཀོད་ལེགས་བཟོ་དབྱིབས་ཀྱིས། །ཁྱད་པར་བྱས་པའི་རྟེན་འབྱུང་དགེ་བའི་རྫས། །རིང་དུ་འཚོ་བའི་ཐབས་ཀྱི་མཆོག་གྱུར་པ། །མི་འཇིགས་སྲོག་གི་དགའ་སྟོན་ཉེར་སྟོབས་ནས། །བདེ་བར་རྒྱུ་བའི་སྤྱོད་ལམ་བྱིན་པ་ཡི། །བརྒྱ་དང་བཅུ་གསུམ་གྲངས་ལྡན་སྲོག་བསླུ་བཅས། །གནང་སྐྱེས་དག་པའི་དངོས་པོ་གྱ་ནོམ་པ། །འདི་དག་ཉེ་བར་ཐོས་པའི་དགའ་སྤྲོའི་དཔལ། །དབྱར་སྐྱེས་རྔ་གསང་དར་དིར་སྒྲོགས་པའི་སྒྲ། །མདོང་མཐའ་ཅན་གྱི་རྣ་བར་ཞུགས་པ་བཞིན། །རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་ཐུགས་རྗེ་ཡི། །གདུག་དཀར་གྲིབ་བསིལ་བརྟེན་པའི་རིག་འཛིན་གྱི། །བཙུན་པ་བདག་ཀྱང་བགྲང་བྱའི་ཁུར་ཆེན་པོའི། །ངལ་དུབ་སངས་པ་མེད་པས་ནོན་ན་ཡང་། །མེ་ཚོགས་སྤུ་གྲིས་གཏམས་པའི་མཚོ་ཆེན་ལས། །བརྒལ་ནས་དམ་ཆོས་བརྩལ་དང་བསྲུང་བའི་ཚུལ། །འདི་ལ་མི་འཕྲོག་དམ་བཅའི་མདུད་པ་ནི། །ལྷོད་པ་མེད་པའི་སྙིང་སྟོབས་བསྐྱེད་བཞིན་ལགས། །འོན་ཏེ་སྙིགས་ལྔའི་སྨག་རུམ་ཆེར་བདོ་བའི། །སྐྱོན་གྱིས་བསླད་པའི་སྣོད་བཅུད་གནས་ཚུལ་གྱིས། །སེམས་ལ་སྐྱོ་བ་སྟེར་བའི་སྐབས་བྱུང་ཡང་། །ཐེག་ཆེན་སེམས་མཆོག་བདུད་རྩི་སྤྲོ་བསྲིང་བཞིན། །བསྟན་འགྲོར་དགེ་བའི་སྨན་དུ་འགྱུར་བ་ཡི། །སྨོན་ལམ་བཟང་པོ་གཡོ་དང་སྒྱུ་མེད་པས། །མཚམས་སྦྱར་ཕན་དང་བདེ་བའི་ཆོ་ག་ལ། །རང་ནུས་དང་མཚམས་བརྩོན་པས་འཇུག་བཞིན་མཆིས། །འབྱུང་འགྱུར་རྙིང་བསྟན་གསལ་བའི་སྒྲོན་མེ་མཆོག །གང་ཁྱོད་གསང་གསུམ་མི་གཡོ་བརྟན་པ་ཡི། །དགེ་ལེགས་འཆི་མེད་ཚེ་ཡི་ལྷ་མཆོག་གིས། །ཕྱོགས་སུ་ལྷུང་བ་བཞིན་དུ་སྦྱིན་གྱུར་ཅིག །དེ་སྲིད་དུས་དང་གནས་སྐབས་ཀུན་ཏུ་ཡང་། །ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པ་ཡི། །ངོ་མཚར་རྣམ་ཐར་མཁས་དང་གྲུབ་པའི་ཁྱུས། །བསྔགས་པའི་དཔལ་གྱིས་རབ་ཏུ་མཛེས་གྱུར་ཅིག །གཞན་གྱིས་གྲག་ཆ་ཟློ་ལ་མི་སྙེགས་པར། །གྲུབ་པའི་སློབ་དཔོན་རྣམ་གསུམ་དགོངས་པའི་བཅུད། །སོ་ཟུར་གནུབ་དང་དྲི་མེད་འོད་ཟེར་སོགས། །ཤིང་རྟ་ཆེ་རྣམས་དགོངས་པས་བརྒྱན་གྱུར་ཅིག །མཐའ་བྲལ་ཟབ་གནད་འཕགས་པ་ནཱ་ག་ཛུ། །རྒྱ་ཆེའི་གནད་རྣམས་འཕགས་པ་ཐོག་མེད་དེ། །ཤིང་རྟ་རྣམ་གཉིས་ཟབ་དགོངས་མ་ཀྱོགས་པའི། །དྲང་པོའི་ལྟ་བས་ཁྱེད་ལ་བརྒྱན་གྱུར་ཅིག །དེ་དང་མི་འགལ་དེ་ལས་ཆེས་ལྷག་པའི། །ཟབ་གསང་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ། །མ་ནོར་ངེས་པའི་འཇུག་སྒོ་ལ་ཞུགས་ཏེ། །འཁོར་འདས་རོ་མཉམ་གྲོལ་བའི་དཔལ་དུ་ཤོག །ཕྱི་ཚུལ་སོ་ཐར་ཁྲིམས་བཟང་རྩ་བ་བརླིང་། །བྱང་ཆུབ་སེམས་མཆོག་ལྷབ་ལྷུབ་རབ་ཏུ་གྲོལ། །བདེ་སྟོང་ཟུང་འཇུག་ཏོག་གིས་ཉེར་མཛེས་པའི། །ཆོས་ཀྱི་རྒྱལ་མཚན་ཆེན་པོ་ཉིད་གྱུར་ཅིག །ཅེས་བསྔགས་ཤིང་སྨོན་ཤིས་གནང་བ་དང་། ཀུན་གཟིགས་མི་ཕམ་རིན་པོ་ཆེས་ཐུགས་སྲས་བརྒྱུད་འཛིན་གྱི་གཙོ་བོར་དགོངས་གཏད་མངའ་གསོལ་ཡང་ཡང་གནང་བ་ལས་ཕྱག་བྲིས་ཚན་གཅིག་ན་འདི་ལྟར་འབྱུང་སྟེ། ཨོཾ་སྭ་སྟི་བི་ཛ་ཡན་ཏུ། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་ཡི། །མཁྱེན་རབ་ངག་གི་དབང་ཕྱུག་འཇམ་པའི་དབྱངས། །གང་ཐུགས་པདྨའི་ཟེའུ་འབྲུར་རྟག་བཞུགས་ནས། །བཤད་པས་རྒྱལ་བསྟན་ཉི་བཞིན་གསལ་གྱུར་ཅིག །ཞེས་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། གང་འདིར་ཤེས་རབ་ཟབ་མོའི་སྣང་བ་ཉི་མ་ལྟར་ལྷམ་པ་སྤྲུལ་པའི་སྐུ་མཆོག༧འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་གང་གི་མཁྱེན་རབ་ཀྱི་རླབས་རྒྱ་ཆེ་བས། ད་དུང་གསན་བསམ་བསྒོམ་པ་རྒྱ་ཆེར་མཛད་དེ་ཐུབ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི་བསྟན་པ་རིན་པོ་ཆེའི་གསོས་སུ་འཆད་རྩོད་རྩོམ་པའི་ཕྲིན་ལས་བཟང་པོ་ཟླ་བ་ཡར་ངོ་དང་དབྱར་གྱི་ཆུ་གཏེར་ལྟར་གོང་ནས་གོང་འཕེལ་གྱི་ཐུགས་དམ་རྡོ་རྗེའི་རི་བོ་སུས་ཀྱང་གཡོ་བ་མེད་པའི་ཁུར་བཞེས་པར་ནན་ཏན་གསོལ་བ་འདེབས་ཤིང་། དེ་ལྟ་བུའི་བཞེད་དོན་གོང་འཕེལ་འགྲུབ་ཕྱིར་བདེན་ཚིག་གི་ཤིས་བརྗོད་ཀྱང་སྨྲས་པ། མཆོག་གསུམ་རྩ་གསུམ་དམ་ཅན་བསྲུང་མར་བཅས། །སྐྱབས་འོས་རྒྱ་མཚོའི་མཐུ་བྱིན་རྨད་བྱུང་གིས། །སྤྲུལ་པའི་སྐུ་མཆོག་བསྐལ་བརྒྱར་ཞབས་བརྟན་ཞིང་། །ཕྲིན་ལས་ས་ཆེན་ཡོངས་ལ་ཁྱབ་པར་ཤོག །མཁྱེན་རབ་སྣང་བ་མཁའ་དང་མཉམ་པར་འཕེལ། །འཆད་རྩོད་ཆོས་ཆར་འཇིག་རྟེན་ཀུན་ཏུ་ཁྱབ། །རྒྱལ་བསྟན་སྙིང་པོའི་ཆོས་ཀྱི་རྒྱལ་མཚན་བསྒྲེངས། །རྟག་ཏུ་དགེ་ལེགས་བཀྲ་ཤིས་རྒྱས་གྱུར་ཅིག །ཞེས་ཞུ་མཚོན་ལྷ་རེག་རབ་དཀར། །སྐུ་རྟེན་འཆི་མེད་པདྨ་ཀཱ་རའི་སྣང་བརྙན་གསར་པ། གསུང་རྟེན་བཀའ་གདམས་གླེག་བམ། ཐུགས་རྟེན་རྡོ་རྗེ་དྲིལ་བུ། འཇམ་དབྱངས་བློ་འཕེལ་རིལ་བུ། མན་ཇུས་བུབ་བཅས་འཇམ་དབྱངས་རྣམ་པར་རྒྱལ་བས་གུས་པས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །ཅེས་དང་། རྗེ་བླ་མ་འདི་ཞེ་ཆེན་སྒྲུབ་སྡེར་སྐུ་མཚམས་བཞགས་པའི་སྐབས་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་ཕེབས་ཏེ་འཇམ་མགོན་བླ་མ་ཡབ་སྲས་ཐུགས་རྒྱུད་ལ་རྟོགས་པ་འཁྲུངས་ཚུལ་གྱི་ཞལ་འཕྲོས་ཞག་དུ་མར་མཛད་ནས་ཕྱིར་ཕེབས་སྐབས་ཉེ་གནས་བླ་མ་འོད་གསལ་ནས་རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེ་ཐུགས་དམ་རྟོགས་པ་ཇི་ལྟར་ཞུས་པས་སྐུའི་སྐྱེ་བ་དུ་མར་གོམས་པའི་སྔོན་སྦྱངས་ལས་ཚེ་གཅིག་ཏུ་སྒོམ་པས་ཉམས་རྟོགས་དེ་ཙམ་སུ་ལའང་སྐྱེ་བར་དཀའ་ངེས་ཞེས་སོགས་གསུངས་པ་རྣམས་རྗེས་འཇུག་སྤྲོ་བ་བསྐྱེད་པའི་སླད་དུ་བཀོད་པ་ཙམ་ལས་རྗེ་འདིའི་སྐུ་གསུང་ཐུགས་ཀྱི་མཛད་པ་གང་ལ་བརྟག་ཀྱང་དམ་པའི་སྐྱེས་བུར་གྲགས་ཤིང་གྲུབ་པ་ཉིད་ལ་མང་དུ་བརྗོད་པས་ཅི་ཞིག་བྱ་སྟེ་རང་ཉིད་ངལ་བའི་རྒྱུ་ཙམ་དུ་ཟད་དོ། །དེ་སྐད་དུའང་གསོལ་འདེབས་ལས། བརྟན་པའི་འཁོར་ལོ་ཐུགས་ཀའི་དབུས་སུ་སྦས། །མཚོ་བྱུང་མགྲིན་པ་ལོངས་སྤྱོད་རྒྱན་དུ་རོལ། །མི་བརྗེད་གཟུངས་ཐོབ་སོ་སོ་རིག་བཞིར་དབང་། །མཁས་པའི་གཙུག་རྒྱན་དམ་པར་གསོལ་བ་འདེབས། །བཅས་དང་རང་བཞིན་ཉེས་པས་མ་གོས་ཤིང་། །ཆོས་བརྒྱད་འཁྲུལ་པའི་འདམ་རྫབ་གཞར་མི་མཛའ། །ཆོས་ཀུན་སྒྱུ་མའི་འཁྲུལ་འཁོར་ལྟ་བུར་གཟིགས། །བཙུན་པའི་རྗེ་བོ་དམ་པར༴ རྟག་པར་གཞན་དོན་ཁུར་ཆེན་ཁྱེར་བ་དང་། །ཕྲིན་ལས་ཐམས་ཅད་གཞན་ཕན་འབའ་ཞིག་སྣང་། །རྫོགས་སྨིན་སྦྱངས་པས་གཞན་དོན་ཕ་རོལ་ཕྱིན། །རྒྱལ་སྲས་འདྲེན་པ་བཟང་པོར༴ །མཁྱེན་པའི་ཡེ་ཤེས་ལྷ་ལམ་ལྟར་ཡངས་ཤིང་། །བརྩེ་བའི་ཐུགས་རྗེ་ཉི་ཟླའི་འོད་བཞིན་གསལ། །ནུས་པ་དབང་པོའི་རྡོ་རྗེ་ལྟར་བརྟན་པས། །རིགས་གསུམ་དངོས་སྣང་བླ་མར༴ །འཆད་ཚེ་ཚིག་དོན་གོང་འོག་འཁྲུགས་པ་དང་། །ཟློས་དང་ཉམས་སོགས་སྐྱོན་ཀུན་སྤང་བ་ཡིས། །བློ་གསལ་ཀུན་དགའི་རྣ་བའི་རྒྱན་དུ་གྱུར། །དབྱིག་གཉེན་གཉིས་པར་སྟོན་ལ་གསོལ༴ །ངན་རྟོག་དུག་ཆུས་རབ་མྱོས་ལོག་རྟོག་མིག །ཁྲག་མདོག་ཁེངས་པའི་དྲེགས་ལྡན་སྡེར་ཅན་ཚོགས། །ཡང་དག་ལྟ་བའི་གངས་རི་ལ་གནས་པའི། །སྨྲ་བའི་སེངྒེས་བཅོམ་ལ༴ །རྩོམ་ཚེ་བླ་མ་ལྷ་ཡི་ལུང་གིས་བསྐུལ། །བརྩེ་བས་ཉེར་དྲངས་སྔ་རབས་བཞེད་གཞུང་གསལ། །སྡེབ་ལེགས་འབྲེལ་ཆགས་ནོར་བུའི་རྒྱན་ཕྲེང་གིས། །ཐུབ་བསྟན་གསལ་བར་མཛད་ལ༴ །ལུང་གི་བསྟན་པའི་སྙིང་པོ་རྡོ་རྗེ་ཐེག །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གདམས་པ་དང་། །སྔ་འགྱུར་བཀའ་གཏེར་སྨིན་གྲོལ་འཆད་སྤེལ་གྱིས། །བསྟན་པའི་སྲོག་རྩ་འཐུད་ལ༴ །ཆོས་ལྟར་བསྙད་པའི་རྣམ་གཡེང་འདུ་འཛི་དང་། །ཆེན་པོའི་ངོ་བསྲུང་ལ་སོགས་ཐག་བསྲིངས་ཤིང་། །འདོད་ཆུང་ཆོག་ཤེས་ཉམས་ཆུང་ཁོ་ནར་བཞུགས། །བྱ་བྲལ་ཀུན་སྤང་ཆེན་པོར༴ །རྟོགས་པའི་བསྟན་པར་སྒྲུབ་པའི་རྒྱལ་མཚན་འཛུག །སྐུ་ཚེ་དེ་ལ་མཆོག་དངོས་མངོན་དུ་མཛད། །སྒོམ་པའི་ཕྱག་རྗེས་ཟབ་གསུང་ཐང་མར་བརྡལ། །ཀུན་མཁྱེན་བླ་མ་མཆོག་ལ༴ །ཅེས་དོན་བསྡུ་བའོ། །མཁས་མཁས་མདོ་སྔགས་རྒྱ་མཚོའི་གླེགས་བམ་ཆེ། །སྔ་འགྱུར་ངེས་དོན་སྙིང་པོའི་ཤིང་རྟ་མཆོག །མཁས་མཁས་འཇམ་དཔལ་གཞོན་ནུ་དགེ་བའི་བཤེས། །ངུར་སྨྲིག་གར་རོལ་ཁྱོད་ལས་གཞན་སུ་ཞིག །བཙུན་བཙུན་སྡོམ་གསུམ་ཉེས་དྲིའི་གཡའ་རྣམས་སེལ། །དྲི་མེད་དག་ཅིང་གཙང་བའི་དྭངས་ཤེལ་བཞིན། །བཙུན་བཙུན་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཆེ། །འཇམ་དབྱངས་བླ་མ་མཁས་གྲུབ་རྒྱ་མཚོའི་སྡེ། །བཟང་བཟང་རྒྱལ་སྲས་འཕགས་པ་ཀུན་ཏུ་བཟང་། །གང་གི་རྣམ་པར་ཐར་པའི་རྗེས་འགྲོ་བ། །སྐྱབས་གཅིག་དཔལ་ལྡན་བླ་མ་རྒྱལ་སྲས་གཙོ། །བཟང་བཟང་བློ་གྲོས་རྒྱ་མཚོའི་སྤྲིན་དེར་བསྔགས། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དཔལ་ལྡན་བླ་མའི་རྣམ་ཐར་ལས། གཉིས་ཀའི་དོན་དུ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཆ་ཙམ་བསྙད་ཅིང་སློབ་ཚོགས་ཇི་ལྟར་བྱུང་བ་བཅས་གླེང་བའི་སརྒ་སྟེ་བཞི་པའོ།།

།།ད་ནི་བསྟན་འགྲོའི་བསོད་ནམས་ཀྱི་མགོན་དུ་བྱ་བ་ལས་ཀྱི་འཁོར་ལོས་ཕན་བདེའི་དགེ་ལེགས་སྤེལ་བའི་མཛད་ཕྲིན་ཇི་ལྟར་གནང་ཚུལ་གྱི་ཚུལ་ཅུང་ཟད་བསྙད་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་རང་དོན་དུ་སྤང་རྟོགས་ཡོན་ཏན་རྒྱ་མཚོར་དབང་འབྱོར་བས་གཞན་དོན་སྒྲུབ་པ་ལ་དངོས་སུ་འཇུག་པའི་མཐུ་ནུས་དང་ལྡན་པ་ན་ཇི་ལྟར་དམྱལ་མེ་བཟོད་པར་དཀའ་བའི་གནས་སུའང་ཐེ་ཚོམ་མེད་པར་འཇུག་པ་དང་། དབུ་དང་ཡན་ལག་སྦྱིན་པ་ལའང་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྡན་པའི་ཐབས་མཁས་ཀྱི་སྤྱོད་པ་རྒྱ་ཆེན་པོས་གདུལ་བྱ་རྣམས་འདུལ་བར་མཛད་པ་ནི་རྗེ་བླ་མའི་སྐུ་ཡི་སྐྱེ་བའི་ཕྲེང་བ་དག་དང་མ་དག་ཅིར་ཡང་འཕྲུལ་ཞིང་སྟོན་པ་རྣམས་ཀྱི་སྐབས་སུ་འགྲོ་དོན་རླབས་ཆེར་སྤྱད་དང་སྤྱོད་འགྱུར་ལ་བྱིས་བློས་གཞལ་བར་དཀའ། ཚུར་མཐོང་ཕྱོགས་རེའི་ངོར་མཛད་པའི་ཕྲིན་ལས་སྐུ་ཚེ་འདི་ལ་གཙོ་བོར་བསྟན་པའི་སྙིང་པོ་ལུང་རྟོགས་གཉིས་ལས་ལུང་གི་ཆོས་ལ་འཆད་ཉན་སྔར་སྨོས་མ་ཐག་པ་དང་། གཙོ་བོར་རྟོགས་པའི་བསྟན་པ་རིན་པོ་ཆེ་སྤེལ་བ་སྟེ། ཀུན་མཁྱེན་བླ་མས། ལྟ་བའི་ཡང་རྩེ་རྫོགས་ཆེན་ཨ་ཏི་རྟོགས། །སྒོམ་པའི་མིང་མེད་ལྟ་བའི་ངང་དུ་གྲོལ། །སྤྱོད་པའི་རྒྱལ་པོ་སྒྲུབ་པའི་རྒྱལ་མཚན་བཙུགས། །ད་ནི་སྤྲང་པོ་ཤི་ཡང་འགྱོད་པ་མེད། །ཅེས་དང་མཁྱེན་བརྩེའི་འོད་ཟེར་གྱི་དོ་ཧ་ལས། བདག་ཅག་ས་ལམ་མཐོན་པོ་རུ། །སོན་པའི་ཁས་ལེན་མ་མཆིས་ཀྱང་། །མདོ་སྡེ་དྲན་པ་ཉེར་བཞག་ནས། །ཆོས་གཏེར་ཆེན་པོ་བརྒྱད་གསུང་པའི། །དོན་ལ་རྟོན་པ་གང་ཞིག་གི། ལས་དང་དངོས་གྲུབ་སྒྲུབ་པ་ལ། །བསླུ་བ་མེད་པའི་སྐྱེས་ཆེན་ཡིན། །ཅེས་གསུངས་པ་ལྟར་སྙིང་པོའི་དོན་ལ་རྩེ་གཅིག་ཏུ་གཞོལ་བ་ལ་ཐེག་མཆོག་འོད་གསལ་རྡོ་རྗེ་སྙིང་པོའི་དགོངས་པའི་རང་རྩལ་ཡོངས་སུ་རྫོགས་པས་ལམ་རྟགས་མཐོན་པོར་གཤེགས་པ་ལྕེ་བཙུན་ཆེན་པོ་དང་། རྣལ་འབྱོར་དབང་ཕྱུག་མི་ལ་རས་པ་ལྟ་བུའི་གོ་འཕང་བརྙེས་ཀྱང་རང་གི་ཡོན་ཏན་ས་འོག་གི་གཏེར་བཞིན་སྦས་ཤིང་གཞན་དོན་ལ་བསྙད་པའི་དཀོར་ནག་སྡུད་པ་དང་། གདུལ་བྱ་གྲོང་ཆོག་རྟེན་བཞེངས་སྐབས་སོགས་མི་ཕེབས་ཀ་མེད་བྱུང་བ་ལས་ཕལ་ཆེར་སྐུ་མཚམས་ཁོ་ན་བཞུགས་ཤིང་དད་རྫས་ཀྱི་འབྱོར་པ་དང་དཀོར་སྡུད་རིགས་ལ་ཐུགས་འཚེར་ཤིན་ཏུ་ཆེན་པོ་གནང་ཡང་། སེར་སྣ་མེད་ཅིང་འདོད་ཆུང་ཆོག་ཤེས་ཅན་དང་རང་སྣང་དབང་དུ་འདུས་པ་རྣམས་ལ་ཡོ་བྱད་ཕོངས་པ་མེད་པ་འབྱུང་བ་ཆོས་ཉིད་ཡིན་གཤིས་བྱོན་བཞུགས་གང་གི་སྐབས་སུའང་ལོངས་སྤྱོད་ཀྱི་གྲུ་ཆར་འབད་མེད་དུ་འཇོ་བ་རྣམ་ཐོས་བུའི་བང་མཛོད་ཁ་ཕྱེ་བ་ལྟ་བུ་ཞིག་ཡོད་པ་ལས་རྙེད་པས་རྙེད་ཚོལ། ཁ་བསགས་གཞོག་སློང་སོགས་དང་། བརྒྱ་བཤིག་སྟོང་འགུགས་ཀྱི་ཚོང་དང་གཡོ་སྒྱུས་འཕྲུལ་འཁོར་གྱི་ཤ་ཐང་ཆད་ཆད་དུ་ཚོལ་དགོས་པ་མ་ཡིན་ཏེ། འཇམ་དབྱངས་བླ་མས། གང་ཞིག་ཉུང་ངུས་ཆོག་ཤེས་པ། །དེ་ཡི་ལོངས་སྤྱོད་ཟད་མི་ཤེས། །ཅེས་གསུངས་པ་ལྟར། སྔོན་བསྐལ་པ་མང་པོའི་གོང་རོལ་ནས་སེམས་ཅན་གྱི་དོན་ལ་དགོངས་ནས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པའི་འབྲས་བུ་ལ་བདག་གིར་སྤྱོད་ནས་བསྡུ་བ་རྣམ་པ་བཞིས་སྒོ་ནས་གཞན་དོན་སྒྲུབ་པ་ནི། མདོ་སྡེ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། །བདག་གི་རྗེས་སུ་འཇུག་རྣམས་ཀྱི། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཅེས་སྙན་པར་སྨྲ་བའི་སྦྱིན་པས་མགུ་ནས་སོ་སོའི་རྒྱུད་ཚོད་དང་མཐུན་པའི་དམ་ཆོས་སྟོན་པ་དང་། ཆོས་ཐོས་ཀྱང་ཐོས་དོན་ཉམས་སུ་མི་ལེན་པ་ལ་ཐབས་ལ་མཁས་པའི་ཁྱད་པར་གྱི་སྒོ་ནས་དེ་ལེན་དུ་འཇུག་པ་དང་། གཞན་དགེ་བ་ལ་འཇུག་པའི་ཆེད་དུ་རང་ཉིད་དགེ་བའི་བྱ་བ་ལ་འབད་རྩོལ་གྱིས་འཇུག་པ་དང་བཞི་པོ་འདི་ལ། རྗེ་བླ་མ་རིན་པོ་ཆེ་འདི་ཉིད་ཀྱིས་ཕྱག་ལེན་དུ་བཏབ་པ་གནང་ཞིང་། དེ་ཡང་མཆོག་གསུམ་རིན་པོ་ཆེ་ལ་བརྟེན་པའི་བསོད་ནམས་ཀྱི་ལས་ནི། ཚོགས་བསགས་ཐམས་ཅད་ཀྱི་རྒྱལ་པོ། དགེ་ཚོགས་བྱིན་འཕེལ་རླབས་ཆེ་བ་སྟེ། དེ་ཡང་། ཇི་སྐད་དུ། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །གློ་བུར་ནད་པ་ལ་སོགས་དང་། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་འབྱུང་བའི་ཡ་གྱལ་དགེ་འདུན་བཞུགས་པའི་གཙུག་ལག་ཁང་ནི་སྐྱབས་རྗེ་རབ་འབྱམས་ལྔ་པ་ཀུན་བཟང་བསྟན་པའི་ཉི་མ་དང་། སྐྱབས་མཆོག་རྣམ་གཉིས་བཀའ་བགྲོས་ཏེ། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོའི་གཙུག་ལག་ཁང་ཀ་བ་སོ་དྲུག་རྒྱ་མཐོང་ཀ་རིང་དྲུག་གི་མལ་གྱི་སྲ་བརླིང་སྒྲོས་ལེགས་ཅན་ཀ་གདུང་སོགས་ཚོན་རྩི་དང་ནང་འཁོར་རས་གཞི་ལ་ལྡེབ་བྲིས་རྣམས་ཚོན་མདངས། གསེར་འགྲོས་སོགས་ཞིབ་ཚག་དང་། མེ་སྟག་ལོར་ཕུན་ཚོགས་ཡོངས་འདུས་ཀ་བ་བརྒྱ་དང་བཅུ་དགུ་ཐོག་བརྩེག་བཞི་པ་གཟིམ་སྐྱིལ་སོགས་ནང་བཅད་དཔྱད་ཡུལ་ཕུན་སུམ་ཚོགས་པ་དང་། ཚོན་དབྱིས་སོགས་གང་ཅིར་གཟབ་ཁྱད་ཐོན་པ་འདི་གའི་སྐབས་སུ་སྡེ་དགེ་ཨར་མི་སུམ་ཅུ་གླིང་ཚང་ནས་ཉི་ཤུ་མངག་བྱུང་བ་ལས། གཞན་གླ་རྔན་ཕོག་ཆས་སྤྲོད་ནས་བཞེངས་པ་ལས་མི་སེར་ཁྲལ་འདེད་ཞུ་བསྐུལ་གཏན་ནས་མ་མཛད་ཀྱང་ཀུན་གྱི་ཡིད་སྨོན་དུ་གྱུར་ཅིང་དཔེ་བྱར་འོས་པར་གྲུབ་ཅིང་། བསྟན་པའི་རྩ་བ་དམ་ཆོས་འདུལ་བ་གཞི་གསུམ་གྱི་དབྱར་གནས་ཐོག་མར་མཁན་ཆེན་བླ་མ་པདྨ་དམ་ཆོས་འོད་ཟེར་གྱི་བཀའ་ཕེབས་བཞིན་མེ་ཁྱི་ལོར་དབུ་འཛུགས་ནས་མཁན་པོ་བླ་མ་རང་གྲོལ་དབུར་བཞུགས། འཁར་པ་དགེ་འདུན་གྱིས་སྦྱིན་བདག་བྱས་ནས་རྟེན་ཐེབས་རྡིལ་ཚད་དྲུག་ལྷག་དང་། ཆུ་རྟ་ལོར་བཀའ་མའི་སྒྲུབ་མཆོད་དཀྱིལ་འཁོར་དྲུག་གསར་འཛུགས་དང་། ཁྲོ་བོའི་རྩ་འཆམ་སོགས་སྔོན་ནས་ཡོད་པ་ལས། མཁས་དབང་རྡོ་རྗེ་རབ་བརྟན་གྱིས་ཐིག་རྡུལ་ཚོན་དང་ཆོ་གའི་ཆིངས་ཕྱག་ལེན་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་སྲོལ་མ་ནོར་བར་ཁྲིད་ཅིང་། རྟེན་ཐེབས་རྡིལ་ཚད་དྲུག་དང་། རྒྱ་སྲང་ཉེར་ལྔ་ཁལ་སོ་བདུན་བཅས་སྐྱབས་མཆོག་རྣམ་གཉིས་ནས་རྟེན་བཞག་དང་། ས་སྤྲེལ་ལོའི་དགུན་ཀ་སྐྱབས་མགོན་རབ་འབྱམས་ལྔ་པ་འགུ་ལོག་དབང་ཆེན་སྟོད་དུ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཆོས་སྦྱིན་རྒྱ་ཆེར་གནང་བའི་རྗེས་ཐོག་ཏུ་ས་བྱ་ཟླ་བ་གསུམ་པའི་ཚེས་བཅུ་གསུམ་ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བས་གཤེགས་རྗེས་སྐུ་གདུང་རིན་པོ་ཆེའི་ཞབས་འདེགས་དང་དགོངས་རྫོགས་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོ་བར་གནང་ཞིང་། ཆུ་གླང་ལོར་རྒྱ་མིའི་ཟིང་ཆ་བྱུང་སྐབས་ཞེ་ཆེན་བླ་བྲང་ལོངས་སྤྱོད་སོགས་གང་ཅིའི་ཉམས་ཕྲར་གྱུར་པ་རྗེ་རང་གི་སྐུ་དབོན་དགེ་ལེགས་རྒྱ་མཚོར་ཕྱག་མཛོད་དུ་བསྐོས་བཞག་གནང་། རབ་འབྱམས་ལྔ་པའི་སྐུ་སྐྱེ་མགོ་ལོག་ཨ་ཁྱུང་སྦྲ་སར་དཔོན་ཚང་ལ་སྐུ་བལྟམས་པ་ཤར་ཀའི་ལམ་སྲོལ་དང་། འཁྲུངས་གཞིས་དཔོན་ཆེ་ཁག་གི་འགྲོས་བསྟུན། ཐོག་མའི་སྙན་ཞུ་བསླུ་ཡོན། ཁྲི་སྟོན་སྐབས་གསོལ་ཞབས་ལེགས་འབུལ་སོགས་དཔོན་ཚང་སྐུ་ཉེ་སྐུ་འཁོར་ཚང་གཏོགས་དང་བཅས་པར་ཁྱོན་དྲིལ། རྟ་ཕོ་རྒོད་བཅུ་ཕྲག་ལྔ་ལ་གསུམ་གྱིས་ལྷག་པ། འབྲི་ཁལ་བརྒྱ་སོ་དྲུག །གཅན་ཤུན་སོ་དགུ། རྒྱ་སྲང་ལྔ་བཅུ་ང་བདུན། གོས་ཆེན། ཕྲུག་སོགས་དངོས་རྫས་གྱ་ནོམ་པའི་ལེགས་འབུལ་གནང་བས་ཐམས་ཅད་དགྱེས་པའི་ཡང་རྩེར་སོན་པར་མཛད། ཁྲི་འབུལ་སྩོལ་བ་དང་སྦྲགས་ཚེས་བཅུའི་འཆམ་གཟིགས་ལ་རྫོགས་ཆེན་རིན་པོ་ཆེ་དཔོན་སློབ་སྐུ་འཁོར་བརྒྱ་ཁ་ལྷག་ཕེབས་པར་གསོལ་སྟོན་ལེགས་འབུལ་གཟབ་རྒྱས། བཀའ་མའི་སྒྲུབ་སྤྱི་རྐང་ཞན་པས་ཆེ་ཁལ་སྤུས་ལྡན་སུམ་ཅུ་སོ་བཞི་དང་། དགུ་ཆེན་ལ་ཁལ་ཉེར་ལྔ། བུམ་སྒྲུབ་སྤྱི་པར་ཁལ་ཉེར་ལྔ། ཚེས་བཅུ་ལ་ཆད་མཐུད་ཁལ་ཉེར་ལྔ་བཞག །གླང་ལོའི་བུམ་སྒྲུབ་ཕྱག་འཛུགས་དང་། ཤིང་ཡོས་ས་ཟླའི་བཀའ་བརྒྱད་སྒྲུབ་མཆོད་སྤྱི་གསར་བརྐོས་ལ་དངུལ་རྡིལ་ཚད་བརྒྱད། ཁལ་ཆེན་ཉེར་བརྒྱད། མཛོ་བཅུ་གཉིས། ཇ་འབྲུ་འཁོར་བཅུ། གཞན་དགོས་ཆས་ཕྲན་ཚེགས་རིགས་རྣམས་དང་། མི་ཕམ་རིན་པོ་ཆེའི་སྐུ་མཆོད་དཔོན་སློབ་བཞི་བཅུ་ཞེ་ལྔས་བདེ་ཀུན་རབ་གནས་རྒྱས་སྤྲོས་ཅན་ཉིན་གཉིས་ལ་ཐེབས་དངུལ་རྡིལ་ཚད་བཞིས་གཙོས་ཇ་མར་འབྲུ་དང་། སློབ་གྲྭ་གསར་བཞག་ལ་རྒྱ་རྡོ་ལྔ་དང་། བཞི་རུ། ཞེ་ཆེན་བླ་གཞུང་གཉེར་ཕྱག་ལ་རྩིས་ཐེབས་དངུལ་རྡིལ་ཚད་བཅུ་གཉིས། ཁལ་བརྒྱད་ཅུ། མཛོ་བཞི་བཅུ། རྟ་དྲེལ་བཅུ་བཞི། ཐུགས་སྒྲུབ་ཀྱི་རྟེན་དངུལ་རྡིལ་ཚད་གཉིས། ཚེས་བཅུ་ལ་དངུལ་རྡིལ་ཚད་གཅིག །རི་ཁྲོད་མགོན་བླ་དང་། དགོན་གཞུང་མགོན་བླ་ལ་ཕོག་རྟེན་རྒྱ་རྡོ་རེ་རེ། འདུ་ཁང་ཐིག་ཁང་གསར་འགེབ། དངུལ་གྱི་ཕུད་ཕོར་ཉེར་ལྔ་རྣམས་གསར་བཞེངས་དང་སྤངས་དག་ལན་གཅིག་མཛད་པའི་སྐབས་དམན་པ་བདག་ལྟ་བུ་ལའང་དངུལ་རྐྱང་རྒྱ་རྡོ་གཉིས་དང་། ནོར་ནག་སུམ་ཅུ། རྟ་བཞི། ཇ་འཁོར་བཅོ་བརྒྱད། མར་རྒྱ་གཅིག་བརྒྱ་བརྒྱད་ཅུ། ཟངས་དཀར་བཞི། ཕྱི་གླིང་མེ་མདའ་སོགས་ཀྱིས་མགོས་བཏེག་པའི་གནང་སྦྱིན་རྒྱ་རྡོ་ཉི་ཤུ་ཐམ་པའི་བབ་ནོན་ངེས་སྩལ་བ་དང་། ཙཱ་འདྲའི་འཇམ་མགོན་མཆོག་སྤྲུལ་མདུན་དང་། སྐྱབས་རྗེ་ཀཿཐོག་སི་ཏུ་རིན་པོ་ཆེའི་མདུན་དང་། ཟུར་མང་དྲུང་རིན་པོ་ཆེ་སོགས་ལ་རྟེན་བཞེངས་ཞལ་འདེབས་རྒྱ་ཆེར་ཕུལ་བའོ།

།ཁྱད་པར་དུ་མྱ་ངན་ལས་འདས་ཁར་སྔར་འཇམ་མགོན་མི་ཕམ་རིན་པོ་ཆེའི་བཀས་བསྐུལ་བ་དང་། ཀཿཐོག་སི་ཏུ་པཎ་ཆེན་གྱི་དགོངས་རྫོགས་དང་སྔར་ཡོད་སྒྲུབ་གྲྭ་བཅུ་གསུམ་བསྟན་དགྲ་ཉག་ཟིང་སྐབས་སྟོངས་པ་ཉམས་གསོས་དང་འབྲེལ་བཤད་སྒྲུབ་ཀྱི་གྲྭ་ཚང་མཁན་སློབ་བཅོ་ལྔ་མེ་སྟག་ཟླ་བ་དང་པོའི་ཚེས་བདུན་ནས་དབུ་འཛུག་པའི་བཞུགས་ཤག་བཅས་གྲུབ་པ་མཁན་པོ་གླིང་བླ་རིག་འཛིན་འོད་ཟེར་དང་། དེ་རྗེས་དཔལ་འཚོ་བླ་རབ་ཐམས་ཅད་ཞེ་ཆེན་ཁོངས་གཏོགས། བླ་སློབ་ཆོས་འབྲེལ་ཆེ་བས། ཕྱིན་ཆད་འཇམ་དཔལ་རྡོ་རྗེས་མཁན་པོ་མཛད་རྒྱུའི་ཐུགས་བཀོད་ཞལ་ཆེམ་གྱི་ཚུལ་དུ་གནང་བ་དང་། མཁན་སློབ་རྣམས་ལོ་གཅིག་གི་ནང་བསྙེན་སྒྲུབ་ཞག་བརྒྱ་ཤིན་ཏུ་དམ་པ་དང་། དེ་ལས་གཞན་རང་ལུགས་གཙོ་བོར་གྱུར་པའི་མདོ་སྔགས་འཆད་ཉན་གནང་རྒྱུའི་ཞལ་འདོམ་དང་། གསོལ་ཕོག་དགེ་རྩེ་ཨ་རིས། དཔོན་བསམ་འཕེལ་གྱིས་ལོ་གསུམ་ལ་རྒྱ་རྡོ་བཅོ་བརྒྱད་སྦྱར་བ་དང་། དེ་རྗེས་ཆད་ཉེར་སྐབས་རབ་འབྱམས་དྲུག་པ་དང་། གུ་ཎའི་སྐྱེ་སྲིད། རྗེ་དབོན་དགེ་རྒྱམ་དང་། ཞིང་སྐྱོང་། མཁན་པདྨ་འོད་ཟེར་རྣམས་ནས་བླ་མའི་དགོངས་རྫོགས་ལ་གལ་གནད་ཆེ་བར་སེམས་ཏེ་ཐབས་ཤེས་གང་དྲག་གིས་རྗེ་དབོན་ནས་རྡིལ་ཚད་ལྔ། མི་ཕམ་རིན་པོ་ཆེའི་རིགས་དབོན་འཇུར་ཆོས་དཔལ་ནས་རྡིལ་ཚད་ཕྱེད་ཉེར་གཉིས། འདན་དིལ་མགོ་མཆོག་སྤྲུལ་སྐུ་མཆེད་ནས་རྒྱ་རྡོ་གཅིག་བཅས་ཇི་སྲིད་བར་ཐེབས་འཇོག་སྦྱར་བས། བསྟན་པ་ཡུན་དུ་གནས་པའི་ཐབས་བླ་ན་མེད་པའང་སྐྱབས་རྗེ་ཉིད་ཀྱི་ཕྲིན་ལས་ཁོ་ནའི་མཐུའོ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་ཡང་ཕན་ཡོན་ཚད་མེད་པའི་འཇུགས་ངོགས་དང་། ལྷར་བཅས་འགྲོ་བའི་མཆོད་སྡོང་བསོད་ནམས་ཀྱི་ཞིང་དམ་པར་གྱུར་པ་སྣོད་བཅུད་ཀྱི་དཔལ་གཡང་མི་ཉམས་ཤིང་བརྟེན་པར་བྱེད་པ་དང་ས་ཡི་རྟེན་ཕུར་ཁྱད་པར་དུ་འཕགས་པ་སྟེ་སྙིང་རྗེ་པད་དཀར་མདོ་ལས། ཀུན་དགའ་བོ་ང་ལྟ་བུ་ལ་གནས། ང་ལྟ་བུ་ལ་བརྟེན་ཏེ་ཡོན་ཕུལ་ན་དེའི་བསོད་ནམས་ཀྱི་དཔེར་བྱ་བ་ཡང་སླ་བ་མ་ཡིན་ནོ། །ཞེས་དང་། དཀོན་མཆོག་ཏཱ་ལའི་མདོ་ལས། སྐུ་གཟུགས་དང་། མཆོད་རྟེན་བྱས་པ་དང་། དེ་མཐོང་བ་དང་། དེ་ལ་མར་མེ་སོགས་ཀྱིས་མཆོད་པས་འོད་ཟེར་གྱི་ཁྱད་པར་མཐའ་ཡས་པ་འགྲུབ་པའི་རྒྱུར་གསུངས་པ་སོགས་དེ་བཞིན་གཤེགས་པ་ཉིད་ཀྱི་བདེན་པའི་ཚིག་གིས་རབ་ཏུ་བསྔགས་པའི་རྟེན་གསུམ་བཞེངས་པར་མཛད་པའང་། འཇམ་མགོན་མི་ཕམ་རིན་པོ་ཆེས་རྙིང་དགོན་ཁག་འགའ་ཞིག་ལ་རྟེན་འབྲེལ་དགོས་གནད་ཁྱད་པར་ཅན་གྱི་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་དགོངས་དཔྱད་ཀྱི་བཞེངས་པར་བསྐུལ་བ་ལས་ཞེ་ཆེན་དུ་ས་ཡི་སྙིང་པོའི་སྐུ་བཞེངས་ན་སྣོད་བཅུད་ཀྱི་ཕྱཱ་གཡང་འཕེལ་བ་སོགས་དགོས་གནད་ཁྱད་པར་ཅན་དུ་བཀའ་ཕེབས་བཞིན་གསེར་ཟངས་གི་འཕགས་པ་ས་ཡི་སྙིང་པོ་བྱོན་ལེགས་སྒྲོས་ལྡན་ཐོག་ཚད་ལ་ཕྲ་རྒྱན་མང་ལ་སྤུས་ནམ་ལྡན་པ་ཤ་སྟག་དང་། འཇམ་མགོན་མི་ཕམ་ཆོས་རྗེའི་ཐུགས་དགོངས་བཞིན་གསེར་ཟངས་གི་རྗེ་བཙུན་འཇམ་དཔལ་དབྱངས་རྗེ་དེ་ཉིད་ཀྱི་ཐུགས་དམ་རྟེན་ཡེ་ཤེས་སེམས་དཔར་བཞུགས་པ་བདག་ཅག་གི་སྟོན་པ་དགུང་ལོ་བཅུ་དྲུག་པའི་སྐུ་ཚད་ཅན་ལ་ཕྲ་རྒྱན་ཁྱད་འཕགས། དེ་ཡི་དཀར་ཆགས་སྐྱབས་རྗེ་ཉིད་ཀྱིས་མཛད། དབོན་སྤྲུལ་སྐུ་ཕྲེང་གཉིས་པའི་གདུང་རྟེན་སྤྱན་གཟིགས་རྒྱང་མཐོ་བདུན་པ་ཟངས་གསེར་ལས་གྲུབ་པ་བཅས་ཀྱི་འཁོར་དུ་སངས་རྒྱས་ཀྱི་སྐུ་བརྒྱ་དང་ཉེར་གཉིས། སྒྲོལ་སྐུ་ལི་མ་དང་གསེར་སྐུ་འདྲེས་མ་བཅོ་བརྒྱད། ཙནྡན་གྱི་ཉེ་སྲས་བརྒྱད། གནས་བརྟན་བཅུ་དྲུག་སོགས་ཁྱོན་ཟངས་གསེར་དང་ལི་སྐུ་ཉིས་བརྒྱ་བཅུ་གསུམ། གསུང་རྟེན་ལ་བཀའ་འགྱུར། བསྟན་འགྱུར། རྙིང་རྒྱུད། མཛོད་ཆེན་རྣམ་ལྔ་སོགས་སྡེ་སྤར་ཇི་བཞུགས་རྣམས་ཆ་རེ། དཔེ་རྙིང་གསར་འབྱོར་དང་གསར་བྲིས་སྐོར་པོད་དྲུག་ཅུ་ཙམ། སྤར་དུ་བཞེངས་པ། གསང་སྙིང་འགྲེལ་སྤར་ཁབ་དང་། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ། ལམ་ཆེན་ལམ་ཆུང་། ཐུགས་ཐིག །དམ་ཚིགས་གསལ་བཀྲ་སོགས་དང་། ལོ་ཆེན་རིན་པོ་ཆེའི་བདེ་ཀུན་ཆོ་གའི་རྣམ་བཤད། སངས་རྒྱས་མཚན་འབུམ། ལས་སྒྲིབ་རྒྱུན་གཅོད། གཉུག་སེམས་དང་། ཟུར་དཔྱད་སྐོར། སྡེ་དགེ་དགོན་ཆེན་དུ་མི་ཕམ་རིན་པོ་ཆེའི་གསུང་རྗེ་ཉིད་ཀྱི་ཕྱག་རྫས་ཀྱིས་བཞེངས་པ་པོད་གྲངས་བཅུ་གཅིག་སྐོར། རྗེ་ཉིད་ཀྱི་གསུང་རྣམས་སྤར་བརྐོ་བཞེད་མེད་ཀྱང་། ཀོང་སྤྲུལ་ཡང་སྲིད་རིན་པོ་ཆེ་ངེད་ཅག་མཆེད་གྲོགས་ཀྱིས་ཅི་འགྲུབ་ཞིག་བཞེངས་ན་ལེགས་ཚུལ་གྱི་གྲོས་མོལ་དང་བྲག་ཡབ་བླ་མ་ཞིང་སྐྱོང་ལ་དོ་ཁུར་བགྱིད་རོགས་ཞུས་ཏེ། ཀོང་སྤྲུལ་ཡང་སྲིད་རིན་པོ་ཆེ་དབྱར་དགུན་གྱི་གདུལ་བྱ་ཐེངས་གཉིས་ལ་བྱོན་པའི་དངོས་རྫས་ཀྱིས་བཞེངས་འཕྲོས་གཅུང་དགེ་ལེགས་རྒྱ་མཚོས་ཐུགས་འགན་བཞེས་ནས་སྐྱབས་རྗེ་ཉིད་ཀྱི་ཕྱག་རྫས་ཀྱིས་བཞེངས་པར་མཛད་པ་ཁྱོན་པོད་བཅུ་གསུམ་བཞུགས་པ་རྣམས་དང་། ཐུགས་རྟེན་ལ་འཇམ་མགོན་མི་ཕམ་རིན་པོ་ཆེའི་གདུང་རྟེན་མཆོད་སྡོང་བཀྲ་ཤིས་འོད་འབར་རྒྱང་མཐོ་བདུན་པ་གསེར་དང་། ཕྲ་རྒྱན་སྒྲོས་རི་མོ་སོགས་གང་ཅིར་ཕུལ་དུ་བྱུང་བ་ཉིད་མཛད་ཀྱི་དཀར་ཆགས་བཞུགས་པ་རྣམས་དང་། དེ་ལྟར་བཞེངས་པའི་ཕན་ཡོན་ཡང་། དམ་ཆོས་པདྨ་དཀར་པོ་ལས། ལ་ལས་དེར་ནི་རིན་ཆེན་གཟུགས་བྱས་པ། །སུམ་ཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཅེས་སོགས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། སྟོང་གསུམ་རིན་པོ་ཆེས་བཀང་ནས་དེ་བཞིན་གཤེགས་པ་ལ་ཕུལ་བ་བས། བསྟན་པའི་མཇུག་དེང་སང་ལྟ་བུར་ཆོས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་འབྲི་བ་དང་། ཀློག་པ་དང་། གཞན་ལ་འཆད་པ་སོགས་ཕན་ཡོན་ཆེ་བར་གསུངས་པ་དང་། ཐུགས་རྟེན་བཞེངས་པའི་ཕན་ཡོན་འོག་ཏུ་འབྱུང་བ་ལྟར་རོ། །གཞན་ཡང་བསྟན་འགྲོའི་བདེ་སྐྱིད་འབྱུང་བའི་དོན་དུ་བདུད་རྩི་སྨན་སྒྲུབ་དང་། མྱོང་གྲོལ་རིལ་སྒྲུབས་སྔ་ཕྱི་དུ་མ་མཛད་ཅིང་དགོན་འདིའི་ཚེས་དུས་མཆོད་རྣམས་ལ་སྐུ་མཚམས་སྐབས་ལས་ཕལ་ཆེར་འཚོགས་སུ་བྱོན་པར་མཛད་ཅིང་། རིལ་སྒྲུབ་སྐབས་སུ་རིལ་བུ་འཕེལ་བ་དང་འཕུར་བ། སྨན་སྒྲུབ་དུས་གཟུངས་ཐག་ལ་འཇའ་རིས་འཁྲིགས་པ་དང་། གཏོར་མ་དང་སྨན་ལས་བདུད་རྩི་འབེབས་པ་སོགས་རྟགས་མཚན་ངོ་མཚར་ཅན་ནམ་དུ་ཡང་འབྱུང་། དེ་ཡང་རྒྱུ་ཤེས་པའི་མཚན་ཉིད་སྣང་སྲིད་དག་མཉམ་ཆེན་པོའི་ལྟ་བས་གཏན་ལ་ཕེབས་ནས་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལའང་མོས་སྒོམ་དང་ངེས་རྫོགས་ཀྱི་ཚུལ་གཉིས་ལས། མོས་སྒོམ་ཙམ་བྱས་པས་ཀྱང་ཕན་ཡོན་ཚད་མེད་པ་དང་། གསང་སྙིང་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་དང་། དགོངས་འདུས་ལས། བླ་མེད་ཐེག་མཆོག་སྙིང་པོའི་དོན་རྣམས་དང་། །གང་འབྲེལ་ཐམས་ཅད་སངས་རྒྱས་འགྲུབ་པའི་ཕྱིར། །འདི་གྲོལ་འདི་མ་གྲོལ་གྱི་རྣམ་དབྱེ་བྲལ། །འབྲེལ་ཚད་དོན་དང་ལྡན་ཞེས་དེ་ལ་བརྗོད། །ཅེས་སོགས་ཕན་ཡོན་རྒྱ་ཆེར་འབྱུང་བ་དང་། དགུངས་གྲངས་ཉེར་བདུན་པར་བྱ་ལོའི་ཟླ་བ་ལྔ་པར་དཔོན་གཡོགས་ཉུང་འགྲོས་གྱིས་རྫོང་ཤོད་དུ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཇལ་ནས་རིམ་བརྒྱུད་ཀྱིས་ཀརྨ་དགོན་སོགས་མཇལ་དབུས་རི་བར་བསྐོར་དང་། ཆོས་འཁོར་རྣམ་གསུམ་ལ་ཕྱག་མཆོད་སྨོན་ལམ་ཞིབ་རྒྱས་ཙཱ་རིའི་རྩེ་བསྐོར་དང་དུར་ཁྲོད་ལྷ་མོའི་བཞུག་གནས་ཀྱི་རི་རྩེ་ནས་བསང་དུད་ལྟ་བུའི་ལྟས་ཡ་མཚན་པ་བྱུང་། ལྷོ་གནས་རྒྱས་པ་མོན་དང་ཐུག་གི་བར་ཞབས་ཀྱིས་བཅག །ལོ་ཕྱེད་གཉིས་ཙམ་ལ་གུ་རུ་པདྨའི་སྒྲུབ་གནས་སོགས་སུ་རྟོགས་པའི་བོག་འདོན་ཕྱིར་ཕལ་ཆེར་ཆིབས་སྤངས་ཏེ་གནས་བསྐོར་ཞིབ་རྒྱས་དང་། རྫོགས་ཆེན་བླ་མ་ཡོན་ཏན་དཔལ་བཟང་གིས་སྦྱིན་བདག་མཛད་དེ་བསམ་ཡས་ཨཱརྱ་པ་ལོའི་གླིང་དུ་བདུད་རྩི་སྨན་སྒྲུབ་དང་། གནས་ཆེན་རྣམས་སུ་ཚོགས་བསྐང་བཤགས་སྒྲུབ་པ་སོགས་མང་དུ་མཛད། བྱོན་ཚུལ་རྒྱས་པ་རྗེ་བླ་མ་ཉིད་ཀྱི་གསུང་མཛད་འཕྲོ་ལུས་པ་ལམ་ཡིག་ཤེལ་དཀར་མེ་ལོང་དུ་གསལ་བ་ལྟར་དང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གནས་ལམ་བཀའ་ཤོག་གནང་བར་རྗེ་འདི་འཕགས་པའི་སྐྱེས་བུ་འབྲེལ་ཚད་དོན་ལྡན་ཡིན་ཅེས་བཀོད་པར་འདུག །རྒྱུན་དུའང་ཐབས་ཀྱི་ཆ་ཐམས་ཅད་ཁྱད་དུ་མི་བསད་པར་རྒྱལ་བའི་དུས་ཆེན་རྣམས་དང་སློབ་དཔོན་རིན་པོ་ཆེ་དང་རྗེ་ཉིད་ཀྱི་ཐུན་མིན་བླ་མ་རྣམས་ཀྱི་དུས་དྲན་མཆོད་པ་རྣམས་ལ་སྤོས་དང་མར་མེ་ཞལ་ཟས་ཚོགས་ཀྱི་མཆོད་པ་རྣམས་བཟང་ལ་གྱ་ནོམ་མཛད་དེ་རྗེ་ཉིད་དམ་གཞན་ལ་གསུངས་བསྐུལ་གྱིས་མཆོད་ཕྲེང་བསྔོ་སྨོན་སོགས་ཀྱི་ཚོགས་གཉིས་བརླབ་པོ་ཆེ་སྤེལ་བར་མཛད་པ་དང་སྣང་གསལ་གྱི་མཆོད་པ་སྔ་ཐོག་འབུམ་ཐེར་གཅིག་དང་། རྗེས་སུ་གྲངས་ཆེད་དུ་བརྩི་བར་མ་བྱུང་ཡང་ཤིན་ཏུ་མང་པོ་འབུལ་བར་མཛད་དོ།

།བོད་ཕྱོགས་ཕེབས་སྐབས་ལའང་རབ་འབྱམས་གོང་མས་བཀྲ་ནང་ཆིབས་སྐྱེལ་བྱོན་པའི་གཟིགས་སྣང་དུ་ལུང་ཁོག་ཐམས་ཅད་མི་དང་མི་མིན་གྱི་སྐྱེལ་མས་གང་གསུང་པ་རྗེ་འདི་པས་ཀྱང་དེ་ནུབ་གཟིམ་ལམ་དུ་དེ་བཞིན་བྱུང་གསུང་། བསམ་ཡས་སུ་སྨན་སྒྲུབ་སྐབས་སྨན་གྱི་ཕོ་བྲང་སྟེང་དུ་འཇའ་ཟུག་པ་ཡང་བརྟག་མཚན་རྗེ་ཉིད་ཀྱི་ལམ་གླུ་འདི་ལྟར་ཏེ། །ན་མོ་གུ་རུ། མཚན་དཔེའི་སྐུ་དངོས་མདོ་ཁམས་སྨད་ན་བཞུགས། །ཐུགས་ཀྱི་དགོངས་པ་དུས་གསུམ་རྒྱལ་དང་མཉམ། །ངོ་མཚར་སྙན་པས་འཛམ་གླིང་ཡོངས་ལ་ཁྱབ། །ཕ་མཆོག་བློ་གྲོས་མཐའ་ཡས་ཞབས་ལ་འདུད། །འཁོས་མེད་རོ་དང་འདྲ་བའི་ཉམས་ཆུང་ངས། །ཁམས་ཀོང་ལྷོ་མོན་དབུས་གཙང་ཆུ་བཞིན་ཉུལ། །ཨང་མཁོས་ཆོས་མཐུན་བྱ་བ་ཅི་ནུས་བསྒྲུབས། །བསམ་དོན་མཐའ་རུ་ཕྱིན་པའི་གླུ་ཞིག་ལེན། །རྒྱ་ཟོངས་དབུས་སུ་བྲིམ་པའི་ཚོང་སྐོར་དང་། །འདིར་སྣང་ཆོས་བརྒྱད་བསྒྲུབ་པའི་ཐོབ་སྐོར་གཉིས། །རང་གཞན་གཉིས་ཕུང་སྒྲུབ་པའི་ཁྲམ་སྐོར་གསུམ། །མ་ཡིན་བསམ་སྦྱོར་རྣམ་པར་དག་པས་ཕྱིན། །འདུན་མའི་རྩེ་མོར་གྱུར་པའི་གླུ་ཞིག་ལེན། །བྱ་བ་མཐའ་རུ་ཕྱིན་པའི་བྲོ་ཞིག་འཁྲབ། །རྟེན་མཆོག་ཁྱད་འཕགས་ཆོས་འཁོར་རྣམ་གསུམ་གཙོས། །ངོ་མཚར་གནས་རྟེན་གཙུག་ལག་བསྒྲངས་ཡས་མཇལ། །རླབས་ཆེན་ཚོགས་གཉིས་འབྲེལ་འཇོག་ཅི་ནུས་ཞུས། །དགེ་ཚོགས་གང་མཆིས་བསྟན་འགྲོའི་དོན་དུ་བསྔོས། །བྱ་བ་མཐའ་རུ་ཕྱིན་པའི་གླུ༴ །འདུན་མའི་རྩེ་མོར་གྱུར་པའི་བྲོ༴ །ཁྱད་པར་ཟན་ཡངས་དཔལ་གྱི་བསམ་ཡས་སུ། །བདུད་རྩི་སྨན་གྱི་སྒྲུབ་པའི་ཆོ་ག་བརྩམས། །བོད་ཁམས་ཡོངས་ལ་དགེ་བའི་རྟེན་འབྲེལ་བསྒྲིགས། །རྟེན་འབྱུང་ཤིས་པའི་མཚན་མ་ཅིར་ཡང་མཐོང་། །བྱ་བ་མཐའ་རུ་ཕྱིན་པའི་གླུ༴ །འདུན་མའི་རྩེ་མོར་གྱུར༴ །ས་སྤྱོད་འོག་མིན་ཨོ་རྒྱན་སྤྲུལ་པའི་ཞིང་། །སྨིན་གྲོལ་འདབ་སྟོང་བཞད་པའི་གླིང་མཆོག་ཏུ། །ཡེ་ཤེས་ཌཱ་ཀིས་ཟབ་རྒྱས་གདམས་པ་སྩལ། །བརྒྱུད་གསུམ་བླ་མའི་བྱིན་བརླབས་དགེ་མཚན་རྙེད། །བྱ་བ་མཐའ་རུ་ཕྱིན༴ །འདུན་མའི་རྩེ་མོར༴ །པད་དཀར་འཆང་བ་སྙིགས་འགྲོའི་སྐྱོབས་པའི་མགོན། །ཡོངས་སུ་གྲགས་པའི་རྒྱལ་མཆོག་རྣམ་གསུམ་གཙོས། །གསར་རྙིང་སྐྱེས་ཆེན་མང་པོ་གསེར་ཞལ་མཇལ། །དད་གུས་མོས་པའི་གསོལ་བ་ཡང་ཡང་བཏབ། །བྱ་བ་མཐའ་རུ་ཕྱིན༴ །འདུན་མའི་རྩེ་མོར༴ །སྐྱེས་ཆེན་རྣམས་ཀྱི་དགོངས་པ་ཆོས་ཀྱིས་བསྐངས། །དད་ལྡན་བློ་སྣ་ཆོས་ལ་ཅི་འགྱུར་བྱས། །སྐལ་མེད་འགྲོ་ལ་ཕན་པའི་སྨོན་ལམ་བཏབ། །རང་མཐོང་ང་རྒྱལ་མ་སྐྱེད་གཅོམ་སྐྱུང་བཏང་། །བྱ་བ་མཐའ་རུ་ཕྱིན༴ །འདུན་མའི་རྩེ༴ །བློ་གཏད་གཅིག་ཆོག་དཀོན་མཆོག་གསུམ་ལ་ཞུས། །རྒྱབ་བརྟེན་ཅི་སྒྲུབ་དགེ་བའི་ཕྱོགས་སུ་དྲིལ། །བསགས་སྦྱོང་ཐམས་ཅད་གནད་དུ་གང་འགྲོ་བྱས། །ལྷ་ཁ་འདྲེ་ཁ་མང་པོ་མ་རྩེས་སྐྱུངས། །བྱ་བ༴ །འདུན་མའི་རྩེ༴ །ལྷ་དང་བླ་མ་དགྱེས་པའི་དགེ་མཚན་གྱིས། །མ་དང་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས། །ཆོས་སྐྱོང་སྲུང་མས་ཕྱི་ནང་འགལ་རྐྱེན་བསལ། །ཆོས་མཐུན་བསམ་སྦྱོར་འབད་མེད་ལྷུན་གྱིས་གྲུབ། །བྱ་བ་མཐའ་རུ༴ །འདུན་མའི་རྩེ༴ །རྣམ་གཡེངས་འཛད་མེད་ཚོང་ཁྲོམ་མ་ཉུལ་བར། །ཡོ་བྱད་ལྷག་མ་དགེ་བའི་ཕྱོགས་སུ་གཏོང་། །ཚོགས་སྐོང་མཆོད་འབུལ་བཟང་འབྲེལ་ཀུན་ལ་བཞག །སྒྲུབ་གནས་ལྷ་ཁང་སྟོང་བསྐོར་མ་བྱས་ཙམ། །བྱ་བ་མཐའ་རུ༴ །འདུན་མའི་རྩེ༴ །ད་དུང་ཚེ་མཇུག་དམ་པའི་ཆོས་ལ་དྲིལ། །སྒོ་གསུམ་བྱ་སྤྱོད་བསྟན་འགྲོར་གང་ཕན་བགྱིད། །སྐྱིད་སྡུག་གང་བྱུང་རོ་སྙོམས་ལམ་དུ་ཁྱེར། །ད་ལྟ་ཤི་ཡང་མི་འགྱོད་བློ་བདེ་ཡིན། །བྱ་བ་མཐའ་རུ༴ །འདུན་མའི་རྩེ༴ །དགའ་བདེ་སྐྱིད་པའི་གླུ་ལེན་བྲོ་འཁྲབ་བཞིན། །རྒྱ་མཚོར་དོན་ཡོངས་གྲུབ་པའི་ཚོང་པ་ལྟར། །རྣལ་འབྱོར་དཔོན་སློབ་མདོ་ཁམས་ཡུལ་དུ་ལྡོག །དོན་གཉིས་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །དེ་སྐད་རང་བྱུང་སངས་རྒྱས་པདྨ་སྐྱེས། །གྲུབ་པའི་དབང་ཕྱུག་བུདྡྷ་ཛྙཱ་ན་སོགས། །དམ་པས་བྱིན་རླབས་སྒྲགས་ཀྱི་ལུང་སྟོད་དུ། །པདྨ་བི་ཛས་མཚར་གཏམ་བྲིས་པ་དགེ། །ཞེས་གསུངས་པ་ལྟར་རོ། །སྐབས་འདིར་འཕགས་ཡུལ་རྒྱ་གར་དང་བལ་ཡུལ་དུ་ཕེབས་པར་བཞེད་ནའང་ཡང་གྲྭ་སློབ་རྣམས་ཀྱིས་བཤོལ་བས་རྟེན་འབྲེལ་འཕྲོ་ཅན་དུ་གྱུར། མོས་ལྡན་རྣམས་ལ་ཞལ་མཇལ་གསུང་གི་རྗེས་སུ་བསྟན་པ། ཐུགས་ཀྱི་བྱིན་བརླབ། ཕྱག་དབང་སྔགས་མདུད། དམ་རྫས་ཀྱི་འབྲེལ་པས་ཀྱང་བཟང་འབྲེལ་ཚེ་གཅིག་སངས་རྒྱས་དང་། དམ་པ་འདི་ལ་ངན་སེམས་བགྱིས་པ་རྣམས་ཀྱང་ངན་འབྲེལ་འཁོར་བ་མཐའ་ཅན་དུ་འགྱུར་བར་གདོན་མི་ཟའོ། །དེ་སྐད་དུ་ཡང་གསོལ་འདེབས་ལས། རྡོ་རྗེའི་གནས་ཡུལ་ཀུན་ཏུ་རྒྱུ་བ་དང་། །དཔའ་བོ་ཌཱ་ཀིའི་ཚོགས་དང་དགྱེས་རྒུར་སྤྱོད། །བརྟུལ་ཞུགས་རིག་པའི་རྩལ་ཆེན་སྦར་བར་མཛད། །ཧེ་རུ་ཀཿདཔལ་མཆོག་ལ༴ །རང་གི་ཡོན་ཏན་ས་འོག་གཏེར་བཞིན་སྦེད། །གཞན་ལ་བསྟོད་བསྔགས་བསྐུར་བསྟིའི་རོལ་མོ་འཁྲོལ། །དད་པའི་རྫས་རྣམས་མཆོག་གསུམ་ཞིང་སར་གཏོང་། །བཤེས་གཉེན་གསེར་རིའི་ལྷུན་པོར༴ །དབང་བསྐུར་སྒྲུབ་ཆེན་མྱོང་གྲོལ་སྦྱིན་པ་སོགས། །གྲོལ་བ་བཞི་ལྡན་ཕྲིན་ལས་རླབས་ཆེན་བསྐྱངས། །རྟེན་གསུམ་བཞེངས་པ་འདུས་པའི་སྡེ་ཉམས་གསོས། །སྐྱབས་མཆོག་མཚུངས་མེད་ཞབས་ལ༴ །རིས་སུ་མ་ཆད་མཆོག་བར་དམན་པའི་འགྲོ། །བསྡུ་བ་རྣམ་བཞིས་ཡོངས་སུ་ཚིམ་པར་མཛད། །དམ་པའི་ཡོན་ཏན་པདྨའི་དགའ་ཚལ་དེར། །སྐལ་བཟང་རྐང་དྲུག་རོལ་ལ༴ །ཧཱ་རིའི་ཙནྡན་ལྗོན་པའི་དྲི་བསུང་བཞིན། །བླ་མའི་གསང་གསུམ་སློབ་མའི་རྒྱུད་ལ་བགོ། །བསླབ་གསུམ་ལུང་རྟོགས་དཔལ་གྱིས་མངོན་མཐོ་བའི། །སློབ་ཚོགས་སྨིན་པར་མཛད་ལ༴ །ཅེས་པས་དོན་བསྡུ་བ་སྟེ་གསོལ་འདེབས་འདི་ཡི་སྐབས་ཐོབ་ཀྱི་བསྟན་དོན་ཕལ་ཆེར་སྔར་ཡང་བཤད་ལ་ད་ལྟར་ཡང་བཤད་མ་ཐག་པའོ། །ཐུབ་བསྟན་གསལ་བའི་ཉི་མ་སྐྱེ་རྒུའི་མགོན། །བྱང་ཆུབ་སྤྱོད་པའི་ཕྲིན་ལས་མཐའ་ཡས་པ། །བྱིས་བློས་ཚད་དུ་བཟུང་བའང་ངལ་བའི་རྒྱུ། །འོན་ཏེ་མཛུབ་མོས་ནམ་མཁའ་མཚོན་པ་ཙམ། །རྒྱལ་བའི་ཆོས་མཛོད་འཛིན་པའི་རྒྱལ་བ་རྣམས། །མཉེས་པའི་མཆོད་སྤྲིན་འཛད་མེད་བདུད་རྩིའི་བུམ། །རྒྱལ་རྣམས་དགྱེས་པ་བསྐྱེད་ཕྱིར་རྒྱལ་བ་དང་། །མཚུངས་འདྲའི་བླ་མ་མཆོག་གི་ཕྱག་གིས་འབུལ། །མཛད་པའི་རྣམ་ཐར་འདི་འདྲར་མོས་བློ་ལས། །དད་གསུམ་སོར་མོས་བསྐུལ་ན་ཡི་རངས་གི། གླིང་བུ་ཕྱོགས་བྲལ་རྣ་བའི་བཅུད་དུ་སྙན། །ངེས་ལེགས་ཐར་པའི་རི་དྭགས་བདེ་བླག་འགུགས། །དེ་ཕྱིར་འདི་རྗེས་སློབ་ཅིག་བསྟན་འཛིན་ཚོགས། །ཆོས་བརྒྱད་སྒྱུ་མའི་གྲོང་གིས་མ་བསླུས་པར། །ཞི་བསིལ་ཐར་པའི་ཁང་བཟང་ཐེམ་སྐས་ལ། །འཛེགས་ན་སྐུ་གཉིས་གོ་འཕང་མྱུར་དུ་ཐོབ། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལས། བསྟན་དང་འགྲོ་ལ་ཕན་པའི་བྱ་བ་ལས་ཀྱི་འཁོར་ལོ་ཇི་ལྟར་བརྩམས་པའི་ཚུལ་གླེང་བའི་སརྒ་སྟེ་ལྔ་པའོ།།

།།ད་ནི་ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་ཏེ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པ་ཉུང་ངུའི་ངག་གིས་གླེང་བ་ལ། དེ་ཡང་འདྲེན་མཆོག་སྲིད་ཞིའི་ཉི་མ་འདི་ཉིད་རང་དོན་སྤངས་རྟོགས་ཀྱི་ཡོན་ཏན་རྒྱ་མཚོ་མཐར་ཕྱིན། གཞན་དོན་གདུལ་བྱ་ཡིད་ཅན་རྒྱ་མཚོ་སྨིན་ཅིང་གྲོལ་བར་མཛད་ནས་ཞིང་འདིའི་འགྲོ་བ་རྣམས་ཀྱི་ངོར་ཐ་མའི་མཛད་པ་སྟོན་ལ་ཉེ་བ་ན། སྐུ་ལ་བསྙེལ་བ་མི་མངའ་བའི་འཕགས་པའི་ཆོས་ཉིད་མངོན་དུ་མཛད་ནའང་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་རྡོ་རྗེ་ལྟ་བུའི་གཟུགས་ཀྱི་སྐུ་བཤིགས་པའི་ཚུལ་བསྟན་པར་བརྩམ་ཏེ། སྒྱུ་འཕྲུལ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་འདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །ཅེས་པ་ལྟར་དེ་ཡང་སེམས་ཅན་བསོད་ནམས་དམན་པ་དང་། བསྟན་པ་ལ་གེགས་ཆགས་ཆེ་ཞིང་ཁྱད་པར་རྙིང་བསྟན་རིན་པོ་ཆེར་སྒོས་ཆགས་བཟློག་མེད་ཀྱི་སྐབས་ལ་ཁེལ་བས་ཀཿཐོག་ཏུ་ཀུན་གཟིགས་སི་ཏུ་པཎ་ཆེན་ཞབས་པད་བརྟན་ན་རྗེ་འདི་ཡང་གདན་ས་དེ་ཉིད་དུ་ཕེབས་ནས་ནང་རྒྱུད་སྡེ་གསུམ་གྱི་འཆད་ཉན་རྒྱ་ཆེར་གནང་བའི་ཐུགས་བཞེད་ཡོད་ནའང་། སྔ་འགྱུར་བའི་བསོད་ནམས་ཀྱི་སྐལ་བར་མ་ཤོང་ནས་ཀཿཐོག་པཎ་ཆེན་ཞིང་གཞན་དུ་དགོངས་པ་དང་། སྐྱབས་མཆོག་རྡོ་པ་ཐམས་ཅད་མཁྱེན་པའང་བདེ་བར་གཤེགས་པ་སོགས་ཀྱི་གཏམ་ངན་སྙན་དུ་དེངས་པ་ན། ཐུགས་སྐྱོ་བ་ལྟར་མཛད། དེ་ཕྱིན་རྗེ་ཉིད་ཀྱང་ཞལ་རིང་དུ་མི་བཞུགས་པའི་གསུང་འཕྲོས་སྔ་རྗེས་ཡང་ཡང་གནང་བ་དང་། ཕྲན་ལྷ་གདན་ནས་སྟག་ལོར་ཕྱིར་འབྱོར་སྐབས་ཟླ་བ་བཞི་པའི་ནང་སྐོར་སྩལ་བའི་ཕྱག་བྲིས་ཞིག་ཏུ་རྗེས་སུ་བརྩེ་བའི་བསླབ་སྟོན་དང་། བན་རྒན་འཆི་བ་བསྒུགས་ནས་འདུག་ཡོད་ཅེས་ཕེབས་པའང་། དགོངས་པ་གཞན་དུ་གཏད་པའི་གསུང་དུ་གོ། སྐུ་གཤེགས་པའི་སྔ་ལོར་ཞེ་ཆེན་མདུན་རིའི་ཀླད་དུ་གཟིམ་སྦྲ་ཕུབ་སྟེ་ཟླ་བ་ཕྱེད་གཉིས་ཙམ་བཞུགས་ནས་སྐུ་མཚམས་གྲོལ་ཏེ་མཆོག་དམན་ཐམས་ཅད་ལ་ཞལ་མཇལ་ཆོས་འབྲེལ་སོགས་རེ་བ་རྫོགས་པར་བསྐང་ནས་སླར་རི་ཁྲོད་དུ་ཕེབས་སྔ་ཐོག་ཞིག་ཏུ་གསོལ་བ་མི་འཕྲོད་པ་ཞིག་བྱུང་རྐྱེན་གྱི་བསྙུང་རོ་རྒྱུན་དུ་ཡོད་པའང་འཕར་ལྡང་དང་། མེ་སྟག་ལོར་སྡེ་སྣོད་འཛིན་པའི་གཙུག་རྒྱན་མཁས་པའི་དབང་པོ་ཀུན་བཟང་དཔལ་ལྡན་ཆེད་དུ་ཕེབས་པ་དང་ལྷན་འཛོམ་གྱིས་འཇམ་མགོན་མི་ཕམ་རིན་པོ་ཆེའི་གཞུང་གི་མཆན་འགྲེལ་སྐོར་ལ་ལྗགས་ཞུས་ཐུགས་བརྩོན་ཆེན་པོ་རྗེ་རང་གིས་ཀྱང་མཛད་མཁན་བླ་མར་ཡང་བསྐུལ་འདེད་ཞུས་གནང་གིས་ཕལ་ཆེར་གྲུབ་ནས་ཆོས་མངོན་རིན་ཆེན་མཛོད་ཀྱི་མཆན་འགྲེལ་མཇུག་མ་རྫོགས་ཙམ་ལ་སྣྲོན་ཟླའི་ཚེས་བཅུ་ཆེན་མོའི་དུས་མཆོད་ཁེལ་བའི་སྐབས་དེར་མི་རྗེ་སྡེ་སྤྱི་ཐང་དཔོན་སྐུ་འཁོར་རྣམས་མཇལ་དུ་བྱུང་བར་ཚེ་དབང་སོགས་ཀྱི་ཐུགས་བཞེད་བསྐང་། ཚེས་བཅུ་གྲུབ་རྗེས་བྱང་ཕྱོགས་ནས་ཞལ་མཇལ་ཞུ་མཁན་རྣམས་ལ་ཆོས་འབྲེལ་དང་ཕྱག་དབང་སོགས་སྩལ་ནས་དེའི་རྐྱེན་གྱིས་སྐུ་གྲིབ་ཀྱི་རྣམ་པ་ལྟ་བུས་སྐུ་ལུས་ཕྱེད་གཡོ་འགུལ་མེད་ཚུལ་བསྟན་ནའང་ཐུགས་རིག་དྭངས་ཤིང་དགྱེས་སྤྲོའི་ཉམས་དང་བཅས་དྲུང་ན་གནས་པ་རྣམས་ལ་ཞལ་འཛུམ་དང་སྐུ་རྩེད་ཀྱི་རྣམ་པ་ཅིར་ཡང་མཛད་པས་སྡུག་བསྔལ་ལས་དབུགས་དབྱུང་བ་དང་། ཉིན་གཅིག་རྗེ་ཉིད་ཀྱི་ཐུགས་དམ་སྐུ་འདྲ་དང་། བྱིན་རྟེན་རྣམས་རབ་འབྱམས་མཆོག་སྤྲུལ་དབུས་དད་སློབ་རྣམས་ལ་སོ་སོར་གནང་། ཡང་ཕྱག་གཡོན་གར་སྟབས་དང་བཅས་ཏེ་བརྐྱང་བ་དང་། གསུང་གདངས་ཆེན་པོས་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡའི་སྔགས་བརྗོད་པ་དང་ཉེ་གནས་པས་གཏོར་སྒྲོམ་ནས་ཕུར་པའི་སྒྲུབ་རྟེན་ཕྱག་ཏུ་འབུལ་བ་ན། ཀཱ་ཡ་སིདྡྷི་སོགས་དང་སྦྲགས་སྐུ་ཡི་གནས་གསུམ་དུ་བཞེས་པར་མཛད་ནས་ཕྱིར་གནང་། ཆོས་སྐྱོང་གཏོར་མ་རྣམས་ཕྱི་རོལ་དུ་གཤེགས་པའི་བརྡའ་མཛད་བྱུང་བའང་དེ་བཞིན་ཉེ་གནས་པས་ཕུལ། རབ་འབྱམས་མཆོག་སྤྲུལ་མདུན་དུ་ཕེབས་པ་ན་ཕྱག་དབུར་བཞག་སྟེ་ཐུག་ཐུག་ལན་ཁ་ཤས་དང་གསུང་བརྡ་གུ་རུ་ལ་གསོལ་བ་ཐོབ་ཅེས་ལན་གསུམ་དུ་གདམས་པར་མཛད་པའང་ཐུགས་ཀྱིས་གཅེས་པར་འཛིན་པའི་བརྡའ་ཡིན་སྙམས། འཇམ་མགོན་གུ་ཎའི་ཡང་སྲིད་ཀྱིས་ཞབས་བརྟན་ཕུལ་བ་ན་ཐུགས་དགྱེས་ཉམས་དང་བཅས་ཚེ་འདའ་ཕྱག་ཏུ་བཞེས་ཤིང་ཚེ་རིལ་དྲུང་ན་གནས་པ་རྣམས་ལ་གནང་། མཁན་རིན་པོ་ཆེ་ཀུན་བཟང་དཔལ་ལྡན་ལ་རྗེ་ཉིད་ཀྱི་བསྟན་བཅོས་ཀྱི་ཐ་མ་སྔ་འགྱུར་བསྟན་རྒྱས་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་གི་འགྲེལ་ཆེན་དབུར་བཞག་ནས་ཐུགས་སྨོན་དང་དབུ་གཏུག་མཛད། མདུན་ཅོག་གི་གསེབ་ཏུ་སྨོན་ལམ་ཤོག་དྲིལ་ཞིག་འདའ་རྗེས་ནས་རྙེད་པ་བཀའ་འབུམ་དུ་བཞུགས་པའོ། །སྐབས་དེ་ཙམ་ན་ཉེ་བར་གནས་པ་རྣམས་ཀྱིས་ཆོས་སྡེ་ཁག་རྣམས་སུ་ཞབས་བརྟན་རིམ་གྲོ་རྒྱ་ཆེར་སྒྲུབ་པའི་ཡོན་ཕུལ་བ་དང་། ཆོས་སྡེ་ཉིད་ནས་ཉིན་མཚན་བར་མེད་དུ་ཞབས་བརྟན་རྒྱ་ཆེར་སྒྲུབ་ཅིང་། ཕྲན་གྱི་གམ་དུའང་གྲྭ་མངག་ཆེད་བཏང་སྔ་རྗེས་འབྱོར་བ་བསྙེན་མཚམས་ཞིག་ལ་གནས་པ་གློ་བུར་དུ་གྲོལ་ནས་ལམ་དུ་ཞུགས་ཀྱང་དངོས་སུ་མཇལ་བ་དང་གསུང་གི་བདུད་རྩིར་ལོངས་སྤྱོད་པའི་སྐལ་བ་ཆད་པ་ནི་རང་ཉིད་ལས་སྒྲིབ་ཆེ་བ་དང་། བསོད་ནམས་ཤིན་ཏུ་ཕྲ་བར་གྱུར་པ་ཉིད་དོ།

།དུས་ལ་བབ་ན་དཔག་བསམ་ཤིང་ཡང་འགྱེལ་ཟེར་བ་ལྟར་ཞབས་བརྟན་ཕུལ་བ་རྣམས་ཞལ་བཞེས་མ་གཏུབ་པར་མེ་སྟག་སྣྲོན་གྱི་ཟླ་བའི་ཚེས་བཅུ་དྲུག་ནང་པར་དགོན་ནང་ནས་རྒྱལ་མདོས་སོགས་འཕང་བ་དང་འཚུབས་ལྷོང་ལྟ་བུས་ཐོག་སེར་དྲག་པོའང་བྱས་སྐབས་རྗེ་བླ་མས་ཕྱག་གཡོན་པས་བསྡིག་མཛུབ་དང་། སྤྱན་ཟུངས་ལྟ་སྟང་དང་བཅས་ཏེ་ཡུན་རིང་པོར་དགོངས་པ་གཏད་པ་ནི་ནགས་ཕྱོགས་ཀྱི་ལྷ་སྲིན་ཀླ་ཀློ་རྣམས་དམ་ལ་འདོགས་ཤིང་བསྟན་འགྲོའི་བར་ཆད་བསལ་ནས་རྗེ་ཉིད་དཔལ་ཆེན་ཧེ་རུ་ཀའི་ཕྱག་རྒྱ་མངོན་དུ་མཛད་པའོ་ཞེས་པའི་བརྡའ་སྟོན་པའི་མཐར་སྤྱན་ཟིམ་བུར་སོང་བ་ཉེ་གནས་པ་སེམས་སྟབས་པོར་གྱུར་ནའང་ཡུན་རིང་ཙམ་གྱི་མཐར་སྔར་བཞིན་གྱུར་ནས་སྐུ་རྩེད་ཞལ་འཛུམ་གནང་། ཚེས་བཅུ་བདུན་གྱི་ནམ་སྨད་བཅོ་བརྒྱད་ཀྱི་སྐྱ་རེངས་དང་པོ་ཤར་བ་ཉེ་ཙམ་ལ་སྐུ་གཅེར་བུར་བསལ། ཕྱག་གིས་དབང་བཞི་མངོན་དུ་མཛད་པའི་བརྡའ་ཐབས་སྣ་ཚོགས་ཀྱི་མཐར་སྐུ་རྒྱབ་ཅུང་བསྙེལ་ནས་ཕྱག་གཡོན་པས་རྡོ་རྗེ་ཁུ་ཚུར་ཐུགས་ཀར་གཏད། གཡས་པའི་ཁུ་ཚུར་སྐུ་གཡས་པར་བརྟེན་པའི་ཚུལ་གྱི་གསུང་ཤིན་ཏུ་གསལ་བས་ཨ་གསུམ་བརྗོད་པ་དང་། སྐུ་དང་ཡེ་ཤེས་ལ་འཇུག་པའི་འོད་གསལ་སྦུབས་འཇུག་གིས་གདོད་མའི་ནང་དབྱིངས་ཀ་དག་ཁྱད་ཆོས་དྲུག་ལྡན་གྱི་གྲོལ་གཞི་སྐུ་གསུམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཤིན་ཏུ་ཕྲ་བའི་ཡེ་ཤེས་ནང་གསལ་ཐིམ་ལ་མ་རྨུགས་པའི་ཆོས་སྐུའི་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །ཀྱཻ་མ་ཀྱི་ཧུད་མགོན་པོ་གང་དུ་གཤེགས། །བདག་ཅག་རྣམས་ཀྱི་སྐྱབས་གནས་སུ་ལ་རེ། །ཐར་པའི་ལམ་མཁན་འདྲེན་པ་སུ་ཡིས་བྱེད། །བསྟན་པའི་སྲོག་ཤིང་སྟོར་བར་མ་གྱུར་རམ། །གླིང་བཞིའི་སྣང་བྱེད་ནུབ་པར་སུ་ཡིས་བཟོད། །བསྟན་འགྲོའི་བདེ་སྐྱིད་མུན་པར་གྱུར་པ་ལ། །ཁྱོད་ཐུགས་སྙིང་རྗེས་བརྩེ་བར་མི་འགྱུར་རམ། །སྙིགས་དུས་རྒུད་པའི་གདུང་བ་སུ་ཡིས་སེལ། །ཕ་གཅིག་མི་མངོན་དབྱིངས་སུ་གཤེགས་ལ་དགྱེས། །ལས་ངན་བདག་ནི་ཤུལ་དུ་ལུས་གྱུར་ན། །ཁྱོད་ཀྱི་ཐུགས་རྗེས་འདོར་བ་བཟོད་དམ་ཅི། །མ་རིག་མུན་སེལ་བླ་མ་རིན་པོ་ཆེའི། །སྐུ་ཡི་སྣང་བ་ཡིད་ལ་དྲན་པ་དང་། །ཞལ་བཞུགས་ཚེ་ན་གསུང་གི་རྣམ་པ་ཀུན། །ཡིད་ལ་དྲན་པས་བདག་ཡིད་ཤིན་ཏུ་སྐྱོ། །སྡུག་བསྔལ་ཀུན་སེལ་སྨན་པའི་རྒྱལ་པོ་ཡི། །ཡེ་ཤེས་སྐུ་མཆོག་ཡང་ཡང་བསྟན་དུ་གསོལ། །གསུང་གི་གདམས་པའི་ཆོས་ཆར་དབབ་ཏུ་གསོལ། །ཐུགས་རྒྱུད་དགོངས་པའི་བྱིན་བརླབས་འཕོ་བར་གསོལ། །བླ་མ་ཁྱེད་དང་མཉམ་པར་མཛད་དུ་གསོལ། །ཅེས་གུས་ཤིང་གདུང་བའི་སྨྲེ་ངག་ཀྱང་ཐལ་ལོ། །དེ་ཉིད་དུ་ཉེ་གནས་པས་བླ་གོས་ཀྱིས་སྐུ་ཡི་དཀྱིལ་འཁོར་འགེབས་ཅིང་། མཁན་ཆེན་རིན་པོ་ཆེར་སྙན་སྒྲོན་ཞུ་བར་ཉེ་གནས་པ་གཟིམ་ཁང་ནས་ཕྱིར་འོང་སྐབས་ལ་རྗེ་ཡི་གཟིམ་ཁང་སྟེང་ཉི་མ་ཤར་བ་ལྟ་བུའི་འོད་ཀྱིས་ཁྱབ་པ་དར་གཅིག་ན་མུན་པར་གྱུར་པ་དང་། མཁན་རིན་པོ་ཆེས་ཐུགས་ཡིད་བསྲེ་བའི་དགོངས་པར་རྒྱུན་རིང་ཙམ་བཞུགས། ཚེས་བཅུ་དགུ་ལ་ཕྲན་ཡང་འབྱོར་བས་གསང་རྒྱ་མ་གྲོལ་བས་གཟིམ་ཁང་ཕྱི་ཚོམ་དུ་གསོལ་འདེབས་དབང་བླང་གི་དམིགས་པ་ཡང་ཡང་ཐུགས་ཀློང་དགོངས་པའི་ངང་བསྐྱངས་ནས་ཅེམ་མེར་སྡད། དེའི་ཕྱི་ཉིན་གསང་རྒྱ་བཀྲོལ་ཏེ་སྐུ་གདུང་རིན་པོ་ཆེ་མཇལ་ཞིང་རྗེ་བླ་མའང་དབང་རབ་མཆོག་ཏུ་གྱུར་པས་གདུལ་བྱ་གཞན་དོན་ལ་དགོངས་ནས་སྐུ་ལུས་འོད་གསལ་ཆེན་པོར་དེངས་སུ་མ་བཞེད་ཙམ་ལས་སྐུ་ཚེ་དེ་ཉིད་ལ་གྲོལ་བ་ཡིན་སྟབས་ཐུགས་དམ་བཞུགས་མ་བཞུགས་སོགས་ཀྱི་གཉེར་ཁ་མི་དགོས་ཤིང་ལུས་རྒྱ་གྲོལ་མ་ཐག་གདོད་མའི་བཙན་ས་ཟིན་པ་དཔེར་ན་བུམ་པ་ཆགས་པའི་ནམ་མཁའ་ཕྱི་དབྱིངས་དང་རོ་གཅིག་ཏུ་འདྲེས་པ་བཞིན་བར་དོ་མེད་པར་གྲོལ་བའི་ལྟས་མངོན་དུ་གྱུར་ཅིང་ཐེ་ཚོམ་དང་བྲལ་བའི་ངེས་ཤེས་ཀྱི་གདེང་རྙེད་ནས་སླར་ཡང་མོས་གུས་ཆེས་ཆེར་འཕེལ་བའི་གསོས་སུ་གྱུར་ཏོ། །དེ་སྐད་དུ་ཡང་ཉི་ཟླ་ཁ་སྦྱོར་ལས། །སྐུ་དང་ཡེ་ཤེས་འཇུག་ལུགས་ནི། །རིག་པ་འདི་ལྟར་གཏད་པར་བྱ། །ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡིད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པ་ནི། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་དང་འོད་གསལ་རིན་པོ་ཆེའི་པྲ་ཁྲིད་ལས། ཇི་ལྟར་བུམ་པ་ཆག་པ་ན༔ ནམ་མཁའ་གསུམ་ཉིད་གཅིག་པ་བཞིན༔ ནམ་ཞིག་འབྱུང་བཞིའི་བུམ་པ་ཆག༔ རིག་པ་ཉིད་ནི་དབྱིངས་སུ་ཐིམ༔ རང་ངོ་ཤེས་པས་གྲོལ་བ་ནི༔ རྡོ་རྗེ་གདན་ལ་མངོན་བྱང་ཆུབ༔ གདོད་མའི་སར་ཕྱིན་མི་འཁྲུལ་བའོ༔ ། ཅེས་གསུངས་པ་ཇི་ལྟ་བ་བཞིན་གྱི་དོན་ཡིད་ཐོག་ཏུ་ཁེལ་བ་ལ། ཐུགས་དམ་བཞེངས་བསྐུལ་མ་དགོས་ཀྱང་། སྤྱི་འགྲིགས་ཕྱག་ལེན་བཞིན་ཞུ་བ་གླུས་བསྐུལ་གྱིས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པར་བསྐུལ་ཞིང་གསོལ་འདེབས་སྨོན་ལམ་ཡིད་ཚིམ་པར་ཞུས་མཐར། འཇམ་མགོན་གུ་ཎའི་ཡང་སྲིད་ངེད་ཅག་དཔོན་སློབ་རྣམས་ཀྱིས་སྨེ་བརྩེགས་སོགས་ཀྱིས་སྒྲུབ་པའི་དྲི་བཟང་གི་ཆུས་སྐུ་གདུང་རིན་པོ་ཆེ་ལེགས་པར་བཀྲུས་ཤིང་བཏགས་གྲོལ་རིགས་དང་གནས་ཡིག་རྣམས་ཕུལ། རས་བཟང་པོ་དང་དར་གོས་ཁ་དོག་སྣ་ཚོགས་པས་ལེགས་པར་དཀྲིས་སྟོད་ཁེབས་དང་སྨད་ཁེབས་དང་དབུ་རྒྱན་དར་དཔྱང་སོགས་དང་ཕྱག་ཏུ་རྡོ་རྗེ་དང་དྲིལ་བུ་ཕུལ་ཏེ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་དུ་བསྒྱུར་ནས་ཁྲིའུར་བཞུགས་སུ་གསོལ། མཆོད་པ་སྣ་ཚོགས་ཀྱིས་མདུན་བསྟར།

དེ་ནས་རབ་འབྱམས་མཆོག་སྤྲུལ་རིན་པོ་ཆེ་དཔོན་སློབ་རྣམས་ཀྱིས་མཆོད་པའི་ཕྲེང་བ་དང་། བླ་མ་མཆོད་པ་དང་འབྲེལ་བའི་ཐུགས་སྨོན་གནང་། ངེད་ཅག་དཔོན་སློབ་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་དཀྱིལ་འཁོར་གྱི་བདག་པོ་ཆོས་ཀྱི་རྗེ་ཉིད་དང་དབྱེར་མེད་དུ་སྒྲུབ་ནས་བདག་ཉིད་ཀྱི་དོན་དུ་དབང་བླང་བ་དང་། སླར་ཡང་མདུན་རྟེན་ཉིད་ལ་དབང་ཕུལ་བ་རྣམས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་དང་། བླ་མའི་རྣལ་འབྱོར་གྱི་མཆོད་པ་དང་འབྲེལ་བའི་གསོལ་འདེབས་དབང་བླང་བསྟན་འགྲོ་སྤྱི་བྱེར་གྱི་དོན་དུ་སྨོན་ལམ་ཀྱང་ཡང་ཡང་བཏབ། འབྲེལ་ཐོབ་རྣམས་ལ་དམིགས་པའི་བྱང་ཆོག་ཀྱང་བགྱིས། བདུན་ཕྲག་གཅིག་གི་བར་དུ་དེ་ལྟར་མཆོད་ནས་སྐུ་གདུང་རིན་པོ་ཆེ་མཇལ་ཁ་སུ་བྱུང་ལ་སྟོན་ཅིང་དེ་རྣམས་ཀྱིས་མཆོད་པའི་ཕྲེང་བ་དང་། རང་རང་གི་དགེ་བ་ཁས་བླངས། གསོལ་འདེབས་སྨོན་ལམ་སོགས་འགོགས་པ་མེད་པར་བྱེད་དུ་བཅུག་པས་ཚོགས་གཉིས་གོང་འཕེལ་དུ་འགྲོ་བ་དང་། ཐར་པའི་ས་བོན་ཚད་མེད་པའི་གཞི་ཐེབས་པའོ། །སྐུ་གདུང་རིན་པོ་ཆེ་ལས་བྱང་སེམས་དཀར་དམར་དང་སྦྲང་རྩི་ལྟ་བུ་ཁ་དོག་སེར་ལ་རོ་མངར་བའི་བདུད་རྩི་ཀྱང་བབས་པ་མྱོང་གྲོལ་མཆོག་ཏུ་གྱུར་པ་དང་། དེ་ལྟར་སྐུ་གདུང་མཆོད་པ་དེའི་ཚུལ་རྒྱུད་ལས་ཀྱང་། མཚན་ཉིད་ལྡན་པའི་བླ་མ་འདས་པའི་ཚེ། །གདུང་བའི་སེམས་ཀྱི་འཆི་མ་ཕྱུང་གྱུར་ན། །ཕྲ་རབ་རྡུལ་དང་མཉམ་པའི་གྲངས་སྙེད་ཀྱི། །བསྐལ་པར་བསགས་པའི་སྡིག་ཆེན་བྱང་གྱུར་ཏེ། །མ་འོང་དུས་སུ་ཞབས་དྲུང་སྐྱེ་བར་འགྱུར། །གདན་ཁྲི་ལེགས་པར་བཤམས་སྟེང་པུར་བཞག་ནས། །ཆུ་གཙང་ཨརྒས་སྐུ་ཁྲུས་ལེགས་གསོལ་ན། །བསྐལ་པ་བྱེ་བར་བསགས་པའི་སྡིག་བྱང་ནས། །ཟག་མེད་དྲི་བྲལ་ཆོས་སྐུ་ཐོབ་པར་འགྱུར། །ཅེས་གསུངས་སོ། །ཟླ་དེའི་ཚེས་ཉེར་དགུ་ལ་རབ་འབྱམས་མཆོག་སྤྲུལ་རིན་པོ་ཆེས་ཞི་ཁྲོ། གུ་ཎའི་ཡང་སྲིད་རིན་པོ་ཆེས་བདེ་ཀུན། ངེད་ནས་རྡོར་སེམས་ཀྱི་དཀྱིལ་འཁོར་རྣམས་པུར་ཁང་དུ་འཇོག་ནས་སྐུ་གདུང་རིན་པོ་ཆེ་འདོ་ལི་ལ་དྲངས་ཏེ་པུར་སྒྲོམ་མཆོད་རྟེན་གྱི་དབྱིབས་སུ་བཅོས་པའི་བུམ་པར་བཞུགས་སུ་གསོལ། དྲི་བཟང་གི་ཤིང་སྣ་ཚོགས་ཀྱི་དབུས་སུ་ཞུགས་འབུལ་བས་མེ་ལྕེ་རྣམས་བུམ་སྒོ་ནས་ཕྱིར་པདྨའི་འདབ་མ་ལྟར་མཆེད་པ་དང་། མདོག་དཀར་ཞིང་སྒྲ་ཡིད་དུ་འོང་། གཡས་སུ་འཁྱིལ་བ་དང་། གདུང་དུད་དྲི་ཞིམ་པ་མདོག་དཀར་གསལ་བཀྲ་ཤིས་པའི་རྟགས་ཀྱི་རི་མོའི་རྣམ་པ་ཅན་དུ་འཕྲོ་བ་དང་། ཉི་མའི་འོད་ཟེར་ཀྱང་མ་སྒྲིབ་པའི་སྦྲང་ཆར་ཟིམ་བུར་འབེབ་ཅིང་ཞུགས་འབུལ་ཟིན་ནས་ཕྱོགས་བཞིའི་སྒོ་ཆུང་རྣམས་བསྡོམས་ནས་པུར་ཁང་ཉིན་གསུམ་རྒྱས་བཏབ་ཅིང་བླ་མཆོད་གཟབ་རྒྱས་སྤྲོས། སྐུ་གདུང་བཞུ་བའི་ཉིན་གདན་ས་ནས་གྲོ་ལམ་ཙམ་གྱི་གནས་ནས་དད་མོས་ཤིན་ཏུ་ཆེ་བའི་ནམ་མདོ་བུ་ཚེ་རིང་དང་ནོར་ལྷ་མ་གཉིས་གདུང་མཇལ་མ་སླེབ་པས་སེམས་མྱ་ངན་གྱིས་ནོན་ཏེ་སྐུ་གདུང་བཞུགས་པའི་ཕྱོགས་སུ་ཕྱག་འཚལ་བས་ནམ་མཁའ་ལ་འཇའ་ཁ་དོག་ལྔ་ལྡན་འཁྱིལ་བའི་ནང་སྤྱན་རས་གཟིགས་བཅུ་གཅིག་ཞལ་དངོས་སུ་མཇལ་བས་དད་སྤྲོ་བླ་ལྷག་ཏུ་འཕེལ་བར་གྱུར་ཅིང་། སྤུར་གདན་ཞུས་ཀྱི་གླིང་བུ་འབུད་པས་རོགས་པ་ཡོད་དུ་མི་ཚོར་ནས་གཞན་ཞིག་ནས་གླིང་བུས་སྒྲ་གདངས་ཞིག་ལ་འཁྲི་དགོས་བྱུང་བའང་མཁའ་འགྲོ་མའི་གླིང་བུའི་སྒྲ་ཡིན་པར་སེམས། དེ་རྗེས་གདུང་ཁང་ཞལ་དབྱེ་བ་ན། རིང་བསྲེལ་སོགས་ཡོད་མེད་ཀྱི་རེ་དོག་གིས་མ་བཅིངས་ཤིང་། རྗེ་ཉིད་མངོན་ཚན་ཆུང་བ་ཁོ་ནར་ཐུགས་དགྱེས་པས་དེ་འདྲ་མི་འབྱུང་སྙམ་ཀྱང་ཐུགས་ལྗགས་སྤྱན་གསུམ་རྒལ་ཚིག་ལ་འབྱར་ཞིང་དེ་སྟེང་དབུ་ཐོད་བབ་སྟེ་ཁྲུ་གང་མེད་ཙམ་བྱོན་པ་དང་གཞན་འཕེལ་གདུང་སོགས་བལྟ་རྟོག་མ་འཇུག་ཅིང་གདུང་རུས་ཐལ་སོལ་རྣམས་ཞིབ་བཅའ་བསྡུས་ཏེ་སྣོད་དུ་བཅར་ནས་ཕྲན་དཔོན་སློབ་བཅུ་ཐམ་པས་རྡོར་སེམས་གྱི་རུས་སྦྱོང་ཡིག་བརྒྱ་འབུམ་ཕྲག་འགྲོ་ངེས་བྱས་པ་དང་། དེ་སྐབས་གཅིག་ན་པུར་ཁང་སྟེང་ནས་ཉེ་གནས་དགེ་སློང་ཞིང་སྐྱོང་གིས་རིང་བསྲེལ་མང་ཤས་རྙེད་པ་དང་འུར་སྒྲོགས་ལྟ་བུས་དགོན་གྱི་བླ་གྲྭ་ཕལ་མོ་ཆེས་བཙལ་བ་གྲངས་མེད་རྙེད་ཅིང་པུར་ཁང་ནང་ལོག་ཀུན་དང་། མགལ་དུམ་གྱི་གསེང་། གདུང་དུད་ཀྱིས་གར་ཁྱབ་ཕལ་མོ་ཆེར་གདུང་དང་རིང་བསྲེལ་མུ་ཏིག་མདོག་ལྟར་དཀར་བ་ཤས་ཆེ་ཞིང་དབྱིབས་མ་ངེས་པ་དུས་རིང་པོའི་བར་བཙལ་དུ་ཡོད་པ་དང་། གདུང་རུས་དཀྱིལ་འཁོར་གྱི་དབུས་སུ་འཇོག་པའི་ཉེ་སྐོར་དུའང་འཕེལ་གདུང་མང་ཤས་ཕེབས་པ་དང་། རྡོ་རྗེའི་གདུང་གི་རིགས་རྣམས་ནི་ཤིན་ཏུ་སྲ་ཞིང་མཁྲེག་པ་འབྱུང་བ་དངོས་མཐོང་དང་། དགུང་ཞག་རྫོགས་ཀྱི་བར་མཁའ་ལ་འཇའ་སྤྲིན་རྣམ་པ་མི་འདྲ་བ་མང་པོ་དང་། ལོ་གསུམ་ཙམ་ལ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅོ་བརྒྱད་ནམ་བྱུང་ལ་གདུང་ཁང་གི་ཉེ་ལོག་དུ་འཇའ་གུར་འཁྱིལ་བ་དང་། གཤེགས་པའི་ནང་པར་ཁ་བ་མེ་ཏོག་གི་དབྱིབས་ཅན་ཤིན་ཏུ་ཆེ་བར་བབ་པ་དང་སྐབས་སུ་ནམ་མཁའ་གཡའ་ཐག་ཆད་པ་སོགས་ངོ་མཚར་བའི་ལྟས་མང་པོར་སྣང་བ་ནི་འོད་གསལ་རྫོགས་ཆེན་གྱི་ལམ་རྟགས་མངོན་དུ་བརྙེས་པ་རྣམས་ལ་ལྟས་འདི་དག་འབྱུང་བ་ཆོས་ཉིད་དེ། རྡོར་སེམས་སྙིང་ཐིག་ལས། ཕྱིར་མི་ལྡོག་པའི་རྟགས་སུ་ནི། །རང་ལ་རང་བྱུང་ཡེ་ཤེས་འཆར། །བྱིན་རླབས་ལུང་བསྟན་བྱེད་པ་འབྱུང་། །རྟགས་སུ་འཇའ་འོད་ས་གཡོ་དང་། །དངོས་གྲུབ་མཁའ་འགྲོའི་གདན་འདྲེན་འབྱུང་། །སྤྲུལ་པའི་སྐུ་ཡི་ཞིང་དུ་འགྲོ། །གཞན་ཡང་ཕྱི་རྟགས་འཇའ་དང་འོད། །སྒྲ་དང་ས་གཡོ་མེ་ཏོག་འབབ། །ཅེས་འབྱུང་བ་ལྟར། སྐུ་གདུང་རིན་པོ་ཆེར་སྦྱིན་སྲེག་གི་ཆོ་ག་གྲུབ་ལ་ཉེ་བ་ན། སྤུར་ཁང་གི་ནམ་མཁའ་སྔོ་སངས་ཤིན་ཏུ་དྭངས་པ་མཐིང་ཞུན་གྱི་མདོག་ལྟ་བུར་གྱུར་པ་ལ་འོད་ཁྱིམ་ཁ་དོག་སྣ་ལྔ་པའི་གུར་ཁང་འཁྱིལ་བ་དང་། ཕྱོགས་གཞན་ཐམས་ཅད་ལ་འཇའ་སྤྲིན་དཀར་བ་རྣམ་འགྱུར་མཐའ་ཡས་པས་ཁེབས་པ་དང་། སྐུ་གདུང་ཞུགས་འབུལ་གྲུབ་པའི་དགོང་ཀ་ཞིག་ཏུ་འབྲུག་གི་སྒྲ་ལྟ་བུའི་ལྡིར་སྒྲ་འཇམ་ལ་རྒྱུན་རིང་ཙམ་ལན་གཉིས་བསྒྲགས་པ་བདག་གིས་དངོས་སུ་ཐོས་ཤིང་དེ་དག་ཀྱང་གདོད་མའི་གྲོལ་གཞི་ཆེན་པོར་མངོན་པར་བྱང་ཆུབ་པའི་རྟགས་སུ་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་དང་མན་ངག་ལས་རྒྱ་ཆེར་འབྱུང་བ་བློ་ཡི་ནེམ་ནུར་མ་དགོས་ཤིང་ཡིད་ཆེས་པའི་རྟགས་མངོན་སུམ་ཚད་མར་གྱུར་པ་དང་། རྙིང་ཕྱོགས་ལ་ཁ་ཟེར་བ་འགའ་ཞིག་ན་རེ། རིགས་ལྔའི་གདུང་དང་རིང་བསྲེལ་སྐུ་གསུམ་གྱི་རྟེན་མཚོན་བྱེད་ཐུགས་ལྗགས་སྤྱན་གསུམ་མེས་མ་སྨས་པར་འབྱུང་བ་སོགས་ལ་བོན་སོགས་ལའང་གདུང་དང་ཐུགས་ལྗགས་སོགས་འབྱུང་བས་ཡ་མཚན་རྒྱུ་མེད་ཅེས་སྒྲོགས་ཤིང་དེ་དག་གི་རྒྱབ་སྐྱོར་དུ་འཇམ་པའི་དབྱངས་ས་སྐྱ་པཎྜི་ཏའི་ལུང་སོགས་དྲང་ནས་སོམ་ཉི་ཟ་བ་དག་ཡོད་དུ་སྲིད་ཀྱང་། བཀའ་གདམས་གླེགས་བམ་ལས། །བྱང་ཆུབ་སེམས་ལ་རིང་བསྲེལ་འཛག །བསྐྱེད་རིམ་ཅན་ལ་ལྷ་སྐུ་འབྱུང་། །འཁོར་བ་མི་སྤོང་སེམས་དཔའ་ལ། །ཐུགས་དང་ལྗགས་ནི་འབྱུང་བ་ཡིན། །ཞེས་དང་། སྤྱི་མདོ་དགོངས་འདུས་ལས། །གང་འདིར་སྣང་བའི་སྒྲོན་མ་དག །མྱ་ངན་འདས་པའི་སྐུ་གདུང་ཡང་། །ཤ་རི་རམ་ཞེས་གྲགས་པ་འབྱུང་། །ཅེས་དང་། རྒྱལ་བའི་སྐུ་གདུང་ཤ་རི་རམ། །ཞིང་ཁམས་ཀུན་ཏུ་ཁྱབ་པ་ནི། །འགར་དང་བཟོས་ནི་བཟླུམ་པ་བཞིན། །བྱས་པ་མེད་ལས་སྣང་བ་དག །དཀར་འཚེར་མདོག་གསལ་འཛག་འདྲ་བ། །ཙན་དམར་མདངས་སུ་གསལ་བ་ཡི། །ནམ་མཁའ་གང་བར་ཆར་བཞིན་བབས། །ཅེས་དང་། གཞན་ཡང་སྐུ་གདུང་འབར་བའི་རྒྱུད་སོགས་ལས་དབྱེ་བ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྒྱ་ཆེར་བསྔགས་པས་ན་གུས་ལྡན་རྣམས་ཀྱིས་ངང་སྤྲོའི་པདྨོ་འཛུམ་པར་བྱས་ན་ལེགས་པར་འདུག་ཤིང་། གང་དག་སྡིག་ཅན་དང་། གང་ཟག་ཕལ་ལ་འབྱུང་བ་དང་གདོན་གྱིས་བྱས་པའི་རིང་བསྲེལ་ནི་མངོན་རྗེས་ཀྱི་ཚད་མས་བརྟགས་ན་གསེར་དང་ར་གན་འབྱེད་པར་སླ་ཞིང་། དེས་ན་མཁས་པ་དཔྱོད་ལྡན་ཞིག་ལ་ནོར་འཁྲུལ་འོང་མི་སྲིད་དོ། །ཞར་བྱུང་དུ་སྨྲས་པའོ། །དེ་ལྟ་བུའི་རྒྱལ་བ་དང་རྣམ་དབྱེར་མེད་པའི་རིག་པ་འཛིན་པ་ཆེན་པོ་རྣམས་ཀྱི་གདུང་དང་རིང་བསྲེལ་གུས་པས་བཅང་བའི་ཡོན་ཏན་ཡང་སྤྱི་མདོ་ལས། འདི་དག་ཕེབས་པའི་ཡོན་ཏན་ཡང་། །གང་དང་གང་དུ་བཅང་པ་ཡི། །ཡུལ་ཁམས་དེ་དག་ཐམས་ཅད་དུ། །ནད་དང་མི་ཤིས་བགེགས་རྣམས་ཞི། །གནོད་སྦྱིན་སྲིན་པོ་མ་རུང་པ། །དྲག་པོ་གཏུམ་པོའང་ལྷན་ནེར་འགྱུར། །རྒྱལ་པོ་འཁྲུགས་དང་ཁམས་འཁྲུགས་དང་། །ཡུལ་ཁམས་འཁྲུགས་པའང་ཞི་བར་འགྱུར། །འབྲས་བུ་ལོ་ཐོག་འཕེལ་སྨིན་ཅིང་། །ཡིད་དུ་འོང་བ་ཐམས་ཅད་འབྱུང་། །འདི་དག་སུ་ཡིས་འཆང་བ་རྣམས། །རིག་འཛིན་ས་དང་སྐལ་པ་མཉམ། །ཅེས་སོགས་ཡོན་ཏན་མཐའ་ཀླས་པར་གསུངས་པས། བདག་ཅག་རྣམས་སྐལ་བ་བཟང་ངོ་སྙམ་ནས་དད་མོས་ལྷག་པར་འཕེལ་ཞིང་ཀུན་མཁྱེན་བླ་མ་ཡང་ཡང་དྲན་པའི་གསོས་སུ་གྱུར་ཏོ།

།བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས། བྱང་ཆུབ་སེམས་དཔའ་གཞན་དོན་དུ་གཤེགས་པའི་ཚེ། ས་གཡོ་བ་དང་ལོ་ཉེས་པ་སོགས་འོང་བ་ནི་ཆོས་ཉིད་ཡིན་གསུངས་པ་བཞིན། བསྟན་འཛིན་སྐྱེས་ཆེན་དམ་པ་འདི་རྣམས་གཤེགས་ཕྱིན་ཡུལ་བཅུད་ཉམས་པས་ལོ་ཐོག་ཆེར་མ་བཟང་ཞིང་ས་ཕྱོགས་ཐམས་ཅད་མུ་གེ་འབྱུང་ལ་ཉེ་ཙམ་འདི་ཀའོ། །དགོངས་རྫོགས་མཆོད་སྤྲིན་གྱི་རིམ་པའང་། རྗེ་ཀུན་གཟིགས་དེ་ཉིད་ཀྱི་སྐུ་དབོན་ལུགས་གཉིས་ལ་མཁྱེན་རབ་ཡངས་ཤིང་བསླབ་གསུམ་རིན་པོ་ཆེའི་གཏེར་གྱིས་མངོན་པར་མཐོ་བ་དགེ་ལེགས་རྒྱ་མཚོས་གཙོར་མཛད། བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཅན་ཉེ་གནས་དགེ་སློང་ཞིང་སྐྱོང་ནས་གྲོགས་དན་གྱིས། ཀུན་ཏུ་བཟང་པོའི་སྨོན་ལམ་ལ་ཅོ་འདྲི་བའི་ཚུལ་གྱི་གཏོངས་པའི་སྒོ་འཕར་རྒྱ་ཆེར་དབྱེ་བའི་ཐོག་མར་༧སྨིན་གླིང་ཁྲི་ཆེན་རིན་པོ་ཆེ། ༧ཟུར་མང་དྲུང་རིན་པོ་ཆེ། ༧དཔལ་སྤུང་སི་ཏུ་རིན་པོ་ཆེ། ༧ཙཱ་འདྲའི་འཇམ་མགོན་ཡང་སྲིད་རིན་པོ་ཆེ། ༧བེ་རི་མཁྱེན་སྤྲུལ། གསང་སྔགས་སྤྲུལ་སྐུ། འཛི་སྒར་སྤྲུལ་སྐུ། ཤར་ཀཿཐོག་སྤྲུལ་སྐུ། དཔལ་ཡུལ་སྤྲུལ་སྐུ། ཕུ་ཁུང་མཆོག་སྤྲུལ། ཚབ་ཚ་སྒྲུབ་རྒན། བློ་གྲོས་སྤྲུལ་སྐུ། ཀཿཐོག་པད་འགུར། གདན་ཚབ། ཡང་སྤྲུལ་སྐུ། པད་སྙིང་སྐུ་ཆེ་ཆུང་། བསྟན་འཕེལ། འགྱུར་སྤྲུལ། སྟོན་སྤྲུལ། ཁྲོ་འགབ་དགེ་སྤྲུལ། ཇོ་བོ་སྤྲུལ་སྐུ་རྣམ་གཉིས། ལེ་དགོན་སྤྲུལ་སྐུ། མགོ་ཚ་མཆོག་སྤྲུལ། རྫ་རྒྱལ་མཚམས་སྤྲུལ། རྫོགས་ཆེན་སྐུ་ཞབས། དགེ་སྤྲུལ་རིན་པོ་ཆེ། ཀུན་བཟང་། འབྲུག་པ་སོགས་མཆོག་སྤྲུལ་རྣམས་ཀྱི་མདུན་འོས་བབས་དང་བསྟུན་པའི་མཛོད་དར། གཅན་གཟན་ལྤགས་པ། རྟ་མཛོ། མཆོད་ཆས་སྐོར། རྒྱ་དངུལ་རྡོ་ཚད་གྲངས་མང་སོགས་དངོས་རྫས་གང་ཟབ་རེ་དང་། གཞན་ཡང་ཨོ་རྒྱན་སྨིན་གྲོལ་གླིང་འདུས་སྤྱི་གཙོས། ཀཿཐོག །དཔལ་ཡུལ། དཔལ་སྤུང་། སྡེ་དགོན། རྫོང་སར། རྫོགས་ཆེན། ཕུ་ཁུང་། འཇུ་ཉུང་། རྫོང་མགོ། སིབ་མདའ། གཤང་ནག །ཁྲོ་གོང་། ལྷ་འབྲང་། ཚབ་ཚ། རྫ་ཀ་ཐོག །བསྟན་འཕེལ། པད་སྙིང་། ཇོ་བོ། ཁྲོ་འགབ། མགོ་ཚ། རྫ་རྒྱལ། ལེ་དགོན། རི་མགུལ། བོན་དགོན་འདུས་སྡེ་སོགས་གོང་སྨོས་ཀྱི་དགོན་སྡེ་ཆེ་ཤོས་རྣམས་དང་འབྲེལ་བའི་སྒྲུབ་སྡེ་དང་། བསླབ་གྲྭ་མཁན་པོ་བླ་མ་བཅས་ལ་འབྲེལ་དང་མཐུན་པར། དར། གོས་ཆེན། ཐེར་ཕྲུག །གཅན་ཤུན། ཇ་དངུལ་སོགས་ནམ་བཟང་སོ་སོར་གང་ཟབ་རེ་ལེགས་པར་ཕུལ་ཞིང་། གདུང་མཆོད་ལ། བླ་སྤྲུལ་ཚུར་གདན་ཞུས་སྐོར། ༧ཀཿཐོག་དགེ་རྩེ་རིན་པོ་ཆེ། རྫོགས་ཆེན་རིན་པོ་ཆེ། རབ་འབྱམས་མཆོག་སྤྲུལ་རིན་པོ་ཆེ། དགོན་སྟོད། འབར་ཆུང་། གླིང་རྗེ་དྲུང་རིན་པོ་ཆེ། ཚབ་ཚ་ཉ་འགེ། དབོན་སྤྲུལ། ལེ་དགོན་ཟུངས་མཁར། བསྟན་འཕེལ་ལྕགས་མོ། ཆུ་ངོགས་པད་དཀར། ཀརྨ་རྒྱ་མཚོ། རི་འགལ་ཆོས་གྲགས་སྤྲུལ་སྐུ། མཁན་རིན་པོ་ཆེ་ཀུན་དཔལ། ཁྲོ་བླ་ཚེ་གཅེས། མགོ་ཚའི་སྨར་ཁམས་བླ་མ་རྣམས་མདུན། ནང་མཛོད། སྐུ་གསུང་ཐུགས་རྟེན་གྱིས་དབུ་བྱས་ཏེ། རས་དང་ཐེར་ཕྲུག་བུབ་མང་། བཟང་གོས་སྣ་ཚོགས། བཟང་ཇ། སྣོད་སྤྱད་རིགས་ཆེ་ཆུང་། སྐུ་ཆས་གཟབ་འཆོལ་འགང་ཆེན་སྐོར་གཞན་ཉེར་མཁོ་ཕྲན་ཚེགས་མཐའ་ཡས་པ། གཅན་ལྤགས་རིགས་སྣ་ཚོགས། འབྲི་ཁལ། མཛོ་མཛོ་མོ། རྟ་དྲེལ་རྣམས་དང་། གསེར། དངུལ་རྡོ་ཚད་གྲངས་མང་མདོར་ན་མཚན་བརྒྱ་སྟོང་གྲངས་མེད་པ་གྱ་ནོམ་པའི་ལེགས་འབུལ་དང་། ༧རྗེ་བླ་མ་རིན་པོ་ཆེས་ལུགས་གཉིས་ཀྱི་བརྩེ་བས་གཅེས་པར་སྐྱོང་བའི་དམན་པ་ཁོ་བོ་ཅག་ལྟ་བུ་ལ་ཡང་ཡུལ་དམ་པར་བཟུང་ནས་དགོངས་རྫོགས་གནང་སྦྱིན་རྒྱ་ཆེར་སྩལ་གནང་དང་། སྐུ་ཚིགས་རྫོགས་ཀྱི་བར་དགོན་གྱི་བླ་གྲྭ་སུམ་ཅུ་རེས་ཞི་ཁྲོ་དང་། དཔལ་རྡོ་རྗེ་སེམས་དཔའི་སྐོང་ཆོག་གཉིས་གཟབ་རྒྱས་དང་། འབྲེལ་ཐོག་རྣམས་ལ་ཁྲུས་ཆོག་བཅས་གསུང་བར་ཉིན་ལྟར། ཚོགས་དང་། མར་མེ། སྤོས། ཞལ་ཟས་ཀྱི་མཆོད་པ་གཟབ་རྒྱས་དང་། སོ་སོར་བསྙེན་ཡོན་རྒྱས་སྤྲོས་སུ་ཕུལ་བ་དང་། ལོ་ལྟར་སྐུ་གཤེགས་པའི་དུས་ཆེན་ལ་བླ་སྤྲུལ་མང་ཚོགས་ཀྱིས་དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་སྒྲུབ་ཆེན་དང་ཚོགས་ཁག་ཟུར་དུ་རྩ་གསུམ་དགོངས་འདུས་བདུན་ཕྲག་གཅིག་བར་འཛུགས་རྒྱུའི་རྟེན་ཐེབས་རྡིལ་ཚད་ལྔས་གཙོས་སྦྱོར་འཇག་དང་། སྐྱབས་རྗེ་ཉིད་ཀྱི་སྐུ་གདུང་རིང་བསྲེལ་གྱི་ཕུང་པོ་གཙོ་བོར་གྱུར་པས་བལྟམས་པའི་ཟང་གསེར་ལས་བསྐྲུན་པའི་མཆོད་སྡོང་བྱིན་རླབས་འོད་འཕྲོ་རྒྱང་མཐོ་བཅུ་གཅིག་པར་སྒྲོས་ལྡན་ཕྲ་རྒྱན་གང་ཡོད་རྩལ་སྤྲུགས་བགྱིས་ཤིང་། དམ་ཚིག་པའི་རྟེན་ལ་ཡེ་ཤེས་སེམས་དཔའ་གཟི་བྱིན་ལྷག་པར་དབབ་ཅིང་བརྟན་པར་བྱ་བའི་རབ་ཏུ་གནས་པའི་ཆོ་ག་བཅས་བསྒྲུབས་པས་མཐོང་གྲོལ་ཆེན་པོར་བསྟན་པའི་བཙས་སུ་བཞུགས་པ་དང་། རྒྱན་ཁང་དུ་གསེར་དངུལ་བཀྲ་མའི་རྒྱ་གླིང་ཕྲ་ལྡན་སྤུས་ལེགས། བ་སོའི་ཌཱ་རུ་འཕན་ཚར་ཅན། ཧོར་དྲིལ་ནམ་ལྡན་སོགས་དངོས་རྫས་ཕུན་ཚོགས་ཀྱི་གསར་བཞག་གྲངས་མང་དང་། འཇམ་མགོན་མི་ཕམ་ཆོས་རྗེ་དང་། སྐྱབས་རྗེ་རིན་པོ་ཆེའི་ལེགས་གསུང་སྤར་གྱི་མཐའ་འདུམ་ཞུ་བཅོས་བཅས་ལེགས་པར་གྲུབ་ཅིང་། ད་འབྱུང་ཡང་སྔ་འགྱུར་གྱི་པཎ་གྲུབ་དབང་པོ་རྣམས་ཀྱི་གསུང་སྐོར་ཁ་ཤས་སྤར་དུ་བསྐྲུན་བཞེད་དང་། འདྲ་ཞལ་གསེར་ཟངས་ལས་གྲུབ་པ་མདའ་ཚད་བཞེངས་པ་བཅས་ལྷག་བསམ་ཡར་ངོའི་ཟླ་ལྟར་འཕེལ་ཞིང་། དེ་རྣམས་ཀྱང་གྲགས་འདོད་སོགས་ཆོས་བརྒྱད་ཀྱི་རྙོགས་པས་མི་བརྫི་པར། རྗེ་དེ་ཉིད་ཀྱི་ཟབ་དགོངས་ཡོངས་སུ་རྫོགས་པའི་ཐབས་ཁོ་ནར་གུས་སྦྱོར་དང་རྟག་སྦྱོར་ཀྱི་བརྩོན་འགྲུས་འགྲིབ་པ་མེད་པ་དབྱར་གྱི་ཆུ་བོའི་རྒྱུན་ལྟར་འཕེལ་ཞིང་རྒྱས་བཞིན་པ་ལགས་སོ།

།དེ་ལྟར་བགྱིས་པའི་དགོས་པའང་། ཆོས་ཐམས་ཅད་ཀྱི་རྒྱལ་པོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པ། །ཡོན་གྱི་གནས་ནི་འགའ་ཡོད་མིན། །ཅེས་དང་། ཕལ་པོ་ཆེ་ལས། རིགས་པ་བརྩོན་པ་དཀོན་མཆོག་རྣམ་གསུམ་ལ། །སྦྱོར་བ་སྐྱོ་བ་མེད་པས་མཆོད་བྱས་ན། །དེ་དག་བདུད་བཞིའི་ལམ་ལས་རབ་འདས་ཏེ། །བྱང་ཆུབ་བླ་མེད་མྱུར་དུ་རེག་པར་འགྱུར། །ཅེས་དང་། ཁྱད་པར་ཐུགས་རྟེན་མཆོད་སྡོང་ཆེན་པོ་བཞེངས་པའི་ཕན་ཡོན་ཀྱང་། གཙུག་ཏོར་དྲི་མེད་ལས། མཆོད་རྟེན་གྱི་ལས་བྱས་པས་ཚེ་ཟད་པ་ཡང་སླར་ནུར་ཏེ། ཚེ་ཡང་རིང་པོར་བྱེད་དོ། །གལ་ཏེ་ཤི་བ་ན་ཡང་སྦྲུལ་གྱི་ལྤགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་བསྐལ་པ་མཉམ་པས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་ནམ་ཡང་འཆི་བའི་ཚོར་བ་མཐོང་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཞེས་སོགས་རྒྱ་ཆེར་བདེན་པའི་ཚིག་གིས་བཀའ་སྩལ་པ་དང་། ཁྱད་པར་དཔལ་ལྡན་བླ་མ་ནི་རིགས་ཐམས་ཅད་ཀྱི་བདག་པོ་རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་འདུས་ཞལ་ཆེན་པོ་ཡིན་ཏེ། འཇམ་དཔལ་ཞལ་ལུང་ལས། མ་འོང་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོངས། །ཅེས་དང་། ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡི་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཅེས་དང་། སྒྲོན་གསལ་ལས། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའོ། །ཞེས་མདོ་སྔགས་རྒྱུད་སྡེ་རྒྱ་མཚོ་ལས་ལན་གཅིག་མ་ཡིན་པར་ཡང་ཡང་བསྔགས་པ་དོན་དང་ལྡན་པས་ན་བླ་མའི་དགོངས་རྫོགས་ནི་བླ་མ་བཞུགས་པ་ལ་མཆོད་པ་དང་ཁྱད་པར་མེད་ཅིང་། ཁྱད་པར་ཡེ་ཤེས་ཀྱི་གཟིགས་པ་ལ་ཆགས་ཐོགས་ཀྱི་སྒྲིབ་པ་སྤངས་པས་རང་ལ་དད་པ་ཡོད་ཅིང་དམ་ཚིག་དང་འགལ་བའི་ནོག་དྲིས་མ་གོས་ན་ཇི་ལྟར་མེ་ཤེལ་དང་། ཉི་མ། སྤྲ་བ་གསུམ་འཛོམ་པ་ན་མེ་ཡི་ཤུགས་འབར་བ་ལ་ཆེས་མྱུར་བ་བཞིན་དུ་བླ་མའི་བྱིན་རླབས་ཀྱི་རྡོ་རྗེའི་མེ་འོད་ཆེན་པོས་རང་རྒྱུད་ཀྱི་སྒྲིབ་པའི་ཚང་ཚིང་བསྲེག་ནས་རྡོ་རྗེ་སེམས་དཔའི་ཡེ་ཤེས་རང་བྱུང་གི་མེ་ཆེན་འབར་བས་ཁམས་གསུམ་ཀུན་ནས་ཀུན་ཏུ་སྣང་བའི་འོད་ཆེན་འབྱིན་པ་ལ་ལྷག་པར་ཡང་སྟོབས་མྱུར་བས་འདིར་ཞུགས་འདིར་བརྩོན་པ་རྣམས་ནི་སྐལ་བཟང་གི་ནང་ནས་ཆེས་སྐལ་བ་ལྡན་པ་སྔོན་བསགས་ལས་འཕྲོ་བཟང་པོའི་རྣམ་དཀར་རྒྱ་ཆེན་པོ་རང་ཤུགས་ཀྱིས་གྲུབ་པ་ཅན་དུ་ཁོ་བོས་རྟོགས་སོ། །སྐབས་དོན་དེ་རྣམས་ཀྱི་མདོར་བསྡུས་པའང་གསོལ་འདེབས་ཚིགས་བཅད་ལས། ཞིང་འདིའི་མཛད་པ་རེ་ཞིག་རྫོགས་པ་དང་། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །མཛད་པ་ཐ་མ་སྟོན་ལ་ཉེ་བ་ན། །སྤྲོས་པའི་དྲྭ་བ་བཅད་ལ་གསོལ་བ་འདེབས། །འོད་གསལ་འཁོར་ཡུག་ཏིང་འཛིན་ལ་བཞུགས་ནས། །སྐུ་གསུམ་ནང་དབྱིངས་ནམ་མཁའ་ལྟ་བུའི་ཀློང་། །རིག་པ་སྐྱེ་འཆིའི་མཚན་མ་ལས་འདས་པ། །ནང་གསལ་ཆེན་པོར་བཞུགས་ལ༴ །དེ་ཚེ་འབྱུང་བ་ཆེ་རྣམས་མྱ་ངན་གྱིས། །ནོན་པར་གྱུར་ན་སེམས་ལྡན་ལྟ་ཅི་སྨོས། །མཁའ་སྤྱོད་ཌཱ་ཀིས་མེ་ཏོག་ཆར་འབེབས་ཤིང་། །ངོ་མཚར་ཆོ་འཕྲུལ་སྟོན་ལ༴ །སྤུར་སྦྱངས་ཚེ་ན་མཁའ་ལ་འཇའ་གུར་བབ། །མེ་ལྕེ་ཐམས་ཅད་པདྨ་རིས་སུ་མཆེད། །བྱིན་བརླབས་ཐུགས་རྟེན་ལྷ་མིའི་མཆོད་སྡོང་བྱོན། །དད་ལྡན་ཡིད་ཆེས་བསྐྱེད་ལ༴ །ཅེས་འབྱུང་ངོ་། །དེ་ལྟར་བདག་ཅག་གི་རྣམ་འདྲེན་ཆོས་ཀྱི་ཉི་མ་ཕན་པ་དང་བདེ་བ་སྦྱིན་ཅིང་གྲོལ་བའི་དཔལ་སྟེར་ཁྱབ་བདག་རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱི་གཟུགས་སྐུའི་བཀོད་པ་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་མི་མཐོང་བ་ལྟ་བུར་རང་རང་གི་འཁྲུལ་པའི་ཀུན་རྟོག་གི་ཉེར་ལེན་སྤྲིན་རུམ་སྟུག་པོས་སྒྲིབ་པས་དཔེར་ན་ཡི་དྭགས་ཀྱིས་ཆུ་ཀླུང་རྣག་མཐོང་གི་བློ་ངན་ཞུགས་པ་ལྟ་བུས་མྱ་ངན་ལས་འདས་པར་སེམས་ན་ཡང་། དོན་དམ་པར་ཡོངས་སུ་མྱ་ངན་ལས་འདའ་བ་མེད་ཅིང་། ཚིགས་དེ་ཡང་བྱང་ཆུབ་སྙིང་པོར་གཤེགས་པ་ལ་དེ་སྐད་བྱ་ཡི། གང་སྟོང་ཉིད་ཟབ་མོར་རྒྱབ་ཕྱོགས་པའི་བློ་ཆུང་ཉན་ཐོས་ཀྱི་བྱང་ཆུབ་ལྟ་བུ་དུ་བ་མེད་པའི་མེ་བཞིན་མནལ་བ་ལྟ་ག་ལ་ཞིག །གང་དུ་མངོན་པར་རྫོགས་སངས་རྒྱས་པའི་གནས་དེ་ཉིད་ལས་འོག་མིན་ཞེས་གཞན་དུ་ཡོད་པའང་མི་སེམས་ཏེ། ཤེས་པ་རྟག་ཅིག་རང་དབང་ཅན་ཞིག་གཅིག་ནས་གཅིག་ཏུ་འཕོ་བའི་གྲུབ་མཐའ་ནི་རྫ་ཆག་བྱེའུ་འཕུར་གྱི་དཔེས་མུ་སྟེགས་པའི་ལྟ་བ་ངན་པར་འཕྱན་པ་ཡིན་ལ། དེས་ན་གང་དུ་མངོན་པར་བྱང་ཆུབ་པའི་གནས། སྐུ་གསུམ་འདུ་འབྲལ་མེད་པ་དུས་བཞི་མཉམ་པ་ཉིད་ཀྱི་ཀློང་གཞོན་ནུ་བུམ་པ་སྐུ་ཡི་སྦུབས་ལྷུན་གྲུབ་འོད་གསལ་གྱི་སྣང་བ་འབྱམས་ཀླས་ཤིང་མཐའ་དང་མུ་མེད་པའི་དབྱིངས་ན་བླ་མ་ཁྱབ་བདག་གདོད་མའི་མགོན་པོ་འཁོར་ཡེ་ཤེས་རང་སྣང་གི་རྒྱལ་བ་རྒྱ་མཚོས་ཆོས་སྒྲ་ཚིག་བྱ་རྩོལ་ལས་འདས་པ་ངེས་གསང་རྡོ་རྗེའི་ཆོས་འཁོར་རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ་མཐའ་དབུས་མེད་པར་འབྱམས་ཀླས་པར་རང་ཤར་རང་སྣང་བའི་ཚུལ་གྱིས་བཞུགས་པ་ལས་ཕྱིར་གསལ་རང་སྣང་ལོངས་སྐུའི་ཞིང་རྒྱན་སྟུག་པོ་བཀོད་པ་དང་མངོན་དགའ་སོགས་ཕྱེད་སྤྲུལ་དང་། ཐུགས་རྗེ་འགྲོ་བ་འདུལ་བ་སྤྲུལ་པའི་ཞིང་ཁམས་སོགས་མདོར་ན་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་ཚད་མེད་པས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས། སོ་སོའི་སྐྱེ་བོ་ལམ་ལ་ཞུགས་པ་དང་། མ་ཞུགས་པ།

གཞན་ཡང་ས་དང་ཆུ་དང་མེ་སོགས་འབྱུང་བ་ཆེ་དང་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་སོགས་གདུལ་བྱའི་རེ་སྐོང་གང་ལ་གང་དགོས་པ་འབད་མེད་དུ་སྩོལ་བ་ལ་སྔོན་སློབ་ལམ་གྱི་སྐབས་སུ་དམ་བཅས་པའི་ཐུགས་བསྐྱེད་ཀྱི་གོ་ཆ་བཙན་པོས་གཞན་དབང་དང་རང་གིས་མངོན་དུ་བྱས་པའི་བྱང་ཆུབ་དང་སེམས་ཅན་གྱི་རང་བཞིན་དག་པའི་དབྱིངས་མཉམ་པ་ཉིད་དུ་མཁྱེན་པའི་ཕྱིར་ཚད་མེད་པའི་ཐུགས་རྗེ་དང་སྨོན་ལམ་གྱི་མཐུ་གྲུབ་པའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་འགོགས་པ་མེད་ཅིང་ཐ་མལ་གྱི་བསམ་ཡུལ་ལས་འདས་པ་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་འབྱུང་བ་སྟེ། རྒྱུད་བླ་མ་ལས། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་དང་། རྡོ་རྗེ་གུར་ལས། འདུལ་བའི་འཇིག་རྟེན་མཐོང་ནས་ནི། །མི་ཡི་གཟུགས་ནི་དུ་མར་བྱེད། །སངས་རྒྱས་སེམས་ཅན་སྐྱབས་བཞེད་པས། །སངས་རྒྱས་གར་ནི་རོལ་པར་མཛད། །ཅེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དགོངས་པའི་གསང་མཛོད་ལས། ངོ་བོ་སྟོང་པ་རིན་པོ་ཆེ་ཆོས་སྐུའི་སྦུབས་ན༔ རང་བཞིན་གསལ་བ་ལོངས་སྐུ་དང་༔ ཐུགས་རྗེ་མ་འགགས་རིག་པའི་སྙིང་པོ་ཅན༔ ནང་གསལ་དུ་བཞུགས་པ་ནི་མི་སྣང་ལ་རང་བཞིན་ཡོད་པ༔ གནམ་སྟོང་གི་ཟླ་བ་ཕྱིར་གསལ་དུ་མ་གྲུབ་ཀྱང་༔ ནང་གསལ་ལ་བཞུགས་སོ༔ དུས་གསུམ་སངས་རྒྱས་ཐམས་ཅད་དབྱིངས་ཀྱི་ཕོ་བྲང་ན་བསམ་གྱིས་མི་ཁྱབ་པར་བཞུགས་ཀྱང་གཅིག་ལ་གཅིག་མི་གཟིགས་ཏེ༔ ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལ་བཞུགས་པའོ༔ དེ་ལས་མ་གཡོས་བཞིན་དུ་ཕྱོགས་བཅུའི་ཞིང་དུ་ལོངས་སྤྱོད་རྫོགས་པ་དང་༔ སྤྲུལ་པའི་སྐུ་ནམ་མཁའི་ཟླ་བ་ལས༔ ཆུ་ཟླ་ལྟར་སྣང་བས་འགྲོ་བའི་དོན་འཁོར་བ་མ་སྟོང་གྱི་བར་དུ་མཛད་པ་ནི༔ ཐམས་ཅད་མཁྱེན་པའི་ཐུགས་རྗེ་དང་༔ ཐབས་ལ་མཁས་པའི་ཕྲིན་ལས་མ་བཙལ་ལྷུན་གྲུབ་ཏུ་བཞུགས་པ་ལས༔ འབད་རྩོལ་མེད་པར་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ་ཡིན་ནོ༔ ། ཅེས་རྡོ་རྗེའི་གསང་བ་ཟབ་མོའི་གནས་ངེས་པར་བསྟན་པ་འདིས་རྒྱལ་བའི་དགོངས་པ་ཕྱོགས་ཙམ་མཚོན་པས་ན། རྗེས་འཇུག་གི་གདུལ་བྱ་རྣམས་ཀྱིས་གསོལ་བ་སྙིང་གི་དཀྱིལ་ནས་འདེབས་ན་ཡེ་ཤེས་གཟིགས་པའི་བྱིན་རླབས་འཇུག་པ་དང་། གདུལ་བྱའི་རང་སྐལ་དང་འཚམས་པའི་མཆོག་གི་སྤྲུལ་སྐུའི་ཟླ་སྣང་འཆར་ནས་བསྟན་འགྲོའི་དོན་བརླབས་པོ་ཆེ་བསྒྲུབ་པར་འགྱུར་བའང་དཔལ་ལྡན་བླ་མའི་བྱིན་རླབས་ཐུགས་རྗེའི་རྣམ་རོལ་འགགས་མེད་དུ་སྣང་བའོ། །དེ་སྐད་དུ་གསོལ་འདེབས་ལས། གང་དུ་བྱང་ཆུབ་འོག་མིན་གནས་མཆོག་དེར། །ཕྱིར་གསལ་སྐུ་དང་ཡེ་ཤེས་སྤྲིན་བཀོད་པས། །སངས་རྒྱས་ཀུན་དང་རོ་མཉམ་སྤྱོད་ཡུལ་གཅིག །ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སླར་ཡང་གང་འདུལ་སྤྲུལ་པ་ཆུ་ཟླ་དང་། །ནོར་བུ་དཔག་བསམ་ཤིང་ལྟར་རྒྱུན་མི་ཆད། །བགྲངས་ཡས་འགྲོ་ཁམས་ཡོངས་སུ་སྨིན་པ་དང་། །རྣམ་གྲོལ་བྱང་ཆུབ་ལམ་ལ་དཀྲི་མཛད་གསོལ། །ཅེས་མོས་གུས་ཆེན་པོས་གསོལ་བ་འདེབས་པའོ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་ཚུལ་འདས་རྗེས་དང་བཅས་པའི་སྐབས་ཀྱི་སརྒ་སྟེ་དྲུག་པའོ།།

།།དེ་ལྟར་འཇམ་དབྱངས་བླ་མ་སྲས་བཅས་རྒྱལ་ཀུན་འདུས་ཞལ་དེ་ཉིད་ཀྱི་བཀའ་དྲིན་བྱང་ཆུབ་སྙིང་པོའི་བར་དུ་བདག་ཅག་གི་ལུས་ལོངས་སྤྱོད་ཀྱི་དངོས་པོ་ཀུན་གྱིས་མཆོད་ནའང་ཆ་ཙམ་གཞལ་བར་དཀའ་ཞིང་། ཇི་སྲིད་རང་རང་གི་ཤ་ཁྲག་གི་རྒྱ་མཚོ་སྐེམ་ཞིང་འཁོར་བའི་མཐའ་སྟོངས་པར་མ་གྱུར་གྱི་བར་དེ་སྲིད་དུ་དཔལ་མགོན་བླ་མ་རིགས་ཀྱི་བདག་པོར་ཐོབ་ནས་མཉེས་པ་གསུམ་གྱིས་མཉེས་པར་བགྱིད་ཅིང་མི་མཉེས་པ་ཕྲ་མོ་ཙམ་དུའང་མི་བྱེད་པ་དང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བ་ནོད་དེ། བདག་རྒྱུད་ཡོངས་སུ་སྨིན་ཅིང་སྐུ་བཞི་གྲུབ་པའི་ལང་ཚོ་ཅིར་ཡང་རྒྱས་པ་དང་། ཁྱད་པར་མཆོག་གསང་རྡོ་རྗེ་རྩེ་མོའི་ཡེ་ཤེས་འཕོ་བའི་དབང་བསྐུར་རིག་པའི་བཅུད་དུ་སྨིན་པ་ལས་འཁྲུལ་པ་གཞི་དབྱིངས་སུ་དག་སྟེ་མ་འཁྲུལ་གདོད་མའི་གནས་ལུགས་མངོན་དུ་གྱུར་ཅིང་ཚེ་འདི་ཉིད་ལ་པཎ་ཆེན་དྲི་མེད་བཤེས་གཉེན་དང་། རྒྱལ་དབང་པདྨ་ལས་གྲོལ་ལྟ་བུའི་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཏེ་འགྲོ་བའི་དོན་མཐའ་ཡས་པ་སྐད་ཅིག་རེ་རེ་ལ་སྒྲུབ་ནུས་པ་རྒྱལ་སྲས་འཇམ་དཔལ་དཔའ་བོ་དང་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་དབང་འབྱོར་ཞིང་། དེ་ལྟ་བུའི་གོ་འཕང་མངོན་དུ་མ་གྱུར་གྱི་བར་དུ་མགོན་པོ་མཆོག་གི་ཞིང་གང་དུ་བཟུང་བ་དང་། བྱང་ཆུབ་དམ་པ་བརྙེས་པའི་ཚུལ་བསྟན་པ་ག་ལ་བ་དེར་བདག་ཀྱང་འཁོར་གྱི་ཐོག་མར་སྐྱེས་ནས་ཐེག་ཆེན་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ལ་ལོངས་སྤྱོད་པ་དང་། གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ཀུན་ཏུ་དཔལ་ལྡན་བླ་མའི་ཐུགས་རྗེའི་བྱིན་བརླབ་ཀྱི་སྣང་བས་ཁྱབ་པ་དེ་སྲིད་དུ་བསྟན་པ་དང་བསྟན་འཛིན་གྱི་དབུ་འཕང་མཐོ་ཞིང་། སྣོད་བཅུད་ཀྱི་རྒུད་པ་ཞི་ནས་རྫོགས་ལྡན་གསར་པའི་དཔལ་ཡོན་རྒྱས་པ་དང་། ཁྱད་པར་གངས་ཅན་བསྟན་པའི་སྙིང་པོ་རྒྱལ་དབང་པདྨཱ་ཀ་རའི་རིང་ལུགས་ཕྱོགས་དུས་ཀུན་ཏུ་ཁྱབ་ཅིང་བཤད་དང་སྒྲུབ་པས་ཉམས་སུ་བླང་བས་རིག་འཛིན་མཁས་གྲུབ་རྒྱ་མཚོས་ས་སྟེང་ཡོངས་སུ་ཁྱབ་པའི་སྨོན་ལམ་དང་འབྲེལ་བའི་ཤིས་པའི་ཚིག་གིས་དགེ་ལེགས་སུ་བྱ་བ་སྟེ། གསོལ་འདེབས་ལས། བདག་གི་དུས་གསུམ་བསགས་པའི་དགེ་བ་དང་། །ལུས་དང་ལོངས་སྤྱོད་འཁོར་གཡོག་དང་བཅས་པ། །རིགས་ཀྱི་བདག་པོ་བླ་མ་མཆོག་ལ་འབུལ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་བཤགས། །འདི་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ། །དཔལ་ལྡན་བླ་མ་ཡིད་ལ་བྱེད་པ་དང་། །ལེགས་གསུངས་ཆོས་ཀྱི་བདུད་རྩིས་འཚོ་བ་དང་། །དགོངས་པ་ཟབ་མོ་ཡོངས་སུ་སྐོང་ནུས་ཤོག །མདོར་ན་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །ཕ་གཅིག་བླ་མ་འབོད་ལས་གཞན་མེད་པས། །ཐུགས་རྗེའི་ཕྱག་གིས་ནམ་ཡང་མི་གཏོང་ཞིང་། །དགོངས་པའི་བྱིན་བརླབ་རྒྱུད་ལ་འཕོ་བར་ཤོག །ནམ་ཞིག་བྱང་ཆུབ་དམ་པ་བརྙེས་པ་ན། །བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བ་དང་། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་ལ་སྤྱོད་པའི། །སྨོན་ལམ་ཁྱད་འཕགས་འགྲུབ་པར་བྱིན་གྱིས་རློབས། །བསྟན་འཛིན་སྐྱེས་རྣམས་ཞབས་བརྟན་བཤད་སྒྲུབ་འཕེལ། །དུས་འཁྲུགས་ཀུན་ཞི་འཇིག་རྟེན་བདེ་ཞིང་སྐྱིད། །བདག་ཅག་ཚེ་མཐར་ཕྱིན་ཅིང་བསམ་དོན་འགྲུབ། །རྒྱལ་བསྟན་དར་ཞིང་རྒྱས་པར་མཛད་དུ་གསོལ། །ཁྱད་པར་རྒྱལ་བ་ཀུན་གྱིས་རབ་བསྔགས་པའི། །པདྨའི་རིང་ལུགས་སྔ་འགྱུར་བཀའ་གཏེར་ཆོས། །ཉན་བཤད་སྒོམ་པས་ཕྱོགས་ཀྱི་ཐ་གྲུར་ཁྱབ། །རྡོ་རྗེ་རྩེ་མོའི་བཀྲ་ཤིས་དཔལ་འབར་ཤོག །ཅེས་པས་མཐའ་བརྒྱན་པའོ། །དེ་རྣམས་ཀྱིས་དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལས། རང་བློས་གང་དཔོག་ཙམ་དུ་སྨོས་པ་རེ་ཞིག་རྫོགས་སོ།

།སླར་ཡང་ཚིགས་སུ་བཅད་པའི་ཕྲེང་བས་མཇུག་བསྡུ་བ་ནི། ཨཱོཾ་སྭ་སྟི་སིདྡྷཾ། རྒྱལ་བ་ཀུན་གྱི་ཡེ་ཤེས་གསང་བའི་མཛོད་འཛིན་པ། །དཔལ་ལྡན་བླ་མ་རྡོ་རྗེ་གསུམ་གྱི་རྣམ་རོལ་གར། །རྩོད་དུས་གངས་ཅན་མཁས་དང་གྲུབ་པའི་གཙུག་རྒྱན་ཆེའི། །ཞབས་ཀྱི་པདྨོར་སླར་ཡང་གུས་པས་སྤྱི་བོས་མཆོད། ༡། གང་གི་རང་བཞིན་རྡོ་རྗེ་ནམ་མཁའི་དཀྱིལ། །བྱིས་བློའི་ལག་གིས་འཇལ་བར་བྱེད་པ་ནི། །ནམ་མཁའ་སྟོང་པར་སྦར་མོས་བསྙབས་པ་བཞིན། །འཛིན་པར་བྱ་བ་རྡུལ་ཙམ་མ་དམིགས་ཀྱང་། ༢། གང་གི་བཀའ་དྲིན་སྲང་ལ་གཞལ་གྱུར་ན། །སྐྱེ་རྒུའི་བདག་པོ་ཡིས་ཀྱང་གཞལ་དུ་ཅི། །དངོས་པོར་གྱུར་པའི་སྐབས་ཞིག་མཆིས་གྱུར་ན། །སྟོང་གསུམ་སྣོད་དུ་བྱས་ཀྱང་ཤོང་མི་སྲིད། ༣། བདག་གཞན་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་ཀྱི། །ཆོས་ཁམས་དམ་པ་སྒྲིབ་བྱེད་ཆུ་འཛིན་གྱི། །ཉེས་པའི་དྲི་མ་འཁྲུད་པར་བྱེད་པ་ལ། །ཐབས་མཆོག་བླ་མའི་བདུད་རྩི་འདི་རྨད་བྱུང་། ༤། དགེ་ཚོགས་རིན་ཆེན་རྡུལ་གྱི་ཕུང་པོ་ནི། །གཅིག་ཏུ་སྤུངས་པས་སྐུ་བཞིའི་ལྷུན་པོ་བརྗིད། །འོད་གསལ་རྡོ་རྗེའི་བ་གམ་མངོན་པར་མཐོ། །ཡིད་བཞིན་རིན་ཆེན་ཏོག་གིས་རྣམ་པར་མཛེས། ༥། ཤིན་ཏུ་རྟོགས་དཀའི་གསང་བའི་སྙིང་པོ་འདི། །སྒོ་འབྱེད་གནད་ཀྱི་ལྡེའུ་མིག་གཞན་གྱིས་མིན། །འཁོར་འདས་མེས་པོ་ཀུན་ཏུ་བཟང་པོ་དེས། །ཟབ་མྱུར་བླ་མའི་ཐབས་མཆོག་བསྟན་འདིར་སློབ། ༦། བླ་མ་འདི་ནི་བདེ་ཆེན་གཙོ་མཆོག་གར། །གཅིག་པུའི་ཉམས་ཀྱི་ཡེ་ཤེས་རོས་སྒེག་ཅིང་། །ས་གསུམ་ཀུན་ན་ཁྱབ་པར་འཕྲོ་བ་ཡི། །བླ་མ་ལས་གཞན་འཁོར་འདས་ཆོས་མ་དམིགས། ༧། དེ་ཕྱིར་བདག་ལ་དགྱེས་པའི་ཞལ་ངོམ་ཟབ་མོའི་གདམས་པ་རྗེས་སུ་བསྟན། །རིག་པ་དང་ནི་རྐང་པར་ལྡན་བྱས་ཆོས་ཀྱི་སྲས་སུ་བདག་དབང་བསྐུར། །བྱང་ཆུབ་རྡོ་རྗེ་སྙིང་ལ་བསྟིམ་བྱས་རང་རིག་ཆོས་སྐུའི་ནོར་བུ་རྙེད། །རྣམ་གྲོལ་ཞི་བ་མཆོག་གི་རང་བཞིན་བདག་གྱུར་དམ་པ་ཨེ་མ་ཧོཿ༨། དེ་སླད་ཉིད་དུ་བླ་མའི་རྣམ་ཐར་ནི། །ས་དང་ནམ་མཁའ་རྒྱ་མཚོ་ཆེན་པོ་བཞིན། །བསམ་ཡས་འཕགས་པ་ཁོ་ནའི་སྤྱོད་ཡུལ་ལ། །བདག་འདྲས་སོར་མོས་ངལ་བ་འདི་ཅི་ཞིག༩། དེ་ལྟ་ན་ཡང་ཚུ་རོལ་མཐོང་བའི་བློས། །ཆ་ཤས་ཙམ་ཞིག་གུས་པས་བླང་བྱས་ཏེ། །བཀོད་པའི་ལེགས་བྱས་དགེ་ཚོགས་ནོར་བུ་འདི། །བླ་མ་དགྱེས་པའི་མཆོད་སྤྲིན་དམ་པར་འབུལ། ༡༠། མཐའ་ཀླས་འགྲོ་བ་ཀུན་ཀྱང་སྒྲིབ་གསུམ་དག །རང་རིག་དཔལ་ལྡན་བླ་མའི་རང་ཞལ་མཇལ། །ཡེ་ཤེས་བླ་མའི་ས་ལ་ཕྱིན་པ་དང་། །ཀུན་བཟང་གདོད་མའི་ཀློང་དུ་བྱང་ཆུབ་ཤོག༡༡། བདག་ཀྱང་ཚེ་རབས་ཀུན་ཏུ་བླ་མ་རྗེའི། །ཞབས་མཐིལ་རྡུལ་འོད་དམར་པོར་བཏུད་བྱས་ཏེ། །གསུང་གསང་གདམས་པའི་གཏེར་མཛོད་རྙེད་པ་དང་། །བླ་མའི་ལམ་གྱིས་གྲོལ་བ་རྙེད་གྱུར་ཅིག༡༢། བསྟན་འཛིན་སྐྱེས་རྣམས་ཞབས་པད་རབ་བརྟན་བསྟན་པའི་སྦྱིན་བདག་དབུ་འཕང་མཐོ། །བསྟན་ལ་གནོད་པའི་མི་མཐུན་ཀུན་ཞི་བསྟན་པའི་མངའ་ཐང་ཕྱོགས་བཅུར་རྒྱས། །བསྟན་པའི་སྙིང་པོ་བཤད་སྒྲུབ་ལ་བརྩོན་བསྟན་ལ་བྱ་བ་བྱེད་པ་དང་། །བསྟན་པ་རབ་སྤེལ་ཚེ་བསོད་འབྱོར་ལྡན་བསྟན་པ་དར་རྒྱས་བཀྲ་ཤིས་ཤོག །༡༣། །ཅེས་པའང་དཔལ་མགོན་བླ་མ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ཞལ་སྐྱིན་འགྱུར་མེད་པདྨ་རྣམ་རྒྱལ་གྱི་རྟོགས་བརྗོད་མདོར་བསྡུས་དད་པའི་འཇུག་ངོགས་ཅེས་བྱ་བ་འདི་ཡང་དབོན་མཁྱེན་རབ་མཆོག་རྒྱས་དགེ་ལེགས་རྒྱ་མཚོ་དང་བྲག་ཡབ་ཞིང་སྐྱོང་བཅས་ནས་རྗེ་བླ་མའི་བསྟན་བཅོས་རྩོམ་གཞིའི་ཕྱག་གམ་བྱིན་རླབས་ཀྱི་གཟི་འོད་འཕྲོ་བའི་གནང་སྐྱེས་དང་བཅས་བྲི་བར་བསྐུལ་ཞིང་རྡོ་རྗེའི་མཆེད་པོ་འཇམ་མགོན་གུ་ཎ་ས་ག་རའི་མཆོག་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་གྲུབ་ན་ལེགས་པའི་གསུངས་བསྐུལ་མཛད་ཀྱང་། བདག་ཉིད་རྗེ་བླ་མ་འདི་ཉིད་ཀྱི་ཞབས་པད་བརྟེན་ཡུན་ཐུང་བ་དང་། གསང་བ་བསྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་ཐུན་མིན་གྱི་རྟོགས་བརྗོད་སུ་ལའང་བཀའ་སྩལ་མེད་པས་རྣམ་ཐར་འབྲི་རྒྱུས་ཕོངས་པ་དང་། ཐུན་མོང་གི་རྟོགས་བརྗོད་ཀྱང་ཕྱག་ཐོ་སོགས་གསལ་པོར་མེད་པས་རྒྱས་པར་འབྲི་བ་རྔོ་མ་ཐོགས་ཀྱང་། རང་གིས་སྔར་བྲིས་པའི་དམ་པའི་རྣམ་ཐར་སྤྱིར་བསྔགས་པའི་རྣམ་ཐར་གསོལ་འདེབས་ཀྱི་དོན་འགྲེལ་མདོར་བསྡུས་སུ་སྐྱབས་མཆོག་འཁོར་ལོའི་མགོན་པོ་དེ་ཉིད་ཀྱི་བཀའ་འབང་གི་གྲལ་མཐར་འཁོད་ཅིང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བྱིན་རླབས་ཀྱི་ཆ་ཤས་ཙམ་ཐོབ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོས་སྨོས་རིམ་བཞིན་ཡི་གེའི་བྱེད་པོ་རང་སློབ་མཆོག་སྤྲུལ་འགྱུར་མེད་བསྟན་འཛིན་གྱིས་བགྱིས་པ་འདི་ལ་སྒྲོ་བསྐུར་གྱི་སྐྱོན་མཆིས་ན་དཔལ་མགོན་ཐུགས་རྗེའི་བདག་ཉིད་ཅན་ལ་བཟོད་པར་གསོལ་ཞིང་ལེགས་པའི་དགེ་བས་བདག་གཞན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །ཤུ་བྷམ་སྟུ་སརྦ་ཛ་ག་ཏཱཾ།། །།

}}

[edit]

@#/__/dpal ldan bla ma rdo rje 'chang 'gyur med pad+ma rnam rgyal gyi rtogs brjod mdor bsdus dad pa'i 'jug ngogs zhes bya ba bzhugs so/__/ rdo rje sems dpa' rigs rnams kun gyi bdag__/dpal gyi 'byung gnas bde chen pad+ma'i rgyal/__/ye shes sgyu ma'i gar gyis sa gsum g.yo/__/dpal ldan dang po'i rdo rjes shis pa stsol/__/dus gsum rgyal ba sras dang bcas pa'i ye shes gcig tu bsdus pa'i sku/__/mkhyen brtse nus pa nam mkha'i mtha' klas zab rgyas chos kyi gsung dbyangs sgrogs/__/gang thugs 'od gsal chos dbyings chen por rtag tu mi g.yo snyoms par 'jug__/skyabs kun 'dus zhal rigs rnams kun bdag dpal ldan bla mar phyag bgyi'o/__/gzod nas mngon par byang chub mchog brnyes kyang /__/thugs rje'i phyag gis srid 'di mi gtong zhing /__/shAkya'i rgyal tshab mtsho skyes rdo rje yi/__/zhabs la yan lag mchog gis gus pas btud/__/gangs ri'i khrod 'dir mdo sngags shing rta rnams/__/'dren mdzad chos rgyal sprul pa'i lo paN dang /__/bka' gter bshad sgrub rig 'dzin brgyud pa la/__/mi phyed gus pa'i me tog yang yang 'thor/__/rgyal kun gsang ba'i mdzod 'dzin lag na rdo rje can/__/'jig rten mig gcig lo tsA chen po rnam snang gsungs/__/'gyur med bden don gzigs mkhas ye shes rdo rje'i sku/__/snga 'gyur bstan pa'i nyi ma gter chen bla mar 'dud/__/'jam dpal dbyangs dngos mkhyen dang brtse ba'i gter/__/chos kyi shing rta blo gros pha mtha' yas/__/phyogs las rnam rgyal mi pham chos kyi rje/__/'jam mgon yab sras snying gi pad+mor rol/__/gang gi gsang ba gsum gyis byin brlabs pa/__/'jam dbyangs bla ma mkhas grub rgya mtsho'i sde/__/rtsod dus kun mkhyen gnyis pa'i rnam thar mnga'/__/rab 'byams shes bya kun gzigs chos kyi rje/__/rnam thar rgya mtsho'i klung chen 'khyil pa la/__/rmongs blo'i skra rtses bgrangs par mi nus kyang /__/rang gzhan dad pa'i gsos su 'gyur ba'i phyir/__/shas tsam brjod 'dir bla mas shis pa stsol/__/ces gus pa'i phyag dang shis pa'i tshig gis dge legs kyi pad tshal yangs por phyes nas/__gang gleng bar bya ba ni/__bdag cag rnams kyi skyabs gcig__/snyigs dus bstan 'gro'i dpung gnyen ma rig mun pa sel ba'i sgron me/__'khor ba'i rgya mtsho las brgal nas yang dag thar gling bgrod pa'i ded dpon khams gsum 'gro ba lha dang bcas pa'i gtsug gi nor bu 'od stong 'phro bas zhabs kyi pad+mo la 'dud pa/__chos kyi rje/__chos kyi dbang phyug__/chos dam pa'i 'byor pa phun sum tshogs pas brgyan pa mtshan brjod par dka' yang /__don gyi slad du mtshan nas smos na/__'gyur med pad+ma bstan 'dzin mkhas grub rgya mtsho'i sde'am o rgyan thugs mchog rdo rje tshe dbang grub pa'i mgon po zhes mtshan gyi snyan pa srid zhi'i bla na mngon par mtho ba 'di nyid/__nges pa'i don du srid zhi kun gyi mgon po khyab bdag 'od mi 'gyur ba'i ngo bor bzhugs shing 'pho 'gyur spros pa'i mtshan ma rdul tsam ma dmigs kyang /__dmigs med ye shes chen po'i thugs rje'i rang gdangs 'gags pa med pa las/__rang snang 'og min chen por longs spyod rdzogs pa sku yi zhing khams kyi sprin chen po tshad med pa bkod de/__rang las dgongs pa mi gzhan pa'i rigs lnga'i 'khor rgyal ba rgya mtshor rang snang gi dgongs pa'i cho 'phrul mtha' klas pa rgyal ba nyid kyi spyod yul kho nar gyur pa dang /__de las me long gi byad ltar phyed sprul longs sku'i zhing du rgyud tha dad pa'i 'khor rgyal ba sems dpa' dang rig 'dzin dpa' bo mkha' 'gro bsam gyis mi khyab pa la/__ston pa rigs lnga'i sangs rgyas kyis 'dul thabs tshad med pas lung du ston pa dang /__dbugs dbyung bas 'bras bu'i sa mchog la sbyor bar mdzad cing zhing dang ston pa de yi byin brlabs kyis ma dag 'jig rten gyi khams su 'gro 'dul sprul pa tshad med pa byis blos dpag par dka' ba'i bzo dang skye ba sogs dag dang ma dag gi rol pa cir yang 'char ba dang /__de las khyad par du mchog gi sprul pa'i sku spang rtogs kyi yon tan rgya mtsho'i mnga' bdag rkang gnyis rnams kyi khyu mchog thub dbang shAkya'i rgyal po sogs kyi sku yi snang ba stong gsum gyi stong chen po'i 'jig rten gyi khams tshad med pa'i gdul bya rnams la cho 'phrul chen po'i 'dul ba rnam pa bzhis sgo nas nam mkha' ji srid kyi bar du 'gro ba'i don mtha' yas pa 'byung ba las/__bye brag 'dzam gling chung ngu'i yul dbus kyi lte ba byang chub kyi ljon pas mtshan pa'i gnas ma ga d+ha rdo rje'i gdan nas byang nas byang du bgrod pa na/__sa yi cha thams cad glang chen gyi gtsug ltar mtho zhing gangs ri'i phreng bas bskor ba'i ljongs gtsang zhing bsil la mi rnams dkar po'i chos la spyod pa'i skal ba can snying rje'i dbang phyug 'phags mchog lag na pad+mo'i phyag mtshan du bzhes pa'i bod kha ba can gyi ljongs 'dir snying rje'i dbang phyug gi thugs rje'i zla gzugs gdul bya'i dad mos kyi dwangs shel gtsang ma'i sa gzhir 'phos pa las/__skye dgu'i bsod nams kyi mgon du byon pa'i sprul pa'i rgyal po chos rgyal mes dbon rnam gsum gyi thugs bskyed mtshungs pa med pa'i shing rtas rdzogs ldan chos kyi snang ba'i dga' ston gsar du 'dren pa'i dpung gnyen du/__au Di yA na'i slob dpon chen po pad+ma las grol spyan drangs pa'i thugs rje'i byin rlabs kyi sprin chen po ljongs 'di'i mkha' la nub pa med par rtag tu 'char ba las nyid dang dgongs pa mnyam pa'i rje 'bangs rig 'dzin grub thob rgya mtsho rnams kyis dngos dang byin gyis brlabs pa'i sprul pa byams chen rgyal ba'i bstan pa ma shar gyi bar du dngos sbas ci rigs par byon pa la/__dus las yol ba cung zad kyang mnga' ba ma lags te/__las brgya pa las/__rgya mtsho chu srin gnas rnams kyi/__/dus rlabs yol bar 'gyur srid kyi/__/gdul bar bya ba'i sras rnams la/__/sangs rgyas dus las yol mi mnga'/__/ces dang /__yid bzhin rnam par bkod pa'i rgyud las/__/sems can kun gyi tshogs chen por/__/ji srid rnam par gnas de srid/__/sangs rgyas sprul pa rgyun mi chad/__/grol ba'i chos kyang nub pa med/__/ces dang /__rgyal tshab byams mgon chen pos/__/de yis chos kun sgyu ma lta bu dang /__/skye ba skyed mos tshal 'gro ltar rtogs nas/__/'byor ba'i dus dang rgud pa'i dus na'ang bde/__/nyon mongs sdug bsngal dag gis 'jigs pa med/__ces gsungs pa ltar ro/__/des na rgyal sras byang chub sems dpa' chen po rnams ni/__'khor ba na nyes pa'i skyon gyis ma gos pa 'dam gyi pad+ma ltar dag cing gtsang ba/__bya dka'i gnas sogs la skyo ngal med pa/__gzhan gyi don gtso bor byed cing rang bde don gnyer gyi zhi ba'i mtha' la gzhol ba'i skabs ma mchis shing /__snying rje'i gzhan dbang gi chu gter chen po g.yas su 'khyil bar dpal ldan byang chub sems kyi klu dbang dgyes par rol pa la/__bsdu ba rnam bzhi sogs byang chub spyod pa'i chu klung chen po dal gyis 'bab pas bstan 'gro'i snyigs ma'i dus kyi rgud pa'i me dbal drag pos gzir ba rnams byams thugs brtse ba'i chab kyis legs par bsil bar mdzad pa'i ngal gso'i go 'phang mchog sbyin pa la nam yang bsnyel ba med pa'i snying stobs kyi rdo rje'i ya lad bgos shing /__bslab pa'i tshul khrims kyi nor bu rin po che'i 'byor pa phun sum tshogs pas yongs su phyug pa'i rnam rgyal lha yi ba gam mthon por ting nge 'dzin gyi lus stobs rab tu rgyas shing /__mi brjed pa'i gzungs dang spobs pa mngon shes dran pa'i dpal phun sum tshogs pa dang /__tshad med rnam bzhi'i yan lag bzang po dang ldan pa/__lhag pa'i shes rab kyi ral gri sngo sangs nam mkha'i mdangs 'od kyis mun pa'i khang bur zhugs pa'i the tshom gyi blo can dang /__gzhan 'phrul bdag po'i mda' lnga snying la zug pa sder bcas kyi mgo bo drung nas gcod cing /__skal ldan las 'phro can rnams blo gros kyi pad+mo yongs su 'byed par mdzad pa'i bstan 'dzin gyi skyes bu/__mkhas pa dang grub pa'i go 'phang mthon por gshegs pas rang snang dbang du 'dus shing gzhan snang zil gyis gnon pa la zhum pa med cing /__phrin las rnam bzhi 'bad med du grub pa dang /__thugs kyi dgongs pa gtad pa tsam gyi mod la kun bzang chos sku'i dgongs pa mngon sum lag mthil du ston par nus pa'i rigs kyi rig pa 'dzin pa'i 'khor los sgyur ba chen po 'di nyid kyi sku'i skye ba'i phreng ba ni/__bod chen po'i ljongs 'dir snga 'gyur bstan pa'i snang byed mtshungs zla ma mchis pa khams gsum chos kyi rgyal po grub dbang rdzogs chen pa pad+ma rig 'dzin zhes sangs rgyas rin chen gtsug tor can dang rnam dbyer ma mchis pa de nyid kyi thugs sras yongs kyi thu bo/__de bzhin gshegs pa mya ngan med pa'i dpal gyi rnam 'phrul zhwa lam rab 'byams pa chen po bstan pa'i rgyal mtshan gyi chos kyi sras gcig pur gyur pa grub dbang pad+ma rgyal mtshan zhes sgrub brtson rnal 'byor gyi dbang phyug chen po de nyid ni 'phags yul gyi grub pa'i slob dpon chen po pra b+ha hasti/__gnubs ston nam mkha'i snying po/__bla chen dgongs pa rab gsal/__lang lab byang chub rdo rje/__rje btsun tA ra nA tha/__rig 'dzin gter bdag gling pa sogs dang /__gzhan yang rgyal tshab bstan 'dzin chos rgyal la rje btsun mi las zhal gzigs ste khyod kho bo'i thugs sras ras chung pa'i skye ba yin/__da dung kyang ras pa zhi ba 'od dang /__dwags po rin po che'i rnam 'phrul khyed kyi skye mtha'i ming thogs pa la 'byung zhes lung bstan pa ltar bdag cag gi dpal mgon bla ma 'di snyi sgom chen po'i rnam rol du grags pas dwags zhu dbu la bzhes pa tsam gyis gdul bya rnams kyis mjal tshe tha mal gyi snang ba rang 'gags su 'gro ba'i dad mos dbang med du skye ba zhig yod par grags pas mtshon 'gran bral gyi mkhas grub du ma'i skye ba'i phreng ba brgyud mar byon pa'i mthar/__rje 'di nyid mdo khams lho rgyud du 'khrungs/__dgung lo bcu gsum pa'i thog nas chos bros la byon te tshe rabs nas 'brel ba'i bla ma rab 'byams bstan pa'i rgyal mtshan gyi zhabs pad mnyes pa gsum gyis brten nas lo dgu'i bar 'bral med du 'grogs cing gdams ngag gi zhun thar bcad/__rje rab 'byams pa gshegs rjes/__khong rang dgung grangs nyer drug nas brtsams skabs gseng phran bu ma gtogs sgrub pa nyams len kho na gtso bor bton pas/__khyon dril lo mtshams zhe bdun song /__bar skabs rnams su rje rab 'byams pa'i yang srid khri 'don dang /__phyis chos grwa 'di nyid bzhengs pa'i skabs sogs su zhabs tog phul du byung bar mdzad pas chos sde 'di nyid tshugs pa'i bdag rkyen thun min grub dbang 'di dang /__rwa lo rdo rje grags pa'i rnam 'phrul sib rdzogs chen dgon pa'i bla ma o rgyan bsam gtan sku phreng gong 'og yin pa rab 'byams gnyis pa'i rnam thar du gsal/__bla ma dang lhag pa'i lhas rjes su bzung bas mi min 'byung po dam la nyan/__dbu ral gyis mtshon cha'i 'jigs pa bsrung ba sogs grub pa'i rtags mtshan mngon du brnyes/__sku gshegs skabs sa g.yo ba sogs skyes bu dam pa sa nas sar 'phar ba'i lam rtags ya mtshan pa dang /__sku gdung zhugs la phul bar dbu thod ma nyams par badz+ra gu ru rang byon gsal dag dang /__thugs zhun thig lcags gcod dbang mdog tu 'gril ba sogs rdo rje 'dzin pa mchog gi che ba'i yon tan rdzogs pa des/__sngar rang nyid zhal bzhugs dus nas lung bstan pa bzhin du/__mnga' bdag chos kyi rgyal po'i gdung brgyud zhig khams su 'phos par grags shing sprul pa'i gter chen yon smyon mi 'gyur rdo rje sogs mkhas grub kyi skyes chen du ma byon pa'i dbon brgyud rigs rus cho 'brang phun sum tshogs par lcags 'brug hor zla dang po'i tshes gcig la rigs zhang se bo sngags pa nyi ma thag btod kyi khyim du ngo mtshar ba'i ltas dang bcas te 'khrungs/__zla ngo mthong tsam nas nga bla ma pad rgyal yin yang yang gsungs pa dang /__si tu kun mkhyen d+harmA ka ra sogs kyis lung bstan pa bzhin rje dbon sangs rgyas rab brtan sogs kyis gong ma'i gdan sa gshong nag ri khrod du spyan drangs/__sib sprul pad+ma dbang rgyal gyis gtsug phud bzhes nas mtshan pad+ma gsang sngags bstan 'dzin du gsol/__dgung grangs bdun pa'i thog nas zhe chen du byon nas rab 'byams gnyis pa'i zhabs pad bsten/__bla slob skye ba du mar 'brel ba dang /__sku tshe 'dir yang don brgyud kyi rgyal sa 'dzin pa'i rten 'byung la dgongs pas dgyes pa'i dbugs dbyung bcas zab rgyas kyi gdams pa rgya mtsho lta bus rjes su bzung /__lhag par phur pa'i sgrol dbang gi skabs su bla ma rdo rje gzhon nu'i skur mngon sum du gzigs shing rang nyid lang lab byang chub rdo rje yin pa'i thugs shes gsal por 'khrungs/__gzhan yang dus snga phyi ci rigs par gnubs nam snying /__bla chen dgongs pa rab gsal/__jo nang rje btsun/__smin gling gter chen sogs ngos zin pa dang /__mi zin pa'i/__rgyal po/__rab byung /__sngags 'chang /__gter ston/__khyim pa/__bud med/__rnal 'byor pa sogs sku skye snga ma'i bag chags mang po sad pa'i rkyen gyis mkhyen rtogs klong nas rdol/__dgung lo brgyad pa'i thog dag pa'i snang bar gu ru rin po che mjal zhing gsol ba btab pas gu ru'i thugs ka nas 'ja' 'od sna lnga'i zer thag 'phros pa sku la phog pa'i rkyen gyis gu ru'i sku dang dbyer med du 'dres nas rig pa gtad med du song ste thugs rgyud kyi byin rlabs 'phos pa sogs dag pa'i gzigs snang mtha' yas pa shar/__dgung grangs bcu gcig pa'i mjug thog rje rab 'byams pas sku gsung thugs kyi byin rlabs 'pho ba'i dbang bskur dang bcas te don gyi bstan pa gtad nas rgyal tshab tu mnga' gsol te sprul pa bsdus pas/__bcu gcig nas gzhan don gyi phrin las skyongs/__rdor brag zhabs drung pad+ma'i mtshan can gyis dag snang pad+ma drag po'i chos bdag dang nam snying sprul par dbugs dbyung /__kaHthog rmog grub nam mkha' chos dbang nas dag snang mkha' 'gro bka' brgyad kyi chos bdag dang slob dpon pra b+ha hasti'i rnam 'phrul du ngos bzung nas ke stod 'gying nga brag dkar du tshe gcig sgrub la gzhol na zag zad 'od skur grol bar lung bstan/__gzhan yang smin gling khri chen/__dpal ri sprul sku/__kong po gter chen sogs dam pa rnams kyis bslu med rdo rje'i lung gis mgrin gcig tu bsngags/__snga phyi ci rigs par gong smos kyi dam pa de rnams dang /__mkhan chen o Di yA na/__gtsad sgrub chen pad+ma bshes gnyen/__lcags zam pa bstan 'dzin ye shes lhun grub/__rdzogs sprul nges don bstan bzang /__kaHthog dri med zhing skyong /__paN chen tshe dbang mchog grub/__kun bzang nges don dbang po/__rje dbon pad+ma kun grol/__'dren mchog rig 'dzin bzang po/__phu khung pad+ma rin chen/__grub dbang 'jigs med phrin las 'od zer/__'bar chung 'jigs med go cha sku mched sogs dang /__si tu kun mkhyen d+harmA ka ra/__zhwa lu mkhan chen kun dga' mkhyen rab/__ra nyag grub chen blo bzang mthu stobs sogs grub mtha' ris med kyi skyes chen du ma'i zhabs pad bsten nas zab rgyas kyi gdams pa mtha' yas pa gsan zhing thugs nyams su bstar bas snang spyod thams cad dag pa ye shes kyi 'khor lor 'byams klas pas gzung 'dzin gyi mtshan ma dbyings su dag__/mnyam bzhag 'od gsal rnam par mi rtog pa'i ngang nas rjes thob gang shar rang grol mnyam yang phyam bdal gyi dgongs pa rang byung rang shar du 'khrungs pa las mnyam rjes res 'jog gi shun pa bud nas ris med 'od gsal 'khor yug gi ting nge 'dzin la rang dbang 'byor te/__grub chen sa ra ha/__o rgyan chen po/__chos rgyal srong btsan/__ye shes mtsho rgyal/__lha lung dpal rdor/__lho brag mar pa/__tshar chen blo gsal rgya mtsho/__smin gling gter chen yab sras/__rje btsun bla ma 'gyur med kun bzang rnam rgyal sogs/__rgya bod grub brnyes rig 'dzin du mas dag pa ye shes kyi skus dbang bskur byin gyis brlabs shing rjes su gdams pa'ang gnang /__che mchog he ru kaHrdo rje phur pa sogs yi dam gyi lha dang /__sangs rgyas byang sems mang po'i zhal gzigs/__ma mo mkha' 'gro thams cad dbang du 'dus/__rdo rje chos skyongs rnams kyis las kyi stangs phul/__dkar phyogs kyi lha klu gzhi bdag thams cad bran du khol/__nag phyogs kyi mi dang mi ma yin pa rnams tshar bcad pa sogs las gang rtsom thog med du 'grub pa'i grub pa'i mngon rtags kun gyi mthun snang du grub pa sogs kyis dus mnyam gyi che dgu phal cher gyis zhabs la gtug pas sku bsod dang snyan grags rgyas/__chos sde 'di'i 'du khang dang mgon khang tsam ma gtogs gtsug lag khang rten dang brten par bcas pa gsar du bskrun/__'og min gnyis pa o rgyan smin grol gling gi phyag bzhes ji lta ba bzhin gyi spros bcas tshes bcu chen mo gtso bor gyur pa'i dus mchod chen po lnga rjes 'brel dang bcas pa rgyun 'dzug thog spros bcas kyi yo byad sogs gang dgos khyad thon dang /__nyer mkho'i sgrub dkyil khrid yig sogs cha tshang spar du sgrub/__sgrub sde bde chen pad+ma 'od gling gsar du btab nas spong ba bsam gtan pa bcu gsum rgyun 'jags dang /__gzhan yang /__sib dgon gsang chen bkra shis chos gling /__gshang nag rig 'dzin mkha' spyod gling /__phug dgon chos 'khor bde chen lhun po/__sgo me deng skya dgon gsang sngags chos gling /__'ju mo hor gsang sngags bshad sgrub gling /__nyag gzur pa lha 'bum dgon gsang sngags chos gling rnams su gtsug lag khang gsar bzhengs/__rnying pa zhig gsos mchod thebs rten gsum stsal ba sogs mtha' yas/__lcags khyi lor gu ru rin po ches zhal gzigs nas lung byang stsal ba/__pad+mas byin brlabs bdud 'jom rol pa stsal/__/khyod ni sngon tshe nam mkha'i snying po'o/__/bdag ni sna tshogs skur ston pad+ma 'byung /__/khyod la rtag tu byin gyis brlabs phyir 'ong /__/khyod kyi sems nyid yid bzhin nor bu de/__/rang ngo shes na nga nyid logs su med/__/zhes sogs kha byang lung bstan stsal ba ltar/__/ke stod 'gying nga brag dkar gnas zhal phyes/__shing glang lor dag snang kha byang phebs pa bzhin gnas mchog seng ge gnam rdzong gnas sgo 'byed par mdzad pas mtshon zab gter gyi kha byang lung bstan snga rjes mang tsam byung yang snyigs dus kyi skye bo'i sgro skur dang bstan pa'i mig rkyen sogs la dgongs nas ched gnyer ma mdzad/__lhag par bstan rgyun la dgongs pa'i mdo sgyu sems phyogs sogs zab rgyas chos kyi 'chad spel spyi dang /__bye brag yang gsang rdzogs pa chen po sde gsum snying po'i chos 'khor rgya cher bskor zhing de dag kyang gang zag so so'i blo rim dang mtshams par myong khrid rgyud la ci smin la gtso bor mdzad pas zhal slob kyang /__paN chen 'gyur med mthu stobs rnam rgyal dang /__kun spangs grub chen shes rab yar 'phel te zla bral gyi paN grub rnam gnyis dang /__gzhan yang /__rnam 'dren rdzogs chen bzhi pa/__rab 'byams sku phreng gong 'og__/kaHthog zhing skyong dang /__rmog tsha'i yang sprul/__dge phyag rnam gnyis/__nyi sprul gsum pa/__rdo grub chen rin po che/__grub dbang 'jigs med go cha/__gling rje drung rin po che/__ra nyag grub chen/__sku zhabs ye shes rdo rje/__mgo tsha mchog sprul/__gong gsal dgon ma lag rnams kyi bla sprul dam pa rnams kyis gtsos bstan 'dzin gyi skyes chen bzang la mang ba dang /__bye brag snying po'i sgrub pa lhur len pa'i spong ba pa sku tshe ril por sgrub pa'i rgyal mtshan brtan pa sgrub chen 'gyur med bstan 'phel dang 'gyur med mtha' yas/__slob dpon hU~M kA ra'i rnam 'phrul du lung gis zin cing rig pa tshad phebs kyi rtags tshad mthar phyin pa mkhas grub 'gyur med bstan 'dzin grags pa/__rta nag dang /__smin gling rdor sems/__bde gshegs kun 'dus/__gang tshe/__'od dpag med bcas kyi bsnyen pa dung phyur re them zhing dpal rta mgrin gyi zhal dngos su mthong ba grub chen kun bzang ngag dbang /__chos dbang yang 'dus kyi snying po yig drug dung phyur bco lnga 'grub cing 'phags pa spyan ras gzigs kyis zhal bstan pa'i bla ma bsam gtan/__bla ma'i zhabs pad mnyes pa gsum gyis bsnyen cing skye 'chi la rang dbang thob pa bla ma dbang chen 'bum/__nyams rtogs mthar phyin pa'i sngags ram pa kun bzang gsang sngags sogs bar do gsum gang rung du grol ba'i gdeng tshad mngon du brnyes pa'i yang dben gyi sgrub chen bcu gsum gyis mtshon rtogs pa don brgyud kyi rgyal sa zin nges kyi bu slob ches mang zhing /__tha na dam pa 'di nyid las sgom khrid sna re thob pa'i grwa rgan dkyus ma rnams kyang 'da' ka bla ma'i snang ba 'char ba dang /__'da' tshod zin pa sogs rtags ya mtshan brgyud mar 'ong ba thos so/__/de'i sprul pa'i sku o rgyan rang byung rdo rje tshe dbang grub pa rtsal ni/__rdor smin sogs dam pa du ma'i lung gis zin pa ltar gong ma'i chos khrir mnga' gsol/__chung ngu nas sngon gnas rjes dran sogs dam pa'i rnam thar sgrib med du gsal/__dbon sprul thugs rje'i gter chen dang /__rdzogs chen bzhi pa/__smin gling khri chen yid bzhin dbang rgyal/__'jigs med rgyal ba'i myu gu/__lha 'brang dpal ldan chos rgyal sogs dam pa du ma brten nas gsan bsam gyis sgro 'dogs bcad/__sgom sgrub kyis nyams su blang bas gnas lugs kyi rtogs pa 'khrungs/__lhag pa'i lha rab 'byams kyis zhal bstan zhing rjes su bzung /__bar srid kyi rnam shes dang lha 'dre'i spyod tshul sogs lkog gyur gyi chos rnams sgrib med du gzigs/__nus mthus mi dang mi ma yin gzugs can rnams tshar bcad/__lha ldan phyogs su 'brum pa nag po'i nad kyang dkar por bsgyur ba sogs grub pa'i spyod pa'ang ci rigs mdzad/__rang dgon ma lag rnams 'dzin skyong spel gsum dang nyams pa gso ba/__chos rje rab 'byams lnga pa gong ma'i seng khrir mnga' gsol ba sogs bshad sgrub las gsum gyi phrin las mthar phyin no/__/de skad du yang rnam thar gsol 'debs las/__phyogs bcu dus gsum kun na bzhugs pa yi/__/ye shes gcig tu bsdus pa'i rang gzugs mchog__/dran pas srid zhi'i 'jigs pa 'phrog mdzad pa/__dpal ldan bla ma'i zhabs la gsol ba 'debs/__/gzod nas gdod ma'i dbyings su byang chub kyang /__/tshu rol 'gro la rjes brtse'i sprin chen 'khrigs/__/byin rlabs thugs rje'i gru char 'bebs mkhas pa/__/dpal ldan dang po'i mgon por gsol ba 'debs/__/mtha' yas zhing na dag dang ma dag gi/__bzo skye ngo mtshar mchog gi sprul sku sogs/__/ye shes gcig nyid du mar 'char zhing 'phrul/__/mkhyen brtse'i dbang phyug mchog la gsol ba 'debs/__/khyad par 'dzam gling thub mchog bstan pa 'dir/__/'phags bod gnyis su mkhas grub du ma yi/__/skye ba'i rol gar u dum wA ra'i phreng /__/bgrang yas ston par mdzad la gsol ba 'debs/__/bye brag bsil ldan gangs kyi ri bo'i ljongs/__/'phur 'gro'i slob dpon pad+ma las grol gi/__thugs sras yang dag grub brnyes nam snying sogs/__/bstan 'gro'i mgon du byon la gsol ba 'debs/__/bod chen ljongs kyi gdul bya 'dul ba'i slad/__/mya ngan med dpal rdo rje slob dpon gzugs/__/gang des chos kyi rgyal tshab mnga' gsol ba'i/__/rnam rol bzhi par ston la gsol ba 'debs/__/ces pas don bsdu ba'o/__/gzod nas spros pa nyer zhi ye shes sku/__/'khor 'das gnyis ka'i mtha' la mi gnas kyang /__/srid dang zhi ba'i srog tu rab zhugs pa/__/mkha' 'di snod bcud kun la khyab pa bzhin/__/gcig dang du ma'i chos nyid las 'das kyang /__/gcig pu'i gar gyi sa gsum khyab par ston/__/sgyu ma'i rol gar khengs pa bsnyil byed 'di/__/rgyal sras rnams kyi mdzad pa'i cho 'phrul che/__/bdud rtsi 'od can sa la ltung min kyang /__/snod kyi dbye ba ji snyed mchis pa der/__/cig char snang bzhin 'phags chen dam pa rnams/__/skye 'di las kyis snang min thugs rje'i mthu/__/'gro rnams brtse chen thugs rje'i phyag sor ni/__/pad+ma'i lcugs phran gsar pa'i 'khri shing gis/__/duHkhas gzir rnams 'khrig ma nas bzung ste/__/bde nas bde ba'i sar khrid bla ma rje/__/ces pa'ang bar skabs kyi tshigs su bcad pa'o/__/da ni sku yi skye ba 'di nyid kyi rtogs pa brjod pa la lhums su zhugs nas sku bltams pa'i tshul dang /__rgyal ba'i bstan pa la zhugs nas rang don du thos bsam bsgom pa mdzad tshul/__gzhan don du 'chad rtsod rtsom pas thub bstan gsal tshul/__gnyis don du mkhas btsun bzang po'i yon tan ji ltar mnga' ba'i tshul dang /__spangs rtogs de dag gi mthu las skal ldan gyi slob tshogs ji ltar byung tshul/__bya ba las kyi 'khor lo'i mdzad pa ji ltar gnang tshul/__mthar gzugs sku chos dbyings su bsdu tshul bstan pa'i skabs te pha rol tu phyin pa drug gi grangs su bstan pa la/__dang po sku'i skye ba 'di nyid lhums su zhugs shing sku bltams pa'i tshul las byung ba'i rtogs brjod mdor bsdus pa la/__kun mkhyen bla ma 'di nyid kyi sku'i skyes rabs sngon ma o rgyan rang byung rdo rje de nyid dgongs pa chos dbyings su gshegs la nye ba'i skabs/__nye bar gnas pa rnams la/__da ste bdag ni rga dang na ba'i zug rngus mnar ba'i lus 'di bor nas/__byis pa lus yang zhing gam zo bde ba nad kyis mi gtser ba zhig gi skye ba blang na dga' bar 'dug__/ces phebs pa dang /__yang nged rang tshe mgo rting gnyis kar bsngos sha zos pa'i rnam smin shin tu lci bas thar pa thob dka' bar 'dug zhing sang phyi res skye ngan 'dra srid na/__sha 'di za mi dgos pa zhig byung na a re shi gsung shing thugs skyo ba'i rnam pa ches cher mdzad pa dang /__ma hA paN+Di ta 'gyur med mthu stobs rnam rgyal gyi gsung sras a gro sgra ram pa zhes/__kun mkhyen chos 'byung gi zhal slob kyi thu bo/__'be lo tsA ba tshe dbang kun khyab kyi skye bar grags pa/__bcu phrag rig pa'i gnas la mkhyen rab kyi pad+mo rnam par rgyas shing nges don chos nyid kyi dgongs pa la dbang 'byor zhing /__dbus gtsang gangs ri sogs rgya bod kyi rdo rje'i gnas rnams su sbas tshul kun spang gi tshul gyis byon/__rgya nag ri bo rtse lnga nas paN chen bi ma la a tsa ra'i cha byad can gyis rjes su bzung ba sogs dang lha ldan du jo bo mjal ba'i skabs mdzod spu las ring bsrel mthe bong tsam byon pa sogs nyams dang rtogs pa'i yon tan mthon por son pa/__sbas pa'i rnal 'byor chen po de nyid kyi mtshan dngos 'gyur med rnam rgyal zhes pa de nyid la zhu yig dang pad zhu bcas gnang ba'i zur 'dzin phyag rtags kyis spras pa'i nang du/__e ma ho/__ngo bo ka nas dag pa/__/nam mkha' lta bu'i me long /__/rang bzhin lhun gyis grub pa/__/'ja' tshon lta bu'i 'char sgo/__/'gags med shar ba'i lung la/__/sngon tshe 'das pa'i skabs su/__/rdo rje'i mtshan gyis 'od zer/__/shar nas 'char ba'i khri gdugs/__/gzung 'dzin sprin gyis ma gos/__/da lta tshe 'di'i nyams len/__/stong nyid snying rje gzhan phan/__/bskyed rdzogs mngon du gyur tshe/__/nub nas tshes pa'i zla ba/__/ma 'ongs pa yi dus su/__/rtsa gsum sgrub pa'i rnal 'byor/__/ngur smrig cha lugs 'dzin pa/__/rang rang mos 'dun gar gtad/__/skye srid bzung bar gdon mi za/__zhes sku skye phyi ma mkhas grub rdo rje 'dzin pa chen po sngags 'chang kun gyi gtsug rgyan du gyur pa de nyid dang nye bar thugs gtad cing /__zhabs 'bring ba dag la sgra ram pa'i yon tan 'ba' zhig gsungs shing /__khyad par gsol dpon pad+ma rang byung la/__da nas khyed rang 'dir sdod dgos med/__lho khog tu song la lo chen bi dza ya'i mdun nas rig gnas phran bu re i shes ltos/__nga dang myur du 'phrad 'ong zhes gsung gi tha ma zhal chems stsol ba ltar/__bde gshegs mya ngan med kyi rnam rol rab 'byams lnga pas kyang /__sgrib bral mkhyen pa'i dwangs shel gyi ngogs su mchog sprul lho rgyud du 'khrungs pa'i gsal snang brtan por byung ba dang /__gangs can mkhas grub yongs kyi gtsug rgyan 'jam dbyangs mkhyen brtse'i dbang po'i drung du mchod bsngo phul ba dang sbrags/__sprul sku gar 'khrungs dgongs brtags zhus pa'i bka' lan du/__skyabs rje mchog sprul rin po che'i yang srid gar phebs sogs rang la mngon shes lta ci/__rmi lam rno ba tsam yang med pas thugs phan thogs pa'i zhu re bral yang /__gsung mi gcog tsam du gu ru rin po che'i sku tshab mdun brtags bsgril zhus par/__spyir yang srid 'khrul med 'byon ngo dang /__de'ang lug lo las mi 'gyang bar yul lho phyogs kyi rgyud la 'byung snyam pa shar lags/__zhes rdo rje'i lung gis shin tu gsal bar bstan cing /__de bzhin du snga 'gyur bstan pa'i gtsug rgyan rdzogs chen bzhi pa'i ye shes gzigs par yang /__/rgyal tshab dam pa'i yang srid nub kyi phyogs/__/pha ma thabs shes nyi zla klu gnas mtsho/__/dad pa'i lo la 'khrungs pa'i rten bzang shar/__/zhes dang /__rta ni ngang pa gser ldan phul ba yis/__/tshor ba rta yi lo ni de nas byung /__/zhes rta lor lhums su zhugs pa'i lkog gyur mngon sum gzigs pa dang /__smin gling khri rin po che 'gyur med yid bzhin dbang rgyal dang /__'jam mgon kong sprul rin po che sogs ye shes gzigs pa rnams kyis kyang /__lho rgyud phyogs 'dir dam pa rnams bka' bgros pa bzhin dpal gyi mgul nas mgrin gcig tu lung bstan pa ltar rus chen bzhi'i ya gyal/__smug po gdong gi rigs a gro'i rus su gtogs pa lha thog dpon gyi mnga' 'og bsil ldan chu bo'i g.yas zur lho zla dal 'babs kyi g.yon du a gro tshang zhes grub dbang sbas pa'i rnal 'byor mkhas grub chen po che ba'i yon tan du ma dang ldan pa gong du smos ma thag pa de nyid kyi gzhis kar/__bskyed pa'i yab ni shes rab ces pa dkon spyi yi dam du byed cing rang bzhin bzang la dkon mchog rin po cher mchog tu gus shing 'jig rten yang dag gi lta ba la ngang gis gnas pa/__dngos rdzas rnams chos phyogs la btang /__a mi d+he wa ma Ni sid+d+hi rdor sems snying po rnams khri mkhar nyer gsum/__rgyal bka' rin po che sogs gsung rab bklag pa dang /__ma Ni sogs dung phyur kha shas thon cing sems don nyams len bzang po yod pa zhig dang /__yum ni dpa' rtsal stobs shugs che zhing ya rabs drwa ma'i rigs brgyud 'brong pa dpon tshang gi bu mo nam mkha' sgron ma zhes/__a mi d+he wa dung gcig__/ma Ni dung gnyis/__sid+d+hi dung gcig__/badz+ra sa twa dung gcig__/bka' thang bsdus pa le'u bdun sogs rgyun du kha ton byed cing dge sems dang ldan pa/__chos la mos shing dad pa dang dag snang che ba/__dman la brtse zhing bud med ngan pa'i skyon gyis ma gos pa gtong la gom pa'i blo can te/__yab yum de gnyis la sras lcam sring bdun 'khrungs pa'i che ba'i 'og ma rje bla ma 'di nyid yin la/__lhums su zhugs pa na byang chub sems dpa' chen po glang po che thal dkar mche ba drug ldan gdong gser gyi drwa bas g.yogs pa can gyi rnam pas lhums zhugs dang chos mtshungs par/__yum la ngo mtshar dge ba'i ltas mtshan rmi lam bzang ba re byung zhing sad pa'i dus na'ang bag chags yid kyi kun rtog gi ri mo nub pa med pa dad dang spro dga' phun sum tshogs pa'i chu shel dbang po dga' ba brgya ldan gyi mkha' la bkod cing /__rig 'dzin byang chub sems dpa' yum gyi lhums gzhal yas khang du byin gyis brlabs nas bzhugs pa'i nus mthu sgo gsum la zhugs pa'i rtags su/__shar ri'i mkha' ngos la dar dkar po dri ma med pa zhig shar gyis byung bas rang gi lus la dkris pa'i mod/__dar cig shes pa brgyal ba ltar gyur pa dang /__gnyid las sad pa na'ang lus sems la sngar med pa'i dga' bde khyad par can skyes shing lus kyi zo mdog rgyas pa dang /__lus mi ngal zhing /__yang ba sogs gyur to/__/lhums su zhugs pa'i nub mor dkar phyogs kyi lha klu rnams kyang mngon par dga' zhing 'jig rten gyi khams su dge legs rgya chen po 'byung ba'i rtags su chu shel dang mtshungs pa'i kha ba'i 'dab ma me tog gi dbyibs can gyis 'dzin ma'i khyon thams cad kheb cing dkar por gyur pa ni rje bla ma 'dis bstan 'gror phan bde'i phrin las kyi snang ba dkar pos 'jig rten gsum na khyab pa'i ltas su gor ma chags shing skye bo dpyod ldan rnams kyis/__e ma 'di ni skyes bu dam pa zhig sku 'khrungs pa sogs gang rung gi rtags ngo mtshar can zhig go zhes dbang po'i mngon sum gyi dge ba'i rtags khyad par mthong ba'i ya mtshan cir yang sgrogs so/__/rje 'di nyid lhums su zhugs pa'i zla ba phyi mar/__rje mkhas grub chen po bi dza'i mtshan can gyi dag pa ye shes kyi snang char brag ri dkar po rdo rje gyen bslong 'dra ba'i ngos nas sgrom bu zhig rnyed pa kha 'byed de gzigs pa na/__snga na med pa'i dri bsung 'phro ba dang lhan cig o rgyan rin po che'i sku byin rlabs kyi gzi 'od 'bar ba dgyes pa'i zhal mdangs 'dzum me re ba zhig 'dug pa spyi bor bzhag nas dbang bzhi len pa'i dmigs gnad bcas rum du 'dzud pa dang /__rang byung lhan skyes 'pho med kyi dga' ba'i ye shes rgyud la skyes pa lta bu'i nyams myong de ka'i mur/__mdun gyi bar snang la/__mkha' 'gro shel dkar rdo rje mtsho yin zer ba gri thod 'dzin cing gar stabs bsgyur ba gcig gis glu dbyangs gsal mi gsal thung ngus/__a ho ma hA su kha sid+d+hi hoHskye med chos kyi dbyings nyid las:__'gags med shar ba'i bu mo nga :__rig pa'i bu chung skyong phyir 'ong :__de phyir rang ngo shes 'tshal lo:__snang ba sems yin sems nyid stong :__stong gsal mtha' dbus bral ba'i dbyings:__de bzhin nyid la 'pho 'gyur med:__gzung 'dzin sprin gyis mi sgrib 'tshal:__blo las 'das pa'i bden don rtogs:__mtha' bral a ti'i ngo bo skyong :__ma btsal 'bras bu lhun gyis grub:__kun bzang de nyid e ma ho:__da dus bdud 'joms rol pa rtsal:__rta bdun chibs nas gling bzhi nyul:__gdul bya'i zhing sa 'tshol skabs su:__sbas yul pad+ma shel phug gi:__gnas sgo 'byed pa'i ltas bzang shar:__zhes sogs kyi brda' dang lung bstan khyad par can byung ba la dpag na rje 'di'i skye 'phreng gong ma rnams kyang yang dag grub pa nam mkha'i snying po'i skye ba dmigs su bsal ba dang /__bdud 'joms rol pa rtsal zhes nam snying gi gsang mtshan yin pas/__lcags rta lor gdul bya'i zhing sa tshol te lhums su zhugs pa sogs lung bstan gyi dngos don dang 'grigs pas/__rje bla ma 'di sbas pa'i tshul du bzhugs pa las nges don la o rgyan rje 'bang gi sprul pa'i gter ston chen po zhig yin nges na'ang /__rang skal gyi zab gter dngos la thugs gnyer ma gnang ba ni/__mchog gter thugs sgrub bsam lhun gyi lo rgyus shel phreng las/__res 'ga' thugs gter dgongs pa'i klong nas brdol:__'ga' zhig lha dang mkha' 'gros dngos su ston:__la las bton kyang rang nyams kho na len:__phal cher lo grangs bka' rgyas btab nas spel:__la las kha byang lung bstan gsal gyur kyang :__dngos su mi 'don bka' rnying bstan pa skyongs:__de ltar tshad ldan skyes bu de dag gis:__gang ltar spyod kyang pad+ma bdag nyid kyi:__byin brlabs sngon smon dbang gi bye brag ste:__'brel tshad 'tshengs shing don dang ldan pa yin:__ces gsungs pa ltar bka' rnying gi bstan pa bskyangs ba kho na thugs la bcags shing dgongs gter zab mo dag dang khyad med pa'i bstan bcos rnams mdzad pa las/__dngos gter 'don pa dang spel bar ma mdzad do/__/yang rje sbas pa'i mgon po bi dza'i mnal lam du/__rang re'i khyim du rgyal tshab rin po che 'byon rgyu red zer nas mi mang pos khri bshams pa dang /__gzhan dang mi 'dra ba'i mi smug po dar thod can shin tu 'jigs su rung ba zhig gis dar kha dog sna tshogs khru gang tsam zhig 'dug pa phyag mdud rgyu yin/__da ni re zhig khyed nyid kyis nyar tshags dgos pa yod zer nas/__phyag tu sprod byung ba'i thugs snang dang /__khyim der gnas pa gzhan dag gi rmi lam du'ang dge ba'i ltas mtshan 'ga' zhig byung 'dug kyang mtha' dag bri bar mi ldang la/__gter ston tshad ldan du mchog gling dang mkhyen brtse sogs skyes chen rnams kyis tshad mar mi mdzad kyang rlangs dpal seng gi rnam 'phrul du sgrogs pa ge mo gter ston du grags pas kyang rgyal tshab sprul sku 'dir 'khrungs rgyu yin tshul dang /__'gro khar ma yum la gtsang sbra dgos tshul sogs smras skad 'dug__/gang du sku bltam pa'i gnas ni sde bzhi dge ba bcu'i dpal gyis mtho ba lha thog gi sa yi char spang ljongs dang me tog sna tshogs bkra ba yan lag brgyad ldan gyi chu klung gi sgra lhung lhung sgrogs pa/__brag ri dang rtsi shing nags tshal rgyas shing spang ljongs nyams dga' bas mdzes shing 'dod rgu'i dpal yon ngang gis 'du ba rdzogs kyi mtsho lung zhes par mngal gyi zla grangs them pa na/__lcags pho rta'i lo mjug bde mchog mkha' 'gro rgya mtsho dang dgongs 'dus skar mdzod sogs kyi lo mgor rgyal zla brtsi ba'i dbang du byas na/__pa dza pa ti te/__skyes bdag ces pa lcags mo lug gi lo/__hor zla bcu gnyis pa lhag pa'i phyi ma sna tshogs shing rta chu srin gyi khyim du zhugs shing chu shel dbang po rgyu skar gyi lha mo rgyal gyi nya ba'i tshes bcu dgu res gza' lha'i bla ma shar ba'i 'phrod che chung sogs sbyor ba phun sum tshogs par ma bsgrig lhun grub kyi rten 'brel bzang po ngang gis 'grig pa dang rta bdun rgyal po rdo rje can gyi phyogs nas 'od zer gyi snang bas nub phyogs bde chen zhing gi phyogs kyi ri rtser snang ba'i mod la byang chub sems dpa' mngal las grol shing /__de yang phru mas chos gos ltar dkris pa dang /__spyan zung rdo rje'i lta stang khra hrig ge ba/__dpral ba'i dbyes che zhing dbu gdugs ltar rgyas pa/__shangs kyi gzengs mtho ba sogs mthong na mi mthun med cing /__sku smad thams cad du stag ris bkra ba dang /__kun nas blta bas chog mi shes pa/__gang gis mthong ba la dga' ba dang bde ba gya nom pa sbyin pa'i skyes bu khyu mchog chen po zhig nyin byed dbang po dwangs ba'i mkha' la 'char pa dang phan tshun 'gran pa ltar/__sa yi steng 'dir byon pa dang /__dar cig nas klu yi rgyal po rnams kyis kha dog sna tshogs pa'i chu 'dzin mkha' la bkod cing 'byung ba thams cad dbyar gyi dpal yon la shin tu nges 'byung gi ngang tshul bsil ldan rgyal mo'i reg pas dam par bsdam pa yang lhod por gyur te sprin sgra'i dbyangs snyan yud tsam la lhang nger sgrogs shing /__'ja' sprin kha dog dang dbyibs sna tshogs kyis mkha' dbyings mdzes par gyur to/__/de yi tshe sbas pa'i rnal 'byor gyis sku tshe dang shes rab 'phel ba'i rten 'brel gyi gnad khyad par can dang bar chad bsrung ba'i rdzas sngags sogs phyag bzhes gnang /__mtshan tshe ring 'brug rgyal zhes par gsol ba sogs thog ma'i rten 'brel legs dgu'i phyogs su bsgrigs par mdzad pa dang /__yang rje nyid kyis rgyun bsnams snag bum dang phyag snyug sba mkhar bcas rje bla ma la phul te/__kho bo'i spang rtogs kyi yon tan thams cad khyed la yongs su rdzogs pa'i rten 'brel yin zhes gsungs pa dang /__de nas yab yum rnams kyis bkur bsti rim gro phun sum tshogs pa'i zhabs 'degs bcas nang du rtsa rlung thig le'i stobs 'phel ba'i thabs dang phyi ru sku yi dkyil 'khor la 'phrod bzhes gang che'i bskyed bsrings shing /__rje 'di nyid gzhon nu'i skabs nas/__rgyal tshab byams pas/__/sbyor ba'i sngon du snying rje dang /__/mos pa dang ni bzod pa rnams/__/rigs kyi rtags su shes par bya/__zhes dang /__chu skyar las ni chur shes dang /__/du ba las ni mer shes ltar/__/byang chub sems dpa' blo ldan gyi/__/rigs ni mtshan ma dag las shes/__/zhes gsungs pa ltar/__rgyal sras sems dpa' chen por gzod nas grub pa la gzhan phan brtse chen snying rje'i khur chen cung zad kyang bri ba dang dor ba med pa rang gi chos nyid du gyur pas sems can bsad pa'i sha khrag la mi dgyes shing /__dngos su bzhes pa lta zhog dri tsam bro ba dang /__sha yi dri mas sbags pa'i snod can gtsang dag ma byung bar gsol thug la sogs bskol ba na de'i ro ljags la smin pas kyang sku khams mi dwangs bar gyur pa dang /__sems can gsod pa sogs gzigs pa nas snying rje'i shugs kyi gdung ba'i spyan chab char drag po ltar bsil zhing thabs ci nus kyis bzlog pa dang /__sku gzhis kyi a ne sogs la sha gcod du 'jug pa sogs kyis mtshon/__nyam thag gi 'gro ba rnams la shin tu brtse zhing sbyin pa la dga' ba/__bla ma grwa pa sogs ngur smrig gi rgyal mtshan bgos pa dang /__ser chas gyon pa gzigs na de la dga' zhing brtse ba dang /__sku gsung thugs kyi rten dang /__mchod rdzas sogs la dgyes shing /__dbang bskur chos 'chad kyi stangs ka dang /__DA dril dkrol zhing /__skabs 'gar bsam gtan la gnas pa'i bzhugs stangs kyang rgyun ring gnang ba sogs tha mal byis pa'i spyod pa gtan nas mi gnang zhing /__dngul chu sar lhung kyang rdul dang ma 'dres/__pad+ma 'dam na gnas kyang 'dam gyis ma gos pa'i dpe ltar dam pa'i ngang tshul la nyes dris gzhar yang mi mdza' zhing rgyal ba'i sras kyi spyod pa kho nas dus 'da' ba zhig bzhugs par grags so/__/de skad du yang rnam thar gsol 'debs las/__ye shes gzigs pa'i cha shas lho zla'i ljongs/__/yul gyi dge bcu g.yang du 'khyil pa der/__/grub pa mchog gi rigs su zhugs pa na/__/dge legs snang bas khyab la gsol ba 'debs/__/bltams tshe bkra shis mtshan rtags bzang pos spras/__/rang bzhin ting 'dzin bzang por dbang 'byor zhing /__/phal pa'i spyod las ring du 'das pa yi/__/lha mi spro ba bskyed la gsol ba 'debs/__/chung ngu'i dus nas yon tan tshad med mnga'/__/theg chen rigs kyi nus pa yongs su sad/__/mchog gzigs rnams kyi lung gis bskul ba yi/__/sprul pa'i bden don rnyed la gsol ba 'debs/__/zhes kyang byung ngo /__/'phags pa'i sa la bzhugs kyang bung ba'i rnam par rol/__/'pho 'gyur spros pa bral yang gzhon nu'i gzugs su snang /__/rnam pa thams cad mkhyen yang sbyang pa'i tshul bstan pa/__/rgyal sras dpa' bo mchog 'di'i rang bzhin brtags par dka'/__/gang gi thugs la shes bya kun shong zhing /__/sku mchog mtshan bzang mthong bas yid 'phrog pa/__/gsung gi gdangs snyan ka la ping+ka'i dbyangs/__/yon tan thams cad 'bad med lhun gyis rdzogs/__/rigs kyi mdzad pa bzang po las/__/brgya phrag bskal par goms pa'i mthus/__/ngal bas nan gyis ma brtson kyang /__/dam pa'i spyod par ngang gis mdza'/__/sa yi snying nas gser bzhin du/__/bzang po'i dpal 'od 'phro ba yi/__/snyan pa'i dri bsung rgyang du 'thul/__/lhar bcas ngo mtshar gtam gyi gzhi/__/zhes pa'ang bar skabs kyi ched du brjod pa'o/__/_!__de ltar mi yi khyu mchog 'gro ba'i bla ma rgyal sras gzhon nu de nyid snga 'gyur bka' gter gyi bstan pa'i gsal byed chen por sngon gyi skye ba'i phreng ba mang po'i gong nas smon lam gyi mthu grub pas/__deng gi dus gsang ba gsum gyi mdzad tshul tshu rol mthong ba'i blo can sbyangs dang ma sbyangs thams cad kyis skyes bu 'di ni rgyal dang rgyal sras dam pa'i rnam 'phrul khyad par can yin no/__/rgyal tshab chos kyi rgyal po bsam bzhin 'byon pa yin no la sogs pa'i gtam gyi grags snyan rlung gis khyer ba ltar dkar phyogs kyi lha dang mi yis phyogs kun tu bsgrags pa na/__sngon gyi rig 'dzin gong ma grub pa'i khyu mchog de nyid kyi zhal chems gnad them dang /__ye shes gzigs pa'i 'phags chen rnams kyi lung bstan pa la som nyi'i skabs cher ma mchis kyang /__yid ches bla lhag tu bskyed pa'i phyir 'jam dbyangs smra ba'i seng ge mi yi brdzu la zhugs pa kun mkhyen rdo rje gzi brjid kyi gser snyan rin po cher yul phyogs yab yum 'di dang 'di lta bu la ngo mtshar ba'i mtshan ltas dang ldan pa'i skyes mchog khyad par 'phags pa sku bltams pa 'di rang byung rdo rje'i rnam 'phrul sgyu ma'i rol rtsed la nor 'khrul the tshom gyi skabs ma mchis sam/__thams cad gzigs pa'i bden pas skabs dbye bar gsol ces dad gsum gus pas gsol ba btab pa na/__mnyam par ma bzhag pa'i thugs mi mnga' ba dang ldan pa des pad+ma'i ljags ring g.yo bas bsnyel ba dang zhum pa med pa'i gsung tshangs pa'i dbyangs dang /__'brug sgra ltar brjid pas don 'di la ni lan brgyar brtags kyang nor ba ma mchis shing gdan sa chen por zhabs sor bkod na don dang ldan par 'gyur ro/__/zhes pa'i bka' lung rdo rje rin po che'i cod paN spyi bo'i gtsug tu bcings nas 'gyur med pad+ma bstan 'dzin mkhas grub rgya mtsho'i dbang po'i sde zhes pa'i mtshan 'bul/__zhabs brtan gyi bden tshig shis dbyangs bcas stsol bar mdzad pa dang /__ze chen nas rab 'byams lnga pa'i mchog sprul rin po che dbus bka' bgros te/__bla mchan/__mgron gnyer sogs ched phebs kyis rje bla ma dgung grangs lnga bzhes pa dang mchog sprul nyin byed gzhon nu'i gser zhal thog mar mjal ba'i skabs de dag kyang dga' ba dang skyo ba'i nyams sna tshogs pa rgyud la skyes/__dad mos drag pos ji ltar 'khor los bsgyur ba'i rgyal por dbang bskur ba'i dus bden tshig grub pa'i bram ze chen po dag gis shis pa brjod pa dang /__bdud rtsi'i chus khrus byed pa ltar/__gtsang ma'i chab kyis sku khrus gsol bas phyi nang gi nyes tshogs shin tu dag par byas shing drang srong chen po'i chos gos dag phul/__dga' ston bzang po sna tshogs pa dang zhal zas sna tshogs kyis mdun bstar/__bkra shis pa'i tshigs su bcad pa du ma sgrogs shing hor zla dgu pa'i tshes gza' skar sbyor byed dge zhing shis pa 'dzoms pa na/__spu sdug mdzes shing yid du 'ong ba myur mgyogs cang shes rin po cher sga srab sogs rgyan gyis rnam par mdzes pa'i steng du/__brtan pa'i 'khor lo gdong lnga'i dbang por 'gying ba ltar shin tu mdzes pa'i sku mchog lhan ne lhang nge lham me ba gzi brjid mtshungs pa med pa la/__'khor mi dang mi ma yin dkar phyogs kyi tshogs rnams bzhon pa sna tshogs la zhon pa/__lag na dar zab chen kha dog sna tshogs pa'i ba dan 'phyar ba dang bcas dal 'gros kyis gser ldan 'bri klung dam pa chos phyug gi gtsang chab chen por ko gru'i 'khrul 'khor gyis brgal ba dang /__gdan sa chen po nas kyang rta thab kyi bsu ba snga rjes rim par brgyud de snga 'gyur bshad sgrub bka' gter gyi chu klung 'bum phrag gcig tu 'khyil ba rig pa dang grol ba'i yon tan dpag tu med pa'i dge 'dun gyi sde dang /__mkhas dang grub pa brgyud mar byon pa'i gnas/__dpal zhe chen mdo sngags bstan pa gnyis ldan bshad sgrub dar zhing rgyas pa'i gling chen por nye bar chibs bsgyur ba na ngur smrig gi rgyal mtshan bgos pa'i dge 'dun gyi phreng ba tshar du dngar shing /__dri zhim po sna tshogs bsregs pa'i spos kyi glang po phyogs bcur 'phro ba dang /__lha yi rol mo sna tshogs pa dang /__dar gyi lda ldi/__za 'og gi rgyal mtshan/__rin po che'i tog gis brgyan pa'i bkra shis pa'i gser gyi gdugs dkar po sogs mchod pa'i yo byad sna tshogs pas mdun nas drangs te gtsug lag khang chen por phyag phebs pa dang /__bde gshegs mya ngan med dpal dge ba'i bshes su rol ba rab 'byams lnga pa dang yab sras gnyis mjal zhing lha rdzas gangs ri'i mdangs ldan bkra shis rtags kyi ri mos spras pa rnams bsod nams brgya las grub pa'i phyag sor phan tshun mdzes par brkyangs pas thogs te sku'i skye ba'i phreng ba du mar smon lam dang thugs bskyed mthun pas 'grogs pa slar yang dus la bab par mkhyen bzhin du dgyes pa chen pos gsung rdo rje 'od dpag med longs spyod kyi 'khor lo'i rgyan du mdzes par byas pas bstan 'gror dge ba'i rten 'brel gyi gzhi legs par bting zhing /__bzhugs khrir zhabs pad bkod zin pa dang 'brug gi sgra ches cher sgrog pa dus mnyam du byung ba ni zab rgyas chos kyi sgra chen po 'jig rten gsum na snyan par sgrogs pas skal bzang gdong mtha'i tshogs dga' ba'i dpal bskyed pas smin grol gyi lang tsho ci dgar rgyas te/__snga 'gyur gyi bstan pa'i gsal byed chen por 'byung ba'i rtags yongs su grub pa'o/__/der 'dus pa thams cad kyis gus pa'i lha phyag gyang 'gyel ba lta bu sngon du 'gro bas bkra shis pa'i lha rdzas phul ba dang /__skyabs mchog 'jam dpal gzhon nu'i phyag sor de bzhin gshegs lngar byin gyis brlab pa spyi bor bkod pa las byung ba'i bdud rtsis sgo gsum smin par byas so/__/de nas dus tshes bzang bar ston pa'i snang brnyan gyi drung du dbu skra mthon mthing ltar gnag pa'i gtsug gi phud bu breg pa dang /__mtshan o rgyan mi 'gyur kun bzang bstan pa'i rgyal mtshan 'jigs bral phyogs las rnam par rgyal ba'i sde zhes pa'i mtshan snyan gyi dril chen bsgrags/__de nas rgyal ba lha las bab pa'i dus tshes bzang por rje gong ma'i chos kyi khri la mnga' gsol ba'i sta gon rnams legs par tshogs pa dang /__chos brgyud 'dir gtogs pa'i phyogs mtha'i 'dus pa rgya mtsho rnams 'tshogs pa'i dbus rje 'jam dpal gzhon nu nyid 'jigs med gdong lngas btegs pa'i chos kyis bsrungs ba'i khri chen por zhabs pad 'khor los mtshan pa bkod de sku mi g.yo ba rnam par snang mdzad chen po chos bdun gyi ngo bor bzhugs pa dang /__gsung brjod pa rnam pa thams cad pa'i chos kyi sgra dbyangs sgrogs shing /__thugs mkhyen brtse'i dkyil 'khor rgyas pas gdul bya'i rgyud smin grol gyi mthu dang ldan pa/__yon tan phrin las 'dzad pa med pa'i yid bzhin gyi nor bu dang /__dpag bsam gyi ljon shing ltar bstan 'gro'i re skong lha mi'i gtsug rgyan/__thub dbang shAkya'i rgyal po ltar bzhugs pa la chos kyi rgyal por 'os pa'i rin chen sna bdun/__bkra shis pa'i rtags rdzas sogs dang lha klu mi yi dpal 'byor phyur bur spungs shing mchod pa'i yo byad sna tshogs pas mdun bstar te rim gnyis kyi drod tshad dang ldan pa'i dge 'dun 'dus pa'i sdes bskyed rdzogs zab mos 'chi med rdo rjer sgrub pa'i brtan bzhugs kyi cho ga dang 'brel/__gling bzhi ri gling nyi zla bkod pa'i maN+Dal stong gsum gyi stong chen por kun bzang mchod pa'i sprin du spros te 'bul ba dang /__ga na tsakra'i dga' ston rgya chen po'i 'du ba la longs spyod cing /__rgyal ba'i zhal nas gsungs pa'i bkra shis kyi tshigs su bcad pa'i dbyangs dang /__lha'i me tog man+dA ra'i char pus nub tsam du bsnyil bas dge legs kyi rol mo srid zhi'i khongs su rgyun mi chad par bsgrags so zhes grags so/__/lha yi bla ma gang gi yab yum gnyen gyi char gtogs 'khor dang bcas par yang zhal zas sna tshogs kyi bza' ba dang /__lha'i bdud rtsi'i btung ba phun sum tshogs pas mchod cing /__bdog dgu'i dngos po gya nom pa rnams rang rang gi bgo skal dang 'tshams par rnam thos bu'i bang mdzod kha 'byed pa lta bur bsnyen bar zhus pas mgron du bos pa rtsa lag dang bcas pa'i zhal bzang zla ba ltar gsal zhing snyan tshig gi gling bu rab dga'i pi waM la 'gran par chas so/__/de skad du yang /__rnam thar gsol 'debs las/__mdo sngags bstan pa gnyis ldan chos grwa cher/__/gong ma'i chos kyi khri la mnga' gsol tshe/__/rdzogs ldan nyi ma gsar pa'i dga' ston ni/__/nub med ngom par mdzad la gsol ba 'debs/__/zhes byung ngo /__/tshangs dang brgya byin la sogs pa/__/che dgus thor cog gis btud pa/__/gdong lnga'i dbang po bsgyings pa'i khrir/__/mgon po kun gzigs gsang gsum brjid/__/srid zhi'i dpal 'byor mchis so cog__/'di na gcig tu spungs byas nas/__/mchod pa kun tu bzang po yi/__/ting 'dzin sprin la 'gran par chas/__/'jig rten chen por grags pa'i sred ldan rnams/__/rin chen khri rkang mthon por 'dzegs gyur na/__/'phags rnams chos kyi khri la mnga' gsol bar/__/brtson ngal brgya 'gyur bskyed nas mchod 'di 'os/__/zhes kyang smras so/__/dpal ldan bla ma'i rnam par thar pa las sku bltams pa'i tshul las gtso bor gleng ba'i sarga dang bo/__gnyis pa rgyal ba'i bstan pa la zhugs nas thos bsam bsgom pa'i rim pa ji ltar mdzad pa'i tshul las gtam gyi sbyor ba bsnyad par bya ste/__rje 'di gdan sar mnga' gsol grub nas khu bo skyid g.yang zhes pa ming dngos pad+ma dbang chen zer bas slob dpon mdzad nas gangs can gyi yi ge'i phyi mo 'jam dbyangs thu mi'i mkhyen rab kyis bskrun pa'i yi ge'i sbyor ba thams cad la mkhas pa'i phul du phyin par sbyangs shing /__smyug 'dzin pa de nyid las phyag bris kyi smyug 'gros rnams kyang legs par chub pa dang /__de yang dam pa rnams kyi bya ba/__rgyal ba bu ram shing pa'i bstan pa rin po che dang /__ris med pa'i 'gro ba mtha' dag la phan bde'i dbugs 'byin chen po ster ba'i don kho na las gzhan du mi sems shing de kho na'i don la rtag tu brtson pa'i snying stobs kyi 'jug pa zla med pa 'phags pa spyan ras gzigs dang /__rgyal sras thu bo 'jam dpal gzhon nu ltar skyo ngal dang brtson pa lhod pa'i dri mas shin tu rnam par dag cing bstan 'gro'i don 'ba' zhig sgrub pa ni skyes bu dam pa rnams kyi chos nyid yin te/__dper na yid bzhin gyi nor bu la dgos 'dod 'byung ba dang /__tsan+dan dang dri bsung /__me dang me yi tsha ba ltar ngo bo dang mtshan nyid 'bral mi shes pa'i tshul can te/__khyad par snyigs ma rtsod pa rgyas pa'i dus 'dir sdig to can dam par brdzus nas log pa'i lam ston pas thams cad phung khrol chen por 'gyur ba dang /__chos brgyad kyi sgegs mo'i bslu brid la g.yengs pas tshe 'di'i che thabs lhur len shing thos bsam bsgom sgrub bgyis pa'i mkhas dang grub pa'i gsob tu zhugs kyang rang nyid ma smin shing ma grol bas mthar gyis nang gi de nyid ma rtogs par 'gyur ba dang /__la la dag sde snod la dgra blta zhing g.yo can gyi lta ba ngan pa'i mche ba rnon po gzengs te las 'bras bshas rol du byed pa rnams kyis sa steng phal cher gang zhing /__'ga' zhig ni phyogs re'i mig can gyis rang phyogs kyi dam chos cung zad kyis chog par bsams nas rgyal bstan ris su bcad cing chos spang gi las bsags pa dang /__skye bo mang po dag sgo gsum ma bsgrims shing ma dul bas chos la mi 'jug cing khyi sngon du rtswa 'jog pa ltar gal chung chos la byed pa'i skabs 'dir/__rje bla ma 'di ni thos pa'i sgo kun nas bsdu zhing bstan pa rin po che tshad ma gsum gyis dag pa'i bshad rgyun ka chen bcu dang /__sgrub brgyud shing rta chen po brgyad kyi gzhung gdams man ngag thams cad bung bas bcud tshol ba ltar dka' tshegs dang skyo dub spangs nas yongs 'dzin bshes gnyen chen po rnams las gsan par mdzad pas dam pa'i chos kyi mdzod nyams pa med par bsrung ba'i go cha chen po bgos pa ste/__'phags pa spyan ras gzigs dbang phyug ces bya ba'i theg pa chen po'i mdo las/__/gang gis sangs rgyas stong rnams dang /__/sangs rgyas bye ba grangs dag la/__/bskal pa gang+gA'i bye ma snyed/__/de snyed bskal par bkur ba las/__/'jig rten mgon gyis gsung pa yi/__/dam chos 'jig tshe gang zhig gis/__/nyin dang mtshan du 'dzin byed pa/__/de ni bsod nams khyad par 'phags/__/chos 'jig dus su chos 'dzin pa/__/sngon gyi sangs rgyas thams cad dang /__/sangs rgyas ye shes rab gnas pa/__/nga la des ni mchod pa byed/__/dam pa'i chos ni 'jig pa'i tshe/__/ston pa'i bstan pa bsrung byed pa/__/bskal pa bye ba stong rnams su/__/de ni nam yang rgud mi 'gyur/__/ces sogs rgya cher bka' bstsal pa ltar stong gsum rin po che sna bdun gyis bkang bas legs par gsungs pa'i dam pa'i chos kyi tshigs su bcad pa gcig gi rin thang gzhal bar mi nus shing byang chub sems dpa' chen po rnams kyi sku lus til mar gyi nang du bcug ste mar me sbar ba dang /__sku la lcags kyi gzer bu stong btab ste chos btsal ba sogs dam pa'i chos 'byung bar dka' ba dang /__don che ba'i tshul la dgongs nas dka' chen ngang du bzhes pa ltar/__bdag cag gi dpal ldan bla ma chos kyi gter mdzod chen po 'dis kyang de bzhin thugs nyams su bzhes pa ste/__de yang bstan pa rim zhugs kyi dbang du byas na/__tshul gnas thos dang bsam ldan pas/__sgom pa la ni rab tu sbyor/__/zhes pa ltar/__thog mar tshul khrims phun sum tshogs pa ni/__mngon mtho dang nges legs yon tan kun gyi gzhir gyur cing /__lha mi kun gyi bsod nams kyi dpal zhing /__de bzhin gshegs pa'i bstan pa rin po che'i rjes su slob pa'i drang srong chen po ngur smrig gi rgyal mtshan thogs pa zhes sa gsum 'gro ba mtha' dag gi skyabs kyi mchog tu gyur pas mu stegs lha min gyi chos lugs nyams dmas par byas shing /__rig pa dang grol ba'i yon tan gyi 'byor pa dam pas brgyan pa/__rgyal ba dgyes pa'i dri bsung zhim po bsnams na bde ba/__sku yi dkyil 'khor mthong bas yid 'phrog pa 'khor 'dus pa rgya mtsho'i dbus na gzi brjid mtshungs pa med pa de lta bu'i yon tan brjod par dka' ba'i tshul khrims kyi bslab pa rin po cher thugs nyams su bzhes pa'i phyir/__mdo las/__khyim pa rnams ni me yi 'obs na gnas pa lta bu'o/__rab tu byung ba rnams ni bsil khang na gnas pa lta bu'o/__/zhes dang /__'jam dpal zhing gi yon tan bkod pa'i mdo las/__shA ri'i bu rab tu byung ba la mngon par dga' ba'i byang chub sems dpa' ni yon tan bcu yongs su 'dzin te/__bcu gang zhe na/__'dod chags la chags par mi 'gyur ba dang /__dgon pa'i gnas la dga' ba rnyed pa dang /__sangs rgyas kyi spyod yul thob pa dang /__chung ma dang bu'i chags pa dang bral ba dang /__ngan 'gror 'gro ba rnams spong ba dang /__bde 'gror 'gro ba'i chos la brten pa dang /__sngon gyi dge ba'i rtsa ba yongs su mi nyams pa dang /__dge ba'i rtsa ba phun sum tshogs pa thob pa dang /__de la lha rnams rab tu dga' ba dang /__de la mi ma yin rnams bsrung bar 'gyur ba/__rab tu 'byung ba mngon par dga' ba'i byang chub sems dpa' ni yon tan bcu po de dag yongs su 'dzin par 'gyur ro/__/zhes rgyal ba skye rgu'i nyi ma thub dbang mchog gi yang dag pa'i bden pas ches cher bsngags pa ma zad/__gang na dam chos 'dul ba yod pa der sangs rgyas kyi bstan pa gnas par gsungs shing /__lha dang bcas pa'i 'jig rten gsum na mdzes pa'i rgyan gcig pur gyur cing /__de bzhin gshegs pa'i spangs rtogs kyi gsang ba thams cad pa'i gzhi'am rten rmad du byung bas bskal bzang 'dir byon gyi de bzhin gshegs pa rnams kyang dzam bu'i gling 'dir mngon par rdzogs pa sangs rgyas pa na khyim nas khyim med par rab tu byung ba'i mdzad pa bstan cing 'khor 'dus pa rnams kyang phal cher rab tu byung ba ngur smrig gi rgyal mtshan thogs pa chen po la bkod nas de rnams kyis bstan pa dam pa'i chos skyong zhing 'gro ba'i dpal mgon du bzhugs pa ste so sor thar pa'i mdo las kyang /__sangs rgyas 'dul ba gangs chen mtsho/__/gting mtha' med pa thams cad kyi/__/gnas pa'i snying dang snying po ni/__/so sor thar pa 'di yin no/__/'di ni dam chos rgyal po yi/__/chos kun gyi ni 'dren pa mchog__/'di ni dge slong tshong tshogs kyi/__/bslab zong tshong khang chen po yin/__/tshul khrims 'chal bas zin rnams kyi/__/gdug pa rnam sel sman 'di yin/__/ces dang /__'di ni thar pa'i grong 'jug pa'i/__/them skas gzhi dang 'dra bar gnas/__/nga ni mya ngan 'das gyur nas/__/'di ni khyod kyi ston pa'o zhes/__/rang byung nyid kyis gus bcas par/__/nan tan dge slong tshogs mdun bstod/__/ces pa ltar ston pa'i bstan pa rin po che'i gzhi mar gyur na'ang /__deng sang nyon mongs pa'i snyigs ma ches cher bdo ba'i 'dod chags kyi chu klung drag tu 'phyur bas bstan pa la zhugs pa phal cher ngur smrig gi rgyal mtshan la sdang bar gyur pas rgyab kyis phyogs pa dang /__bstan 'dzin skyes bur grags pa rnams kyang bdud kyi bar du gcod pas tshul ma yin pa'i dug chus myos shing /__la la dag dmar ser rtags kyis spras pa'i 'og nas dug mda' 'chang ba sha stag gis gang bar gyur pa'i skabs 'di lta bu na chos kyi rje gnas brtan 'dul ba 'dzin pa kun gyi gtsug rgyan du gyur pa 'di nges pa'i don du gsang ba sngags kyi lam nas ye shes brnyes pa'i dam pa nyon mongs pa'i 'ching grol las 'das kyang /__ji skad du/__phyi ru nyan thos spyod la gnas/__/nang du 'dus pa'i don la dga'/__/zhes pa ltar/__rjes su slob pa'i gang zag rnams kyang yang dag pa'i spyod par gdams pa dang /__bstan pa mi nub pa'i ched du dgung grangs bzhes par 'dul ba rgya mtsho'i mnga' bdag nye bar 'khor gnyis pa brtan mkhas yon tan rdzogs pa'i dge ba'i bshes gnyen chen po rdzogs chen mkhan rin po che pad+ma dam chos 'od zer las rab tu byung ba dge tshul gyi dngos por bsgrubs/__mtshan 'gyur med pad+ma rnam rgyal zhes gsol nas dge tshul gyi bslab bya rags pa bcu dang /__blang 'das so gsum sogs dge tshul gyi bslab gzhi char gtogs dang bcas pa'i gnas phra mo las 'da' ba med par mdzad cing /__tshigs phyi ma bsnyen par rdzogs pa ni rgyal sras gzhan phan mtha' yas kyi sprul pa'i sku mchog thub dbang bstan pa'i nyi ma las gsan bzhed kyis dus ring por 'gyangs ba skyabs mgon mchog gi sprul pa'i sku bsnyen sgrub zab mo'i dam rgya las nam yang mi 'da' bas gsan bzhes ma grub kyang brten mkhas phan 'dogs kyi yon tan du mas khyad par du byas pa/__dge mang mkhan rin po che yon tan rgya mtsho/__las slob zur mang drung sprul karma chos kyi nyin byed sogs dad pa'i dge 'dun grangs tshang ba'i dbus su snga 'gyur bstan pa'i shing rta thub dbang gnyis pa mkhan chen zhi ba 'tsho'i sdom rgyun lo tsA ba chen po d+harma shrI'i bka' drin las byung ba nyid legs par bzhes pas gnas brtan 'dul ba 'dzin pa kun gyi gtsug rgyan sngags kyi rdo rje 'dzin pa chen po'i rten mchog tu gyur pa yin te/__dus 'khor rtsa rgyud las/__gsum las dge slong mchog yin 'bring /__/dge tshul zhes pa de nyid las/__/khyim na gnas pa tha ma'o/__/zhes gsungs pa ltar de'i bslab bya phra rags rnams kyang nyams pa med pa mig gi 'bras bu ltar bsrungs bas tshul khrims kyi phung po yongs su rdzogs shing nang du zag pa med pa'i ting nge 'dzin gyi mthus tshul khrims kyi dri bsung yang sku yi nye 'khor thams cad la khyab pas yid 'phrog pa dang /__sku la gnyer ma med cing gzhon sha chags pa snum bag gzi brjid dang ldan pas 'khor rnams zil gyis non pa sogs bslab pa'i tshul khrims kyi yon tan yongs su rdzogs pa nyid do/__/de ni phyi so sor thar pa'i dbang du byas shing /__nang du byang chub kyi sems rin po che rtag par thugs rgyud dang gnyis su mi phyed pas skye ba du mar snying rje'i gzhan dbang du song bas sku tshe 'dir yang gzhan phan lhag pa'i sems rin po che dang chung ngu'i dus nas tsan+dan dang tsan+dan gyi dri ltar 'bral med ye ldan du yod kyang /__rgyas 'gyur gyi rigs lhag par sad pa'i nyer len du 'jam dbyangs bla ma mkhyen brtse'i dbang po las dbu ma lugs kyi sems bskyed kyi bka' srol dang /__'jam mgon blo gros mtha' yas/__mkhan chen karma bkra shis 'od zer/__rab 'byams lnga pa sogs las srol gnyis ka'i sems bskyed sdom pa'i tshul khrims gsan bzhes gnang nas/__de phyin chad nag po'i chos bzhi dang pham 'dra'i rtsa ltung bzhi sogs spong zhing de'i gnyen po dkar po'i chos bzhi sgrub pa dang /__gzhan yang nyes byas bzhi bcu zhe drug dang /__nam snying gi mdo nas gsungs pa'i byang chub sems dpa' rgyal po la 'byung nye ba'i ltung ba lnga/__blon po la 'byung nye ba'i ltung ba lnga/__dmangs phal pa la 'byung nye ba brgyad sogs kyi bsrung sdom gyi ra ba las nam yang mi 'da' zhing sngar smros pa ltar sku na phra mo'i dus nas sha chang la gtan nas mi dgyes pas sha za ba ni nyes pa du ma'i phung po sems can la gnod pa'i gzhi rgyal sras kyi spyod pa dang 'gal ba de las che ba med de/__khyad par 'phags bstod las/__sems can gsod par byed pa gang /__/'jig rten pa yi chos su 'tshal/__/khyod kyi bstan la de dag smad/__/gang zhig srog chags la rtag gnod/__/de la chos nyid ga la yod/__/gtso bo khyed kyis rang nyid kyi/__/srog gis sems can legs par bsrungs/__/zhes dang /__zhi ba lhas/__gang dag bde bas thub rnams dgyes 'gyur zhing /__/gang dag gnod na mi dgyes 'byung 'gyur ba/__/de dag dga' bas thub pa kun dgyes shing /__/de la gnod pas thub la gnod pa byas/__/ji ltar lus la kun nas me 'bar ba/__/'dod pa kun gyis yid bder mi 'gyur ba/__/de bzhin sems can gnod pa byas na yang /__/thugs rje che rnams dgyes pa'i thabs med do/__/zhes gsungs pa thugs nyams su bzhes nas thub rnams dgyes pa'i brtul zhugs zla med pa 'di gcig pu'i rnam par thar pa la'ang sus kyang 'gran zla med par grub bo/__/gsang ba rig 'dzin sngags kyi sdom pa ni/__'jam mgon bla ma rnam gsum gtso bor gyur pa las dbang khrid gdams pa rgya mtsho gsan pa 'og tu cung zad 'byung ba ltar la/__pad+ma 'od gsal mdo sngags gling pa las rdor gling bka' brgyad gsang rdzogs dang /__so lugs yang dag sogs dang /__'jam mgon pad+ma gar dbang las bka' brgyad bde 'dus/__bka' ma sgyu 'phrul zhi khro sogs thog ma'i smin byed du gyur pas sbyang gzhi sbyong byed ngo 'phrod cing sku bzhi'i sa bon thebs pa dang /__tha mal snang zhen las sdom zhing /__dgongs spyod thams cad dag pa ye shes kyi 'khor lo las ma g.yos par bzhugs pa dang /__rdo rje theg pa spyi la grags pa'i rtsa ltung bcu bzhi/__yan lag sbom po'i rnam grangs brgyad sogs dang khyad par nang rgyud yo ga gsum gyi spyi dang khyad par lhag pas bsdus pa'i dam tshig rnams las 'da' ba med cing /__cung zad byung na'ang de ma thag tu bshags sdom dang thun mong dang thun min gyi cho ga rnams kyis byang zhing dag par mdzad nas nyes pa dang zhag tu 'grogs par mi mdzad do/__/sngar dgungs grangs sum cu skor yan chod la rgyun gyi thugs dam khrigs kyang /__snga bya grag tsam la yar bzhengs nas/__snying thig rnam gnyis kyi bla brgyud gsol 'debs/__ngag byin rlabs/__sme brtsegs/__rnam 'joms/__bla ma gsang 'dus/__tshe sgrub gsang 'dus/__thugs rje chen po bde gshegs kun 'dus/__bka' brgyad/__phur pa/__khros nag__/seng gdong dmar mo/__chu gtor bcas gsungs nas gsol ja bzhes/__bsang bdud rtsi sprin phung gsung ba sogs mdzad/__dus phyis ni spros med kyi rnal 'byor gtsor bton las khrigs chags kyi rim pa cher med/__dbyar sgar lta bus mtshon grong chog mang rigs la a mchod nus pa kha yin gsungs nas gsung chog zhib rgyas mdzad/__bsngo rten byung rigs la bsngo smon zab rgyas re gnang /__dbyar ston sgar par byon gdong /__'brel thogs kyi ched/__thog mtha' bar gsum du zhi khro'i gnas brgya re bla brang nas yon sbyar nas gsungs srol yod/__phyag zog rnams la skye bdun myong grol gnang zhing gzung sngags khyad 'phags dang /__sangs rgyas byang sems kyi mtshan mang po rna lam du bsgrags shing bsngo smon yang yang mdzad cing bsngo rten byung rigs rnams kyi ming yig phyogs bsdom bkod nas zla re'i nang byang chog lan kha shas dang /__nyer dgu'i bskang gso/__yar ngo'i tshes bcu la bla sgrub re dang mar ngo'i tshes bcur yi dam mkha' 'gro gang rigs dang /__nya stong tshes brgyad rnams la mchod 'bul skabs dang bstun nas dgongs mo yang dam can spyi gtor dang dur khrod lha mo gtso bor gyur pa'i chos skyong gi gtor 'bul dang lus sbyin dmar gsur ma Ni bsngo smon bcas gnang /__de ltar dad sbyin rnams nas 'byor pa'i nor rdzas rigs rten rtsar phangs med du btang zhing dad rdzas chud mi gsan par dge tshogs su thengs nges las dkor rdzas las gzi byin sgrub pa/__kha drags don gnyer gyis dgon sde'i zhabs zhu yin rlom sogs chos brgyad kyi bya ba la thugs skyo skyo mdzad/__spyir 'dir snang gi bya bzhag la thugs gtan du log nas/__gar song cha med du rgyal khams nyul nas byon dgongs par/__rigs bdag 'jam mgon rnam gnyis la de tshul zhus pas de ltar thugs bzhed legs kyang bstan dgon dar rgyas ched/__gong ma rnams kyi thugs bskyed bsam yas kyis bskrun pa'i zhabs 'degs ma nyams gong 'phel du bsgrubs na rgyal bstan lung rtogs gnyis kyis 'dzin mkhan 'dus pa'i sde yin pas de nyid bsdu ba'i gzhir gyur pa dgon sde rnams yin phyir de dag nyams gso re mdzad grub na/__yon gnas mchog dam par gyur nas tshogs chen bsags pa rgyal ba'i bka' dang /__gong ma'i phyag len ltar yin pas/__rnyed pa rnams kyang sum char bgos pa'i cha gcig tsam las gzhan rten rtsar smin nges mdzad thog sum cha longs spyod na de lhag med/__lo rer zhag brgya re bstan 'gror sman pa'i sku mtshams dang /__gnyer phyag sogs 'khor rnams la dkor zas rngams spyod dang srog bcad sogs kyi nyes dmigs bshad na dad rdzas chud mi za ba yin zhes bka' phebs pa ltar na bza' gsol chas rten phran bu re las de min rten rtsar gtong ba dang bla brang gi bgo bshas kyi sdig rgyun bcad pa sogs las 'bras shin tu zhib par phyag bzhes su bstar bar mdzad pa'o/__/khams mang rin chen sna bzhi'i lhun po pa/__/ka shi'i ras kyis byi dor byas pa bzhin/__/bslab pa'i tshul khrims yon tan 'byung gnas la/__/gcig tu brtson pas ches cher gsal bar gyur/__/gang thugs dam pa'i ded dpon gyis bzung nas/__/gzhan phan brtse ba'i khur chen thod du dkris/__/rang nyid dal gyis 'gro ba ring spangs nas/__/'gro ba srin mo'i gling du zhugs rnams sgrol/__/deng sang phal cher skyon ngan 'dam gyis gos/__/da dung 'dzem med ngo so mthon por byed/__/khrel dang ngo tsha med pa'i ba glang sems/__/kun tu rmongs pa'i tshogs rnams kye ma hud/__/de ltar snyigs ma'i spyod tshul ngan pa'i khrod/__/mgon khyod rdul gyis ma gos pad+ma dang /__/rgyal mtshan tog ltar mngon par mtho ba yis/__/nyi ma'i gnyen gyi bstan pa gsal bar byas/__/lhag pa'i ting 'dzin shes rab nor bzang pos/__/khyod sku go skabs med par gtams pa dang /__/yon tan rgya mtsho'i rang bzhin khyod nyid ces/__/blo ldan rnams kyis bsngags pa'i me tog 'thor/__/sdom gsum ti se'i lhun por gnas bcas pa'i/__/stobs ldan mi yi seng+ge khyod nyid la/__/dus mtha'i mche can rnams kyis 'gran mi bzod/__/thos bsam bsgom pa'i rtsal rdzogs gzhan su zhig__/des na mchog gi rnam thar phra mos kyang /__/bdag yid dad pa'i 'dab stong dbang med bye/__/byin brlabs snying gi bdud rtsir sim pa dang /__/byang chub bar du skyabs kyi mchog tu bsten/__/zhes pa'ang bar skabs kyi tshigs su bcad pa'o/__/da ni dge ba'i bshes gnyen bsten nas mang du thos pa lung gi rgya mtsho chen po'i pha rol tu son cing /__bsam byung gi shes rab kyis thos don la sgro 'dogs ji ltar bcad pa'i tshul las brtsams te gtam gyi gling bu cung zad 'khrol bar bya ste/__de yang snga rabs 'das pa dang /__da ltar dang /__ma 'ongs pa'i rgyal ba chos kyi nyi ma thub mchog ji snyed byon pa rnams kyang srid pa'i grong khyer gyi rgyun gcod cing /__mya ngan las 'das pa chen po'i khang bzang nyams dga' bar 'jig rten lha dang bcas pas btud pa'i chos kyi khri srung ba la 'jigs pa med pa'i dpal gyi dam pa thob par bya ba'i phyir du dus ring mo nyid nas dge ba'i bshes gnyen bsten cing gdams ngag bdud rtsi'i sman mchog gis srid pa'i rim brgya dus gcig du sel bar byed pa dag yang yang thos pa dang /__bsam byung gis rang dang spyi'i mtshan nyid la gzhan du mi sems par de'i don bcud myong bas gtan la dbab pa nyid don yin lugs gshis thog tu phebs pas de kho na nyid mngon sum du rtogs pa'i mthus mthar gyis byang chub kyi shing drung du gshegs nas bdud btul ba dang /__mngon par rdzogs par sangs rgyas pa dang /__chos kyi 'khor lo ngo mtshar rmad du byung ba yongs su bskor bas/__sems can dpag tu med pa 'khor ba las grol ba'i phrin las 'gog pa med pa rang 'char ba ste/__de ltar yon tan gyi 'byor pa 'phags chen gyis kyang brjod par dka' ba rnams bshes gnyen bsten pa las 'byung ba yin te/__'phags pa klus/__dge ba'i bshes la legs brten tshangs par spyod/__/yongs su rdzogs par thub pas gsungs de'i phyir/__/skyes bu dam pa bsten bgyi rgyal ba la/__/brten nas rab tu mang pos zhi ba thob/__/ces pa ltar 'di phyi'i legs tshogs thams cad kyi gzhi rten/__thar pa'i lam mkhan/__ma rig sel ba'i sgron me/__rgya mtshor bgrod pa'i ded dpon/__lam 'phrang 'jigs sar skyel ma lta bu yin pa dang /__mtshan nyid ldan pa'i dge ba'i bshes gnyen gyi zhabs la gus pas bsnyen pa las gang la gnas pa'i yon tan rnams kyang ngang gis 'go ba chos nyid de/__kun mkhyen chen pos/__ji ltar tsan+dan shing la 'khri shing dang /__/mi gtsang 'dam du brten pa'i ku sha ltar/__/dam pa bsten pas rang nyid dam par 'gyur/__/ngan pa bsten pas rang nyid ngan par 'gyur/__/de phyir skye bo dam pa bsten pa dang /__/sdig pa'i bshes gnyen spang la nan tan bya/__/zhes sogs bka' dang bstan bcos thams cad nas yang yang 'doms pa ltar dpal ldan bla ma chos kyi gter mdzod chen po 'dis kyang skyo ngal med par brtse chen thugs rje'i gter chen dpal mgon bla ma dam pa rnams kyi zhabs pad gtsug tu mchod nas mnyes pa gsum gyis legs par bsnyen pa las thos pa rgya mtsho'i pha rol tu son par mdzad cing /__de yang thog mar a gro sgrar ma pa'i dngos slob a khu skyid g.yang las gtsug lag rgya mtshor 'jug pa'i sgo/__b+ho Ta'i mkhas pa'i gzhung thams cad kyi phyi mo sum cu pa dang rtags kyi 'jug pa'i 'grel pa 'jam mgon si tu kun mkhyen gyis mdzad pa'i steng nas go don dpyis phyin pa dang /__dpal ldan dan+DI'i tshig rgyan gyi bstan bcos snyan ngag me long gi le'u gsum khams pa'i 'grel chen dang sbyar ba'i go don rtsom rgyug bcas pa dang /__sgra rig las ka lA pa'i mtshams sbyor lnga pa'i bshad khrid tsam las gzhan gsan rgyu ma byung yang /__de dang rjes 'brel sdeb sbyor rin 'byung rtsis dkar nag gi gzhung rnams bcas legs par sbyangs shing thugs la mkhyen par mdzad do/__/nang don rig pa'i skor la gsan sbyangs gnang tshul rags pa tsam 'og nas 'byung ba ltar la/__mdor na shes bya rig pa'i gnas mtha' dag gang la'ang skyes sbyangs kyi rnam dpyod zla med pas yang dag par thugs su chub par mdzad pa yang /__zhi ba lhas/__rgyal sras rnams kyis mi bslab pa/__/de ni gang yang yod ma yin/__/ces dang mdo sde rgyan las/__rig pa'i gnas lnga dag la mkhas par ma byas na/__/'phags mchog gis kyang thams cad mkhyen nyid mi 'gyur te/__/de lta bas na gzhan dag tshar gcod rjes gzung dang /__/bdag nyid kun shes bya phyir de la de brtson bya/__/zhes gsungs pa ltar phyi nang gi gtsug lag rnams la legs par sbyangs pa nyid do/__/de las nang don thun mong ma yin pa myur lam zab mo bka' gter gsar rnying gi smin grol gdams pa'i bdud rtsi stsol ba'i rigs thams cad kyi bdag po/__rgyal ba kun gyi ye shes gcig tu bsdus pa'i rang gzugs dus gsum na 'byon par dka' ba 'jam mgon bla ma rnam pa gsum gyi thugs kyi sras mchog tu gyur pa rje bla ma 'di nyid yin te/__de yang dgung grangs drug tu son pa me mo phag gi lo'i mgo zla ba'i tshes dgu la byang chub sems dpa' chos 'phags rtag tu ngus chos tshol ba ltar thugs shin tu rings pa'i stabs kyis byon te dkar po'i phyogs kyi 'phel cha yongs su rdzogs shing sangs rgyas pa rnams kyi dus chen mchog tu byin gyis brlabs pa'i tshes bco lnga bzang por mkhas dang grub pa mang pos byin gyis brlabs pa'i gnas rdzong sar bkra shis lha rtse zhes dus 'di tsam na shrI nA len+Da gnyis par bsngags pa'i chos grwa chen po ga la bar chag phebs nas bzhugs stan chags shing /__zla ba de'i dmar phyogs kyi dga' ba dang por khams gsum chos kyi rgyal po pad+ma gar dbang blo gros mtha' yas kyi gser zhal mjal zhing phyag rten maN+Dal rnams phul ba dang chab gcig mdo rgyud bka' gter smin grol gyi chos kyis thugs rgyud yongs su gang ba'i bka' drin stsol grub gus pa'i phyag dang bcas te gsol ba 'debs pa na/__'jam mgon rnam snang lo tsA ba chen po de nyid kyis sku yi phreng bar smon lam 'brel ba'i las can gyi rig pa 'dzin pa chen po yin par mkhyen bzhin du de bzhin rjes 'dzin chog pa'i gsung mchid u dum wA ra thod du bcings shing /__de bzhin du mnga' bdag tshangs pa lha yi me tog bsam bzhin skye ba bzhes pa 'jam dbyangs mkhyen brtse'i dbang po'i mdun du phebs pa'i tshe na 'jam dbyangs bla ma de nyid khyu mchog gi stabs kyis gzim sgo'i nang log tu dri zhim po'i spos ring phyag tu bsnam nas bsu ba'i tshul dang bcas byon pa'i tshe/__gus pa'i lha phyag gis btud pa na/__brtse chen thugs rje'i dbang phyug de nyid kyis kyang phyag len dang /__mjal dar rtse sprod sogs sngar nas 'dris pa lta bu'i gzigs bzos thun min gyis bskyangs pa dang /__phyag rten maN+Dal sogs rgya cher phul zhing /__thun mong thun min gyi gsungs gleng zhib rgyas gnang ba'i nyin de nyid nas khro bo thams cad kyi spyi dpal chen po bar chad sel ba'i lhag pa'i lha mchog dpal chen rdo rje gzhon nu kun mkhyen rong zom pa chen po'i bka' srol las byung ba'i smin dbang zab mo'i chos kyi sgo 'phar dbye ba nas brtsams 'jam mgon rdo rje 'chang rnam gnyis las smin grol gyi rgyun bar ma chad du gsan pa'i tshul rags bsdus 'og nas 'byung ba ltar la/__spyir 'jam dbyangs bla ma rnam gnyis kyi mtshan dang po thos pa tsam nas tshe rabs nas 'brel ba'i bla mar song gshis rje 'di sku na phra yang bzod med kyi mos gus chen po rgyun chags su yod pa dang /__sku yi dkyil 'khor thog mar mjal ba nyid nas tha mal gyi snang shes rang 'gag tu 'gro ba lta bus mos gus kyi rkang tshugs pas thog ma'i rten 'brel legs rgu'i phyogs su ngang gis 'grigs par gyur to/__/de yang gangs can mkhas grub yongs kyi 'khor los bsgyur ba chen po pad+ma 'od gsal mdo sngags gling pa'i zhal snga nas rnam snang lo tsA ba chen po'i ye shes sgyu 'phrul drwa ba'i rol gar chos rgyal gter bdag gling pas ngam shod bying mda' o dkar brag nas spyan drangs pa'i rigs kun khyab bdag dpal rdo rje sems dpa' thugs kyi sgrub pa'i smin byed dbang /__grol byed khrid/__rgyab brten lung bcas tshangs sprugs su sngon rjes lan gnyis dang gter ston grub thob yongs kyi spyi mes mchog gnyis su grags pa'i ya gyal gu ru chos kyi dbang phyug gi gter byon bla sgrub gsang ba 'dus pa'i dngos sta 'brel ba'i dbang bzhi yongs rdzogs dang /__gtor dbang gnad kyi shog gcig ma bcas tshogs 'khor dang rjes 'brel du bstsal/__gter chen de nyid kyi gter byon/__dpal yang dag he ru ka'i chos skor dang /__phur pa yang gsang spu gri'i chos skor gyi smin grol rgyab brten bcas dang /__gter chen de nyid kyi gter byon gsang 'dus them med kyi chos skor las byon pa'i gsang 'dus yum bka'/__d+hA ki gtsug gi rgyan gcig ye shes mtsho rgyal gyi sgrub pa'i dkyil 'khor gyi dbang bzhi yongs rdzogs dang /__phyi nang gsang ba'i sgrub thabs kyi yig cha gter gzhung tshang ma'i lung bcas tshes nyer lnga nyin tshogs 'khor dang 'brel bar gsan pa'o/__/gter 'byin grub thob yongs kyi spyi mes nyang ral nyi ma 'od zer gyi zab gter las byon pa mkha' 'gro'i sgrub skor zab rgyas gnyis su yod pa las zab mo'i chos sde bsam yas mchims phu nas spyan drangs pa'i khros ma nag mo'i smin grol dang /__gzhung pod lung rje bla ma rin po che'i nye gnas byang sems ma ti b+ha dra las gsan/__gter chen gling pa brgyad du grags pa'i ya gyal rdo rje gling pas ngam shod gnam lcags brag gi rta mgrin phug pa nas spyan drangs pa'i 'dus pa skor bzhi'i nang gses/__yi dam bka' brgyad 'dus pa gsang ba yongs rdzogs chen po'i chos skor gyi smin grol rgyab brten bcas rje bla mar dag snang nye brgyud du bzhugs pa nyid ngo mtshar rmad du byung ba'i rnam thar du ma dang bcas te mchog gi rig 'dzin 'dus pa rnams dang lhan cig tu thog mar stsal skabs dang /__nyang gter bka' brgyad bde 'dus kyi las byang rgyun khyer smin gling rat+na bi dza yas bsgrigs pa dang /__nang lus dkyil dang /__phyi hU~M sgrub la brten pa'i rgyun khyer rje nyid kyis mdzad pa bcas kyi steng nas/__sngon 'gro nas dngos gzhi bskyed bzlas rdzogs rim bcas kyi khrid gsung bshad kyis brgyan pa dang /__gzhan yang gter gzhung thog nas/__khyad par gyi rdzogs rim rnam lnga'i khrid rgyas dang /__chos dbang gter byon bka' brgyad gsang ba yongs rdzogs kyi las byang bsdus pa skong zlog dang 'brel pa spong ston dbang phyug grub pas mdzad pa la/__rje nyid kyi cung zad khrigs bsdebs mdzad pa'i thog nas bskyed rdzogs khrid bsdus lung dang bcas/__gzhan yang gter gzhung gi thog nas rim lnga gdan gcig ma'i khrid lung /__rig 'dzin rgod ldem gyi gter byon bka' brgyad drag po rang byung rang shar gyi las byang gter gzhung gi sngags sgrub nar ma'i thog nas bskyed rdzogs kyi khrid lung dang /__gzhan yang khrid gzhung ye shes zang thal dang /__gnam zhal don khrid/__rim lnga'i khrid/__dgongs pa snying thig gi khrid bcas gter gzhung yig cha ltar dang /__gter chen klong gsal snying po'i bka' brgyad yongs 'dus kyi phrin las 'bring po la/__khyab brdal lhun grub kyis mdzad pa'i khrid yig gsang chen ye shes myur lam rje mkhyen brtse'i zhu bcos can gung bsgrigs kyi steng nas/__sngon 'gro/__dngos gzhi bskyed bzlas rdzogs pa'i rim pa rjes 'brel bcas kyi khrid lung tshang ba dang /__nyang gter phrin sgrub rin chen sgron me/__kun mkhyen ngag gi dbang po'i yig cha'i thog nas gtor ma la brten pa'i dbang bzhi dang /__de'i rdzogs rim rgan mo mdzub tshugs kyi gdams pa/__rgad po mkhar btsug gi gdams pa/__bran ka nam mkha' la gnang ba'i gsang sngags gseb lam bcas kyi khrid/__nyang gter spyi bshad rin chen spungs pa/__nang bshad gsang sngags lam rim chen mo/__man ngag khrid kyi rim pa/__gdams ngag ngo sprod kyi rim pa rnams kyi khrid lung /__bka' ma'i skor la/__so lugs yang dag gi dbang dang /__rog phur/__rong phur gyi dbang /__grub thob karma gling pa'i gter byon zab chos zhi khro dgongs pa rang grol gyi dbang 'bring po 'gro drug rang grol ltar gyi bum dbang rjes 'brel dang bcas pa/__mchog dbang gsum smin gling rdor sems ltar dang /__mtha' rten gtor dbang /__rdzas rtags sbyin pa bcas smin gling gter chen yab sras kyi phyag bzhes rnam par dag pa ltar mdzad nas khrid lung la/__lo chen chog khrigs sdig sgrib rnam sbyong dang /__rje nyid kyis mdzad pa'i rgyun khyer zung 'jug lam slong bcas la/__gter gzhung sngon 'gro'i 'don cha sbrel thog sngon dngos rjes sogs kyi khrid tshang rags bsdus lung bcas/__gter gzhung bar do drug gi rtsa tshig nas bar do drug khrid zhib rgyas dang /__rjes 'grel na raka skong bshags kyi lung /__lha lcam pad+ma gsal gyi skye ba pad+ma gling pa'i chos skal/__tshe sgrub nor bu lam khyer gyi smin byed gter gzhung thog nas stsal/__byang gter rig 'dzin gdung sgrub kyi dbang /__chos rje gling pa'i yang dag bde chen snying po'i dbang khrid lung /__chos gling phur pa yang gsang thugs kyi thig le'i dbang lung cha tshang /__chos gling gter byon bde gshegs rtsa gsum 'chi med dril sgrub kyi smin grol rgyab brten bcas tshang sprugs dang /__rje btsun sa skya pa'i bka' srol spyan ras gzigs phyag bzhi pa'i rjes gnang /__de'i rgyun khyer dkon mchog lhun grub kyi yig cha'i khrid lung /__brgyud 'debs rje nyid kyis mdzad pa'i lung /__man ngag rdzogs pa chen po'i lam gyi shing rta gcig pur gyur pa rig 'dzin 'jigs med gling pa'i bka' 'bum pod dgu bzhugs pa'i/__dgongs gter klong chen snying tig gi rigs 'dus rtsa dbang rgyas pa dang mthar klong snying yongs rdzogs kyi byin rlabs gdams gtad thun min kyang mdzad mthar don brgyud chos kyi bdag po las thob pa yin/__tshig brgyud 'ju dbon 'jigs med rdo rjes kho bo las lan gnyis thob pa yin pas der zhus brgyud pa nged rang la 'ded na chog gsungs/__phur pa rgyud lugs kyi dbang lung /__yon tan rin po che'i mdzod kyi rtsa ba/__de'i rgyas 'grel shing rta rnam gnyis rtsa 'grel sbrags ma'i steng nas bshad lung rgyas pa dang /__'phros bka' 'bum pod chen bzhi bcas kyi ljags lung gsan/__sprul pa'i gter 'byin mchog gyur gling pa de nyid la bka' babs bdun ldan gyi mdzod mnga' ba'i nang gses/__a ti zab don snying thig gi smin grol rgyab brten bcas dang /__gter chen de nyid kyis ru dam gangs khrod nas spyan drangs pa'i nang skor dpal 'khor lo bde mchog sangs rgyas mnyam sbyor gyi dbang dang khrid lung bcas dang /__pad+ma shel phug nas spyan drangs pa'i gsang sgrub yang gsang khro bo'i smin grol rgyab brten bcas/__gter chen de nyid kyis ye rgyal nam mkha' mdzod nas spyan drangs pa'i sde gsum gyi dgongs nyams gcig tu dril ba rigs gsum snying thig tu grags pa'i smin grol rgyab brten bcas dang /__gter chen de nyid kyi gter byon thugs sgrub bar chad kun sel las bla ma bka' brgyad kyi dbang khrid lung bcas/__bla ma bstan gnyis skor gsum gyi chos bka' rdo rje 'chang mkhyen brtse'i dbang po nyid kyi yang gter du bka' babs pa'i/__smin grol rgyab brten dang /__rje bla ma nyid kyi dag snang chos sde las byon pa'i grub thob thugs tig gi dbang dang khrid lung bcas/__dpal chen yang dag zab tig dang /__rdo rje phur pa'i gnad tig bcas kyi smin grol rgyab brten bcas dang /__gong smos ltar dus gsum rgyal ba kun gyi bgrod pa gcig pa'i lam mchog theg chen byang chub mchog tu sems bskyed pa dbu ma lugs su grags pa'i sdom pa 'bog chog gter chen gsung la kun mkhyen chen po'i gsung rab kyis zur brgyan pa nyid lan gnyis kyi bar du gsan pa dang /__lo tsA ba bai ro'i rnam 'phrul 'phreng gter gsung byang sems smon lam phan bde'i ljon pa dang /__gsang sngags smon lam 'dod 'jo'i dga' ston/__de'i 'grel pa rig 'dzin 'jigs gling gsung bcas kyi steng nas bshad lung rgyas pa/__'jam dpal bstod sgrub kyi rigs gtad lan gnyis dang /__rje bla ma'i gsung /__brgyad 'debs/__bstod sgrub/__bstod 'grel/__mtshan brjod bklags thabs/__'jam dpal mtshan brgya rtsa brgyud kyi bstod pa/__sa paN gsung bstod pa dpal ldan blo gros sogs/__bzang spyod kyi bshad pa/__rgyal sras thogs med gsung blo sbyong don bdun ma/__de'i 'grel pa rje bla ma nyid kyis mdzad pa bcas kyi khrid lung /__de'i brgyud 'debs smon lam dang 'grel pa rje nyid kyi gsung /__rje blo bzang grags pas mdzad pa'i byang chub lam rim de'i ngag 'don mkhyen brtse rin po che nyid kyi gsung /__zhwa dmar mkha' spyod dbang pos mdzad pa'i blo sbyong snying po'i don bsdus/__nA ro mkha' spyod ces rje btsun sa skya pa yab sras la bka' babs pa'i gdams skor gyi smin grol rgyab brten bcas pa dang /__karma pa dbang phyug rdo rjes khrid yig rgyas 'bring bsdus gsum mdzad pa'i phyi ma chos sku mdzub tshugs dang /__sngon 'gro zur gsal gyi thog nas khrid lung /__mi bskyod rdo rjes mdzad pa'i karma pa la brten pa'i thun bzhi'i bla ma'i rnal 'byor/__chags med gsung thun bzhi'i rnal 'byor gyi khrid/__ban sgar ba 'jam dpal bzang po'i gsung gsol 'debs rdo rje 'chang thung ma/__de'i khrid a rA gas mdzad pa bcas sbrel ba'i khrid lung /__rje bla ma nyid kyi gsung thor bu'i gras/__bla ma'i rnal 'byor ye shes mchog stsol/__rnam thar gsol 'debs sogs dang zhabs brtan mchod chog gsung mgur sogs kyi skor thor bu mang tsam gsan kyang rgyas par bri bar ma nus so/__/_!__rgyal bas lung bstan 'jam mgon blo gros mtha' yas kyi zhal snga nas/__rje nyid kyis bka' bsdu mdzad pa'i thun mong shes bya mdzod/__rgya chen bka' yi mdzod/__zab mo gter gyi mdzod/__yang zab gdams ngag rin po che'i mdzod/__thun min gsang ba'i mdzod rnams bzhugs pa'i nang tshan/__gter ston sangs rgyas bla ma nas mchog gyur bde chen gling pa'i bar gter ston nyis brgyar nye ba'i smin grol gdams pa khungs thub rnams phyogs gcig tu bsdus pa rin chen gter gyi mdzod/__rab tshes me byi lo yan chad kyi glegs bam ka nas a bar sum cu dang /__bka' rgya ma pod bzhi bcas kyi dbang lung khrid gsum yongs rdzogs rdzong sar bkra shis lha rtser 'jam mgon mkhyen brtse'i zhabs dang phal cher lhan du gsan/__de rjes kha skong glegs bam sum cu skor yongs su rdzogs pa'i smin grol rgyab brten bcas zur mang drung rin po che karma chos kyi nyin byed mdun nas gsan/__thun mong shes bya mdzod skabs bcu rkang pa re bzhi yod pa'i rtsa ba dang 'grel pa bcas glegs bam sku gsum grangs ldan ni/__rje bla ma sku dngos kyis thog ma'i mchod brjod dang /__brtsams par dam bca' ba/__mjug gi sdom byang steng nas ljags bshad mdor bsdus dang /__dpe rnams dbu thog tu bzhag nas bka' rgya gdams gtad smon lam shis brjod rgyas par stsal zhing /__snga 'gyur kyi rig 'dzin mkhas grub klong chen pa dang /__karma rang byung rdo rje/__kun mkhyen dol po/__smin gter yab sras/__kaHthog dge paN/__zhe chen pa'i mkhas grub sogs kyi lta ba dbu ma gzhan stong yin pas de nyid 'dzin dgos par bka' stsal/__'bru lung yongs rdzogs ni khro shul mkhan chen rdo rje 'dzin pa tshul khrims rgya mtsho las gsan pa dang /__zur mang drung rin po che karma chos kyi nyin byed las mnga' bdag mar pa lo tsA nas brgyud pa'i bde dgyes gsang gsum gtsos bla med kyi rgyud sde zab cing gnyan la ches dkon pa rnams kyi smin grol dang /__lhag pa'i lha 'ga' zhig gi rjes gnang skor phyogs gcig tu bsdus pa sngags mdzod chen mo'i smin grol rgyab brten dang bcas pa dang /__'jam mgon bla ma dngos las brtag gnyis spyi don dang tshig don rnam bshad/__rgyal dbang rang byung rdo rjes mdzad pa'i rnal 'byor bla med kyi rgyud sde rgya mtsho'i snying po bsdus pa zab mo nang don nyung ngu'i tshig gis rnam par 'grol ba zab don snang byed/__rnam shes ye shes 'byed pa'i bstan bcos kyi 'grel pa/__de bzhin gshegs pa'i snying po bstan 'grel bcas kyi bshad lung dang /__sgrub brgyud shing rta chen po brgyad kyi man ngag gi gzhung dang gdams ngag yongs rdzogs phyogs gcig bsdus pa gdams ngag rin po che'i mdzod ni/__nges gsang bka' yi bsdu ba chos kyi bdag po rje bla ma mchog nas dkar chag brgyud yig dbur bzhag gis brgyud pa'i gshar 'debs gtad rgya smon lam bcas thugs tshim pa dang /__smin grol rgyab brten bcas yongs su rdzogs pa zhal slob yongs kyi gtso bo nges don chos kyi rgyal tshab gcig pu mdo dang sngags kyi gzhung lugs rab 'byams smra ba mkhan chen rgyal ba'i sras po thams cad mkhyen pa karma bkra shis 'od zer mdun nas legs par gsan bzhes gnang zhing /__thun min gsang ba'i mdzod ni yab rje 'jam mgon bla ma nyid kyi zab gter gyi skor te/__lha mdo 'bur mo nas spyan drangs pa'i rtsa gsum dgongs 'dus kyi chos sde mdzod gcig tu 'dus pa sngon med zab cing rgya che bar khyad par du 'phags pa ngo mtshar can du bzhugs na'ang rten 'brel gzhan rkyen gyis dbang gis yongs rdzogs gtan la 'bebs par ma gnang yang snying po bsdus pa lung gter gyi mdzod la rtsa gsum chos skyong gi skor bzhi bzhugs pa las bla ma rig 'dzin mchog sgrub kyi chos sde tshan drug tsam gtan la 'bebs mdzad gnang ba dang /__tsA 'dra'i gter byon gsang thig yab bka' yum bka'i skor/__rong me dkar mo stag tshang nas gter byon gro lod/__lam zab le'u bdun rnams sku dngos las gsan cing /__dag snang tshig bdun yab bka' yum bka'i skor sogs drung rin po che las gsan pa'o/__/de dag gi rjes 'brel bka' 'bum rin po che pod bcu bzhugs pa/__lnga rig smra ba'i dbang po karma bkra shis chos 'phel dang /__drung rin po che gnyis las gsan/__yang 'jam mgon bla ma'i mdun nas rnying ma rgyud 'bum sde dge'i spar du gang 'khod kyi lung yongs rdzogs/__rgya zhang khrom gter byon gshin rje tshe bdag gi dbang lung yongs rdzogs/__yang bzlog me yi spu gri'i dbang lung yongs rdzogs/__snying thig ya bzhi tshar gcig__/lha 'brang mchog sprul dpal ldan chos rgyal mdun nas kyang lan gcig gsan/__bka' brgyad dbang yongs rdzogs sgrub chen dang 'brel bar 'jam mgon rin po che'i zhal snga nas dang /__dbang rkyang tsam rab 'byams lnga pa las kyang gsan/__zhi ba'i dbang dang tshe dbang /__rgyud rnams kyi lung mkhan pad rdor mdun nas dang /__pod lung yongs rdzogs dge ba'i bshes gnyen na chu phrin las mdun nas gsan/__gter chen nyang ral gter byon rdo rje phag mo khros nag gi dbang khrid yongs rdzogs/__dur khrod lha mo'i be bum dang /__phrin sgrub rin chen sgron me'i dbang /__rgad po mkhar btsug__/rgan mo mdzub tshug__/gsang sngags gseb lam khrid kong sprul rin po che dang /__mkhan pad rdor gnyis las kyang gsan/__gter chen chos dbang gter byon bla ma gsang 'dus kyi dbang gzhung pod/__bka' brgyad gsang ba yongs rdzogs kyi dbang rnams 'jam mgon blo gros mtha' yas/__gsang rdzogs pod lung dpal yul rgya sprul rin po che'i mdun nas gsan/__chos dbang gter byon yang snying 'dus pa'i dbang dang gzhung pod/__chos dbang yang dag snying po'i smin grol rgyab brten bcas cha tshang /__chos dbang phur pa yang gsang spu gri'i smin grol rgyab brten bcas/__'jam mgon rdo rje 'chang rnam gnyis dang /__rab 'byams lnga pa'i mdun nas kyang smin grol lan gnyis gsan pa'o/__/pad+ma las 'brel rtsal gyi gter byon gsang bdag dregs pa kun 'dul gyi dbang dang gzhung pod/__sangs gling gter byon bla ma dgongs 'dus smin byed yongs rdzogs rnams kong sprul rdo rje 'chang dang /__dgongs 'dus pod lung khyung sprul rin po che thub bstan chos dpal rgya mtsho'i mdun nas gsan pa'o/__/rig 'dzin rgod ldem gyi gter byon bla ma zhi ba gdung sgrub kyi skor dbang lung yongs rdzogs/__thugs sgrub drag po rtsal gyi dbang dang gzhung pod yongs rdzogs kyi ljags lung /__thugs rje chen po 'gro ba kun grol gyi dbang lung yongs rdzogs/__rdzogs chen kun bzang dgongs pa zang thal gyi dbang khrid lung dang ka dag gi skor bcas yongs rdzogs/__bka' brgyad rang byung rang shar chos skor gyi dbang lung yongs rdzogs/__byang gter phur pa lugs gsum gyi dbang lung /__gter chen rat+na gling pa'i gter byon rdo rje phur pa yang gsang bla med kyi dbang lung rnams 'jam mgon rdo rje 'chang dang /__rata phur dbang lung rab 'byams lnga pa'i mdun nas kyang lan gnyis kyi bar gsan/__'jam mgon rje las rig 'dzin pad+ma gling pa'i gter byon rdzogs chen kun bzang dgongs 'dus kyi gzhung pod yongs rdzogs kyi bklag lung /__mnga' ris paN chen gyi gter byon bla ma bka' brgyad yongs rdzogs kyi dbang lung yongs rdzogs/__gter ston ma ti rat+nas ba thang shing rgyal ba'i dben gnas kyi nub phyogs o rgyan gsang phug sin+d+hU ra'i chu bo nas spyan drangs pa'i mkha' 'gro bdud 'dul drag mo'i chos skor gyi dbang dang /__gter gzhung skor rgya sprul rin po che'i mdun dang rab 'byams lnga pa las kyang gsan pa'o/__/'jam mgon rnam gnyis dang drung rin po che bcas kyi mdun nas 'ja' tshon gter byon dkon mchog spyi 'dus kyi skor smin grol rgyab brten bcas/__lo chen bai ro tsA na'i rnam 'phrul bstan pa'i nyi ma rig 'dzin gter bdag gling pa'i zab gter chos kyi smin grol rgyab brten bcas ji ltar gsan tshul la/__g.ya' ma lung nas spyan drangs pa'i rig 'dzin thugs thig smin grol rgyab brten bcas 'jam mgon bla ma dang /__lung rkyang mkhan chen kun bsod dang /__rdor sems smin grol rgyab brten bcas 'jam mgon dang /__rab 'byams lnga pa bcas kyi mdun nas dang /__ma hA gu ru drag po'i skor gyi dbang lung yongs rdzogs/__a ti zab don snying po'i skor gyi dbang lung khrid gsum tshang ba 'jam mgon bla ma'i mdun nas lan gcig__/rab 'byams lnga pa'i mdun nas lan bzhi gsan/__bka' srung ye shes ma mo rag gdong ma'i dbang lung yongs rdzogs/__'jam dpal gshin rje dregs 'joms kyi dbang lung yongs rdzogs/__zab lam thugs rje chen po bde gshegs kun 'dus kyi dbang dang khrid bcas rje bla ma blo gros mtha' yas dang /__myos rigs rje btsun ma 'gyur med bde chen chos sgron gnyis las gsan cing /__gtum mo'i khrid sogs zhe sprul nges don bstan 'phel las gsan pa'o/__/rgyab brten lung gi rim pa yongs rdzogs sgrub bla dam pa rab 'byams dbon thugs rje'i rgya mtsho dang /__gter chen rin po che'i bka' 'bum yongs rdzogs dgon stod mchog sprul o rgyan tshe dbang rig 'dzin las gsan pa'o/__/gter chen bla mas rdo rje theg pa'i chos tshul rab 'byams las lhag pa'i lha du ma'i sgrub thabs byin rlabs kyi dbang chog bcas phyogs bsdus sgrub thabs 'dod 'jo'i bum bzang gi dbang lung 'jam mgon rdo rje 'chang gi mdun nas lan gcig__/skyabs rje rab 'byams rin po che'i mdun nas lan gcig bcas dang /__drung rin po che'i mdun nas 'bru lung lan gcig gsan/__yang rje gu Na'i zhabs las gter kha gsum 'dus zab tig chos dbyings rang gsal gyi dbang lung yongs rdzogs/__chos gling gter byon rtsa gsum dril sgrub dbang khrid lung bcas yongs rdzogs/__de'i gter byon yang dag dbang khrid lung bcas yongs rdzogs/__de'i gter byon phur pa yang gsang thugs kyi thig le'i dbang lung yongs rdzogs/__mchog gling gter byon zab bdun mngon spyod kyi zab pa lugs thugs kyi phur gcig gi smin grol cha tshang /__kar lugs dgyes rdor lha dgu'i dbang chog rje nyid kyi ljags bsgrigs steng nas lan gnyis gsan/__bi ru pa'i bka' srol pha rgyud zhe sdang 'dul byed gshin rje gshed dmar lha lnga'i dbang chog sta gon sngon 'gro jo nang yig cha'i steng nas dang /__rje nyid kyi gsung thun mtshams chos spyod sdom gsum gso sbyong thar pa'i them skas sogs kyi ljags lung /__phyag chen lhan cig skyes sbyong gyi khrid yig rgyas pa dbang phyug rdo rjes mdzad pa nges don rgya mtsho/__'bring po ma rig mun sel/__bsdus pa chos sku mdzub tshugs sogs 'jam mgon bla ma 'chi med bstan gnyis g.yung drung gling pa dngos las gsan pa gtso bor gyur pa rnams mdor bsdus pa'o/__/mkhan chen bkra shis 'od zer las dbu lugs sems bskyed lan gnyis/__'ju dbon a b+hA ya las rtse le'i sems bskyed srol gnyis 'dus/__khyung sprul thub bstan rgya mtsho las/__bka' gdams glegs bam/__blo sbyong snyan brgyud chen mo/__bai ro'i 'dra 'bag__/mchog sprul karma rasmi las mdo sdud pa'i bshad lung /__skyes rabs so bzhi pa kha skong bcas dang /__dwags po bkras rnam pa'i 'od zer skor gsum rnams gsan/__mkhas dbang lnga rig smra ba chen po bkra shis chos 'phel las/__jo lugs dus 'khor gyi dbang khrid/__bka' gdams dol po'i be bum sngon po/__dam pa'i mkhyud dpyad/__na bza' be bum rnams kyi lung dang /__mngon rtogs rgyan rong Tika steng nas bshad lung dang /__sgom rim/__byams pa'i chos lnga 'jam mgon mkhyen brtse'i nye brgyud rtsa ba'i steng nas bshad lung /__rgyud bla dol po dang rong ston chen po'i Tika gnyis ka'i bshad lung /__spyod 'jug thogs Tika[i] rnams gsan/__mkhas pa'i dbang po khro shul mkhan tshul rgyam las/__jo bo'i chos chung brgya rtsa/__dpal sprul rin po che'i sher phyin 'bru 'grel dang spyi don gyi bshad pa zhib rgyas/__sdom gsum rnam nges zhib rgyas/__yon tan mdzod/__rgyud bla zhib bshad/__rong Tika[i] steng nas 'byed rnam gnyis bshad pa/__drung rin po che las 'jam mgon blo gros mtha' yas kyi rgyud bla'i 'grel pa'i steng nas bshad khrid/__'ju dbon a b+hA ya las spyod 'jug gi bshad pa/__dge mang mkhan kun bzang dpal ldan las dbu ma rtsa 'jug__/mngon pa mdzod/__dbu ma rgyan/__rgyud bla ma mi pham rin po che'i mchan Tika/__yid bzhin mdzod sogs gzhung shin tu mang po'i bshad khrid/__bla ma grags rgyal las/__nyid mdzad bzang spyod Ti ka/__mkhan bsam gtan blo gros las/__ma ti'i 'jam dkar/__bo dong dbyangs can/__sa 'jam sbag sgrub/__nye sras sgom lung rnams dang /__drung rin po che las zab mo nang don rang 'grel/__ri chos nges don rgya mtsho/__dwags po'i bka' 'bum/__'ja' tshon pod drug gi lung rnams gsan/__kun mkhyen mi pham rin po che las/__'jam dpal tshe bdag gi bsnyen sgrub grol skabs dngos grub len chog rje 'di la'ang stsal ba dang /__'jam dpal rdzogs chen skor dang /__bka' brgyad spyi don/__mkhas 'jug sogs rje bla ma nyid kyis mdzad pa'i bstan bcos rnams kyi bshad lung dang /__mdo sngags kyi gzhung don dka' gnad dogs gcod/__nyams bzhes skor gyi dogs sel sogs gnang zhing /__yang dag gsang 'grel sogs gsung gnad gal che rigs bshad lung mdzad ma thub pa du ma'i gtad rgya byin rlabs sogs gnang bas ches cher bka' drin che ba'i bla ma 'jam mgon rnam gnyis dang ngos mnyam pa'i dad mos mdzad/__rje de nyid kyi nye gnas theg pa mchog gi rnal 'byor pa 'od gsal dang mkhan kun dpal gnyis ka las kun gzigs mi pham rin po che'i bka' 'bum du bzhugs so 'tshal thams cad gsan/__'khor lo'i mgon po rab 'byams lnga pa 'gyur med pad+ma theg mchog bstan pa'i rgyal mtshan las dbu lugs sems bskyed dang /__ngal gso skor gsum sogs dang /__'dod bum dbang lung /__sems klong gi dbang khrid lung /__na rag dong sprugs/__sgyu 'phrul zhi khro/__gshed dmar rnams kyi dbang lung gtsos shin tu mang po dang /__dpal yul rgya sprul rin po che kun bzang mdo sngags bstan 'dzin las kar gling zhi khro'i dbang lung khrid gsum dang /__ma Ni bka' 'bum/__rad phur/__ma ti rat+na'i seng gdong ma'i dbang lung sogs gsan/__kaHthog si tu paN chen las dri med rnam gnyis dbang lung /__mkhan dkon mchog 'od zer las khrid yig kun bzang bla ma'i zhal lung /__dge mang mkhan yon tan rgya mtsho las gsang 'grel phyogs bcu mun sel dang spyi don 'od gsal snying po'i rgyas bshad/__mkhas dbang rme ru chos 'grub las nyid mdzad bde smon dang /__gang blo ma'i 'grel bshad rnams gsan/__mkhan pad rdor las nyid mdzad mang shos kyi bklag lung /__dpal sprul rin po che 'jigs med chos kyi dbang po las 'jam dpal mtshan brjod kyi bshad lung sogs dang bslab bya rgya cher stsal/__'bar chung mchog sprul thub bstan dge legs dpal bzang ngam rdo rje bde gshegs rtsal las lung a nu yo ga tshogs chen 'dus pa'i theg dgu'i dbang chen gsan/__rgyal bka' rin po che'i bklag lung yongs rdzogs skyabs rje rab 'byams lnga pa dang /__khro shul mkhan chen tshul khrims rgya mtsho bcas kyi zhal snga nas lan gnyis kyi bar du gsan pa ste/__de rnams ni gsan yig las che long tsam du bkod pa dang /__mdor na rje bla ma 'di ni thos pas chog shes dang ngom pa med cing /__gang na rgyun rnam par dag pa bzhugs pa'i thugs nges 'brong phyin mtshan gyi snyan pa che ba dang /__go sa mthon po dang /__bzang por grags pa min kyang /__bstan pa'i rgyun la phan par dgongs nas legs par btud cing gsan bzhes gnang ba ste/__chos kyi rje sa skya paN+Di tas/__legs bshad byis pa dag las kyang /__/mkhas pa rnams kyis len par byed/__/dri zhim byung na ri dwags kyi/__/lte ba las kyang gla rtsi len/__/ces pa'i don la thugs gzhol bas thos pa rgya mtsho'i pha rol du son pa yin cing /__gzhan du na thos nyung cung zad tsam gyis chog shes pa ni rang phyogs su lhung bas bstan pa thams cad 'gal 'dur 'char nas rmongs pa'i mun nag chen por 'phyan te phyogs re'i mig can g.yag zhar gyi rtswa zos pa lta bu las 'byung bar mi 'dug cing /__mdo rgyud nas bstan pa'i bshes gnyen rnams kyi mtshan nyid thams cad tshang ba'ang deng sang snyigs dus na u dum wA ra ltar dkon pas de phyir rgyal bstan ris med pa'i lung gi chos la 'chad nyan gyi gzugs brnyan yod pa rnams kyi rgyun mi gcod par rje bla ma 'di nyid kyi rnam thar bzhin thos bsam phyogs med du mdzad par rigs so/__/de ltar mang du thos pa ni nor rnams kyi mchog yin pa dang /__phyi nang gi grub mtha' shes pas blang dor gyi mig phye/__tshul khrims kyi bslab pa thos pas don med g.yeng ba spong /__shes rab kyi bslab pa thos pas zag zad kyi myang 'das thob par byed pa yin te/__'phags pa klus/__shes rab rgyas byed pa ni thos pa ste/__/de dang bsam pa gnyis ni yod gyur na/__/de las bsgom pa la ni rab tu sbyor/__/des ni dngos grub bla na med pa 'byung /__/ces dang lung rnam 'byed las/__mang du thos pa la phan yon yod de/__phung po la mkhas pa dang /__khams la mkhas pa dang /__skye mched la mkhas pa dang /__rten cing 'brel bar 'byung ba la mkhas pa dang /__de'i gdams ngag dang rjes su bstan pa gzhan la rag ma las pa yin no/__/zhes sogs phan yon mtha' yas pa dang /__'jig rten pa'i rigs gzugs lang tsho dpal 'byor gyi nor rnams ni bsog bsrung dka' zhing tshe 'di pa tsam las phyi mar phan pa cung zad kyang med la myur du 'dzad pa dang bcas pa yin pas/__deng dus kyi bstan 'dzin skyes bur grags pa bdag dang bdag 'dra kha cig ni sku skye de'i ming dang de'i go sa thob thang rigs rus kyis snyems shing /__gser dngul gyi mchod cha ngoms nas dar zab kyis klubs pa tsam la snying por byed pa rnams la dpag na bdag cag gi dpal ldan bla ma dam pa'i ngang tshul ni dngul chu sa la lhung yang rdul gyis ma gos pa bzhin du/__dge ba'i bshes gnyen bsten pa dang /__lung gi yon gyis rgyud phyug cing rtogs pa'i go 'phang mthon por gshegs kyang nyam chung sbas pa'i tshul du khengs pa bskyungs te spros pa'i kun rtog thugs la mi mnga' bar bzhugs pa la rmongs pa rdol thabs su smra ba kha cig gis blun por rtsi yang /__blo gros dang ldan pas dpyad na snyigs dus kyi thams cad mkhyen pa zhes mtshan gyi mnga' dbul kyang don la nges par gnas shing /__de ltar chos kyi rgyal po mkhas grub kun gyi gtsug rgyan du gyur pa nyid zab dang rgya che'i gzhung la skyes thob dang sbyangs stobs kyis thos bsam mthar phyin pa las yon tan gyi dpal thams cad ngang gis 'byor pa ste/__ji skad du/__yon tan yod na rgyal ba'i go 'phang dang /__skye dgu mngon par 'du ba'ang thob par 'gyur/__/lha dbang dpal yang yon tan la ltos te/__/yon tan yod na pha rol mgu bar 'gyur/__/grags pa rnams kyang yon tan nyid las 'phro/__/bdag nyid che ba'ang yon tan ldan las 'byung /__/zla 'od las kyang gsal ba'i yon tan gyis/__/dgra bo mi bzad dregs shing sdang ba dang /__/'khon rnying yod cing phrag dog che ba dag__/yid ni rab tu dwangs shing mgu byed do/__/zhes 'byung ba ltar 'jig rten dang /__'jig rten las 'das pa'i mchog thams cad kyi rten gzhi yin no/__/de ltar thos pa rnams kyang yang nas yang du 'dris shing gom par mdzad cing bsam byung gi shes rab kyis tshig don gyi cha thams cad tshad ma gsum dang /__rigs pa bzhi dang mi 'gal bar dpyad cing nges shes khyad par can drangs pas mdo sngags rig gnas dang bcas pa'i dka' ba'i gnas gang la'ang the tshom gyi drwa ba chod cing /__gzhan du dkri bar mi btub pa'i zab mo'i don la gdengs khyad par can rnyed pa ni rje bla ma nyid kyi bstan bcos rnams la phyogs lhung gi dri ma spangs te dad gus dang ldan pas mjal na shes par 'gyur ba nyid las mang du smos pa'i ngal ba mi dgos so/__/gtsug nor dam pa gong du mdo tsam smras pa de rnams las mchog tu bka' drin che ba/__'jam mgon rnam gsum la mkhyen rtogs che chung gi dbye ba dang /__gus 'dud che chung mi mdzad kyang gnyug ma ye shes rdo rje'i rang zhal mngon sum ngo sprod pa'i mthar thug nges pa don gyi rtsa ba'i bla ma skyabs kun 'dus zhal chen po ni/__bai ro dngos snang 'dzam gling chos kyi shing rta chen po 'chi med bstan gnyis g.yung drung gling pa'am pad+ma gar dbang blo gros mtha' yas phrin las 'gro 'dul rtsal yin par 'dug pa'ang zhar byung du smras so/__/de skad du yang rnam thar gsol 'debs las/__/chos kun bslab pa tsam gyis thugs su chud/__/skyes thob sbyor byung shes rab phun sum tshogs/__/ji lta ji snyed gzigs pa rnam dag pas/__/'jam dpal gzhon nur gyur la gsol ba 'debs/__/nges 'byung tshul khrims bslab par rten bcas shing /__/gzhan phan byang chub sems kyis thugs rgyud gtams/__/snod bcud dag mnyam dbyer med chen por sdoms/__/sum ldan rdo rje 'dzin par gsol=__/rigs bdag dge ba'i bshes kyi zhabs pad la/__/mnyes pa gsum gyis skyo ngal med par bsnyen/__/phyi nang rig gnas mdo sngags bka' gter gyi/__/chos tshul rgya mtshor 'jug la=__/khyad par 'jam dpal gzhon nu snyigs dus su/__/dpal ldan bla ma'i rnam thar rol pa yi/__/'dren mchog mtshungs med rnams las zab rgyas kyi/__/gdams pa'i bcud mchog bzhes la=__/rang gnas ye shes rdo rje'i rang zhal ni/__/dgongs brgyud 'pho ba thob pa'i rten 'brel gyis/__/rang zhal lhug pa'i ngang du mngon sum mjal/__/chos kun de nyid rtogs la=__/yongs 'dzin dge ba'i bshes kyi zhal sgo las/__/thos pa'i don la bsam pas sgro 'dogs bcad/__/ji bzhin bsgoms pas shes bya'i gting mtha' dpog__/zag med shes rab rdol la gsol ba 'debs/__/zhes pas don bsdu ba'o/__/rgya chen shes bya'i mkha' la skyes sbyangs shes rab mkhyen gsum rtsal rdzogs pa'i/__/smra ba'i dbang phyug gdong lnga de ni bslab gsum lus stobs rab rgyas pas/__/rtsal gyis mchong ba'i shugs chen gcig gis 'khor 'das shes bya'i rlabs rgya gcod/__/'di ni 'jam dpal smra ba'i seng ge dngos sam de yi spun zlar grags/__/chos tshul mang du thos pas mi ngom lan tshwa'i chu bzhin yang yang bzhes/__/cha shas thos pa'i nor ldan las kyang rang gi 'dod pa dang du blangs/__/lung gi yon tan rgya mtsho'i gter mdzod snyigs dus khyed 'dra gzhan ma mchis/__/bung bas rtsi bzhin thugs rgyud dam pa'i chos kyi nor bu'i sgrom du gyur/__/de ltar yon tan tshogs rnams kyang /__/brjed ngas rkun bus ma phrog cing /__/dpe nag steng du ma lus par/__/thugs dbyings zab mor zum med bris/__/rang nyid lhag par 'dod pa dang /__/gzhan dag khyad bsad phyir min cing /__/bka' dang bstan bcos las 'byung bzhin/__/thos pa don yod nyid du byas/__/khyad par nges don snying po'i bzhugs tshul gyi/__/phyir mi ldog pa seng ge'i sgra bsgrags pa/__/deng dus kun mkhyen bla ma mchog nyid las/__/gzhan pa su zhig mthong thos ma gyur to/__/rgyal ba'i yum 'di la mos skyes bu de/__/sangs rgyas yon tan tshogs kyi snod gyur dang /__/yon tan rnam bcu thob par rgyal bas gsungs/__/des na 'di 'dzin skyes bu 'phags chen dngos/__/ces par skabs kyi tshigs su bcad pa'o/__/da ni thos bsam mdzad pa'i zab don sgom pa ji ltar mdzad pa'i tshul mdor bsdus su gleng bar bya ste/__/de yang zla ba sgron me'i mdo las/__/rab tu byung bas chos spyod ci 'dra bar/__/zas dang gos dang de bzhin skom rnams dang /__/me tog spos dang phreng ba rnams kyis ni/__/khyu mchog rgyal ba bsnyen bkur byas mi 'gyur/__/gang zhig byang chub rab tu 'dod byed cing /__/'dus byas ngan pas yid 'byung sems can gyi/__/don du dben par phyogs te gom bdun bor/__/'di ni de bas bsod nams khyad par 'phags/__/ces dang /__de kho na nyid bstan pa'i mdo las/__shA ri'i bu/__gang gis bskal pa gcig gi bar du nyan pa bas/__gang gis se gol gtog pa tsam gcig tu de kho na nyid kyi ting nge 'dzin bsgoms na bsod nams 'phel lo/__/shA ri'i bu de lta bas na/__de kho na nyid kyi ting nge 'dzin 'di gzhan la nan gyis gdams par bya'o/__/zhes dang /__rtogs pa rgyas pa'i mdo las/__thang gcig bsam gtan thun zhugs na/__/khams gsum gang ba'i mi rnams la/__/srog sbyin pas ni 'di don che/__zhes gsungs pa ltar sngon byon gyi 'phags bod mkhas grub rnams dang /__'jig rten gyi 'dren pa thub pa mchog gis kyang lo drug tu gcig pur dka' ba spyad cing ting nge 'dzin ni sgom par mdzad nas mthar bdud kyi sde btul zhing byang chub kyi snying por gshegs pa yin na/__dben pa bsten nas yang dag pa'i don la sems par ci'i phyir mi byed de/__thob bya mthar thug 'gog pa zhi ba gya nom nges 'byin gyi mtshan nyid can theg chen lam gyis bsgrubs pa'i rang 'bras dam pa mngon du byed pa la brtson pa brgya 'gyur du skye bar 'os shing /__skyes rabs las/__mang du thos pa snyem pa med/__/'byor pa rnams la ser sna med/__/nags tshal gnas su chog shes pa/__/yon tan rgyan gyi mchog yin no/__/zhes pa ltar dpal ldan bla ma dam pa 'di chos brgyad kyi bu mo'i 'du 'dzi las ring du byol zhing phyi nang gi rgyu 'grul dang glag cor gyis dben pa'i gnas dam par sgo gsum dben par bsten te rgyu'i theg pa'i byang chub sems dpa'i blo sbyong gi skor bka' gdams rin po che'i gzhung dang gsung sgros man ngag rnams la thugs dam gyi snying por mdzad nas tshad med rnam pa bzhi dang 'brel bas bdag gzhan mnyam pa dang /__brje ba/__bdag bas gzhan gces kyi thugs legs par 'byongs shing /__stong pa nyid dang snying rje zung du 'jug pa'i byang chub kyi sems yid bzhin gyi nor bu rin po che bco lnga'i zla ba ltar nyams pa med pa thugs rgyud la bstar bas sku gsung thugs kyi mdzad pa phra mo re res kyang gzugs can dang gzugs med kyi 'gro ba mang po la dngos dang brgyud nas phan pa mtha' yas pa ster zhing thar pa'i sa bon thebs pa dang /__gsang sngags rdo rje theg pa ni dus gsum kun tu 'byung bar dka' ste de dang 'phrad pa ni u dum wA ra'i me tog ltar dkon pa dang /__rgyud don tshul bzhin rtogs nas smra bar byed pa la/__de bzhin gshegs pa rnams kyi phyag rgya rgya chen dam pa'i dbang bskur ba yongs su rdzogs pa dang /__rdo rje'i rig pa 'dzin pa de ni byang chub rdo rje dang mtshungs par blta bar gsungs te/__gsang snying las/__de bzhin gshegs pa thams cad kyi/__/phyag rgya gsang chen snying po 'di/__/rtogs nas smra bar gang byed pa/__/de ni nga yin dbang yang rdzogs/__/zhes dang gsang ba 'dus pa'i rgyud phyi ma las/__gang zhig gtso bo sgrub pa po mthong reg pa dang /__/legs par dran dang ming tsam nges par thos pa dang /__/dad par byed cing phyogs gcig tsam zhig 'dzin pa dang /__/byang chub rdo rje 'drar blta de la rtag phyag 'tshal/__/ces 'byung ba ltar de bzhin gshegs pa kun gyi gsang ba dam pa sngags kyi theg pa'i yang rtse rnal 'byor bla med nang rgyud sde gsum gyi bskyed bzlas rdzogs pa'i rnal 'byor gyis dwangs ma'i sgo gsum rdo rje gsum du sgrub par byed pas sku tshe de nyid la zung 'jug sku bzhi'i dbang phyug dpal he ru kaHrdo rje 'dzin rgyal chen po'i sa mchog dam par gshegs pa'i rtags snang mngon du gyur pa ste/__de yang snga phyir sdom pas bgrang bya nyi shu lhag tsam du lhag pa'i lha'i bsnyen sgrub dang /__mtshan bcas mtshan med kyi thugs dam la chig dril du brtson pa chu bo'i rgyun bzhin gnang ba ste/__ting 'dzin rgyal po las/__chos 'di sgom par ma byas na/__/chos nyid mthong bar mi 'gyur te/__/chu bo mthong dang thos pa yis/__/ma 'thung skom pa ji ltar sel/__/zhes dang /__gtsug gtor chen po'i mdo las/__bskal pa mang por thos pa dang bsam pa bas ni nyin gcig chos nyid kyi don bsgom pa bsod nams che'o/__/de ci'i phyir zhe na/__des skye 'chi'i lam dang ring du byed pa'i phyir ro/__/zhes sogs rgya cher 'byung ba ltar/__khams gsum gyi zag pa dang kun sbyor gyi 'ching ba dang /__chos nyid kyi gnas lugs la mtshan 'dzin shes bya'i sgrib pa kun gzhi'i bag chags snang gsum 'pho 'gyur gyi sgrib pa thams cad shin tu rnam par dag pa ye shes kyi sku mtshan ma med pa zag med rdo rje'i sku mchog mngon du byed pa ni nang du yang dag 'jog pa las byung ba yin te/__ji skad du/__ci 'dra ba yi las byas na/__/rnam par smin pa de 'drar 'gyur/__/ces pa ltar khams drug ldan gyi rten 'di ni rdo rje theg pa'i lam gyi rten ches khyad par du 'phags shing /__sbyang gzhi sbyong bya sbyong byed gnad du song ba las sbyangs 'bras mngon du gyur pa dbang po rab dang brtson mchog dang ldan pa la mthong ba'i chos la myong bar gyur pas te rig 'dzin grub pa rgya mtsho'i 'khor lo'i bsgyur ba ste/__deng gi dus na dpal ldan bla ma dam pa 'di lta bur shes par bya yi/__gzhan du thos pa cung zad kyang med cing blun sgom mun pa'i gting rdo yid la byed pas gti mug gi mun pa ches cher 'thib pa dang /__la la dag mang du thos kyang sems thog tu ma khel zhing pra yas pas chos dang gang zag la rgyab gyes te las mtha' log pa'am/__yang na dug lnga 'khrug cing dag snang cung zad kyang med pa grub mtha'i gdon chen pos zin te chos spang ba'i las tshab po che la zhugs pa dang /__bdag 'dra 'ga' zhig ni bsnyen sgrub byed pa yin zer rnam rtog rgya 'byams kyi dbang du shor te lha sngags ting 'dzin gyi 'khor lor ma yengs par gnas pa lta zhog__/mos pa tsam yang mi byed par bzlas pa'i grangs tsam la rtsis su byas nas phreng rdog mdzub mo zad zad du bgrang ba rnams la bltas na/__rje 'di'i sgrub tshugs dang /__dam bca'i snying stobs gang thog mar g.yar dam bcas pa de las cung zad kyang mi 'da' bar bskyed bzlas la nyams bzhes rgyud lung man ngag rig 'dzin gong ma'i phyag bzhes ltar dus grangs mtshan ma'i bsnyen pa tshad du phyin pa gnang ba'ang /__rje nyid kyi gsung las/__bdag 'dra yul dus bskal pa ches dman yang /__/sangs rgyas dngos byon bshes gnyen du ma yis/__/rjes bzung smin grol bdud rtsi mang tsam myong /__/de slad snyigs ma'i dus mthar skal bzang snyam/__/mi tshe phal cher g.yeng bas khyer mod kyi/__/bcu lhag bgrang byar bsnyen sgrub brtson khul bgyis/__/nges rdzogs lam la brtan pa thob min yang /__/mos sgom tsam la cung zad 'dris par byas/__/ces snga thog mdzad pa'i gsung zhig las 'byung ba dang /__phyis lcags bya lo nas/__me stag lor mya ngan 'das pa la thug gi bar du ze chen ri khrod pad+ma 'od gling gi yang dben bde mchog bkra shis dge 'phel gling du/__phyogs gzhan du byon pa lta zhog dgon du'ang ma phebs shing /__dbang chos kyi skabs kha shas las bcad rgya kho nar bzhugs pa yin la/__de ltar bzhugs pa'i skabs rnams su sgrub pa'i rtags mtshan bsam gyis mi khyab par yod par gor ma chags kyang sngon gyi bka' gdams pa'i rnam thar bzhin/__dman mo'i sa bzung /__hrul po'i gos gyon gsungs pa'i dpe ltar nged nas ci'ang mi shes mi go ces thugs gting nas mi mkhyen/__mi rtogs pa'i tshul kho na gnang ba las/__'ga' zhig gis kha nas mi shes zer yang don la thams cad mkhyen par zhal gyis 'ches pa'i rigs de 'dra gshis la mi gnas pas nang gi lam rtags kyi sgros tsam yang phyi nang su la'ang mi gsungs shing bum nang gi mar me ltar sbas shing rgyun bsnams li tho 'ga' zhig tu d+harma gu Na sogs re zung phyag bris gnang 'dug pa 'di ci lags zhes kong sprul yang srid nas bka' 'dri zhus pas bla ma sogs rmi lam du mjal ba red gsungs kyang 'di zhes so sor nges dkrigs can du 'ol tshod kyis yi ger 'god ma nus la/__dmigs bsal rje nyid nas phyag thor btab pa'ang 'og tu 'khod pa 'di tsam las ci'ang mi 'dug shing /__ngag rgyun khungs mar/__rje mi pham rin po che nas/__khyed phur pa'i grub brnyes kyi skye rgyud la 'di nas phar byon nas phur pa rtags ma rdzogs bar sgrub dgos rtags nam rdzogs na sbyin sreg gyis zhes phebs bzhin bsnyen sgrub gnang bas lo gcig nas rtags mtshan rdzogs te sbyin sreg gnang zhing /__de skabs kyi phyag bris tho bkod par nye gnas pas lkogs mjal byung bar/__rdo rje gzhon nu'i dkyil 'khor yongs rdzogs kyi zhal bstan tshul dang /__nye gnas pa'i rus pa brdungs spyad kyi rdo zhig yod pa zhabs kyis 'dams ltar brdzis pa nye gnas pas bskungs nas/__da lta sgrub khang pad+ma 'od gling gi gyang log sbyar ba'i zhabs rjes 'di rje nyid kyi 'khrul med yin pa la sbas ma thub par mngon par gyur kyang bla ma gzhan zhig gi red ces nan gyis gsungs pa dang /__skyabs rje rab 'byams lnga pa dang sku rtsed kyi tshul du smyug la mdud pa mdzad pa dang /__ldum bu grangs bkye mdzad pa dang rje 'dis rdo ril zhig phyag gis dril nas changs bu bcangs te 'di 'dra khyer shog gsungs pa sogs rlung sems la rang dbang thob pa'i grub pa'i rtags mtshan mngon sum gyur pa dang /__dad ldan dag gis zhus pa'i gang zag so so la gnang ba'i zhal gdams kyang ma 'ongs par chos mthar phyin min sogs thams cad lkog gyur mngon sum gzigs pa'i lung bstan 'ba' zhig tu song bas/__gnang yul de'i rgyud thog tu tshad mas bab phyir phyis nges shes lhag par skye ba'i rgyur song bas mtshon dus gsum sgrib med du gzigs shing /__phyis sems can spyi mthun gyi bsod nams dman pa dang /__lhag par rnying bstan la gegs chags che bas zas dug gi bsnyun gyis thebs pa na/__rtsa rlung 'byongs pa'i nus pas sku dngos la gnod par ma nus kyang snyun ro lta bus 'phar ldang skabs/__mi phal pa yin na mal sar lhung ba las thabs med gyur nges na'ang /__bsnyun gyi rnam pa ye mi mnga' ba'i tshul gyis zhal ta dang sku rtsed bzhes pa lta bu thugs spro spro ltar mdzad nas bzhugs shing /__bsnyun dris zhus pa na de tsam grags/__nged sngon las kyi nad sman dpyad kyis bcos rgyu med 'dra zhes bsnyun gzugs yod pa'i tshul bstan/__rang nyid gcig pur bzhugs pa na phal cher sku gcer bur lus gnad dang ldan par bzhugs pa dang /__bsam gtan gyi zas kyis 'tsho bas dkar spyad kyi gsol chas nyung zad tsam las mi bzhes kyang sku mdog dkar zhing sku sha rgyas pa/__gnyer ma med cing /__gzi mdangs dang ldan par phyis sku na smin pa'i dus su'ang yod cing gang du bzhugs kyang tshul khrims kyi dri bsung 'thul bas snom na dga' ba dang /__bka' bkyon sogs gtan nas mi gnang yang mchog dman su yang zil gyis gnon cing 'grogs na bde ba dang /__dbang dus ye shes 'bebs pa dang khyad par rig pa rtsal dbang lta bu'i skabs dgongs pa la bzhugs pas sku gnas 'gyur cing sku zil lhag par brjid pas thams cad kyi tha mal snang shes rang 'gags su 'gro ba bcas kun gyi mthun snang du grub pa ste/__'di dag kyang nang gi grub pa'i yon tan las byung ba'i rtags mtshan yang dag pa'o/__/de yang rje bla ma nyid sngar zhe chen ri khrod du dpal chen badz+ra ku ma ra'i ljags bsnyen bzhugs skabs thun min gyi rnam thar phyag bris su bkod pa tshoms kha shas nye gnas pas mthong yang ring por ma thog par gos dkar mo'i klong du rgyas btab pa las/__gsang rnam 'di skor mgo tshems gcig chab bsang byon shul nye gnas pas brkus te sbas pa las 'byung ba rje nyid kyi gsung nyams pa med pa bkod pa la bla ma ye shes mkha' 'gros gnang ba stsal du gsol/__de yang 'di ltar 'byung ste/__bla ma dang gnyis su med pa'i dpal rdo rje gzhon nu la phyag 'tshal lo/__/rig pa ye shes kyi phur pa chos kyi dbyings la thebs par byin gyis rlabs du gsol/__/de yang dga' ba yi lo smin drug gi nya ba'i dmar phyogs kyi rdzogs pa dang por lha yi bla ma rgyal sar phebs pa'i 'phrod sbyor dge ba'i nyin sgrub sde pad+ma 'od gling du kho bo o rgyan thugs mchog rdo rjes bstan 'gro spyi'i zhabs 'degs su dmigs nas rgyal kun phrin las gcig tu bsdoms pa dpal chen po rdo rje gzhon nu'i bsnyen sgrub kyi mtshams la zhugs/__tshes 24nyin bla ma rgyang 'bod byas/__tshes 26nyi gros su bsdom/__'di skabs phyi yi 'du ba/__nang gi rnam rtog__/gsang ba'i nyams snang kun cung 'tshub/__nyer dgu'i nub rmi lam du/__phyogs kun nas spyang ki mang pos ngur mo drag tu sgrogs shing /__de'i nang nas spyang ki shin tu che ba zhig khang steng du 'phyong nas res ngur mo drag tu byed/__res nga ro sgrogs/__res khyi zug byed/__res gar byed/__res mkha' la 'phyo/__res lus sa la brdeg__/res sa 'brad pa sogs 'jigs pa'i rnam 'gyur sna tshogs byas mthar khang pa'i nang du yong grab byed pa la dgag sgrub 'jigs snang gang yang ma byas par lhod kyi glod nas bltas pas yal song /__yang tho rengs khar sngar gyi mchod rten rnying pa zhig po zhig slar kho bos zhal gso 'dug par bud med zhig byung nas brtsigs pa'i grogs dan legs po byas nas bum lto bar brtsig de nas khyed rang gis brtsigs dang ring por mi thog par 'grub par 'gyur ro zer ba rmis/__mgo zla'i tshes gsum nas/__rig 'dzin bla ma'i byin rlabs/__chos nyid bden pa'i nus mthu/__gsang sngags zab mo'i byin 'bras bslu med kyis phyi nang gi rkyen dang 'tshub slong rnams dbyings su zhi sgo gsum chos phyogs la cung bkol thub pas dge sbyor na phran bu 'phar ro/__/'di yar mar nyams rmis 'dra min sna tshogs byung yang 'dir ma bris so/__/'di'i bcu bzhi nub rje bla ma kun gzigs blo gros mtha' yas mjal/__a ti rang byung chen po'i nyams len lag khrid zab mo/__rig pa rtsal gyi dbang bcas thob pa rmis/__bar 'dir mchog sprul rin po cher bsnyun gzhi 'byung tshul dang /__khyim nas khu rgan ma 'tsho ba sogs kyi sems tshor za zi ban bun rnams kyang byung /__yang sor mo'i rtse nas rak+ta'i rgyun bab pas thang thams cad 'jim pa 'ba' zhig tu song /__yang rje blo gros mtha' yas mjal/__blang dor bslab ston mang /__yang tshigs su bcad pa 'ga' zhig kyang thos/__chu sbrul gro bzhin can gyi nyer drug nub dam pa rgya gar yin zer ba'i skye bo pho mo mang po'i dbus na a tsa ra nag po ras rkyang 'phrag la bkal ba zhig dang mjal/__dbu ral thor cog tu 'dug__/smin drug zla ba'i tshes gsum nub rje bla ma gu Na sa ra dang mjal/__thugs kha shin tu gshin pa'i gsung gleng mang /__tshes bzhi nub dpal chen yang dag he ru ka'i sgrub pa byas na bstan 'gro spyi sger phan pa'i yi ge zhig dang /__gzhan bka' shog gcig bcas 'byor/__zhabs drung rin po che'i mdun nas red/__dgon la cung 'tshub pa'i ltas dang rim gro 'ga' zhig thos/__yang kho bos dmag dpon byas te/__byang phyogs kyi yul gru thams cad bcom/__rdzong mkhar thams cad shul med du bshigs/__yul 'khor srung yin zer ba'i mi dkar po zhig gis zhum pa'i stabs kyis bka' nod pa rmis/__yang khyi smyon nag po nga ro 'brug ltar sgrogs pa/__mche ba gangs ri ltar gtsig pa/__nam mkha'i rlung nag las bang mgyogs pa zhig gis sngar yang yul khams mang po brlag zer ba zhig 'jigs pa'i gzugs kyis nga yi zur du byung pas nga yi grogs phal cher bros/__la la sngangs shing 'ga' zhig gis rdo yis brdeg par rdo rnams sil bur 'thor te thams cad ci bya gtol med du gyur pas kho bos ma 'jigs shig ces dbugs phyung ste/__khyi smyon de kho bo rang gis bsad snying de bton te lag pa g.yon du thog ste gar byed pa rmis/__yang yid du mi 'ong ba'i yul khams zhig na 'brog dud skyug bro ba du ma'i nang du kho bo 'dug pa de la yid skyo nas gcig pur song bas brag ngo khung dog pa lcong rong dang ngam 'brog sogs shin tu bgrod dka' ba 'ba' zhig brgyud nas mthar la gnam du zug pa zhig la 'dzeg pas/__lam bar du yul dang spang ljong sogs mchog dman sna tshogs 'dug pa'i rtse mor/__rtswa rnams rin chen baiDUR+Ya ltar sngo ba srid du sor lnga tsam yod pa/__phal gyi rtswa lta bu ma yin pa/__'jam zhing mnyen pa/__reg pa tsam gyis bde ba ster nus pa/__me tog rnams rin po che gser las byas pa sogs phun sum tshogs pa'i gnas zhig tu phyin pa sogs nyams rmis sna tshogs byung ngo /__/_!__mgo zla'i tshes bcu nas snyan brgyud yang phur sbrags ma'i sngon 'gro khyug tsam btang nas tshes bcu bzhi nas bsnyen pa'i dbu btsug pas de nyin nas bzung rim gyis mgo log gi yul du phyin dus kyi bar chad glo bur bgegs chen gyi gtsos thams cad rim gyis dwangs/__ting nge 'dzin yang mchog tu 'phel tshe rabs nas las 'bras yod pa'i lha zhig yin snyam spro ba 'phel/__nyer lnga'i tho rengs kun gzigs blo gros mtha' yas dang mjal/__yang phur sbrags ma'i dbang bzhi sngar yod 'di nyid lan gsum bar bskyar nas gnang /__thun min rdzogs rim gyi skor ngo mtshar ba sngar med pa'ang mang po gnang /__de rnams 'dir yod pa yin gsungs nas nyid kyi phyag bris shog dril chags gang dang /__mgo tshems chung ngu kha shas/__sam Ta zhig gi gang phyag bris mdzad pa bcas gnang ba rmis/__rgyal zla'i bco brgyad nub kun gzigs blo gros mtha' yas dang /__dzar sprul mkhan slob sku sngar bas gzi brjid che ba zhig mdzad nas/__dgyes pa'i nyams 'gyur du ma dang bcas shel dkar gyi phreng ba brgya rtsa rin thang dang bral ba'i rin po che'i rgyan gyis spud pa zhig stsal nas/__blang dor gyi bslab bya mang po mdzad pa sems la chongs shig__/'di'i nyer drug nub kun mkhyen 'jigs med gling pa yin gsungs pa'i rnal 'byor pa sku mdog dmar smug__/ral pa'i thor cog glegs bam gyis mdzes pa/__snyan gong dung gis brgyan pa nang gos dkar po phu dung can steng gzan dkar dang sham dkar can/__sgom thag gsol ba zhig dang mjal/__phyag gnyis kho bo'i mgor bzhag nas smon lam dang zhal ta mang po mdzad pa rmis/__nyer dgu'i nub kun mkhyen chos kyi rgyal po mkhyen brtse'i dbang po dang mjal/__rgyud sde'i dbang mo che thob/__kun gzigs blo gros mtha' yas mjal/__rdor sems dbang stong thob/__rje bla ma rnam pa gnyis kas dgyes pa'i rnam 'gyur dang bcas sems don skor gyi zhal 'phros mang po mdzad pa rmis/__shing rta cho 'phrul zla ba'i tshes gnyis nub kun gzigs blo gros mtha' yas mjal/__bzhes dkar zhig gi nang gsol 'bras zhig gsol zhing 'dug pa'i lhag ma rnams mchog sprul rab 'byams tshang nged dpon slob gnyis la gnang nas rten 'brel zhig yod pa yin gsung gzhan dgyes pa'i gsung gleng mang po gnang /__rang gi dogs gnas kyi bka' 'dri 'ga' zhig zhus mthar khyed dad dam rnam par dag cing bdag la mos pa'i mi yin pas skye ba 'di nas bzung tshe rabs thams cad du 'bral ba med pa yin pas da dung dad mos dang gsol 'debs la rem mdzod gsungs pa rmis/__bcu bdun nub de dang lhan du paN+Di ta cha byad 'di gnyis dang mthun pa phyag na dung dkar bzung ba zhig 'dug__/chos kyi grags pa'i phyag na glegs bam dang /__phyogs glang phyag na rma bya'i gdugs gcig bsnam 'dug go/__bco brgyad nub dpal chos grags dang phyogs kyi glang po yin zer ba'i paN+Di ta mkhan zhu dmar po dang chos gos rnam gsum gsol ba dbang po zhi zhing dul ba mjal ba tsam gyis dad pa skye ba gnyis dang mjal ba rmis/__nyer dgu'i nub mo yang mjal ba rmis/__tshes gcig nub dpal sprul o rgyan 'jigs med chos kyi dbang po sku gzi byin 'od du 'bar ba zhig mjal/__bcu bdun nub rje blo gros mtha' yas yab sras mjal ba rmis/__bco brgyad nyin/__mnyam bzhag dwangs pa'i nam mkha' la/__/sna tshogs sgyu ma'i gza' skar bkra/__/yin kyang chog la min kyang chog__/mnyam pa nyid kyi klong du a/__/nyer bzhi'i nub snyan brgyud yang phur sbrag ma 'di nyid kyi rtsa ba'i sgrub gzhung chen po ldeb lnga bcu nang skor dang /__tshe sgrub sogs las tshogs kyi dpe cha ldeb lnga bcu nang skor/__yang gsang them med gud sbas tshan bcas mjal ba rmis/__nang par yang tshig rkang 'ga' zhig blo la zin pa lta bur 'dug__/yig 'bru rnams 'od zer dpal du 'bar bar 'dug!/__nag pa zla ba'i tshes bzhi la/__tshe sgrub kyi thun mgo bzung /__'di nub nyams rmis kun la 'tshub cha shin tu che/__khyad par tshe 'phrang dang tshe skegs kyi mtshan ma/__lhag par mthu byad kyi ngo shin tu che bar snang na'ang /__/dpal ldan 'brug pa'i bu brgyud bzhin/__/drag sngags gsum gyis ar la gtad/__/jo bo bka' gdams dge bshes bzhin/__/gang byung lam du khyer bar byas/__/a ma jo mo'i chos lugs bzhin/__/skye med dbyings su phaT kyis bcad/__/kun bzang pad+ma'i bu rgyud bzhin/__/gang shar rig pa'i klong du a/__/stong pa nyid kyi ngang du bshig__/ha ha ha/__tshes brgyad nub/__nyams kyi snang bar/__lcags hom 'bar ba'i nang du tshud/__/byad ngo sna tshogs snang na'ang /__/stong pa nyid kyi ngang du bshig__/he he/__tshes bcu nub/__rmi lam du/__/snum zad mar me cher rgas kyang /__/slar yang snang gsal sgron pa rmis/__bco lnga'i nub/__/tsi na'i ljongs kyi grub pa'i dbang /__/rnal 'byor spyod pa'i brtul zhugs can/__/mthong bas yid 'phrog dpa' bo dang /__/nyams myong lta ba go bsdur rmis/__nyer gsum nub mo'i rmi lam du/__rkyen sna tshogs mthong ba la brten nas glu 'di 'dra zhig blang ba rmis so/__/mdzes ldan me tog ni mang yang /__/u dum wA ra ni mi snang /__/gangs ljongs skye bo ni mang yang /__/dal 'byor don ldan ni dkon byung /__/glo bur ser rlung gis gtor ba'i/__/pad rdzing stong pa 'di mthong bas/__/mi rtag sgyu lus kyi phung po/__/nam yang bslu med du go byung /__/zhing pas dpyid btab kyi sa bon/__/ston 'bras 'chol med du smin snang /__/dkar nag dge sdig gi 'bras bu/__/nam yang bslu med du go byung /__/mdzes ldan me tog gi 'dab mas/__/sbrang chung srog gshed du phab song /__/khams gsum 'khor ba yi grong khyer/__/sdug bsngal rang bzhin du go byung /__/mkha' la gsal byed 'dra mang yang /__/nyi gzhon gnyis pa zhig mi 'dug__/dge ba'i bshes gnyen ni mang yang /__/gu Na dang mtshungs zhig mi snang /__/rat+na mching bu ni mang yang /__/dgos 'byung yid nor ni mi snang /__/gdams ngag zab zab ni mang yang /__/rdzogs chen dang mtshungs ni dka' snyam/__/mkha' la char sprin ni g.yo yang /__/rang ngo 'gyur ba ni mi snang /__/gzung 'dzin sgrib tshogs ni mang yang /__/ye gzhi'i rang ngo ni ma sgrib/__/chu la rlabs phreng ni g.yo yang /__/phan med gnod med du snang bas/__/rnam rtog 'char sgo ni mang yang /__/sgom la gnod snyam zhig mi 'dug__/he he smyo gtam ni de'o/__/zhes blo la phal cher nang snga dran zhing 'ga' zhig brjed pa phyogs 'drar bris pa'o/__/nyer drug nub gter sras dbang mchog rdo rje dang mjal thugs dgyes pa'i gsung gleng mang po byung /__mdzod btags dkar po'i sku shams dang bzang gos dmar ser gyi 'gan sbyar mnabs 'dug__/sngar bas gzi brjid brgya gyur gyis che ba zhig rmis/__tshes bdun nub rje bla ma gu na sa ra dam gtsang rdo rje'i mched grogs rnams dang bcas tshogs kyi 'khor lo'i 'du ba la longs spyod pa dang mjal zhing /__rang la'ang tshogs skal mang du gnang byung /__gzhan yang glu bro sogs dgyes nyams mang du mdzad/__khyad par kho bos dbyangs drangs te dpon slob lhan gyis dbyangs snyan pos/__srid pa'i mtsho las sgrol bar shog__/ces lan mang 'don pa rmis/__sa ga zla ba'i tshes bco lnga nyin sgrub chen bka' brgyad bde gshegs 'dus pa'i zhi sgrub kyi thun mgo bzung /__de nub tho rengs kun gzigs blo gros mtha' yas dang mjal/__hU~M nag snying tig gi zhal khrid ngo sprod rgyas pa dang /__rig 'dzin brgyud pa'i gsol 'debs sogs sngar med pa mang po gnang /__de rjes rje blo gros mtha' yas/__dzar sprul/__kho bo gsum gyis rje mkhyen brtse rin po cher kun bzang mchod sprin rgya mtshos mchod mthar zhabs brtan dang mnga' dbul rigs shin tu rgyas par phul ba rmis pa mchog sprul zla ba'i lang tsho gsar du ngoms pa yin nam snyam/__hor zla bdun pa'i tshes bcu drug nub gangs ljongs lha 'dre che phra thams cad 'dus pa la rdo rje phur pa'i dkyil 'khor du dbang bskur zhing dam tshig phog__/gsar byung gi 'byung po rnams kyi srog gi snying po phrog nas dam la btags pa rmis/__/rmi lam 'khrul rtog za zi la/__/snying po yod par ngas ma mthong /__/gza' gtad med pa'i rig pa'i klong /__/gang shar rang grol chos kyi sku/__/ci ltar spyod kyang blo bde'o/__/da 'chi bdag byung kyang ya mi nga /__/'di grub 'bras kun gyi rgyal por 'dod/__shing lug zla ba bdun pa'i tshes gcig la dngos grub len chog byas pa lags so/__/de 'phral gyi rdzogs pa dang po'i nyin/__/gza' skar dang 'phrod sbyor dge ba la/__/chos yang zab kyi bla ma'i sgrub pa mchog__/dpal gsang ba 'dus pa'i bsnyen dbu btsugs/__/sems nyams snang rdzun gyi ri mo la/__/'di ma mthong bya ba dgu gcig mthong /__/zhag bdun phrag song ba'i nyin mo la/__/sems med snang stong pa'i mkha' dbyings su/__/lha ma hA gu ru sprul pa'i sku/__/sku che chung rang gi mtho tshad tsam/__/'ja' 'od zer sna lnga'i dbus na mthong /__/yun ring rab cig tu mngon sum bzhin/__/phyi gzugs kyi lha skus ci byar yod/__/nang rang rig ma hA gu ru'i sku/__/zhal mngon sum du mjal ba 'di a la la/__/rmi lam du mkha' la 'phur ba sogs/__/ngo mtshar gyi sprul sgyur cir yang rtse/__/yang skabs shig bem rig bral gyur nas/__/rang bar dor sleb pa'i snang tshul sogs/__/rmi lam gyi rdzun ris cir yang 'char/__/yang rmi lam du rje btsun gu ru rje/__/'khor thub drug sprul pa'i sku dang bcas/__/'ja' gur gyi nang du bzhugs pa sogs/__/sna tshogs kyi bkod pa cir yang gsal/__/yang gu ru rdo rje gro bo lod/__/sku dmar smug bzod par dka' ba'i nyams/__/gdan che btsan stag gi steng na 'gying /__/rgyan cha lugs spyi dang 'dra ba la/__/nyi zla yi dbu rgyan byas pa sogs/__/ngo mtshar gyi dkyil 'khor mjal ba rmis/__/yang sman mchog a ru rnam rgyal gyis/__/gtam pa yi baiDur+ya'i lhung bzed mchog__/kho bo yi lag par son pa rmis/__/yang nyi zla dus gcig shar ba dang /__/gser gyi me tog lder chen tsam/__/btu zhing btu zhing 'gro ba rmis/__/yang kun mkhyen ngag gi dbang po mjal/__/mos gus kyi gdung ba bskyed tsa na/__/rgyud byin rlabs 'pho ba'i dgongs gtad la/__/ngo sprod kyi gnad gzer gnang ba rmis/__/smin zla'i tshes bco lnga la dngos grub len chog bgyis pa lags so/__/zla ba de'i tshes bcu bdun la nyang gter khros ma nag mo'i bsnyen pa'i dbu 'dzugs kyi 'di'i skabs su lus la shin sbyang gi bde ba bsam gyis mi khyab pa dang /__sems la bde gsal mi rtog pa'i nyams 'khor yug tu 'byams pa dang ting nge 'dzin gyi 'char sgo du ma byung ba rje btsun rdo rje phag mo'i byin rlabs 'bar ba gsum gyi yon tan cha shas tsam yin par sems so/__/gzhan yang snga sor nyes sel du rdo rje phur pa'i bsnyen sgrub bgyis skabs gu ru rin po che chos kyi dbang phyug sngags pa dar yol gzi brjid bzod par dka' ba zhig gis phur pa spu gri'i smin grol chig rdzogs su stsal ba'i nyams rmis byung ba dang /__seng gdong ma bsnyen dus DA ki mas phyag mtshan gser gyi rdo rje rtse brgya pa byin pa dang /__mkha' 'gro mang po'i tshogs gral du phyin nas tshogs kyi 'khor lo'i 'du ba la longs spyod pa sogs kyi nyams rmis byung ba rnams deng sang yang ma bsnyel bar gsal bar dran 'dug pa'ang nyams mtshar du bris pa'o/__/lar chung ngu nas kun mkhyen chos rje'i gsung sogs theg mchog rdzogs pa chen po'i bstan bcos kyi tshig 'dra thos tshe tha mal gyi shes pa yad yud 'gags nas rig pa so ma'i steng du gnas pa zhig yong 'dug pa la dpag na lam zab der skye sngon 'brel ba tsam thebs pa zhig gi skye ba yin nam snyam/__rje bla ma rnam gnyis nas smin grol gyi gdams pa zhu skor byis pa mi rgod du gyur gshis dbang gi brda don sogs la yid 'jug pa med kyang /__byin 'bebs dang tshig dbang lta bu'i skabs su bla ma'i byin rlabs 'phos pa 'dra bas tha mal gyi 'khrul snang thams cad 'gags nas rang rig stong gsal spros pa dang bral ba'i ngang du cha mcham gnas pa dang /__bla ma'i thugs dang rang sems 'dres snyam pa'i nyams brgyud mar yong 'dug pa phyis 'dir cung zad bsgom lo byas pa'i 'bras bus kyang sngar dbang dus sogs su rgyud la shar ba'i rig pa stong gsal zang thal rtogs pa de cung zad brtan pa tsam du gyur/__kong po gter chen kun bzang bde chen rgyal po de'i mtshan thos pa tsam gyis sems la dga' bde rgyun chags skye ba zhig lhan skyes su mchis shing yang ti gser 'bru la mos pa mi 'phrog pa rgyun du mchis shing /__phyis gter chen de nyid kyis yang ti'i smin khrid gsan tshul gyi lo rgyus de mthong tshe de skabs kyi gnas tshul 'al 'ol dran pa zhig byung yang yid brtan ci yod/__gzhan yang jo bo rje gshegs nas 'brom ston dpon slob rwa bsgreng du byon skor sogs kyi lo rgyus 'ga' re mthong bas rkyen byas te sngon rabs kyi kun rtog 'al 'ol 'char ba 'dra mo yang 'dug__/rdzun rkyal gyi 'khyal gtam mthol lo bshags/__oM badz+ra sa twa hU~M/__/me sprel dbo zla ba'i yar tshes dge ba la dngos grub len chog bgyis pa'o/__/'di'i dngos grub len chog gi skabs 7skyabs rje kong sprul rin po che'i mdun nas mtshungs bral thugs brtses rjes 'dzin gyi bka' glegs rin po che/__tshe rdzas 'chi med bdud rtsi'i bum pa/__lha gos tshe lha ris/__bzang gos 'brug ma dbang gi mdog can bcas stsal ba bu chung dge legs rgya mtsho'i lag brgyud kyis 'phrod pa'i rten 'byung gi dge mtshan shin tu legs par gyur to/__/_!__swasti/__rigs kun bdag po smra ba'i seng ge yis/__/thugs kyi dgongs gtad thun min bslab gnang mdzad/__/rtsa gsum lha tshogs lus dang grib ma bzhin/__/mi 'bral lhan cig 'grogs pa'i ltas mtshan shar/__/rgyal ba gnyis pa gu Na sa ra yis/__/sde gsum dgongs pa'i gsang mdzod pha phog stsal/__/'od gsal bsam mi khyab pa'i ye shes gdangs/__/bde gsal mi rtog zhag gsum 'khor yug brdal/__/grol ba drug ldan rdo rje rtse mo'i srol/__/ches cher 'phel gnas karma'i yang dben du/__/mos gus rtsal las bla ma'i sgrub pa shar/__/byin rlabs tshan kha cung zad yod dam snyam/__/kong yul lte ba pra ti mthon po sgang /__/mnga' bdag brgyud pa'i phrin las smin pa'i sar/__/sgrub pa sde brgyad mtsho la gza' skar bzhin/__/lnga ldan 'ja' zer thig le'i dkyil 'khor mdzes/__/rin chen gnyis pa'i sgrom bzang chu skyes ris/__/'dzin ma'i khongs nas thon pa'i nang khongs su/__/stong chen de bzhin nyid dbyings shel gyi mchog__/mngon sum lhug par son pa'i nying 'khrul mngon/__/gsang chen smin grol chos kyi dga' tshal du/__/mkha' ngos dar dkar sbrel ba'i lam yangs por/__/rig 'dzin rtsa brgyud bla ma'i tshom bu mdzes/__/ye shes DA ki ni yi rjes thog der/__/rdo rje dbang mchog dga' ba'i gar gyis brel/__/ha ya g+h+ri was gad rgyang sgrogs pa ru/__/a mr-i ta yi sgrub la zhugs pa'i tshe/__/gzung 'dzin mtshan ma dag pa'i mkha' dbyings su/__/don dam kun bzang chos sku'i rang zhal mjal/__/gzhan yang lha dang bla ma dgyes pa ltar/__/dmar phyogs lha klu 'go ba'i mtshan ma sogs/__/cir yang mthong mod re zhig de tsam mo/__/gtad med smyon pa'i rdzun gtam a tham rgya/__/_!__sa phag dbo zlar shri sarba tar/__/drin chen rje yi zhabs kyi pad+mor bcar/__/zhal mjal tsam gyis gegs gol mang po grol/__/phyi mthar gzigs pa'i gsung gi dbugs dbyung thob/__/khyad par ston pa'i zhal skyin mu ne la/__/gsol btab dbang blang rje yi thugs dgongs gtad/__/bde drod rang 'bar snyan shar mkha' la phyur/__/bar chad tshe 'phrang g.yul las rgyal zhes gsungs/__/mgo zla'i tshes 27la drin chen dgung du gshegs/__/nyer dgu'i thugs dam gros bstun sa g.yos kyi/__/rkyen gyis tha mal shes pa gshis la phebs/__/lta sgom zhen pa'i rdzun phug de ru rdib/__/a mr-ita yi sgrub la zhugs pa'i tshe/__/snang rig 'dres pa'i nyams myong thun gcig shar/__/de skabs dal la 'ja' tshon zug ces gleng /__/myong grol sum gnyis tsam du 'phel bar snang /__/lcags byi tha skar zla bar dben spyil du/__/rigs 'dus rdo rje sems dpa'i bsnyen par brtson/__/rmi lam phal cher dge ltas 'ba' zhig shar/__/rdzogs rim bde gsal mi rtog zhal 'dris zhus/__/mtshan snang srab mo'i 'od gsal zin tsam byung /__/de las mang du mi smra e ma ho//____//_!_gnas 'og min chos dbyings kyi pho brang na/__/dpal ston pa kun bzang rdor 'chang zhes/__/mtshan yongs la grags pa'i g.yer po che/__/don gzhan du ma dmigs drin chen rje/__/pha blo gros mtha' yas ma lags sam/__/sku mthong bas tha mal 'khrul snang 'gags/__/gsung thos pas bde chen ye shes bskyed/__/thugs dran pas gzung 'dzin bden zhen zhig__/rje nam mkha' lta bu'i rnal 'byor pa/__/mi nga la bsam rgyu rje las med/__/dbyings chos sku'i klong nas rjes dgongs la/__/dus da lta 'pho chen gyi ye shes skyed/__/'bral med du 'grogs pa'i dga' ston stsol/__/mi nga rang zhan te bla ma bzang /__/sangs rgyas rin chen gyi zhabs pad brten/__/ltem rkyang med pas gsol ba btab/__/byin rlabs snying gi dbus su sad/__/chos dbu ma dang phyag rgya rdzogs chen gyi/__/grub mtha'i spu ris dbyings su yal/__/blo bral chos nyid kyi mal du sleb/__/tha snyad kun ji ltar dgyes dgyes mdzod/__/i nus kyis sdug btsir ma byas kyang /__/lhan skyes kyi ye shes khong nas sad/__/gnas 'gyu yi 'dam ka bdag la med/__/sems 'dzin kun ji ltar=__/dpyad sgom gyi spros pa ma byas kyang /__/spros bral gyi mtshan nyid mngon sum mthong /__/dgag sgrub kyi spang len bdag la med/__/yid dpyod kun ji ltar=__/gtad med kyi rig pa phyam bdal la/__/'jur dran gyi zhabs tog ma bsgrubs pas/__/nyams snang gi spu ris dbyings su zhi/__/bzang rtog kun ji ltar=__/chos mdo rgyud sgrub brgyud man ngag srog__/kun mthar thug nges don klong du gcig__/gnad blo bral gnyug ma'i rang ngo rig__/thos bsam kun ji ltar=__/khong rtog ge mkhan gyi ston chen gyis/__/u nus kyis lo brgyar 'gegs byas kyang /__/mi nga la the tshom 'khu 'phrigs med/__/ngo bo la rtag chad mi 'dug na/__/rang bzhin la 'pho 'gyur mi 'dug na/__/chos dbyings la bri gang mi 'dug na/__/'bras bu la thob shor mi 'dug na/__/lam nor gol bya ba ci la zer/__/sgom ma byung bya ba ci la zer/__/gnad ma shes zer ba=__/don ma rtogs bya ba=__/lta dang sgom dang spyod pa gsum/__/thams cad gnyug ma'i klong du gcig__/gegs dang gol sa mtshan 'dzin gsum/__/blo yis brtags pa'i spu ris te/__/blo bral gshis la phan gnod ci/__/rang grol rnal 'byor a la la/__/'di yang dpal ldan bla ma'i drin/__/drin lan du rtogs pa'i maN+Dal 'bul/__/da dung yang 'bral med thugs rjes skyongs/__/don gnyis mthar phyin gyi dge mtshan stsol/__/mang+ga laM/__/ces 'byung ba 'di rnams ni gang zag phal gyi spyod yul du ma gyur cing gsang ba las kyang ches gsang ba'i rnam thar ngo mtshar rmad du byung ba dang /__7skyabs rje rab 'byams lnga pa sku gshegs pa'i skabs kyi 'das rjes kyang 'di ltar/__na mo gu ru rat+na yA/__/dri med 'od gsal de bzhin nyid/__/glo bur sbubs rgya las grol ba'i/__/gdod ma'i mgon po bla ma la/__/'du 'bral med par phyag gis 'dud/__/mgon khyod gzod nas rnam grol gzhir/__/'pho med rtag pa'i dpal brnyes pas/__/skye 'chi'i mtshan ma ye dag kyang /__/gdul bya'i snang ngor cir yang ston/__/ji ltar mkha' zla chu snod ltar/__/'gro sems skal ba'i khyad par gyis/__/skye dang 'gags pa'i tshul yang ston/__/yang dag don la skye 'bri dben/__/de slad mgon po mchog nyid kyang /__/zhing 'dir srid pa nyer bzung nas/__/rlabs chen bstan 'gro'i don zin te/__/slar yang gzugs sku bsdu tshul bstan/__/de tshe nyams la 'di ltar shar/__/kye ma phyogs 'di yud kyis stong /__/nyams thag 'gro ba su la re/__/bu slob tshogs pa su yis skyongs/__/dbang khrid gdams pa gang la zhu/__/nyams len sgro 'dogs gang du bcad/__/'di phyi'i blo gtad su la 'cha'/__/bdag snying mi 'gas bde ci zhes/__/dwa phrug thang la lhung ba bzhin/__/bzod thabs med pa'i mchi ma shor/__/gdung ba'i 'o dod phyogs bcur bos/__/gsol ba btab la dbang bzhi blang /__/rjes thob nyams la 'di ltar shar/__/ya ki thub pa chen po nas/__/ma ki 'jag mi'i srin bu yan/__/gshis ngor 'pho 'gyur ma dmigs kyang /__/snang ngor cho 'phrul bsam mi khyab/__/kun kyang mi rtag sgyu ma'i dpe/__/sngon chad rtag 'dzin gdon gyis bslus/__/de ring brda' chos mngon du bstan/__/'gyur med gtan srid ma zin na/__/bya byed mang po'i dgos pa skyungs/__/sngon tshe chos rje zhabs brtan nas/__/tshe gang 'bral med 'grogs lags kyang /__/dad dam ngo lkog shor ma myong /__/mos gus ltem rkyang byas pa med/__/gcig pur brtags na rang yid ches/__/dam pas gzigs kyang khrel snyam med/__/bsam kyin 'gyod med blo bde'i ngang /__/thugs yid bsres la mnyam par bzhag__/de tshe rmi lam snang ba ru/__/kun mkhyen rdo rje gzi brjid dang /__/bla slob dgongs pa mnyam nyid phyir/__/paN chen bi ma'i thugs klong du/__/thim mo zhes pa'i sgra yang thos/__/rnga yab pad+ma 'od gling du/__/gu ru'i tshogs gral bzhugs so zhes/__/mkha' la 'ja' sprin lding khang du/__/lha rnams mchod pa 'bul bar mthong /__/brgyud mar dgyes pa'i nyams 'gyur bcas/__/brda' thabs rten 'brel gnang ba sogs/__/'bral med rjes su skyongs ba'i rtags/__/byin rlabs mtshan ma cir yang thob/__/da ni mya ngan dbyings su sangs/__/sdug bsngal bde ba chen po'i klong /__/bla ma rang sems 'bral ba med/__/dga' spro skyid pa'i nyams shig shar/__/gu yangs gtad med nyal snying 'dod/__/bya byed byis pa'i rtsed mo 'dra/__/bstod smad brag cha'i sgra snyan bzhin/__/bde sdug rmi lam 'ja' bsnyogs 'dra/__/shi gson lag pa'i 'du byed tsam/__/'phral gyi byed spyod sna tshogs 'di/__/'grub na bla ma'i zhabs tog ste/__/bstan dang 'gro la gang phan lags/__/ma grub kyang 'dus byas mtshan ma'i gshis/__/smig rgyu la chu rag su zhig byed/__/chos brgyad kyi gnyer kha byed don rung /__/bya ba byas kyang chog la bzhag kyang chog__/gcig tu bsdud kyang chog la sod kyang chog__/rig pa bzhag kyang chog la btang yang chog__/gang byas chog pa'i rnal 'byor blo bde lags/__/bla ma dang rang sems dbyer med pa'i/__/zang thal gyi rig pa rgya yan klong /__/shar grol gyi shes nyams phyad ma phyod/__/sdug bsngal chos nyid du sangs pa lags/__/gcig gsum gnyis kyis dang po gyis/__a+thi+-i/__zhes rje nyid bla brang du sku mtshams la bzhugs pa'i skabs shig__/gzims skyil la rgya skar gyi mthong khung phyes nas bzhugs 'dug pa/__nye gnas pas mjal ste gsung thun grol rjes chab gsang la phebs shul du gzims khang du song bas gsol lcogs nang shog dril zhig 'dug pa lkog nas khyer ba'i phyag bris dngos las khro shul mkhan rin po che tshul khrims rgya mtshos dpe bshus pa las slar yi ge mang du 'phel ba 'di kho na'ang rje bla ma yab sras gnyis ka'i thun mong ma yin pa'i rnam thar du 'dug pa dang yang bka' brgyad sgrub phug tu bzhugs skabs kong sprul yang srid rin po che zhabs 'bring du bcar bzhugs yod pa dang po'i skabs su sgrub phug gi brag ri zhig pa dang rtsod pa 'gyed pa'i thugs nyams gyi snang ba dang dngos su'ang mi ma yin gyi rjes mthong rgyu yod pa sogs 'tshub slong cher byung zhing mthar de dag zhi ba'i rjes thugs dam 'phel bas sgrub phug 'dir shin tu skyid por byin rlabs che bar 'dug gsungs shing /__de yi ring la phal cher thugs snang 'gyur nas gsung mgur shar gyis gsungs pa dang /__mchod chog gi skor mang du mdzad pa sogs ngo mtshar ba'i gzigs snang rgya chen zhig byung yod tshod yin kyang gsang ba bsrung ba la thugs shin tu sgam pas zur tsam yang bka' gnang bar mi 'dug gsungs/__gong du phyogs tsam bstan pa ltar/__'og min gsung gi gnas mchog karma'i dgon gyi karma'i yang dben du rje karma rang byung rdo rjes zhal mngon sum du bstan pa las bla sgrub rdo rje'i tshig rkang bskyed rdzogs yi ger bkod pa dang /__de'i thog ma'i brtsams gzhi'i mdzad byang gi gsham du sku phyi ma'i mchog sprul yang gnas de'i phyogs su 'byon pa'i tshig zur zhig yod nges de skabs zhabs 'bring du mas phyag bris dngos las mjal 'dug kyang phyis rje nyid nas bcos bsgyur gyis mi mngon par mdzad pa sogs bstan bcos kyi mdzad byang 'ga' zhig las tshig gi zur gyis rjes su dpag pas shes par 'gyur ba dang /__rang gnas gdan sar sku mtshams la bzhugs pa'i skabs shig 'jam mgon bla ma 'chi med bstan gnyis gling pa las nyid kyi zab gter yang dag he ru ka'i gsang ba thugs kyi tan+t+ra'i smin grol rdzogs par gsan pa'i dag snang byung ba gter kha de nyid kyi rtsa ba'i chos bdag yin 'dug pas de'i chos skor sku dngos las smin grol ma gsan kyang dag snang nye brgyud du thob par gsungs pa dang /__'jam mgon gter kha tshig bdun bla sgrub kyi chos bdag du'ang lung gis zin pa dang /__yang 'chi med bstan gnyis gling pa'i zab gter gro lod gsang sgrub gdug pa kun 'dul gyi bsnyen sgrub la bzhugs skabs gu ru rdo rje gro lod kyis mngon sum du zhal bstan pa'i sku mdog phyag mtshan rgyan chas sogs stag sham rdo rje'i zab gter gyi gro lod dang mtshungs par 'dug ces kong sprul yang srid la bka' pheb pa dang /__dgung grangs bco lnga'i steng rtsom pa'i snyan ngag gi don 'grel dang dpe brjod kyis mtshon pa'i sku chung ngu'i dus nas snyan ngag byed pa la thogs pa med cing sgra dbyangs lha mos dngos su rjes su bzung ba dang /__bde kun rtsa rlung sbyangs skabs rdo rje lus kyi rtsa 'khor shin tu gsal bar dngos su gzigs/__phran cag la chos dbang phur pa spu gri'i dbang gnang skabs thugs snang shin tu dwangs shing rje bla ma 'jam mgon kong sprul zhabs kyi dbu zhwa sku dreg can bzhes nas dbang gi bsngo ba'i mtshams sbyar skabs lhag pa'i lha mchog 'di las kho bo yan grub pa'i rtags mtshan mngon du ma gyur pa med dman pa kho bo cag lta bus kyang 'di'i bskyed rdzogs la brtson pas dngos grub kyi rtags mtshan ci rigs pa thob ces phebs kyang ji ltar byung zhes bka' 'dri zhu ba'i spobs pa bral bar gyur to/__/bsnyen sgrub gnang ba'i rim pa'ang /__rje nyid kyi rtsa ba'i thugs dam phur pa spu gri ni lo re bzhin bstar chags su grangs bsnyen tshad ldan dang bsnyen gsos zhag bdun phrag gsum re'i ma mtha' byas pa gang chad med du gnang zhing /__gzhan smin gling rdor sems lan mang po/__so lugs yang dag__/chos dbang yang dag gi bsnyen pa lan grangs mang po/__bka' brgyad bde 'dus bsnyen chen zla ba bcu drug__/yang zla drug ma sogs thengs kha shas/__rje mkhyen brtse'i zab gter yang dag phur pa yang phur sbrags ma/__bka' 'dus chos rgya ma/__mkha' 'gro gsang 'dus/__'jam mgon rin po che'i gro lod/__gsang thig yab bka' yum bka'/__rat+na'i tshe gsang /__chos dbang bla ma gsang 'dus/__nyang gi khros nag__/bo dongs seng gdong ma byad grol gser lde/__'jam dpal smra seng /__'jam dkar dbyangs can dkar mo rnams lan kha shas/__sgrol dkar yid bzhin 'khor lo/__nA ro mkha' spyod/__kar lugs dgyes rdor sogs gsar rnying gi lhag pa'i lha shin tu mang po'i dus grangs mtshan ma'i bsnyen pa mtha' rgyas su gnang ba'o/__/snga sor sku na chung dus nyams snang gi rmi lam sna tshogs zhig byung ba'i nang /__mkha' 'gro'i lung bstan lta bur gter gyi kha byang sogs kyi lung bstan nyams rmi lam mang zhig byung ba rnams rigs bdag 'jam mgon rnam gnyis mdun zhus par/__sku na chung dus mkha' 'gro'i lung bstan byung na de la mchog 'dzin byas nas de'i dbang du song na/__sgro bskur gyi gnas mang zhig mthong bas/__re dog ma byas na i dga' snyams/__bar chad 'dra yin na bzlog rim rdo rje phur pa'i bsnyen sgrub tshad ldan dang /__gu ru zhi drag gi bsnyen sgrub mdzad rgyu byung na zhi 'gro na ci shes/__lar gter rnying rig 'dzin brgyud pa bar ma chad pa'i byin rlabs tshan kha mchog rnams nyams bzhes mdzad grub na/__de las lhag pa ci yod/__deng sang gter chos zer ba dang gter ston rnams sgro bskur gyi gnas lta bu las ma mthong bas de 'dra la ched gnyer ma mdzad na i dga' gsung ba ltar btang snyoms su bzhag kyang /__nyams ma non pa lta bu'i yi ge mang zhig bri dgos byung yang me la bsregs/__re dog ci yang ma byas pas phan gnod gang yang ma byung ba de bla ma'i thugs rje yin gsungs pa'ang /__deng dus lha mthong 'dre mthong /__nag chang la sred nas gter ston yin zhes sgrogs pa dang /__'ga' zhig la lha bdud rgyal po'i cho 'phrul gyis thol byung lta bu'i bri rgyu mang pos mgo 'khor zhing /__de dag gter chos zab mor rlom pa mang bas rje bla ma'i zhal gdams 'di la dpyad na go rgyu chen po yod do/__/de yang ji skad du/__rgyal ba thub pa'i bstan pa ni/__/lung dang rtogs pa'i bdag nyid de/__/de 'dzin byed pa smra ba dang /__/sgrub par bya ba kho na'o/__/zhes lung gi chos la 'chad rtsom mdzad tshul 'og tu 'byung la/__rtogs pa'i bstan pa rin po che sgom sgrub kyi 'dzin dgos pa dang /__sngon byon 'phags bod kyi mkhas grub rig 'dzin gong ma rnams kyang phal cher dben pa'i sgrub gnas rnams su dka' chen dang du bzhes shing sgrub brgyud kyi bstan pa rin po cher 'dzin te rang don chos sku mngon du brnyes nas/__gzod gzhan don gdul bya dus bab kyi 'gro ba rnams 'bad rtsol che ma dgos par ngang gis 'dul bas don gnyis lhun gyis grub/__'gro don nam mkha'i mtha' dang mnyam/__chos brgyud chu bo'i rgyun las ring ba ltar/__dpal ldan bla ma 'di yang dam pa gong ma de rnams dang mdzad spyod lta dgongs mnyams shing /__dgongs pa lung ston las/__/shin tu grangs med bskal pa ru/__/sangs rgyas rnams kyis gang mkhyen pa/__/sngags pa rnams kyis dus gcig tu/__/tshe gcig rdzogs pa'i byang chub thob/__/ces dbang rnon tshe gcig la grol ba'i chos myur lam mthar thug gi mtshan don chud ma zos pa thugs nyams su bzhes pas mchog gi dngos grub brnyes pa'o/__/khyad par du 'od gsal rdzogs pa chen po yang gsang bla na med pa man ngag sde'i snying thig chen mo ma bu dang a ti zab don snying po lce btsun chen po'i bi ma la'i zab tig sogs nyams bzhes kyi snying por gnang bas yid dpyod blo 'das rig stong 'od gsal chos sku chen po'i dgongs pa'i rtsal rdzogs shing nyams kyi shun pa dor/__mnyam rjes ro gcig tu gyur/__bsgom bya sgom byed kyi zhen 'dzin yal/__spros pa'i brdzun phug rdib/__byar med nam mkha' lta bu'i rnal 'byor pa chen po la bsnyen sgrub ched du gnang ba'i skabs las gzhan du thugs dam zhes pa'i sgra bo che a 'thas khrigs chags 'dzin stangs can phyis su ci yang med kyang /__ma 'khrul pa'i gnas lugs ye shes rang snang chen po yangs pa la phyal bar ma shor/__rgya chad phyogs lhung kun bral brdal khyab thig le chen po'i dbyings su dus gsum 'du 'bral med par bzhugs pa las nam yang mi g.yel ba nyid de/__rje bla ma mchog gi rgyun gyi bsnyel gsos smon lam du 'debs mdzad pa'ang /__/nang gi ye shes mngon du ma gyur nas/__/za zi'i spyod pas rang mgo mi bskor bar/__dben gsum bdud rtsi'i grib bsil la brten nas/__/zung 'jug grub pa'i go 'phang mngon byed shog__/za zi'i nyams la mchog 'dzin rlom sems sogs/__/'dir snang bdud kyi dbang du mi 'gro bar/__/nam zhig rang don rdzogs nas gzhan gyi don/__/mkha' khyab zhing du srid pa gnas kyi bar/__/gang 'dul sprul pa'i rol pa tshad med pas/__/rgyal ba rgya mtsho'i rnam thar 'dzin gyur cig__/bdag ni rgyu 'bras dbye ba cung shes kyang /__/sngon las 'phral rkyen ngan pa'i gzeb tu tshud/__/sgo gsum bya ba chos 'gal 'ba' zhig sgrub/__/de tshul bsam na snying rlung ldang la nye/__/'on kyang mtshan ldan bla mas rjes bzung zhing /__/zab rgyas gdams pa'i bdud rtsi ci 'dod thob/__/'gro don sems bskyed bzang po'i smon lam btab/__/theg chen rigs kyi skal chad min nam snyam/__/tshe 'di'i mi tshe yengs ma lam zad kyang /__/phyi ma'i skye srid nye bar len gyur gang /__/nyams dga' rigs pa dwangs pa'i dben gnas su/__/bag yod bdud rtsi'i bcud kyis lus 'tsho bzhin/__/sgrub pa'i rgyal mtshan 'dzug pa'i smon lam 'cha'/__/ci ltar spyod kyang rang 'dod 'khri dang bral/__/gang ltar sdod kyang gzhan phan 'ba' zhig gnyer/__/ji ltar byas rung chos las mi 'da' bas/__/sras bcas rgyal ba'i rnam thar 'dzin gyur cig__/nam mkha' ji srid sems can mtha' de srid/__/ji srid las nyon stong par ma gyur pa/__/de srid mi skyo brtson pa'i go bgos te/__/rgyal ba sras bcas phrin las sgrub par shog__/dus gsum rgyal bas dbyings nas byin gyis rlobs/__/sems dpa' rnams kyis dge ba'i grogs mdzod la/__/chos min rtog pa skad cig mi skye bar/__/smon lam mtha' ru phyin par mdzad du gsol/__/ces rang gi smon lam du bya ba'i tshul nyung ngu 'di'ang pad+ma bi dzas so/__/zhes gsungs pa dang mthun pa'i nyams bzhes su mdzad cing /__las byed pa rnams la/__gson gshin rnams kyi dngos rdzas 'bul brten bzheng la 'gro nges dgos rang re la sbyin pa red pas/__de la bsam na dkon mchog gi dkor yang yin la/__nga dang chos 'brel yod lugs la dpag na bla ma'i dkor yang red pas rdzas ngan 'di 'dra la longs spyod dgos rgyu 'di/__kho med na mi 'byung /__kho yod pa las rang gzhan la gnod chen po 'byung khyad par phyi mar phan pa'i re ltos byas nas sbyin pa'i dngos rdzas 'di nyid kyi rnam smin ni/__jag rkun gyis 'phrog pa'i zas zhig las lci ste/__dgra jag gis zos pa la mngon sum tshad mas 'phrog bcom gyis blang ba yin pas sems can bslus pa'i nyes ltung med/__rang la phyi mar phan thog tu re bas byin kyang phyi mar de la phan thog sbyin pa'i nus pa phra gshis dad ldan bslus pa'i rnam smin ngan pa des non pa yin gsungs nas thugs skyo tshad med pa dang /__khyed rnams nas las 'bras dang rnam smin la bsam mno zhib par thongs dang sngon bsags bzang po'i lus rten khyad 'phags thob pa 'di 'phen byed dge bas 'phang ba yin pas don med du ma song ba zhig byed dgos/__dkor zas la 'dzem med du spyod/__sems can gyi srog bcad du 'jug par byed pa rnams rdzogs byed mi dge bas rdzogs nas 'og nas 'og tu ngan song mu mtha' med par 'khyams dgos byung na de las phung tshab che ba ci yod ces rgyun du bka' stsal par mdzad do/__/de skad du/__rnam thar gsol 'debs las/__dben pa gsum brten rim gnyis lam la brtson/__/mtshan bcas mtshan med rnal 'byor du ma yis/__/gsang gsum rdo rje bzhi dang dbyer med grub/__/rnal 'byor dbang phyug chen por gsol ba 'debs/__/rtsa gsum lha yis dgyes zhal rtag tu ngom/__/yi dam grub pa'i gdeng tshad phul du byung /__/DA ki chos skyong phrin las g.yel med sgrub/__/grub pa'i khyu mchog chen por gsol ba 'debs/__/'khor 'das chos kun rang rig gnyug mar rdzogs/__/snang shes rang grol gtad med zang thal che/__/lhun grub 'od gsal snang ba 'byams su klas/__/chos zad blo 'das chen por gsol ba 'debs/__/ces 'byung ngo /__/dpal ldan bla ma'i rnam par thar pa las/__rje bla ma chos kyi rgyal pos rang don du thos bsam sgom pa ji ltar mdzad pa'i skabs kyi gleng ba'i sarga ste gnyis pa'o//____//da ni gzhan don du 'chad rtsod rtsom pa'i tshul las 'phros pa'i rnam par thar pa nyung ngu'i ngag gis 'chad pa la/__de yang mdo sngags rig gnas kun la mkhyen pa'i dkyil 'khor rgyas shing shes bya thams cad la chags thog gi sgrib pa spangs pas nges don du rje btsun 'jam dpal dpa' bo dang rnam dbyer med pa kun gzigs chos kyi nyi ma de nyid kyis mtha' yas pa'i 'gro tshogs rgya mtsho yongs su smin pa dang grol bar bya ba'i phyir/__gnas skabs phan pa dang /__mthar thug gi nges legs mchog sbyin pa'i ched du srid pa'i rim brgya'i 'jigs 'phrog zhi bsil bdud rtsi'i sman chen 'dod 'byung chos kyi gru char chen po skal bzang gdul bya'i zhing sar rtag par 'bebs pas rnam grol sku bzhi'i lo tog rgyas par mdzad cing /__gang zhig srid pa'i rgya mtsho chu srin 'jigs rung gi gnas las ma brgal ba rnams brgal/__thar pa'i mchog dam par ma sgrol ba rnams sgrol/__rgyal sras slob pa dbug ma dbyung ba rnams yongs su mya ngan las 'das pa chen por dbug dbyung ba'i phrin las kun dga'i rol mo phyogs dus gnas skabs mtha' yas mu med par 'byams klas shing gsung gcig dbyangs kyi byed las gdul bya'i mos pa dang mtshams par 'jug cing snang bas 'gro kun dga' bar byed pa'i gsung gi phrin las phun tshogs dge legs bye ba'i 'byung gnas kyi gter chen por byis blos gzhal ba'i yul las 'das kyang /__re zhig bdag cag mos ldan ngor gang gi dpal gyi mgul nas legs par bsgrags pa'i dam pa'i chos kyi sbyin pa rgya chen po bsnyen sgrub gnang ba'i skabs ma gtogs zhu ba po mos ldan su byung gis gsol ba gang btab pa thams cad brtse chen ye shes kyi gzigs pas bskyangs shing thugs rjes yal bar mi 'dor bas rje gu Na'i yang srid rin po ches dbus blo gsal kha shas la sum rtags/__snyan ngag thengs kha shas phyag khrid/__spyod 'jug__/yid bzhin mdzod/__yon tan mdzod/__mkhas 'jug__/sdom gsum rnam nges/__ngal bso skor gsum/__bskyed rim zung 'jug snye ma/__gsang snying /__rgyud bla sogs snga phyir thengs kha shas re gsungs zhing /__khyad par bstan pa'i snying po rdo rje theg pa yin pas/__bstan pa la sman pa'i 'chad nyan gyi rgyun bzang mi nub par bya ba'i thugs dgongs rgya chen pos gsang ba'i bdag po blo gros mtha' yas kyi ngo mtshar bka' yi bsdu ba mdzod chen rnam pa lnga las sngags mdzod ma gtogs gzhan rnams lan re 'chad mdzad cing /__nyang gur byang gsum/__sangs gling /__rdor gling /__pad+ma las 'brel rtsal/__kun mkhyen snga phyi/__smin gling gter chen/__mkhyen brtse rin po che/__rje gu Na sogs kyi gter chos rnams snga phyi lan grangs dang /__snga 'gyur bka' ma 'dus pa mdo dbang chen mo dang /__sgyu 'phrul zhi khro so lugs yang dag__/sems klong man ngag sde gsum/__snying thig ya bzhi/__bka' dgongs sogs tshar re ma 'chad pa med pa dang 'ga' zhig ni lan grangs mang por 'chad/__bka' ma gzhan rnams kyang tshar re/__mdor na rje nyid la bzhugs pa'i smin grol gsan pa rnams las rgyal bka' rin po che dang rnying rgyud phyed tsam gsungs mtshams bsnyun pas 'phro lus pa ma gtogs gzhan rnams tshar re gsungs grub pa dang /__phal cher lan grangs snga phyir stsal ba ste/__dkon mchog brtsegs pa las/__/nam mkha' ji snyed khyab gyur pa/__/sku yis kyang ni de snyed khyab/__/sku yis ji snyed khyab gyur pa/__/'od kyis kyang ni de snyed khyab/__/'od kyi ji snyed khyab gyur pa/__/gsung gis kyang ni de snyed khyab/__/ces gsungs pa ltar/__sku dang gsung gi mdzad pa mtha' yas pas zhing khams kun tu khyab pa las zhing 'di'i gdul bya'i cha shas nyung ngu rnams la'ang gsung gi snang ba chen pos khyab par mdzad pa ni/__bdag cag gus slob rnams kyis bka' drin byang chub snying po'i bar du gzhal bar dka' zhing /__'chad pa'i gnas skabs su yang tshig nyung la don zab cing rgya che ba'i ngag gis 'dom par mdzad pa las don gyis stong pa'i tshig grim la bshad rgya che ba/__mdzes khrid can 'brel la ma 'brel ba'i lung sbyor ltar snang rigs pa sad sud mang pos mi mgo rang mgo skor nas slob ma'i rgyud chud gsan pa de 'dra ma yin par zang zing don du mi gnyer zhing dad ldan slob ma'i rgyud dang bstan pa dang sems can gyi don la dgongs pa'i byang chub mchog sems rgya chen pos 'chad par mdzad pa na/__ldab ldib dang /__zlos skyon dang /__gong 'og 'khrug 'dzing /__dal myur ches pa'i skyon thams cad spang shing rna bar snyan pa/__blo la bzung bde ba/__don gyi gnad la phig pa sha stag dang /__khyad par gsang sngags ston pa'i slob dpon gyi mtshan nyid phyi nang gi de nyid bcu la mnga' dbang 'byor bas dkyil 'khor gyi las rab 'byams sgrub pa la dbang zhing tha na rkyen sel gyi tshe dbang tsam bskur bar mdzad na'ang /__bya sla sbam khyer mi mdzad par cho ga sbyor dngos rjes gsum tshang ba rig 'dzin brgyud pa'i phyag bzhes ltar gnang bar mdzad pas byin rlabs kyi bab chen po dang ldan zhing brgyud pa'i srol ka zin nges par mdzad pas bstan pa'i srog mthud par gyur/__'don tshig gi gong 'og dang 'phral gyi yo byad tsam la zhib tshags yang yang byed cing don gnad sgom don dang rgyud dang man ngag gi zab gnad ni ci yin kyang mi shes pa'i blun po gti thug kyang ma yin zhing /__gdul bya'i dbang po mchog dman gyi tshul la gtan nas mi dpyad par rang nyid lta dgongs mthon po'i khur gyis thams cad la nges don zab mo 'ba' zhig 'chad pa las blo sbyongs sogs dman chos su rloms pa'i zhwa dpe l+h+wams 'geb dang /__yang zab don gyi khrid zhes gleng sa med pa'i dman la mchog 'dzin kyang ma yin pa gang zag so so'i rgyud tshod dang mthun pa'i blo sbyong gi skor dang /__phyag rdzogs kyi nyams khrid kyang 'debs par gnang zhing /__de yang tshig khrid tsam min par/__slob ma'i rgyud dang mtshams pa go myong rdo rus 'phrod pa ma byung gi bar du smin khrid zhib bca' phyag len du btab pa mdzad pas rtogs pa don brgyud dang ldan pa'i nges gsang snying po'i bstan pa rin po che'i srog 'dzin pa ste/__mdor na chos kyi sbyin pa ni phan yon tshad med pa'i 'jug ngog dam par gyur pa yang /__mdo las/__gang la phan phyir nga yi chos/__/tshul bzhin bstan pas mchod gyur te/__/me tog byug pa mar me yi/__/rgyal ba yang dag mchod ma yin/__/ces rgyal ba mchod pa'i mchog tu bsngags pa dang /__byams pa seng+ge sgra yi mdo las/__gang zhig gang+gA'i klung snyed sangs rgyas zhing /__/rin chen bdun gyis yongs su bkang byas nas/__/rab dga'i sems kyis rgyal la 'bul ba dang /__gang gis sems can gcig la tshigs bcad byin/__/rin chen sbyin pa shin tu rgya chen des/__/tshigs bcad sbyin pa snying rjes grub de la/__/char yang mi phod grangs su'ang ma yin na/__/gnyis dang gsum du bsam du ga la yod/__/ces sogs rgya cher bka' stsal pa ltar bstan 'dzin skyes bu dam pa rnams kyi mdzad pa'i rnam thar rgya mtsho'i snying po phul du byung ba'o/__/gang zhig log par smra ba tshar gcod pa'ang rang phyogs la chags shing /__gzhan phyogs la sdang ba'i sun 'byin gyi rigs pa ni rang rgyud ma rung par byed cing chags sdang 'phel ba'i rgyu las ma mchis shing /__snyigs dus 'dir rtsod pas bstan pa rin po che gsal bar nus pa mkhas dbang 'ga' zhig gi rnam thar las gzhan rnams kyi bstan dkrug dang phung sel gyi rgyu las mi 'ong par 'dug pas rje 'dis kyang dus kun snying pos dben pa'i chos spang gi sa bon grub mtha'i phyogs zhen gtan nas mi mdzad par bstan pa thams cad 'gal med du 'dzin cing bstan bcos rnams kyi skabs na dag snang gi zol mas rang gzhan gyi grub mtha' gong 'og thams cad bsra bsre'i gtad so gcig kyang med pa mi mdzad par rang lugs bla ma gong ma'i bzhed pa gtso bor ston pa tsam las rang lta la chags pa'i sgrub dang sun 'byin gyi tsher mas gzhan rgyud bsreg par mi mdzad kyang /__mngon rjes kyi tshad ma yang dag dang /__ltar snang gi rnam dbye legs par phyed cing rtog ge'i tshig don rnams ma nor pa mkhyen pa yang nyid kyi gsung rab rnams las dngos dang shugs kyis gsal ba dang /__rgya bod mkhas grub kyi bstan bcos lung gi tshad ma dang /__dpe nyer mjal gyi tshad mas gzhal zhing chos bzang rig pa'i rnam dpyod bdud kyi bslu ba med pas gtan la dbab pa'i don legs par gsungs pa'i tshogs rnams kyis snyigs dus kyi lta spyod ngan pa dang 'khrul pa thams cad sel bar mdzad cing /__don gsum the tshom med pa'i blo yang dag pa ston par mdzad pas/__kun mkhyen bu ram shing pa'i bstan pa rin po che spyi dang /__khyad par snga 'gyur gyi bstan pa mar me 'chi ka ma lta bu 'di 'jam mgon mi pham smra ba'i seng+ge dang /__bdag gi kun mkhyen bla ma yab sras 'di gnyis kyis gso bar mdzad pa'o/__/de yang bstan pa ji srid gnas kyi bar nyams pa med pa'i ched du bstan pa'i btsas su bzhag pa'i gsung rab rin po che'i mchod sdong 'khrul pa'i g.ya' dris ma gos pa'i bstan bcos legs par gsungs pa'i tshogs rnams kyang /__ji skad du/__don med don log don dang ldan/__/ngan g.yo brtse bral sdug bsngal spangs/__/thos rtsod sgrub pa lhur len pa/__/bstan bcos drug bral gsum du 'dod/__/ces ngan pa'i skyon drug dang bral zhing bzang po'i yon tan gsum dang ldan pa rgyu snying rje chen pos kun nas slong ba las rang che mkhas 'dod kyi snyems pa dang gzhan la khyad gsod sogs ye nas mi mnga' zhing /__thugs brtse bas legs par 'dom pa'i chos rnams kyang 'dul ba la 'jug__/mdo sde la snang /__mngon pa'i chos nyid dang mi 'gal zhing rang bzo dang /__pho tshod/__gsar bzhag gi grub mtha' dang dpe sna bsdus pa lta bu ma yin par sngon byon lo paN skyes chen mkhas grub rnams kyi bka' drin rjes su gso ba'i ched du 'phags yul gyi bka' dang bstan bcos rang lugs kyi mkhas pa chos kyi spyan ldan gzu bor gnas pa sngon byon gong ma rnams kyi gsung rgyun dang /__khyad par 'jam mgon mi pham chos rje'i zhal lung dang legs bshad gsal bar byed pa'i rgyan du thugs rtsom gnang ba'ang rtsom pa po chos nyid kyi bden pa rtogs/__yi dam lha yi lung bstan thob/__rig pa'i gnas lnga la mkhas pa ste bstan bcos rtsom pa'i rgyu tshogs tshang bas legs par gsungs pa'i tshogs rnams kyang smra ba'i dbang phyug rnams kyi mig gi dga' ston dang /__mgul pa'i rgyan du gyur pa bsngags pa'i pad dkar phyogs brgyar 'thor ba'i 'os su gyur pa sha stag dang /__rje 'di par sbas pa'i tshul du bzhugs pas sngon dus rgyal khams yongs la mkhas pa'i grags sgra mi che yang /__'jam mgon mi pham chos rjes dgongs gtad shin tu che ba dang /__'das rjes zhal chem du/__zhe chen rgyal tshab slob gnyer cung yod pas dpe cha rnams de la phul ces gsung gi bsngags pa don dang ldan cing rje de nyid gshegs khar thugs rgyud dgongs pa'i byin rlabs 'phos pa dang /__ye shes kyi skus yang yang rjes su bzung bas mkhyen rtogs ye shes kyi rtsal phyogs med du ches cher rgyas par gyur pa ni kun gyis mngon sum du gyur pa dang /__phyis nyid mdun bla ma rin po che'i bstan bcos dang man ngag gi skor gyi khrid lung sogs zhus tshe rje nyid nas 'jam mgon mi pham rin po che sku bzhugs pa'i skabs su ma gsan pa dag kyang lung gnang ste 'jam mgon bla ma'i 'phror kho bo'i ming bris zhes bka' stsal ba'i tshig gi zur gyis kyang shes nus pa'o/__/de ltar tshig don phun sum tshogs pa'i bstan bcos dpyod ldan mkhas pa rnams kyi yid 'phrog pa'i gsung rabs ji ltar bzhugs pa'i mtshan byang rgyas pa dkar chags su gsal ba ltar la 'dir yang gtso che ba rags bsdus tsam bkod na/__ston pa bde bar gshegs pa dang rgyal sras sems dpa' chen po rgya bod kyi lo paN mkhas grub/__bla ma dge ba'i bshes gnyen rnams la bstod tshogs shin tu mang po dang /__sgrub brgyud shing rta chen po brgyad kyi chos 'byung legs bshad pad+ma dkar po'i rdzing bu/__rin chen gter gyi mdzod chen po las 'phros pa'i gtams dpag bsam rab rgyas lha yi rnga sgra/__yi ge'i sbyor ba/__bstan rtsis nyer mkho rab gsal me long 'byung rtsis kyi re'u mig nyer mkho blta bder spel ba ku mud dA'i rdzing bu/__bal mo'i lding dkor gyi mo bshad ut+pal dkar po'i phreng ba/__sgra ka lA pa'i mtshams sbyor lnga pa'i lag len bdud rtsi'i nying khu/__dag yig blo gsal mgul rgyan/__snyan ngag don 'grel pad dkar rdzing bu/__don rgyan so lnga'i dper brjod blo gsal dga' byed/__theg pa chen po'i blo sbyong don bdun ma'i khrid yig zab don sbrang rtsi'i bum bzang /__sngon 'gro spyi la sbyor chog pa'i thun mong gi sngon 'gro'i khrid yig kun mkhyen zhal lung rnam grol shing rta/__dkon mchog rin po che dang las 'bras la yid ches bskyed pa'i gtam rgyud mdo nas btus pa yang dag thar lam bgrod pa'i them skas/__smin gling thugs chen bde gshegs kun 'dus kyi sngon 'gro'i khrid rab gsal sgron me/__mchog gling thugs sgrub bar chad kun sel gyi sngon 'gro lha rdzas me tog__/snga 'gyur rdo rje theg pa'i bskyed rim spyi yi rnam bzhag rab gsal nor bu'i me long /__las dang po pa la mkho ba'i bskyed rdzogs gnad bsdus nyung gsal go bde/__rgyud bla ma'i spyi don rnam par bzhag pa dad pa'i rlabs phreng rnam par g.yo ba'i chu gter/__spyod 'jug sher le'i mchan 'grel don gsal me long /__theg dgu'i rnam bshad rin chen them skas/__nges don snying po'i gnad bsdus pa rin po che'i sgron me/__de'i sa bcad/__bden gnyis bsal bzhag dang bral ba'i don gyi dgongs bshad glog gi sgron me/__bshes spring dang /__yid bzhin mdzod kyi mchan 'grel pad+ma dkar po'i 'khri shing /__zur chung ba'i zhal gdams brgyad cu pa sogs kyi mchan 'grel/__theg dgu'i tshogs bshad nor bu'i tam bu ra/__sdom gsum tshogs bshad/__gsang snying tshogs bshad/__tshogs gtam bya tshul/__snga 'gyur bstan rgyas smon lam rnam bshad bstan pa mi nub pa'i rgyal mtshan/__gu ru chos kyi dbang phyug gi phur pa spu gri'i rnam bshad rig 'dzin zhal lung /__mkhyen brtse rin po che'i snyan brgyud yang phur sbrags ma'i rnam bshad grub gnyis 'dod 'jo'i dga' tshal/__rnying lugs dbang gi sngon 'gro'i spyi bshad ut+pa la'i chun po/__lhag pa'i lha yi bsnyen yig skor rin chen phreng ba/__rtsa gsum lhag pa'i sgrub thabs rgyun khyer mang po/__tshe lha rnam gsum/__sman bla/__sangs rgyas stong /__nye sras brgyad/__sa yi snying po/__gnas brtan bcu drug__/mkhan slob chos gsum/__rje 'bangs nyer lnga rnams kyi mchod chog__/bsam lhun mchod chog__/snga 'gyur rdo rje theg pa'i shing rta rnams gtso bor gyur pa'i bla mchod/__rten gsum bzhengs pa las 'phros pa'i gtam tshogs gnyis pad tshal bzhad byed yid ches lung gi nyi ma/__'jam mgon mi pham chos rje'i gsung gi dkar chags/__rje de nyid kyi gdung rten gnyis kyi dkar chags ngo mtshar snang ba/__bla ma'i rnal 'byor dang /__zhal gdams gsol 'debs gsung mgur gtam tshogs skor nang gses shin tu mang ba dang /__bca' yig blang dor rab gsal/__bsang gsol sogs thor bu sna tshogs/__bkra shis mchod chog__/bsngo smon shis brjod skor bcas bzhugs pa ste/__de yang mdo sde rgyan las/__gang zhig rgyal ba'i bstan pa 'ba' zhig gi/__dbang byas rnam g.yeng med yid can gyis bshad/__/thar pa thob pa'i lam dang rjes mthun pa/__/de yang drang srong bka' bzhin spyi bos blangs/__/zhes gsung pa ltar legs bshad khyad par du 'phags pa 'di rnams blo gsal rnams dang /__khyad par snga 'gyur gyi bstan sgor zhugs pa rnams kyi snying gi nor bur bzung bar rigs so/__/dpal ldan bla ma'i rnam par thar pa las/__gzhan don du 'chad rtsod rtsom gsum bgyis pas rgyal ba'i bstan pa la bya ba ji ltar mdzad pa'i sarga ste gsum pa'o//____//mkhas pa mkhas pa'i rgyu skar tshogs kyis nye bar bsnyen pa'i dbus na mtshan mo'i mgon po bzhin/__/grub pa grub pa'i ri bo mthon por 'jigs med mkha' lding gshogs rlabs yangs pas bskyod/__/don gnyis lhun grub chos kyi rgyal pos legs gsungs ma Ni'i phreng ba spel legs mdzes/__/shes rab gser gyi nya mig ldan pa'i blo gsal bye snyed dga' ba'i bdud rtsir gyur/__/khyod gsung zab cing rgya che bas/__/'phags yul shing rta che rnams ni/__/gangs ljongs thub bstan srol 'byed tshe/__/snyigs dus slar yang byon nam ci/__/phyogs lhung sdang ba'i rlung gis ma dkrugs pa'i/__/bshad pa'i chu klung gang+ga'i rgyun bzang gi/__'gro rnams skom pa'i dbul ba kun sel zhing /__/thub bstan pad+ma'i dga' tshal dar la babs/__/mkhas par grags pa'i bstan bcos phal dang phal/__/don bzang 'bras bu'i stong pa'i sbun pa dang /__/chu shing dang 'dra'i khal rgyab longs pa rnams/__/gang gsungs cha shas tsam gyis mog por byed/__/'di dang 'di 'dra'i legs bshad khyad 'phags rnams/__/rin chen dbyig ltar gus pas gces gzungs nas/__/gzhan la 'chad dang nyams su blang ba rnams/__/bstan pa 'dzin pa'i skyes bu dam par nges/__/ces pa'ang bar skabs kyi tshigs su bcad pa'o//____//da ni gnyis ka'i don du mkhas btsun bzang gsum gyi rtogs pa brjod pa mdor bsdus pa'i gtam gyi sbyor ba nyung ngus bsnyad par bya ste/__de yang bdag cag gi skyabs gnas dpal mgon bla ma nyid ni rgyal sras dam pa rnams kyi thu bo mkhyen rab kyi bdag po 'phags pa 'jam dpal dbyangs dang dbyer ma mchis pa chos rnams kyi shes bya'i de nyid rang dang spyi'i mtshan nyid ji lta ba bzhin du gzigs shing sgrib med ye shes kyi chos spyan nyes pa'i rdul thams cad dang bral bas chos dang chos nyid thams cad ro mnyam ye shes chen po'i ngang las mi g.yo zhing 'da' ba med pa'i phyag rgyas btab pas/__rang rig byang chub sems kyi klong du 'ub chub shing shes dang shes bya ro gcig dbyer med chen po'i ngang du rdzogs pas mtha' gcig tu skye ba 'di la sbyangs pa tsam la ma ltos par sku skye gong ma'i gong mar gyur pa nas/__rgyal ba'i chos thams cad la shin tu gom 'dris byas pa'i stobs las sku tshe 'dir 'bad pa chung ngus chos rnams lan re zung re thos pa dang gzigs pa tsam gyis mkhyen pa'i ye shes kyi rig pa'i rtsal kha phyogs med du rgyas shing rang byung gi ye shes kyi snang ba mkha' dang mnyam pa la dbang 'byor pas spobs pa'i gter chen brgyad grol bar gyur te/__rgya cher rol pa las/__brjed pa med pa dran pa'i gter dang /__blos rab tu 'byed pas blo gros kyi gter dang /__mdo sde thams cad kyi don gyi rnam pa khong du chud pas rtogs pa'i gter dang /__thos pa thams cad kun tu 'dzin pas gzungs kyi gter dang /__legs par bshad pas sems can thams cad tshim par byed pas spobs pa'i gter dang /__dam pa'i chos yongs su bsrung bas chos kyi gter dang /__dkon mchog gsum gyi rigs rgyun mi gcod pa byang chub sems kyi gter dang /__mi skye ba'i chos la bzod pa thob pas sgrub pa'i gter te gter chen po brgyad po de dag thob par 'gyur ro/__/zhes pa ltar bla ma dang lhag pa'i lha dbyer med pa'i byin brlab thugs dbus su thim pas phyi nang gi rigs pa'i gnas mtha' dag la mkhyen rab pad+ma'i 'dab ma ltar rgyas shing /__shes bya rigs pa'i gnas chung lnga dang gnas chen lnga ste bcu yi ya gyal khyad par du snyan ngag byed pa la rje 'di 'gran zla med pa ste sku na shin tu phra mo'i dus nas bstod tshogs sogs rtsom pa la dpyod ldan mkhas pa'i yid dbang med du 'gugs pa'i tshig sbyor phun sum tshogs pa'i bdag nyid can te sgra dbyangs lha mo thugs mtshor rol zhing dgyes zhal yang yang ngom pas 'phags yul gyi slob dpon dpa' bo'i zhabs dang dbyer ma mchis pa lta bu yin no/__/de yang snyan ngag gi rang bzhin ni brjod bya gang zhig rjod byed snyan cing 'jebs la nyams 'gyur du ma dang ldan pas zab brling rtogs par dka' ba'i tshig sbyor phun sum tshogs pa'i mtshan nyid de/__ji skad du/__de phyir mkhas pas skye rgu rnams/__/bye brag rtogs la mngon dgongs nas/__/rnam bkra lam ldan tshig rnams kyi/__/bya ba'i cho ga nges par sbyar/__/zhes pa ltar gyi mtshan nyid dang ldan pa lci yang gi sdebs legs pa'i rnam gsal tshig gi phreng ba baiDUr+ya bstar la brgyus pa lta bu'i don bzang pos lci ba rje bla ma 'di'i gsung rab rnams phyi ma'i dus na bstan bcos byed pa rnams kyi nang nas/__brgya byin gyis thogs pa'i nor bu rin po che lta bu'o/__/gang la mkhas pa'i chos de la'ang spyir chos kyi sgra/__ji skad du/__chos ni shes bya lam dang ni/__/mya ngan 'das dang yid kyi yul/__/gsungs rab tshe dang bsod nams dang /__/'byung 'gyur nges dang chos lugs la'o/__/zhes skabs kyi 'jug sgo bcu la 'jug kyang /__'dir bsod nams dang /__lam dang /__myang 'das gsum gyi brjod bya'i don/__brjod bya dang rjod byed la ltos nas/__lung rtogs gnyis/__lung gi chos gsung rab yan lag bcu gnyis/__gnyen po'i sgo nas sde snod gsum du dbye zhing de las lung gi chos ni rtogs pa'i don la 'jug par byed pa'i brjod pa phun sum tshogs pa mtha' dag ste/__de la'ang 'das pa dang ma 'das pa gnyis las/__dang po ni/__brtag pa brgyad sogs 'khor ba'i chos dang ldan pa/__gnyis pa ni de bzhin gshegs pa'i chos khams mtha' dag nges pa'i don la 'bab cing gzhol bar 'gyur ba las 'bras bu rtogs pa'i dam chos zhes bya ba'o/__/de yang thun mong gi rig pa'i gnas la/__grangs kyi gnas dang /__'jig rten gyi khams zhib mor gtan la dbab par byed pa'i skar rtsis dang /__'byung rtsis kyi rnam bzhag dang /__br-it+tA dza hi'i dbye ba'i sdeb sbyor gyi bye brag mang po/__zlos gar gyi char gtogs dbyangs dang rol mo'i nyams 'gyur dang mtshan nyid/__snyan ngag ni gong du smos pa ltar dang /__mngon brjod kyi bstan bcos 'chi med 'dod 'jo dang /__gzhan yang sngar gyi mkhas pa rnams kyis byas pa'i ming gi mngon brjod rnams kyang legs par mkhyen cing /__sgra tshad gnyis la sbyangs pa rgya cher ma mdzad kyang /__sgra yi dbyings rkyen gyi rnam 'gyur/__tshad ma'i 'gro phyogs rnams kyang deng sang gi lo zla mang por sbyangs pa rnams las kyang mkhyen pa zab cing /__bzo gnas kyang bya sla tshegs chung mang du mkhyen pa dang /__rten gsum dang gzhal yas kyi thig tshad sogs shin tu nges pa dang /__gso ba rig pa ni phyag len du btab par mi gnang yang /__lus dang rtsa yi gnas tshul gso bya gso byed gso thabs kyi mtshan nyid rnams shin tu gsal bar mkhyen cing dpal ldan rgyud bzhi la thugs rtsis shin tu che bar mdzad do/__/nang don rig pa rgyu mtshan nyid theg pa'i mdo yi bstan don/__chos lnga/__rang bzhin gsum/__bdag med gnyis/__rgya chen mngon pa'i phyogs kyi mkhas par bya ba'i gnas bcu ste/__phung po dang /__khams dang /__skye mched dang /__rten 'brel/__gnas dang gnas ma yin pa/__dbang po dang /__dus dang /__bden pa dang /__/theg pa dang /__'dus byas 'dus ma byas rnams la mkhas pa dang /__gsang sngags rdo rje theg pa thun mong dang thun min khyad par mchog gsang rdzogs pa chen po'i dgongs don gtan la dbab pa la rgyal ba rig 'dzin brgyud pa'i zhal lung bzhin smra ba ni kun mkhyen bla ma 'di nyid la mtshungs zlar 'os pa 'ga' yang ma mchis shing /__rje 'jam pa'i dbyangs mi pham rin po che'i zin bris rnams phyogs gcig tu bsgrigs pa gnyug ma 'od gsal gyi don gsal bar ston pa'i bstan bcos chen po dang /__gnyug sems zur dpyad sogs kyang mngon du snang bar mdzad pa po ni rje 'di'i mkhyen rab kyi bka' drin du gyur pas snying po'i don smra ba rnams kyi khog pa'i snying dpral ba'i mig ltar gyur pa dang /__rje nyid kyi gsung /__bden gnyis rnam dbye/__theg dgu'i rnam dbye sogs kyis kyang rtogs par nus shing sku na gzhon dus kyi bstan bcos rtsom pa kha shas kun gzigs mi pham rin po che'i spyan sngar 'bul ba na/__thugs dgyes pa'i rtser son pa dang /__bstan bcos brtsom par bkas bskul zhing /__gsung brtsoms rigs bstan pa'i btsas su che bas 'thor zag su ma song bar phyogs gcig tu bsdu dgos par yang bka' stsal ba'o/__/khyad par du bka' 'khor lo tha ma'i dgongs don rgyal tshab sa bcu'i dbang phyug gis legs par rnam par phye ba'i bstan bcos chen po dang klu sgrub kyi sems 'grel dang /__bstod tshogs rnams kyi bstan don nges don dbu ma chen po phyir mi ldog pa'i seng ge'i sgra bsgrags pa la karma pa rang byung rdo rje/__jo nang kun mkhyen yab sras/__kun mkhyen dri med 'od zer/__smin gling pa sku mched/__kun gzigs chos kyi 'byung gnas/__kaHthog rig 'dzin chen po/__paN chen shaka mchog__/mang thos klu sgrub/__skyabs mgon dge paN sogs ris med mkhas grub rgya mtsho'i snying nor mdo sngags zung 'brel gyi lta ba 'di nyid la/__deng sang gi skabs 'dir mkhas grub dbang po gzhan la phan pa'i blo can chos kyi spyan ldan 'ga' zhig gis dbu ma thal 'gyur gyi grub mtha' rtsal du 'don pa dang /__dgos dbang khyad par can gyis 'gogs pa'i tshul mdzad pa na col chung gi skye bo phal cher de'i zhal g.yam la rgyug nas bskur pa mi bzad pa btab cing lta ba'i bya than du rtsi na'ang rang nyid bzod du med pa'i dmyal ba'i sdug bsngal nye bar sgrub pa'i snga ltas las nges don gyi ri mo srub tu med cing /__nges don snying po'i mdo sde nyi shu bla med sngags rgyud rgya mtshor dpang por bzhugs shing /__rgyab brten 'jigs med rdo rje'i ri bo ltar bstan pa dang /__rgyud bla ma nges don du khas blangs bzhin gzhung gi dgongs pa drang don du kyog pa sogs rgyal tshab sa bcu'i dbang phyug gi dgongs pa dkrug pa de dag sel ba'i phyir du kun mkhyen bla ma 'dis legs bshad nges don snying po dang /__bden gnyis glogs zhags su rtsal du bton cing 'jigs bral phyogs thams cad las rnam par rgyal ba'i seng ge'i sgra bsgrag pas lta ba ngan pa zil gyis gnon cing nges don dbu ma chen po srid zhi'i mtha' gnyis la mi gnas pa'i rgyal ba'i dgongs bcud/__'phags pa'i nyams bzhes/__mkhas pa'i grub mtha'/__grub pa'i dbang phyug rnams kyi rtogs don ches cher gsal bar byas pas bde bar gshegs pa'i bstan pa la mchog tu bya ba byas pa ste/__mdo las/__nga ni mya ngan 'das phyi nas/__/mi yi nang nas la la zhig__/sems can rnam pa thams cad la/__/bde gshegs snying po yod do zhes/__/mos pa rnam dag byed nus na/__/sangs rgyas bka' drin 'tshob pa yin/__/zhes dang myang 'das chen po las/__/sems can thams cad la de bzhin gshegs pa'i snying po yod do zhes ston par byed pa'i sems can de dag ni yon tan dpag tu med pa dang ldan pa ste/__dam pa'i chos 'dod pa'i rigs kyi bu de dag ni las grangs med pa byas pa rnams klad pa na ba dang /__rim gyis btab pa dang /__zug rngu dang bskur pa tsam gyis byang bar 'gyur ro/__/zhes dang /__de bzhin gshegs pa la rtag pa'i chos can du yid ches na gang zag de ni me tog u dum wA ra ltar shin tu dkon pa'o/__/nga mya ngan las 'das nas gang gis theg pa chen po'i mdo sde shin tu zab mo 'di thos nas dad pa'i sems skyes na/__de ni ma 'ongs pa'i dus su bskal pa brgya stong gi bar du ngan song du ltung bar mi 'gyur bar rigs par bya'o/__/zhes dang /__rigs kyi bu'am rigs kyi bu mo rnams kyis de bzhin gshegs pa rtag go/__dam pa'i chos nub par mi 'gyur ro/__/dge 'dun med par mi 'gyur ro/__/snyam du shes pa la brtson par byas na de dag kyang nga dang 'dra bar sangs rgyas kyi gnas su blta bar bya'o/__/zhes sogs ston pa bka' drin can gyis rgya cher rjes su gdams par mdzad pa la bdag cag gi kun gzigs chos kyi snang ba 'dis thugs gzhol te rgyal sras 'jam dbyangs dang /__byams pa/__'phags pa klu thogs gnyis rnams kyi dgongs pa'i gnad gcig tu dril zhing bka' 'khor lo bar mtha' rgyab 'gal du mi 'gyur bar gcig tu 'dus pa'i dbyen bzlum mchod rten chen po rtsod pa dang bral ba 'gran zlas dben pa nyid du shes shing gus par bya bar gsol ba 'debs so/__/de bzhin du btsun zhing brtan pa'i yon tan kyang sdom pa gsum gyi nyes pa'i dri mas ma gos shing /__phyi so thar gyi dbang du byas na btsun pa 'dul ba 'dzin pa'i khyu mchog nyes byas phra mo tsam la bag yang su ji mi snyam du mi mdzad pas nye bar 'khor gnyis pa lta bu/__dbang po zhi ba/__nye bar zhi ba/__dul ba'i dpal dang ldan pa/__kun shes pa/__rnam par grol ba'i lam mngon du mdzad pas srid pa'i nyes sbyor thams cad zad par byed pa 'phags pa dgra bcom pa chen po/__nang byang chub sems dpa'i dbang du byas na/__gnub chen sangs rgyas ye shes rin po che'i mdo 'grel las/__'khor los bsgyur ba'i rgyal po la brten pa'i mi la dpung gzhi'i bag tsha ba med pa ltar theg pa chen por sems skyes pas rigs mi 'gyur ba la log rtogs sdug bsngal gyis nyams nga ba med do ces dang /__dper na rdo rje rin po che chag kyang nor bu rin po che zil gyis gnon cing /__rdo rje chag pa'i yon tan mi stor bar spyod par dbang ba'i ltogs pa'i sdug bsngal 'joms pa bzhin theg pa chen po'i don dang ldan pa'i rnal 'byor pas gzhung kun nas ma drongs pa'i cha nyams kyang bsam pa'i don dang ma bral pas rgyu'i theg pa che chung gnyis ka zil gyis gnon te de ci'i phyir zhe na/__rgyu'i theg pa chung ngu pa lta smos kyang med na/__theg pa chen po'ang bden pa res 'jog gi sems la gnas pas gnyis med kyi mtha' mi mthong ste/__dper khab mig skud pas nam mkha' mi mthong ba bzhin no/__/de bas na bden pa gnyis ris med pa ye shes kyi stobs so/__/de nas de ma thag tu don zab mo rig pa la shar nas 'bras bu chos kyi dbul ba sel te/__ces sogs rgya cher gsungs pa ltar/__byams pa dang snying rje'i sa gzhi la byang chub sems dpag bsam gyi ljon pa rab tu rgyas pas mtha' yas pa'i sems can thams cad la phan bde'i 'bras bu ster zhing rang 'dod yid byed kyi rtog pa la zhugs pa thams cad rigs dang blo yi stobs kyis zil gyis gnon pas seng+ge gangs la gnas pa ltar/__'khor bar mi ldog cing skye med kyi chos la bzod pa thob ste mthong ba'i lam gyi ye shes mngon du byas zin pa brtse chen snying rje'i dbang phyug 'phags mchog phyag na pad dkar 'chang ba dang dbyer ma mchis shing srid pa'i 'gro ba duHkhas dub pa rnams bde nas bde bar 'dren zhing thar pa'i lam mkhan ma rig pa'i mun pa sel ba'i nyi zla'i 'od snang gang 'brel thams cad 'khor ba mtha' can du byed pa'i snying rje'i dbang phyug chen po de nyon mongs pa'i kun tu dkris pa rnams kyis ma gos shing tshul khrims rnam pa gsum dang bslab pa rin po che rnam pa gsum gyis thugs rgyud phyug pa byang chub sems dpa' shAn+ta rak+Shi ta gnyis pa lta bu'o/__/gsang ba sngags kyi dbang du byas na slob dpon gyi mtshan nyid mdor bsdus pa/__bla ma lnga bcu pa las/__/brtan shing dul la blo gros ldan/__/bzod ldan drang la g.yo sgyu med/__/sngags dang rgyud kyi sbyor ba shes/__/snying brtser ldan zhing bstan bcos mkhas/__/de nyid bcu ni yongs su shes/__/dkyil 'khor bri ba'i las la mkhas/__/sngags bshad pa yi sbyor ba shes/__/rab tu dwangs shing dbang po dul/__/ces pa ltar gyi mtshan nyid thams cad yongs su rdzogs pa'i bshes gnyen rgyal ba'i gdung 'tshob yon tan gyi phung po chen po 'di la ni/__mnyam rjes kun du tha mal mtshan 'dzin gyis ma gos shing snod bcud thams cad dag mnyam bden pa dbyer med/__dbyings ye zung 'jug rang bzhin ye shes kyi dkyil 'khor du shar zhing /__gzung 'dzin yid dpyod las 'das pa'i rang snang ka dag rang byung gi lta ba'i gdan khri las ma g.yos shing 'od gsal lhun grub nyi zla'i dkyil 'khor gyi snang ba mu med pa la spyod pas sku gsum rig pa tshad la phebs shing bsrung bya srung byed las 'das pa'i ye bsrung rgyal po'i dam tshig nyams shor med pa'i ngang du bshags bya bshags byed kyi spros pas ma gos pa'i chos nyid gnyug ma'i ngang du 'bral ba med par bzhugs pas btsun pa'i mthar thug pa'o/__/bzang zhing phan 'dogs pa'i yon tan kyang /__rje 'di la log par sems shing sdang zhugs dang ldan pa'i skyes bu 'ga' zhig la'ang kun nas kun tu khong khro ba lta zhog spyan gyis gzigs phyogs log pa tsam yang mdzad ma myong zhing /__log sgrub kyi skyes bu gdug can rnams la byang chub sems dpa' snying rje'i gzhan dbang du gyur pas thugs phyi phyir lhag par brtse ba dang /__mkhas blun skye bo pho mo 'byor pa yod med thams cad byams pas phyogs ris med par bskyang zhing kun la ma ltar mdza' ba dang /__zhal mjal tsam zhus pas kyang dad pa dang mos gus mchog tu 'phel zhing dad pa sngar med pa rnams la gsar du rnyed cing nges 'byung rgyud la skye ba dang /__gsung snyan cing 'jebs pas chos mthun gyi gtam dang /__skye bo phal pa la dga' ba'i gtam sogs gang la gang 'thad gnang ba las che 'jigs dang /__zol zob/__bka' bkyon dang phyag 'beb sogs ni sku tshe de la mdzad ma myong zhing gzhan sems bsrung ba la gcig tu brtson pa kho na dang /__mthon po nga rgyal can khengs dreg gis rlom pa rnams la mkho ba'i ngo bsrung phye gtor rgyu zas sbyin pa sogs kyi log 'tsho'i rigs dang shi gson gyi rgyu chud zos don med du gtong ba de 'dra yang gtan nas mi mdzad cing rang gi gshis lugs chos dang mi 'gal ba'i bsdu ba rnam bzhi kun dang mthun zhing kun tu bzang po khro ba spangs pa rtog pa'i drwa ba thams cad rnam par sel ba'i 'od zer gyi tshogs bye ba 'bum snyed kyis brgyan pa'i rgyal sras chen po dang rnam dbyer mi phyed pa ste/__de ltar mkhas btsun bzang po'i yon tan 'bum gyis mngon par mtho zhing 'phags pa'i nor bdun gyis mngon par phyugs pa'i rgyal thabs la dbang bsgyur ba'i chos kyi rgyal po chen po ni/__legs par bshad pa rin po che'i gter las/__mkhas pa yon tan mdzod 'dzin pa/__/de dag legs bshad rin chen sdud/__/rgya mtsho chen po chu bo'i gter/__/yin phyir chu bo thams cad 'bab/__/ces pa ltar/__mdo sngags rigs gnas dang bcas pa'i chu klung gcig tu 'khyil zhing /__khyad par sgrub brgyud shing rta brgyad kyi gdams pa ma dros mtsho yi bdag po gdeng can bye ba'i gtsug rje bka' gter bshad sgrub kyi rgya mtsho chen po mchog gzigs 'jam dbyangs blo gros rgya mtsho zhes pa'i mtshan gyi snyan pa don dang ldan pa ni rang gi bla mar phyogs zhen gyis bsngags pa ma lags te/__dam pa yon tan sbas gyur kyang /__/'jig rten kun la khyad par gsal/__/sna ma'i me tog legs bkab kyang /__/dri zhim kun tu khyab par 'gyur/__/ces pa ltar/__gangs ri'i ra bas bskor ba'i 'jig rten dbang phyug gi gdul zhing 'dir/__deng dus mkhas grub rnams kyi dbus na lham me lhang nger gsal ba'o/__/mkhas btsun bzang po'i yon tan gyis bskrun pa'i thugs sras bstan 'dzin gyi slob bu yang /__ji skad du/__yon tan ldan na skye bo kun/__/ma bsdus par yang rang nyid 'du/__/dri ldan me tog rgyang ring yang /__/bung ba sprin gyi tshogs bzhin 'khor/__/ces pa ltar phyogs mtha' dag nas gdul bya'i slob tshogs rgya cher byung ba smos kyis mi ldang la rab 'byams lnga pas kyang dbang chos mang po gsan cing /__rje thams cad mkhyen pa mi pham rin po che nas tshe dbang dang /__thog srungs skor sogs gsan par mdzad/__zhal slob gtso che ba 'ga' zhig ni/__snga 'gyur bstan pa'i nyi ma rab 'byams drug pa kun bzang bstan pa'i nyi ma bshad sgrub chos kyi go cha/__zur mang drung rin po che sku phreng bcu pa karma chos kyi nyin byed/__'jam mgon mkhyen brtse'i ye shes sgyu ma'i rol gar du thar rtse rdo rje 'chang 'jam dbyangs blo gter dbang po dang /__rje nyid bcas kyis lung gis bstan pa dil mgo mchog sprul 'jigs med mkhyen brtse'i 'od zer/__'jam mgon thams cad mkhyen pa kong sprul rin po che'i yang srid tsA 'dra'i gdan sa'i khri 'dzin pa karma dpal ldan chos kyi dbang phyug blo gros dri med dang /__zhe chen gdan sar bzhugs pa rje bla ma mchog dang lus dang grib bzhin 'grogs shing thugs kyi gsang mdzod rdzogs par thob pa'i mchog sprul pad+ma dri med legs pa'i blo gros/__sangs rgyas mnyan sprul dgu pa karma bshad sgrubs bstan pa'i nyi ma/__rdzogs chen gling bla sprul sku/__khro shul mkhan rin po che tshul khrims rgya mtsho/__byang chub sems dpa' chen po dge mang mkhan yon tan rgya mtsho/__mkhan kun bzang dpal ldan/__rdzogs chen mkhan bsod chos/__mkhan lha sgong /__mkhan blo gros sgra dbyangs/__tshab tsha sgrub sprul/__nya 'ge sprul sku/__gnam mtsho sprul sku/__sgo me ding skya mchog sprul/__phu khung zhe sprul/__chu ngos karma rgya mtsho/__khyung sprul kar rgyam/__g.yi khog sprul sku/__mkhan 'jam dpal rdo rje/__dpal lhun 'grub steng gi mkhan chen rdo rje 'dzin rgyal bsam gtan blo gros/__zhe chen dgon gyi 'bar chung dbang ris sprul sku/__'bar bla'i sprul sku/__dgon stod sku gong 'og sib bkra shis chos gling gi sprul sku bla ma rnams dang /__gshang nag sprul sku/__kaHthog mkhan nus ldan/__mgo tsha'i mkhan shis lu dang u rgyan bstan 'phel/__gling bla dbon rig 'dzin 'od zer sogs bstan pa ris med kyi bla sprul/__mkhan po rdor 'dzin mang po dang /__7sa skyong sde dge chos rgyal yab sras/__bod gzhung sa chen po'i sku drag snga phyi mang po sogs bstan pa stobs kyis 'degs pa'i rgyal blon khyim bdag gi tshogs rab tu mang po dang /__zhal mjal chos 'brel thob pa ni grangs las 'das shing ches dman pa bdag lta bu'ang lugs gnyis kyi gzigs pa chen pos dus rtag tu khyab pa'i bka' drin gzhal bar dka' zhing /__zhal slob kyi thu bor gyur pa rnams kyis kyang /__gzhan la dbang bskur chos bshad/__sgrub pa'i rgyal mtshan 'dzug pa sogs bdag don rtogs pa mngon du gyur cing /__gzhan don thugs rje'i dpal dang ldan pas bstan 'gror phan bde sbyin nus pa sha stag go/__snyigs ma'i skye bo rnams ma rig pa'i mun pas khebs pa'i skyon gyis rje rin po che la yon tan 'di tsam mnga' ba ma mthong ba ni/__ji skad du/__nyi ma'i 'od zer shar ba na/__/'byung po'i bya rnams long bar 'gyur/__/ces pa ltar rang rang gi log par rtog pa yin la dam pa'i yon tan ni bkag tu med cing nyi zla sbar mos mi khebs pa bzhin rnam dpyod kyi snang ba zol med du ngoms par mi shes par rgya che'i blo gros kyi mig ldongs shing bltar snang rig pa'i ling thog gis sgribs pa gzhan dag gis yid rab tu 'khrugs shing dam pa'i yon tan gyis sems la gdung ba chen por gyur pa de rnams snying rje'i yul du gyur pa dang /__de ltar gong du bshad ma thag pa ltar/__mkhas blun gyi dbye ba yang /__bstod 'dod dang mos blos bzhag pa tsam min pa mkhas pa'i lag rjes legs bshad kyi phung po rnams la rnam dpyod ldan pas shes rab kyi mig sgrub na shes par 'gyur te/__chos rje sa skya paN+Di ta chen po'i zhal nas/__nags tshal shin tu mang na yang /__/tsan+dan sa mchog skye ba nyung /__/de bzhin mkhas pa mang na yang /__/legs bshad 'byung ba shin tu dka'/__/rta mchog 'gro ba'i tshe na shes/__/gser dngul bzhu na shes par 'gyur/__/glang chen g.yul ngor shes 'gyur te/__/mkhas pa legs bshad rtsom na shes/__/zhes gsungs pa ltar ro/__/de ltar skyes bu dam pa dang de las ldog pa'i khyad par rnam par 'byed pa de'ang ba glang rdzi bdag dang bdag 'dras dbye bar mi nus kyang 'phags pa'i skyes bu tshad mas grub pa rnams kyis kyang rje 'di la bsngags pa'i me tog 'thor ba'i yul du gyur pa ste/__kun gzigs mkhyen brtse rin po ches kyang 'phrin yig rnams su/__snga 'gyur bstan pa'i rtsa lag mtshungs bral rgyal ba'i myu gu mchog gi zhabs pad du/__/ces dang /__/rgyal ba'i myu gu'i zhabs pad brtan/__/rgyal sras spyod pa mkha' khyab rgyas/__/rgyal bstan srog tu yongs grub pa'i/__/rgyal rnga srid na snyan gyur cig__/ces pa'ang phyi mthar gzigs pa'i gsung gi bden tshig bslu ba med pa dang /__yang /__snga 'gyur bstan pa'i gsal byed chen po rgyal tshab mchog gi sprul pa'i sku'i zhabs drung du/__ces dang /__sku tshe'i rgyal mtshan yun du brtan/__/gsan bsam sgom pa'i pha mthar son/__/phan bde'i phrin las phyogs brgyar 'phel/__/bdag kyang ye shes gzigs pas skyong /__/ces sogs des mtshon snga rjes gsung gi glegs bu du mar bsngags 'os bsngags bstod dngos shugs nas gnang ba dang /__dngos mjal skabs kyang snga phyi thengs kha shas chos kyi skyes chen stsol ba'i mthar dngos po'i gnang skyes gya nom stsal ba dang gong smros ltar phur pa'i bsnyen sgrub zin rjes rje mkhyen brtse'i mdun yab sras zhal 'phros zhib par gnang rjes zhe chen rgyal tshab mchog sprul gyis nyin re gser lhung bzed gang re'i dad zas la spyod kyang log 'tsho'i sgrib pas gos mi nus pa'i dgongs spyod thugs la 'khrungs 'dug zhes zhal 'phros kun gzigs mkhyen brtse'i zhabs kyis gzhan la gnang ba dang /__rje nyid kyi gter byon gu ru rin po che'i phyag mtshan rdo rje khyad 'phags mgul bsrungs du gnang ba sogs dgongs gtad shin tu che zhing /__de bzhin 'jam mgon rnam snang lo tsA ba chen pos kyang snga rjes du mar chos dang zang zing gis gzhan dang 'gran du med par dgongs gtad brtse bas bskyangs shing thun mong thun min gyi bslab ston snga rjes brgyud mar phebs pa dang /__gsung phrin yang yang stsol ba'i kha gcig tu 'di ltar 'byung ste/__'phags rnams thugs bskyed zab mo'i rgya mtsho las/__/mkhyen brtse'i rang bzhin bcu drug cha rdzogs shing /__/bstan 'gro'i ku mud bzhad pa'i gnyen gyur pa/__/mchog gi sprul sku zla ba gsar pa'i drung /__/ma smad dge ba'i thugs bskyed rlabs po che'i/__/rin chen rdul mang brtsegs pa'i rgyu tshogs las/__/bstan 'dzin ri bran tshogs pa'i mjing dbus na/__/lhun mthor 'phags pa'i ri dbang bzhin du mdzes/__/rgyal dbang pad+ma'i ring lugs nyer 'dzin pa'i/__/snga 'gyur bstan pa'i rgyal mtshan bla nas blar/__/'degs bzod deng gi dus na nyin skar bzhin/__/khyod kyi snying stobs dpung pa dar bar nges/__/bsngags 'os yon tan dpal des nyer 'khyud pa'i/__/sku dbang ljon pa bzang po ring brtan nas/__/bstan 'gro'i dge mtshan grib ma snum pa'i phyir/__/don dang bcas la 'bras bur bcas pa lags/__/des na mtshan dpe'i dpal 'bar sku mchog gi/__zla ba'i ma ma mngon par gsal ba nas/__/dam pas bslab 'os gnas la nyer zhugs pa'i/__/phrin las 'od snang dkar po spro ba?Xzhin nas/__/dad dang dam tshig dag pa'i nyer len gyis/__/brjod bya rjod byed phun sum tshogs pa yi/__/daN+Di'i gzhung gi nyams 'gyur gyis spud pa'i/__/gsung mchid mnyen par 'os pa de dag dang /__/bkra shis lha yi reg bya zla mdangs kyi/__/cod paN lhab lhub g.yo bas mdzes byas pa'i/__/rin chen maN+Dal bkod legs bzo dbyibs kyis/__/khyad par byas pa'i rten 'byung dge ba'i rdzas/__/ring du 'tsho ba'i thabs kyi mchog gyur pa/__/mi 'jigs srog gi dga' ston nyer stobs nas/__/bde bar rgyu ba'i spyod lam byin pa yi/__/brgya dang bcu gsum grangs ldan srog bslu bcas/__/gnang skyes dag pa'i dngos po gya nom pa/__/'di dag nye bar thos pa'i dga' spro'i dpal/__/dbyar skyes rnga gsang dar dir sgrogs pa'i sgra/__/mdong mtha' can gyi rna bar zhugs pa bzhin/__/rgyal dbang mtsho skyes rdo rje'i thugs rje yi/__/gdug dkar grib bsil brten pa'i rig 'dzin gyi/__/btsun pa bdag kyang bgrang bya'i khur chen po'i/__/ngal dub sangs pa med pas non na yang /__/me tshogs spu gris gtams pa'i mtsho chen las/__/brgal nas dam chos brtsal dang bsrung ba'i tshul/__/'di la mi 'phrog dam bca'i mdud pa ni/__/lhod pa med pa'i snying stobs bskyed bzhin lags/__/'on te snyigs lnga'i smag rum cher bdo ba'i/__/skyon gyis bslad pa'i snod bcud gnas tshul gyis/__/sems la skyo ba ster ba'i skabs byung yang /__/theg chen sems mchog bdud rtsi spro bsring bzhin/__/bstan 'gror dge ba'i sman du 'gyur ba yi/__/smon lam bzang po g.yo dang sgyu med pas/__/mtshams sbyar phan dang bde ba'i cho ga la/__/rang nus dang mtshams brtson pas 'jug bzhin mchis/__/'byung 'gyur rnying bstan gsal ba'i sgron me mchog__/gang khyod gsang gsum mi g.yo brtan pa yi/__/dge legs 'chi med tshe yi lha mchog gis/__/phyogs su lhung ba bzhin du sbyin gyur cig__/de srid dus dang gnas skabs kun tu yang /__/thos bsam sgom dang 'chad rtsod rtsom pa yi/__/ngo mtshar rnam thar mkhas dang grub pa'i khyus/__/bsngags pa'i dpal gyis rab tu mdzes gyur cig__/gzhan gyis grag cha zlo la mi snyegs par/__/grub pa'i slob dpon rnam gsum dgongs pa'i bcud/__/so zur gnub dang dri med 'od zer sogs/__/shing rta che rnams dgongs pas brgyan gyur cig__/mtha' bral zab gnad 'phags pa nA ga dzu/__/rgya che'i gnad rnams 'phags pa thog med de/__/shing rta rnam gnyis zab dgongs ma kyogs pa'i/__/drang po'i lta bas khyed la brgyan gyur cig__/de dang mi 'gal de las ches lhag pa'i/__/zab gsang rdzogs pa chen po'i rnal 'byor la/__/ma nor nges pa'i 'jug sgo la zhugs te/__/'khor 'das ro mnyam grol ba'i dpal du shog__/phyi tshul so thar khrims bzang rtsa ba brling /__/byang chub sems mchog lhab lhub rab tu grol/__/bde stong zung 'jug tog gis nyer mdzes pa'i/__/chos kyi rgyal mtshan chen po nyid gyur cig__/ces bsngags shing smon shis gnang ba dang /__kun gzigs mi pham rin po ches thugs sras brgyud 'dzin gyi gtso bor dgongs gtad mnga' gsol yang yang gnang ba las phyag bris tshan gcig na 'di ltar 'byung ste/__oM swa sti bi dza yan tu/__phyogs dus rgyal ba sras dang bcas pa yi/__/mkhyen rab ngag gi dbang phyug 'jam pa'i dbyangs/__/gang thugs pad+ma'i ze'u 'brur rtag bzhugs nas/__/bshad pas rgyal bstan nyi bzhin gsal gyur cig__/zhes shis par brjod pa'i tshig gis mdun bsus te/__gang 'dir shes rab zab mo'i snang ba nyi ma ltar lham pa sprul pa'i sku mchog7'jam dbyangs mkhas grub rgya mtsho gang gi mkhyen rab kyi rlabs rgya che bas/__da dung gsan bsam bsgom pa rgya cher mdzad de thub bstan spyi dang khyad par snga 'gyur ba'i bstan pa rin po che'i gsos su 'chad rtsod rtsom pa'i phrin las bzang po zla ba yar ngo dang dbyar gyi chu gter ltar gong nas gong 'phel gyi thugs dam rdo rje'i ri bo sus kyang g.yo ba med pa'i khur bzhes par nan tan gsol ba 'debs shing /__de lta bu'i bzhed don gong 'phel 'grub phyir bden tshig gi shis brjod kyang smras pa/__mchog gsum rtsa gsum dam can bsrung mar bcas/__/skyabs 'os rgya mtsho'i mthu byin rmad byung gis/__/sprul pa'i sku mchog bskal brgyar zhabs brtan zhing /__/phrin las sa chen yongs la khyab par shog__/mkhyen rab snang ba mkha' dang mnyam par 'phel/__/'chad rtsod chos char 'jig rten kun tu khyab/__/rgyal bstan snying po'i chos kyi rgyal mtshan bsgrengs/__/rtag tu dge legs bkra shis rgyas gyur cig__/zhes zhu mtshon lha reg rab dkar/__/sku rten 'chi med pad+ma kA ra'i snang brnyan gsar pa/__gsung rten bka' gdams gleg bam/__thugs rten rdo rje dril bu/__'jam dbyangs blo 'phel ril bu/__man jus bub bcas 'jam dbyangs rnam par rgyal bas gus pas phul ba dge legs su gyur cig__/ces dang /__rje bla ma 'di zhe chen sgrub sder sku mtshams bzhags pa'i skabs kun mkhyen mi pham rin po che phebs te 'jam mgon bla ma yab sras thugs rgyud la rtogs pa 'khrungs tshul gyi zhal 'phros zhag du mar mdzad nas phyir phebs skabs nye gnas bla ma 'od gsal nas rgyal tshab mchog sprul rin po che thugs dam rtogs pa ji ltar zhus pas sku'i skye ba du mar goms pa'i sngon sbyangs las tshe gcig tu sgom pas nyams rtogs de tsam su la'ang skye bar dka' nges zhes sogs gsungs pa rnams rjes 'jug spro ba bskyed pa'i slad du bkod pa tsam las rje 'di'i sku gsung thugs kyi mdzad pa gang la brtag kyang dam pa'i skyes bur grags shing grub pa nyid la mang du brjod pas ci zhig bya ste rang nyid ngal ba'i rgyu tsam du zad do/__/de skad du'ang gsol 'debs las/__brtan pa'i 'khor lo thugs ka'i dbus su sbas/__/mtsho byung mgrin pa longs spyod rgyan du rol/__/mi brjed gzungs thob so so rig bzhir dbang /__/mkhas pa'i gtsug rgyan dam par gsol ba 'debs/__/bcas dang rang bzhin nyes pas ma gos shing /__/chos brgyad 'khrul pa'i 'dam rdzab gzhar mi mdza'/__/chos kun sgyu ma'i 'khrul 'khor lta bur gzigs/__/btsun pa'i rje bo dam par=__rtag par gzhan don khur chen khyer ba dang /__/phrin las thams cad gzhan phan 'ba' zhig snang /__/rdzogs smin sbyangs pas gzhan don pha rol phyin/__/rgyal sras 'dren pa bzang por=__/mkhyen pa'i ye shes lha lam ltar yangs shing /__/brtse ba'i thugs rje nyi zla'i 'od bzhin gsal/__/nus pa dbang po'i rdo rje ltar brtan pas/__/rigs gsum dngos snang bla mar=__/'chad tshe tshig don gong 'og 'khrugs pa dang /__/zlos dang nyams sogs skyon kun spang ba yis/__/blo gsal kun dga'i rna ba'i rgyan du gyur/__/dbyig gnyen gnyis par ston la gsol=__/ngan rtog dug chus rab myos log rtog mig__/khrag mdog khengs pa'i dregs ldan sder can tshogs/__/yang dag lta ba'i gangs ri la gnas pa'i/__/smra ba'i seng+ges bcom la=__/rtsom tshe bla ma lha yi lung gis bskul/__/brtse bas nyer drangs snga rabs bzhed gzhung gsal/__/sdeb legs 'brel chags nor bu'i rgyan phreng gis/__/thub bstan gsal bar mdzad la=__/lung gi bstan pa'i snying po rdo rje theg__/sgrub brgyud shing rta brgyad kyi gdams pa dang /__/snga 'gyur bka' gter smin grol 'chad spel gyis/__/bstan pa'i srog rtsa 'thud la=__/chos ltar bsnyad pa'i rnam g.yeng 'du 'dzi dang /__/chen po'i ngo bsrung la sogs thag bsrings shing /__/'dod chung chog shes nyams chung kho nar bzhugs/__/bya bral kun spang chen por=__/rtogs pa'i bstan par sgrub pa'i rgyal mtshan 'dzug__/sku tshe de la mchog dngos mngon du mdzad/__/sgom pa'i phyag rjes zab gsung thang mar brdal/__/kun mkhyen bla ma mchog la=__/ces don bsdu ba'o/__/mkhas mkhas mdo sngags rgya mtsho'i glegs bam che/__/snga 'gyur nges don snying po'i shing rta mchog__/mkhas mkhas 'jam dpal gzhon nu dge ba'i bshes/__/ngur smrig gar rol khyod las gzhan su zhig__/btsun btsun sdom gsum nyes dri'i g.ya' rnams sel/__/dri med dag cing gtsang ba'i dwangs shel bzhin/__/btsun btsun byang phyogs thub pa'i rgyal tshab che/__/'jam dbyangs bla ma mkhas grub rgya mtsho'i sde/__/bzang bzang rgyal sras 'phags pa kun tu bzang /__/gang gi rnam par thar pa'i rjes 'gro ba/__/skyabs gcig dpal ldan bla ma rgyal sras gtso/__/bzang bzang blo gros rgya mtsho'i sprin der bsngags/__/ces pa'ang bar skabs kyi tshigs su bcad pa'o/__/dpal ldan bla ma'i rnam thar las/__gnyis ka'i don du mkhas btsun bzang gsum gyi yon tan cha tsam bsnyad cing slob tshogs ji ltar byung ba bcas gleng ba'i sarga ste bzhi pa'o//____//da ni bstan 'gro'i bsod nams kyi mgon du bya ba las kyi 'khor los phan bde'i dge legs spel ba'i mdzad phrin ji ltar gnang tshul gyi tshul cung zad bsnyad par bya ste/__de yang byang chub sems dpa' chen po rnams rang don du spang rtogs yon tan rgya mtshor dbang 'byor bas gzhan don sgrub pa la dngos su 'jug pa'i mthu nus dang ldan pa na ji ltar dmyal me bzod par dka' ba'i gnas su'ang the tshom med par 'jug pa dang /__dbu dang yan lag sbyin pa la'ang zhum pa med pa'i snying stobs dang ldan pa'i thabs mkhas kyi spyod pa rgya chen pos gdul bya rnams 'dul bar mdzad pa ni rje bla ma'i sku yi skye ba'i phreng ba dag dang ma dag cir yang 'phrul zhing ston pa rnams kyi skabs su 'gro don rlabs cher spyad dang spyod 'gyur la byis blos gzhal bar dka'/__tshur mthong phyogs re'i ngor mdzad pa'i phrin las sku tshe 'di la gtso bor bstan pa'i snying po lung rtogs gnyis las lung gi chos la 'chad nyan sngar smos ma thag pa dang /__gtso bor rtogs pa'i bstan pa rin po che spel ba ste/__kun mkhyen bla mas/__lta ba'i yang rtse rdzogs chen a ti rtogs/__/sgom pa'i ming med lta ba'i ngang du grol/__/spyod pa'i rgyal po sgrub pa'i rgyal mtshan btsugs/__/da ni sprang po shi yang 'gyod pa med/__/ces dang mkhyen brtse'i 'od zer gyi do ha las/__bdag cag sa lam mthon po ru/__/son pa'i khas len ma mchis kyang /__/mdo sde dran pa nyer bzhag nas/__/chos gter chen po brgyad gsung pa'i/__/don la rton pa gang zhig gi/__las dang dngos grub sgrub pa la/__/bslu ba med pa'i skyes chen yin/__/ces gsungs pa ltar snying po'i don la rtse gcig tu gzhol ba la theg mchog 'od gsal rdo rje snying po'i dgongs pa'i rang rtsal yongs su rdzogs pas lam rtags mthon por gshegs pa lce btsun chen po dang /__rnal 'byor dbang phyug mi la ras pa lta bu'i go 'phang brnyes kyang rang gi yon tan sa 'og gi gter bzhin sbas shing gzhan don la bsnyad pa'i dkor nag sdud pa dang /__gdul bya grong chog rten bzhengs skabs sogs mi phebs ka med byung ba las phal cher sku mtshams kho na bzhugs shing dad rdzas kyi 'byor pa dang dkor sdud rigs la thugs 'tsher shin tu chen po gnang yang /__ser sna med cing 'dod chung chog shes can dang rang snang dbang du 'dus pa rnams la yo byad phongs pa med pa 'byung ba chos nyid yin gshis byon bzhugs gang gi skabs su'ang longs spyod kyi gru char 'bad med du 'jo ba rnam thos bu'i bang mdzod kha phye ba lta bu zhig yod pa las rnyed pas rnyed tshol/__kha bsags gzhog slong sogs dang /__brgya bshig stong 'gugs kyi tshong dang g.yo sgyus 'phrul 'khor gyi sha thang chad chad du tshol dgos pa ma yin te/__'jam dbyangs bla mas/__gang zhig nyung ngus chog shes pa/__/de yi longs spyod zad mi shes/__/ces gsungs pa ltar/__sngon bskal pa mang po'i gong rol nas sems can gyi don la dgongs nas sbyin pa'i pha rol du phyin pa yongs su rdzogs pa'i 'bras bu la bdag gir spyod nas bsdu ba rnam pa bzhis sgo nas gzhan don sgrub pa ni/__mdo sde rgyan las/__sbyin mtshungs de ston len 'jug dang /__/bdag gi rjes su 'jug rnams kyi/__/snyan par smra dang don spyod dang /__/don mthun nyid du 'dod pa yin/__/ces snyan par smra ba'i sbyin pas mgu nas so so'i rgyud tshod dang mthun pa'i dam chos ston pa dang /__chos thos kyang thos don nyams su mi len pa la thabs la mkhas pa'i khyad par gyi sgo nas de len du 'jug pa dang /__gzhan dge ba la 'jug pa'i ched du rang nyid dge ba'i bya ba la 'bad rtsol gyis 'jug pa dang bzhi po 'di la/__rje bla ma rin po che 'di nyid kyis phyag len du btab pa gnang zhing /__de yang mchog gsum rin po che la brten pa'i bsod nams kyi las ni/__tshogs bsags thams cad kyi rgyal po/__dge tshogs byin 'phel rlabs che ba ste/__de yang /__ji skad du/__kun dga' ra ba gtsug lag khang /__/mal stan 'tsho ba nar ma dang /__/glo bur nad pa la sogs dang /__/rdzas las byung ba'i bsod nams bdun/__/zhes 'byung ba'i ya gyal dge 'dun bzhugs pa'i gtsug lag khang ni skyabs rje rab 'byams lnga pa kun bzang bstan pa'i nyi ma dang /__skyabs mchog rnam gnyis bka' bgros te/__zhe chen bstan gnyis dar rgyas gling gi chos grwa chen po'i gtsug lag khang ka ba so drug rgya mthong ka ring drug gi mal gyi sra brling sgros legs can ka gdung sogs tshon rtsi dang nang 'khor ras gzhi la ldeb bris rnams tshon mdangs/__gser 'gros sogs zhib tshag dang /__me stag lor phun tshogs yongs 'dus ka ba brgya dang bcu dgu thog brtseg bzhi pa gzim skyil sogs nang bcad dpyad yul phun sum tshogs pa dang /__tshon dbyis sogs gang cir gzab khyad thon pa 'di ga'i skabs su sde dge ar mi sum cu gling tshang nas nyi shu mngag byung ba las/__gzhan gla rngan phog chas sprod nas bzhengs pa las mi ser khral 'ded zhu bskul gtan nas ma mdzad kyang kun gyi yid smon du gyur cing dpe byar 'os par grub cing /__bstan pa'i rtsa ba dam chos 'dul ba gzhi gsum gyi dbyar gnas thog mar mkhan chen bla ma pad+ma dam chos 'od zer gyi bka' phebs bzhin me khyi lor dbu 'dzugs nas mkhan po bla ma rang grol dbur bzhugs/__'khar pa dge 'dun gyis sbyin bdag byas nas rten thebs rdil tshad drug lhag dang /__chu rta lor bka' ma'i sgrub mchod dkyil 'khor drug gsar 'dzugs dang /__khro bo'i rtsa 'cham sogs sngon nas yod pa las/__mkhas dbang rdo rje rab brtan gyis thig rdul tshon dang cho ga'i chings phyag len 'og min o rgyan smin grol gling gi phyag srol ma nor bar khrid cing /__rten thebs rdil tshad drug dang /__rgya srang nyer lnga khal so bdun bcas skyabs mchog rnam gnyis nas rten bzhag dang /__sa sprel lo'i dgun ka skyabs mgon rab 'byams lnga pa 'gu log dbang chen stod du rin chen gter gyi mdzod chen po'i chos sbyin rgya cher gnang ba'i rjes thog tu sa bya zla ba gsum pa'i tshes bcu gsum la gzugs sku'i bkod pa chos dbyings su bsdu bas gshegs rjes sku gdung rin po che'i zhabs 'degs dang dgongs rdzogs kyi mchod sprin rgya cher spro bar gnang zhing /__chu glang lor rgya mi'i zing cha byung skabs zhe chen bla brang longs spyod sogs gang ci'i nyams phrar gyur pa rje rang gi sku dbon dge legs rgya mtshor phyag mdzod du bskos bzhag gnang /__rab 'byams lnga pa'i sku skye mgo log a khyung sbra sar dpon tshang la sku bltams pa shar ka'i lam srol dang /__'khrungs gzhis dpon che khag gi 'gros bstun/__thog ma'i snyan zhu bslu yon/__khri ston skabs gsol zhabs legs 'bul sogs dpon tshang sku nye sku 'khor tshang gtogs dang bcas par khyon dril/__rta pho rgod bcu phrag lnga la gsum gyis lhag pa/__'bri khal brgya so drug__/gcan shun so dgu/__rgya srang lnga bcu nga bdun/__gos chen/__phrug sogs dngos rdzas gya nom pa'i legs 'bul gnang bas thams cad dgyes pa'i yang rtser son par mdzad/__khri 'bul stsol ba dang sbrags tshes bcu'i 'cham gzigs la rdzogs chen rin po che dpon slob sku 'khor brgya kha lhag phebs par gsol ston legs 'bul gzab rgyas/__bka' ma'i sgrub spyi rkang zhan pas che khal spus ldan sum cu so bzhi dang /__dgu chen la khal nyer lnga/__bum sgrub spyi par khal nyer lnga/__tshes bcu la chad mthud khal nyer lnga bzhag__/glang lo'i bum sgrub phyag 'dzugs dang /__shing yos sa zla'i bka' brgyad sgrub mchod spyi gsar brkos la dngul rdil tshad brgyad/__khal chen nyer brgyad/__mdzo bcu gnyis/__ja 'bru 'khor bcu/__gzhan dgos chas phran tshegs rigs rnams dang /__mi pham rin po che'i sku mchod dpon slob bzhi bcu zhe lngas bde kun rab gnas rgyas spros can nyin gnyis la thebs dngul rdil tshad bzhis gtsos ja mar 'bru dang /__slob grwa gsar bzhag la rgya rdo lnga dang /__bzhi ru/__zhe chen bla gzhung gnyer phyag la rtsis thebs dngul rdil tshad bcu gnyis/__khal brgyad cu/__mdzo bzhi bcu/__rta drel bcu bzhi/__thugs sgrub kyi rten dngul rdil tshad gnyis/__tshes bcu la dngul rdil tshad gcig__/ri khrod mgon bla dang /__dgon gzhung mgon bla la phog rten rgya rdo re re/__'du khang thig khang gsar 'geb/__dngul gyi phud phor nyer lnga rnams gsar bzhengs dang spangs dag lan gcig mdzad pa'i skabs dman pa bdag lta bu la'ang dngul rkyang rgya rdo gnyis dang /__nor nag sum cu/__rta bzhi/__ja 'khor bco brgyad/__mar rgya gcig brgya brgyad cu/__zangs dkar bzhi/__phyi gling me mda' sogs kyis mgos bteg pa'i gnang sbyin rgya rdo nyi shu tham pa'i bab non nges stsal ba dang /__tsA 'dra'i 'jam mgon mchog sprul mdun dang /__skyabs rje kaHthog si tu rin po che'i mdun dang /__zur mang drung rin po che sogs la rten bzhengs zhal 'debs rgya cher phul ba'o/__/khyad par du mya ngan las 'das khar sngar 'jam mgon mi pham rin po che'i bkas bskul ba dang /__kaHthog si tu paN chen gyi dgongs rdzogs dang sngar yod sgrub grwa bcu gsum bstan dgra nyag zing skabs stongs pa nyams gsos dang 'brel bshad sgrub kyi grwa tshang mkhan slob bco lnga me stag zla ba dang po'i tshes bdun nas dbu 'dzug pa'i bzhugs shag bcas grub pa mkhan po gling bla rig 'dzin 'od zer dang /__de rjes dpal 'tsho bla rab thams cad zhe chen khongs gtogs/__bla slob chos 'brel che bas/__phyin chad 'jam dpal rdo rjes mkhan po mdzad rgyu'i thugs bkod zhal chem gyi tshul du gnang ba dang /__mkhan slob rnams lo gcig gi nang bsnyen sgrub zhag brgya shin tu dam pa dang /__de las gzhan rang lugs gtso bor gyur pa'i mdo sngags 'chad nyan gnang rgyu'i zhal 'dom dang /__gsol phog dge rtse a ris/__dpon bsam 'phel gyis lo gsum la rgya rdo bco brgyad sbyar ba dang /__de rjes chad nyer skabs rab 'byams drug pa dang /__gu Na'i skye srid/__rje dbon dge rgyam dang /__zhing skyong /__mkhan pad+ma 'od zer rnams nas bla ma'i dgongs rdzogs la gal gnad che bar sems te thabs shes gang drag gis rje dbon nas rdil tshad lnga/__mi pham rin po che'i rigs dbon 'jur chos dpal nas rdil tshad phyed nyer gnyis/__'dan dil mgo mchog sprul sku mched nas rgya rdo gcig bcas ji srid bar thebs 'jog sbyar bas/__bstan pa yun du gnas pa'i thabs bla na med pa'ang skyabs rje nyid kyi phrin las kho na'i mthu'o/__/bde bar gshegs pa'i sku gsung thugs kyi rten bzhengs pa yang phan yon tshad med pa'i 'jugs ngogs dang /__lhar bcas 'gro ba'i mchod sdong bsod nams kyi zhing dam par gyur pa snod bcud kyi dpal g.yang mi nyams shing brten par byed pa dang sa yi rten phur khyad par du 'phags pa ste snying rje pad dkar mdo las/__kun dga' bo nga lta bu la gnas/__nga lta bu la brten te yon phul na de'i bsod nams kyi dper bya ba yang sla ba ma yin no/__/zhes dang /__dkon mchog tA la'i mdo las/__sku gzugs dang /__mchod rten byas pa dang /__de mthong ba dang /__de la mar me sogs kyis mchod pas 'od zer gyi khyad par mtha' yas pa 'grub pa'i rgyur gsungs pa sogs de bzhin gshegs pa nyid kyi bden pa'i tshig gis rab tu bsngags pa'i rten gsum bzhengs par mdzad pa'ang /__'jam mgon mi pham rin po ches rnying dgon khag 'ga' zhig la rten 'brel dgos gnad khyad par can gyi nye ba'i sras chen brgyad kyi sku dgongs dpyad kyi bzhengs par bskul ba las zhe chen du sa yi snying po'i sku bzhengs na snod bcud kyi phyA g.yang 'phel ba sogs dgos gnad khyad par can du bka' phebs bzhin gser zangs gi 'phags pa sa yi snying po byon legs sgros ldan thog tshad la phra rgyan mang la spus nam ldan pa sha stag dang /__'jam mgon mi pham chos rje'i thugs dgongs bzhin gser zangs gi rje btsun 'jam dpal dbyangs rje de nyid kyi thugs dam rten ye shes sems dpar bzhugs pa bdag cag gi ston pa dgung lo bcu drug pa'i sku tshad can la phra rgyan khyad 'phags/__de yi dkar chags skyabs rje nyid kyis mdzad/__dbon sprul sku phreng gnyis pa'i gdung rten spyan gzigs rgyang mtho bdun pa zangs gser las grub pa bcas kyi 'khor du sangs rgyas kyi sku brgya dang nyer gnyis/__sgrol sku li ma dang gser sku 'dres ma bco brgyad/__tsan+dan gyi nye sras brgyad/__gnas brtan bcu drug sogs khyon zangs gser dang li sku nyis brgya bcu gsum/__gsung rten la bka' 'gyur/__bstan 'gyur/__rnying rgyud/__mdzod chen rnam lnga sogs sde spar ji bzhugs rnams cha re/__dpe rnying gsar 'byor dang gsar bris skor pod drug cu tsam/__spar du bzhengs pa/__gsang snying 'grel spar khab dang /__nyi 'od seng ge'i rgya cher 'grel/__lam chen lam chung /__thugs thig__/dam tshigs gsal bkra sogs dang /__lo chen rin po che'i bde kun cho ga'i rnam bshad/__sangs rgyas mtshan 'bum/__las sgrib rgyun gcod/__gnyug sems dang /__zur dpyad skor/__sde dge dgon chen du mi pham rin po che'i gsung rje nyid kyi phyag rdzas kyis bzhengs pa pod grangs bcu gcig skor/__rje nyid kyi gsung rnams spar brko bzhed med kyang /__kong sprul yang srid rin po che nged cag mched grogs kyis ci 'grub zhig bzhengs na legs tshul gyi gros mol dang brag yab bla ma zhing skyong la do khur bgyid rogs zhus te/__kong sprul yang srid rin po che dbyar dgun gyi gdul bya thengs gnyis la byon pa'i dngos rdzas kyis bzhengs 'phros gcung dge legs rgya mtshos thugs 'gan bzhes nas skyabs rje nyid kyi phyag rdzas kyis bzhengs par mdzad pa khyon pod bcu gsum bzhugs pa rnams dang /__thugs rten la 'jam mgon mi pham rin po che'i gdung rten mchod sdong bkra shis 'od 'bar rgyang mtho bdun pa gser dang /__phra rgyan sgros ri mo sogs gang cir phul du byung ba nyid mdzad kyi dkar chags bzhugs pa rnams dang /__de ltar bzhengs pa'i phan yon yang /__dam chos pad+ma dkar po las/__la las der ni rin chen gzugs byas pa/__/sum cu rtsa gnyis mtshan dang ldan pa'i gzugs/__/gang gis de phyir byas pa de dag kyang /__/de dag thams cad byang chub thob par 'gyur/__/ces sogs dang /__nam mkha' mdzod kyis zhus pa'i mdo las/__stong gsum rin po ches bkang nas de bzhin gshegs pa la phul ba bas/__bstan pa'i mjug deng sang lta bur chos tshig bzhi pa'i tshigs su bcad pa gcig 'bri ba dang /__klog pa dang /__gzhan la 'chad pa sogs phan yon che bar gsungs pa dang /__thugs rten bzhengs pa'i phan yon 'og tu 'byung ba ltar ro/__/gzhan yang bstan 'gro'i bde skyid 'byung ba'i don du bdud rtsi sman sgrub dang /__myong grol ril sgrubs snga phyi du ma mdzad cing dgon 'di'i tshes dus mchod rnams la sku mtshams skabs las phal cher 'tshogs su byon par mdzad cing /__ril sgrub skabs su ril bu 'phel ba dang 'phur ba/__sman sgrub dus gzungs thag la 'ja' ris 'khrigs pa dang /__gtor ma dang sman las bdud rtsi 'bebs pa sogs rtags mtshan ngo mtshar can nam du yang 'byung /__de yang rgyu shes pa'i mtshan nyid snang srid dag mnyam chen po'i lta bas gtan la phebs nas rkyen 'jug pa'i mtshan nyid ting nge 'dzin la'ang mos sgom dang nges rdzogs kyi tshul gnyis las/__mos sgom tsam byas pas kyang phan yon tshad med pa dang /__gsang snying las/__zhag ni sum cu phrag drug gam/__/bcu gnyis bcu bzhi bcu drug gis/__/dbang bsgyur rigs kyi dam pa 'grub/__/ces dang /__dgongs 'dus las/__bla med theg mchog snying po'i don rnams dang /__/gang 'brel thams cad sangs rgyas 'grub pa'i phyir/__/'di grol 'di ma grol gyi rnam dbye bral/__/'brel tshad don dang ldan zhes de la brjod/__/ces sogs phan yon rgya cher 'byung ba dang /__dgungs grangs nyer bdun par bya lo'i zla ba lnga par dpon g.yogs nyung 'gros gyis rdzong shod du 'jam mgon kong sprul rin po che mjal nas rim brgyud kyis karma dgon sogs mjal dbus ri bar bskor dang /__chos 'khor rnam gsum la phyag mchod smon lam zhib rgyas tsA ri'i rtse bskor dang dur khrod lha mo'i bzhug gnas kyi ri rtse nas bsang dud lta bu'i ltas ya mtshan pa byung /__lho gnas rgyas pa mon dang thug gi bar zhabs kyis bcag__/lo phyed gnyis tsam la gu ru pad+ma'i sgrub gnas sogs su rtogs pa'i bog 'don phyir phal cher chibs spangs te gnas bskor zhib rgyas dang /__rdzogs chen bla ma yon tan dpal bzang gis sbyin bdag mdzad de bsam yas Ar+ya pa lo'i gling du bdud rtsi sman sgrub dang /__gnas chen rnams su tshogs bskang bshags sgrub pa sogs mang du mdzad/__byon tshul rgyas pa rje bla ma nyid kyi gsung mdzad 'phro lus pa lam yig shel dkar me long du gsal ba ltar dang /__'jam mgon kong sprul rin po che'i gnas lam bka' shog gnang bar rje 'di 'phags pa'i skyes bu 'brel tshad don ldan yin ces bkod par 'dug__/rgyun du'ang thabs kyi cha thams cad khyad du mi bsad par rgyal ba'i dus chen rnams dang slob dpon rin po che dang rje nyid kyi thun min bla ma rnams kyi dus dran mchod pa rnams la spos dang mar me zhal zas tshogs kyi mchod pa rnams bzang la gya nom mdzad de rje nyid dam gzhan la gsungs bskul gyis mchod phreng bsngo smon sogs kyi tshogs gnyis brlab po che spel bar mdzad pa dang snang gsal gyi mchod pa snga thog 'bum ther gcig dang /__rjes su grangs ched du brtsi bar ma byung yang shin tu mang po 'bul bar mdzad do/__/bod phyogs phebs skabs la'ang rab 'byams gong mas bkra nang chibs skyel byon pa'i gzigs snang du lung khog thams cad mi dang mi min gyi skyel mas gang gsung pa rje 'di pas kyang de nub gzim lam du de bzhin byung gsung /__bsam yas su sman sgrub skabs sman gyi pho brang steng du 'ja' zug pa yang brtag mtshan rje nyid kyi lam glu 'di ltar te/__/na mo gu ru/__mtshan dpe'i sku dngos mdo khams smad na bzhugs/__/thugs kyi dgongs pa dus gsum rgyal dang mnyam/__/ngo mtshar snyan pas 'dzam gling yongs la khyab/__/pha mchog blo gros mtha' yas zhabs la 'dud/__/'khos med ro dang 'dra ba'i nyams chung ngas/__/khams kong lho mon dbus gtsang chu bzhin nyul/__/ang mkhos chos mthun bya ba ci nus bsgrubs/__/bsam don mtha' ru phyin pa'i glu zhig len/__/rgya zongs dbus su brim pa'i tshong skor dang /__/'dir snang chos brgyad bsgrub pa'i thob skor gnyis/__/rang gzhan gnyis phung sgrub pa'i khram skor gsum/__/ma yin bsam sbyor rnam par dag pas phyin/__/'dun ma'i rtse mor gyur pa'i glu zhig len/__/bya ba mtha' ru phyin pa'i bro zhig 'khrab/__/rten mchog khyad 'phags chos 'khor rnam gsum gtsos/__/ngo mtshar gnas rten gtsug lag bsgrangs yas mjal/__/rlabs chen tshogs gnyis 'brel 'jog ci nus zhus/__/dge tshogs gang mchis bstan 'gro'i don du bsngos/__/bya ba mtha' ru phyin pa'i glu=__/'dun ma'i rtse mor gyur pa'i bro=__/khyad par zan yangs dpal gyi bsam yas su/__/bdud rtsi sman gyi sgrub pa'i cho ga brtsams/__/bod khams yongs la dge ba'i rten 'brel bsgrigs/__/rten 'byung shis pa'i mtshan ma cir yang mthong /__/bya ba mtha' ru phyin pa'i glu=__/'dun ma'i rtse mor gyur=__/sa spyod 'og min o rgyan sprul pa'i zhing /__/smin grol 'dab stong bzhad pa'i gling mchog tu/__/ye shes DA kis zab rgyas gdams pa stsal/__/brgyud gsum bla ma'i byin brlabs dge mtshan rnyed/__/bya ba mtha' ru phyin=__/'dun ma'i rtse mor=__/pad dkar 'chang ba snyigs 'gro'i skyobs pa'i mgon/__/yongs su grags pa'i rgyal mchog rnam gsum gtsos/__/gsar rnying skyes chen mang po gser zhal mjal/__/dad gus mos pa'i gsol ba yang yang btab/__/bya ba mtha' ru phyin=__/'dun ma'i rtse mor=__/skyes chen rnams kyi dgongs pa chos kyis bskangs/__/dad ldan blo sna chos la ci 'gyur byas/__/skal med 'gro la phan pa'i smon lam btab/__/rang mthong nga rgyal ma skyed gcom skyung btang /__/bya ba mtha' ru phyin=__/'dun ma'i rtse=__/blo gtad gcig chog dkon mchog gsum la zhus/__/rgyab brten ci sgrub dge ba'i phyogs su dril/__/bsags sbyong thams cad gnad du gang 'gro byas/__/lha kha 'dre kha mang po ma rtses skyungs/__/bya ba=__/'dun ma'i rtse=__/lha dang bla ma dgyes pa'i dge mtshan gyis/__/ma dang mkha' 'gro lus dang grib bzhin 'grogs/__/chos skyong srung mas phyi nang 'gal rkyen bsal/__/chos mthun bsam sbyor 'bad med lhun gyis grub/__/bya ba mtha' ru=__/'dun ma'i rtse=__/rnam g.yengs 'dzad med tshong khrom ma nyul bar/__/yo byad lhag ma dge ba'i phyogs su gtong /__/tshogs skong mchod 'bul bzang 'brel kun la bzhag__/sgrub gnas lha khang stong bskor ma byas tsam/__/bya ba mtha' ru=__/'dun ma'i rtse=__/da dung tshe mjug dam pa'i chos la dril/__/sgo gsum bya spyod bstan 'gror gang phan bgyid/__/skyid sdug gang byung ro snyoms lam du khyer/__/da lta shi yang mi 'gyod blo bde yin/__/bya ba mtha' ru=__/'dun ma'i rtse=__/dga' bde skyid pa'i glu len bro 'khrab bzhin/__/rgya mtshor don yongs grub pa'i tshong pa ltar/__/rnal 'byor dpon slob mdo khams yul du ldog__/don gnyis mtha' ru phyin pa'i bkra shis shog__/de skad rang byung sangs rgyas pad+ma skyes/__/grub pa'i dbang phyug bud+d+ha dz+nyA na sogs/__/dam pas byin rlabs sgrags kyi lung stod du/__/pad+ma bi dzas mtshar gtam bris pa dge/__/zhes gsungs pa ltar ro/__/skabs 'dir 'phags yul rgya gar dang bal yul du phebs par bzhed na'ang yang grwa slob rnams kyis bshol bas rten 'brel 'phro can du gyur/__mos ldan rnams la zhal mjal gsung gi rjes su bstan pa/__thugs kyi byin brlab/__phyag dbang sngags mdud/__dam rdzas kyi 'brel pas kyang bzang 'brel tshe gcig sangs rgyas dang /__dam pa 'di la ngan sems bgyis pa rnams kyang ngan 'brel 'khor ba mtha' can du 'gyur bar gdon mi za'o/__/de skad du yang gsol 'debs las/__rdo rje'i gnas yul kun tu rgyu ba dang /__/dpa' bo DA ki'i tshogs dang dgyes rgur spyod/__/brtul zhugs rig pa'i rtsal chen sbar bar mdzad/__/he ru kaHdpal mchog la=__/rang gi yon tan sa 'og gter bzhin sbed/__/gzhan la bstod bsngags bskur bsti'i rol mo 'khrol/__/dad pa'i rdzas rnams mchog gsum zhing sar gtong /__/bshes gnyen gser ri'i lhun por=__/dbang bskur sgrub chen myong grol sbyin pa sogs/__/grol ba bzhi ldan phrin las rlabs chen bskyangs/__/rten gsum bzhengs pa 'dus pa'i sde nyams gsos/__/skyabs mchog mtshungs med zhabs la=__/ris su ma chad mchog bar dman pa'i 'gro/__/bsdu ba rnam bzhis yongs su tshim par mdzad/__/dam pa'i yon tan pad+ma'i dga' tshal der/__/skal bzang rkang drug rol la=__/hA ri'i tsan+dan ljon pa'i dri bsung bzhin/__/bla ma'i gsang gsum slob ma'i rgyud la bgo/__/bslab gsum lung rtogs dpal gyis mngon mtho ba'i/__/slob tshogs smin par mdzad la=__/ces pas don bsdu ba ste gsol 'debs 'di yi skabs thob kyi bstan don phal cher sngar yang bshad la da ltar yang bshad ma thag pa'o/__/thub bstan gsal ba'i nyi ma skye rgu'i mgon/__/byang chub spyod pa'i phrin las mtha' yas pa/__/byis blos tshad du bzung ba'ang ngal ba'i rgyu/__/'on te mdzub mos nam mkha' mtshon pa tsam/__/rgyal ba'i chos mdzod 'dzin pa'i rgyal ba rnams/__/mnyes pa'i mchod sprin 'dzad med bdud rtsi'i bum/__/rgyal rnams dgyes pa bskyed phyir rgyal ba dang /__/mtshungs 'dra'i bla ma mchog gi phyag gis 'bul/__/mdzad pa'i rnam thar 'di 'drar mos blo las/__/dad gsum sor mos bskul na yi rangs gi/__gling bu phyogs bral rna ba'i bcud du snyan/__/nges legs thar pa'i ri dwags bde blag 'gugs/__/de phyir 'di rjes slob cig bstan 'dzin tshogs/__/chos brgyad sgyu ma'i grong gis ma bslus par/__/zhi bsil thar pa'i khang bzang them skas la/__/'dzegs na sku gnyis go 'phang myur du thob/__/ces pa'ang bar skabs kyi tshigs su bcad pa'o/__/dpal ldan bla ma'i rnam par thar pa las/__bstan dang 'gro la phan pa'i bya ba las kyi 'khor lo ji ltar brtsams pa'i tshul gleng ba'i sarga ste lnga pa'o//____//da ni zhing 'di'i gdul bya re zhig rdzogs te gzugs sku chos dbyings su bsdu ba'i tshul bstan pa nyung ngu'i ngag gis gleng ba la/__de yang 'dren mchog srid zhi'i nyi ma 'di nyid rang don spangs rtogs kyi yon tan rgya mtsho mthar phyin/__gzhan don gdul bya yid can rgya mtsho smin cing grol bar mdzad nas zhing 'di'i 'gro ba rnams kyi ngor tha ma'i mdzad pa ston la nye ba na/__sku la bsnyel ba mi mnga' ba'i 'phags pa'i chos nyid mngon du mdzad na'ang rtag 'dzin can rnams chos la bskul ba'i ched du rdo rje lta bu'i gzugs kyi sku bshigs pa'i tshul bstan par brtsam te/__sgyu 'phrul las/__sangs rgyas mya ngan yongs mi 'da'/__/chos kyang nub par mi 'gyur te/__/ma rig smin mdzad 'dul ba'i phyir/__/byung nas mya ngan 'da' bar ston/__/ces pa ltar de yang sems can bsod nams dman pa dang /__bstan pa la gegs chags che zhing khyad par rnying bstan rin po cher sgos chags bzlog med kyi skabs la khel bas kaHthog tu kun gzigs si tu paN chen zhabs pad brtan na rje 'di yang gdan sa de nyid du phebs nas nang rgyud sde gsum gyi 'chad nyan rgya cher gnang ba'i thugs bzhed yod na'ang /__snga 'gyur ba'i bsod nams kyi skal bar ma shong nas kaHthog paN chen zhing gzhan du dgongs pa dang /__skyabs mchog rdo pa thams cad mkhyen pa'ang bde bar gshegs pa sogs kyi gtam ngan snyan du dengs pa na/__thugs skyo ba ltar mdzad/__de phyin rje nyid kyang zhal ring du mi bzhugs pa'i gsung 'phros snga rjes yang yang gnang ba dang /__phran lha gdan nas stag lor phyir 'byor skabs zla ba bzhi pa'i nang skor stsal ba'i phyag bris zhig tu rjes su brtse ba'i bslab ston dang /__ban rgan 'chi ba bsgugs nas 'dug yod ces phebs pa'ang /__dgongs pa gzhan du gtad pa'i gsung du go/__sku gshegs pa'i snga lor zhe chen mdun ri'i klad du gzim sbra phub ste zla ba phyed gnyis tsam bzhugs nas sku mtshams grol te mchog dman thams cad la zhal mjal chos 'brel sogs re ba rdzogs par bskang nas slar ri khrod du phebs snga thog zhig tu gsol ba mi 'phrod pa zhig byung rkyen gyi bsnyung ro rgyun du yod pa'ang 'phar ldang dang /__me stag lor sde snod 'dzin pa'i gtsug rgyan mkhas pa'i dbang po kun bzang dpal ldan ched du phebs pa dang lhan 'dzom gyis 'jam mgon mi pham rin po che'i gzhung gi mchan 'grel skor la ljags zhus thugs brtson chen po rje rang gis kyang mdzad mkhan bla mar yang bskul 'ded zhus gnang gis phal cher grub nas chos mngon rin chen mdzod kyi mchan 'grel mjug ma rdzogs tsam la snron zla'i tshes bcu chen mo'i dus mchod khel ba'i skabs der mi rje sde spyi thang dpon sku 'khor rnams mjal du byung bar tshe dbang sogs kyi thugs bzhed bskang /__tshes bcu grub rjes byang phyogs nas zhal mjal zhu mkhan rnams la chos 'brel dang phyag dbang sogs stsal nas de'i rkyen gyis sku grib kyi rnam pa lta bus sku lus phyed g.yo 'gul med tshul bstan na'ang thugs rig dwangs shing dgyes spro'i nyams dang bcas drung na gnas pa rnams la zhal 'dzum dang sku rtsed kyi rnam pa cir yang mdzad pas sdug bsngal las dbugs dbyung ba dang /__nyin gcig rje nyid kyi thugs dam sku 'dra dang /__byin rten rnams rab 'byams mchog sprul dbus dad slob rnams la so sor gnang /__yang phyag g.yon gar stabs dang bcas te brkyang ba dang /__gsung gdangs chen pos oM badz+ra kI li kI la ya'i sngags brjod pa dang nye gnas pas gtor sgrom nas phur pa'i sgrub rten phyag tu 'bul ba na/__kA ya sid+d+hi sogs dang sbrags sku yi gnas gsum du bzhes par mdzad nas phyir gnang /__chos skyong gtor ma rnams phyi rol du gshegs pa'i brda' mdzad byung ba'ang de bzhin nye gnas pas phul/__rab 'byams mchog sprul mdun du phebs pa na phyag dbur bzhag ste thug thug lan kha shas dang gsung brda gu ru la gsol ba thob ces lan gsum du gdams par mdzad pa'ang thugs kyis gces par 'dzin pa'i brda' yin snyams/__'jam mgon gu Na'i yang srid kyis zhabs brtan phul ba na thugs dgyes nyams dang bcas tshe 'da' phyag tu bzhes shing tshe ril drung na gnas pa rnams la gnang /__mkhan rin po che kun bzang dpal ldan la rje nyid kyi bstan bcos kyi tha ma snga 'gyur bstan rgyas smon lam chos rgyal dgyes pa'i zhal lung gi 'grel chen dbur bzhag nas thugs smon dang dbu gtug mdzad/__mdun cog gi gseb tu smon lam shog dril zhig 'da' rjes nas rnyed pa bka' 'bum du bzhugs pa'o/__/skabs de tsam na nye bar gnas pa rnams kyis chos sde khag rnams su zhabs brtan rim gro rgya cher sgrub pa'i yon phul ba dang /__chos sde nyid nas nyin mtshan bar med du zhabs brtan rgya cher sgrub cing /__phran gyi gam du'ang grwa mngag ched btang snga rjes 'byor ba bsnyen mtshams zhig la gnas pa glo bur du grol nas lam du zhugs kyang dngos su mjal ba dang gsung gi bdud rtsir longs spyod pa'i skal ba chad pa ni rang nyid las sgrib che ba dang /__bsod nams shin tu phra bar gyur pa nyid do/__/dus la bab na dpag bsam shing yang 'gyel zer ba ltar zhabs brtan phul ba rnams zhal bzhes ma gtub par me stag snron gyi zla ba'i tshes bcu drug nang par dgon nang nas rgyal mdos sogs 'phang ba dang 'tshubs lhong lta bus thog ser drag po'ang byas skabs rje bla mas phyag g.yon pas bsdig mdzub dang /__spyan zungs lta stang dang bcas te yun ring por dgongs pa gtad pa ni nags phyogs kyi lha srin kla klo rnams dam la 'dogs shing bstan 'gro'i bar chad bsal nas rje nyid dpal chen he ru ka'i phyag rgya mngon du mdzad pa'o zhes pa'i brda' ston pa'i mthar spyan zim bur song ba nye gnas pa sems stabs por gyur na'ang yun ring tsam gyi mthar sngar bzhin gyur nas sku rtsed zhal 'dzum gnang /__tshes bcu bdun gyi nam smad bco brgyad kyi skya rengs dang po shar ba nye tsam la sku gcer bur bsal/__phyag gis dbang bzhi mngon du mdzad pa'i brda' thabs sna tshogs kyi mthar sku rgyab cung bsnyel nas phyag g.yon pas rdo rje khu tshur thugs kar gtad/__g.yas pa'i khu tshur sku g.yas par brten pa'i tshul gyi gsung shin tu gsal bas a gsum brjod pa dang /__sku dang ye shes la 'jug pa'i 'od gsal sbubs 'jug gis gdod ma'i nang dbyings ka dag khyad chos drug ldan gyi grol gzhi sku gsum lhun grub rin po che'i sbubs shin tu phra ba'i ye shes nang gsal thim la ma rmugs pa'i chos sku'i dbyings su mngon par rdzogs par sangs rgyas par gyur to/__/kyai ma kyi hud mgon po gang du gshegs/__/bdag cag rnams kyi skyabs gnas su la re/__/thar pa'i lam mkhan 'dren pa su yis byed/__/bstan pa'i srog shing stor bar ma gyur ram/__/gling bzhi'i snang byed nub par su yis bzod/__/bstan 'gro'i bde skyid mun par gyur pa la/__/khyod thugs snying rjes brtse bar mi 'gyur ram/__/snyigs dus rgud pa'i gdung ba su yis sel/__/pha gcig mi mngon dbyings su gshegs la dgyes/__/las ngan bdag ni shul du lus gyur na/__/khyod kyi thugs rjes 'dor ba bzod dam ci/__/ma rig mun sel bla ma rin po che'i/__/sku yi snang ba yid la dran pa dang /__/zhal bzhugs tshe na gsung gi rnam pa kun/__/yid la dran pas bdag yid shin tu skyo/__/sdug bsngal kun sel sman pa'i rgyal po yi/__/ye shes sku mchog yang yang bstan du gsol/__/gsung gi gdams pa'i chos char dbab tu gsol/__/thugs rgyud dgongs pa'i byin brlabs 'pho bar gsol/__/bla ma khyed dang mnyam par mdzad du gsol/__/ces gus shing gdung ba'i smre ngag kyang thal lo/__/de nyid du nye gnas pas bla gos kyis sku yi dkyil 'khor 'gebs cing /__mkhan chen rin po cher snyan sgron zhu bar nye gnas pa gzim khang nas phyir 'ong skabs la rje yi gzim khang steng nyi ma shar ba lta bu'i 'od kyis khyab pa dar gcig na mun par gyur pa dang /__mkhan rin po ches thugs yid bsre ba'i dgongs par rgyun ring tsam bzhugs/__tshes bcu dgu la phran yang 'byor bas gsang rgya ma grol bas gzim khang phyi tshom du gsol 'debs dbang blang gi dmigs pa yang yang thugs klong dgongs pa'i ngang bskyangs nas cem mer sdad/__de'i phyi nyin gsang rgya bkrol te sku gdung rin po che mjal zhing rje bla ma'ang dbang rab mchog tu gyur pas gdul bya gzhan don la dgongs nas sku lus 'od gsal chen por dengs su ma bzhed tsam las sku tshe de nyid la grol ba yin stabs thugs dam bzhugs ma bzhugs sogs kyi gnyer kha mi dgos shing lus rgya grol ma thag gdod ma'i btsan sa zin pa dper na bum pa chags pa'i nam mkha' phyi dbyings dang ro gcig tu 'dres pa bzhin bar do med par grol ba'i ltas mngon du gyur cing the tshom dang bral ba'i nges shes kyi gdeng rnyed nas slar yang mos gus ches cher 'phel ba'i gsos su gyur to/__/de skad du yang nyi zla kha sbyor las/__/sku dang ye shes 'jug lugs ni/__/rig pa 'di ltar gtad par bya/__/phung po seng ge'i nyal lugs kyis/__/rig pa nyid ni mig la gtad/__/yid tsam bar snang lam du bya/__/dbyings dang rig pa ma 'gyur na/__/mi de bar do med pa ni/__/'tshang rgya ba la the tshom med/__/ces dang 'od gsal rin po che'i pra khrid las/__ji ltar bum pa chag pa na:__nam mkha' gsum nyid gcig pa bzhin:__nam zhig 'byung bzhi'i bum pa chag:__rig pa nyid ni dbyings su thim:__rang ngo shes pas grol ba ni:__rdo rje gdan la mngon byang chub:__gdod ma'i sar phyin mi 'khrul ba'o:__/__ces gsungs pa ji lta ba bzhin gyi don yid thog tu khel ba la/__thugs dam bzhengs bskul ma dgos kyang /__spyi 'grigs phyag len bzhin zhu ba glus bskul gyis chos sku las gzugs skur bzhengs par bskul zhing gsol 'debs smon lam yid tshim par zhus mthar/__'jam mgon gu Na'i yang srid nged cag dpon slob rnams kyis sme brtsegs sogs kyis sgrub pa'i dri bzang gi chus sku gdung rin po che legs par bkrus shing btags grol rigs dang gnas yig rnams phul/__ras bzang po dang dar gos kha dog sna tshogs pas legs par dkris stod khebs dang smad khebs dang dbu rgyan dar dpyang sogs dang phyag tu rdo rje dang dril bu phul te longs spyod rdzogs sku'i cha byad du bsgyur nas khri'ur bzhugs su gsol/__mchod pa sna tshogs kyis mdun bstar/__de nas rab 'byams mchog sprul rin po che dpon slob rnams kyis mchod pa'i phreng ba dang /__bla ma mchod pa dang 'brel ba'i thugs smon gnang /__nged cag dpon slob rnams kyis dpal rdo rje sems dpa'i dkyil 'khor zhal phyes te dkyil 'khor gyi bdag po chos kyi rje nyid dang dbyer med du sgrub nas bdag nyid kyi don du dbang blang ba dang /__slar yang mdun rten nyid la dbang phul ba rnams rig 'dzin brgyud pa'i phyag bzhes ltar dang /__bla ma'i rnal 'byor gyi mchod pa dang 'brel ba'i gsol 'debs dbang blang bstan 'gro spyi byer gyi don du smon lam kyang yang yang btab/__'brel thob rnams la dmigs pa'i byang chog kyang bgyis/__bdun phrag gcig gi bar du de ltar mchod nas sku gdung rin po che mjal kha su byung la ston cing de rnams kyis mchod pa'i phreng ba dang /__rang rang gi dge ba khas blangs/__gsol 'debs smon lam sogs 'gogs pa med par byed du bcug pas tshogs gnyis gong 'phel du 'gro ba dang /__thar pa'i sa bon tshad med pa'i gzhi thebs pa'o/__/sku gdung rin po che las byang sems dkar dmar dang sbrang rtsi lta bu kha dog ser la ro mngar ba'i bdud rtsi kyang babs pa myong grol mchog tu gyur pa dang /__de ltar sku gdung mchod pa de'i tshul rgyud las kyang /__mtshan nyid ldan pa'i bla ma 'das pa'i tshe/__/gdung ba'i sems kyi 'chi ma phyung gyur na/__/phra rab rdul dang mnyam pa'i grangs snyed kyi/__/bskal par bsags pa'i sdig chen byang gyur te/__/ma 'ong dus su zhabs drung skye bar 'gyur/__/gdan khri legs par bshams steng pur bzhag nas/__/chu gtsang argas sku khrus legs gsol na/__/bskal pa bye bar bsags pa'i sdig byang nas/__/zag med dri bral chos sku thob par 'gyur/__/ces gsungs so/__/zla de'i tshes nyer dgu la rab 'byams mchog sprul rin po ches zhi khro/__gu Na'i yang srid rin po ches bde kun/__nged nas rdor sems kyi dkyil 'khor rnams pur khang du 'jog nas sku gdung rin po che 'do li la drangs te pur sgrom mchod rten gyi dbyibs su bcos pa'i bum par bzhugs su gsol/__dri bzang gi shing sna tshogs kyi dbus su zhugs 'bul bas me lce rnams bum sgo nas phyir pad+ma'i 'dab ma ltar mched pa dang /__mdog dkar zhing sgra yid du 'ong /__g.yas su 'khyil ba dang /__gdung dud dri zhim pa mdog dkar gsal bkra shis pa'i rtags kyi ri mo'i rnam pa can du 'phro ba dang /__nyi ma'i 'od zer kyang ma sgrib pa'i sbrang char zim bur 'beb cing zhugs 'bul zin nas phyogs bzhi'i sgo chung rnams bsdoms nas pur khang nyin gsum rgyas btab cing bla mchod gzab rgyas spros/__sku gdung bzhu ba'i nyin gdan sa nas gro lam tsam gyi gnas nas dad mos shin tu che ba'i nam mdo bu tshe ring dang nor lha ma gnyis gdung mjal ma sleb pas sems mya ngan gyis non te sku gdung bzhugs pa'i phyogs su phyag 'tshal bas nam mkha' la 'ja' kha dog lnga ldan 'khyil ba'i nang spyan ras gzigs bcu gcig zhal dngos su mjal bas dad spro bla lhag tu 'phel bar gyur cing /__spur gdan zhus kyi gling bu 'bud pas rogs pa yod du mi tshor nas gzhan zhig nas gling bus sgra gdangs zhig la 'khri dgos byung ba'ang mkha' 'gro ma'i gling bu'i sgra yin par sems/__de rjes gdung khang zhal dbye ba na/__ring bsrel sogs yod med kyi re dog gis ma bcings shing /__rje nyid mngon tshan chung ba kho nar thugs dgyes pas de 'dra mi 'byung snyam kyang thugs ljags spyan gsum rgal tshig la 'byar zhing de steng dbu thod bab ste khru gang med tsam byon pa dang gzhan 'phel gdung sogs blta rtog ma 'jug cing gdung rus thal sol rnams zhib bca' bsdus te snod du bcar nas phran dpon slob bcu tham pas rdor sems gyi rus sbyong yig brgya 'bum phrag 'gro nges byas pa dang /__de skabs gcig na pur khang steng nas nye gnas dge slong zhing skyong gis ring bsrel mang shas rnyed pa dang 'ur sgrogs lta bus dgon gyi bla grwa phal mo ches btsal ba grangs med rnyed cing pur khang nang log kun dang /__mgal dum gyi gseng /__gdung dud kyis gar khyab phal mo cher gdung dang ring bsrel mu tig mdog ltar dkar ba shas che zhing dbyibs ma nges pa dus ring po'i bar btsal du yod pa dang /__gdung rus dkyil 'khor gyi dbus su 'jog pa'i nye skor du'ang 'phel gdung mang shas phebs pa dang /__rdo rje'i gdung gi rigs rnams ni shin tu sra zhing mkhreg pa 'byung ba dngos mthong dang /__dgung zhag rdzogs kyi bar mkha' la 'ja' sprin rnam pa mi 'dra ba mang po dang /__lo gsum tsam la zla ba byung ngo cog gi tshes bco brgyad nam byung la gdung khang gi nye log du 'ja' gur 'khyil ba dang /__gshegs pa'i nang par kha ba me tog gi dbyibs can shin tu che bar bab pa dang skabs su nam mkha' g.ya' thag chad pa sogs ngo mtshar ba'i ltas mang por snang ba ni 'od gsal rdzogs chen gyi lam rtags mngon du brnyes pa rnams la ltas 'di dag 'byung ba chos nyid de/__rdor sems snying thig las/__phyir mi ldog pa'i rtags su ni/__/rang la rang byung ye shes 'char/__/byin rlabs lung bstan byed pa 'byung /__/rtags su 'ja' 'od sa g.yo dang /__/dngos grub mkha' 'gro'i gdan 'dren 'byung /__/sprul pa'i sku yi zhing du 'gro/__/gzhan yang phyi rtags 'ja' dang 'od/__/sgra dang sa g.yo me tog 'bab/__/ces 'byung ba ltar/__sku gdung rin po cher sbyin sreg gi cho ga grub la nye ba na/__spur khang gi nam mkha' sngo sangs shin tu dwangs pa mthing zhun gyi mdog lta bur gyur pa la 'od khyim kha dog sna lnga pa'i gur khang 'khyil ba dang /__phyogs gzhan thams cad la 'ja' sprin dkar ba rnam 'gyur mtha' yas pas khebs pa dang /__sku gdung zhugs 'bul grub pa'i dgong ka zhig tu 'brug gi sgra lta bu'i ldir sgra 'jam la rgyun ring tsam lan gnyis bsgrags pa bdag gis dngos su thos shing de dag kyang gdod ma'i grol gzhi chen por mngon par byang chub pa'i rtags su 'od gsal rdzogs pa chen po'i rgyud dang man ngag las rgya cher 'byung ba blo yi nem nur ma dgos shing yid ches pa'i rtags mngon sum tshad mar gyur pa dang /__rnying phyogs la kha zer ba 'ga' zhig na re/__rigs lnga'i gdung dang ring bsrel sku gsum gyi rten mtshon byed thugs ljags spyan gsum mes ma smas par 'byung ba sogs la bon sogs la'ang gdung dang thugs ljags sogs 'byung bas ya mtshan rgyu med ces sgrogs shing de dag gi rgyab skyor du 'jam pa'i dbyangs sa skya paN+Di ta'i lung sogs drang nas som nyi za ba dag yod du srid kyang /__bka' gdams glegs bam las/__/byang chub sems la ring bsrel 'dzag__/bskyed rim can la lha sku 'byung /__/'khor ba mi spong sems dpa' la/__/thugs dang ljags ni 'byung ba yin/__/zhes dang /__spyi mdo dgongs 'dus las/__/gang 'dir snang ba'i sgron ma dag__/mya ngan 'das pa'i sku gdung yang /__/sha ri ram zhes grags pa 'byung /__/ces dang /__rgyal ba'i sku gdung sha ri ram/__/zhing khams kun tu khyab pa ni/__/'gar dang bzos ni bzlum pa bzhin/__/byas pa med las snang ba dag__/dkar 'tsher mdog gsal 'dzag 'dra ba/__/tsan dmar mdangs su gsal ba yi/__/nam mkha' gang bar char bzhin babs/__/ces dang /__gzhan yang sku gdung 'bar ba'i rgyud sogs las dbye ba/__yon tan bsam gyis mi khyab pa rgya cher bsngags pas na gus ldan rnams kyis ngang spro'i pad+mo 'dzum par byas na legs par 'dug shing /__gang dag sdig can dang /__gang zag phal la 'byung ba dang gdon gyis byas pa'i ring bsrel ni mngon rjes kyi tshad mas brtags na gser dang ra gan 'byed par sla zhing /__des na mkhas pa dpyod ldan zhig la nor 'khrul 'ong mi srid do/__/zhar byung du smras pa'o/__/de lta bu'i rgyal ba dang rnam dbyer med pa'i rig pa 'dzin pa chen po rnams kyi gdung dang ring bsrel gus pas bcang ba'i yon tan yang spyi mdo las/__'di dag phebs pa'i yon tan yang /__/gang dang gang du bcang pa yi/__/yul khams de dag thams cad du/__/nad dang mi shis bgegs rnams zhi/__/gnod sbyin srin po ma rung pa/__/drag po gtum po'ang lhan ner 'gyur/__/rgyal po 'khrugs dang khams 'khrugs dang /__/yul khams 'khrugs pa'ang zhi bar 'gyur/__/'bras bu lo thog 'phel smin cing /__/yid du 'ong ba thams cad 'byung /__/'di dag su yis 'chang ba rnams/__/rig 'dzin sa dang skal pa mnyam/__/ces sogs yon tan mtha' klas par gsungs pas/__bdag cag rnams skal ba bzang ngo snyam nas dad mos lhag par 'phel zhing kun mkhyen bla ma yang yang dran pa'i gsos su gyur to/__/bdag nyid chen po sa skya paN+Di tas/__byang chub sems dpa' gzhan don du gshegs pa'i tshe/__sa g.yo ba dang lo nyes pa sogs 'ong ba ni chos nyid yin gsungs pa bzhin/__bstan 'dzin skyes chen dam pa 'di rnams gshegs phyin yul bcud nyams pas lo thog cher ma bzang zhing sa phyogs thams cad mu ge 'byung la nye tsam 'di ka'o/__/dgongs rdzogs mchod sprin gyi rim pa'ang /__rje kun gzigs de nyid kyi sku dbon lugs gnyis la mkhyen rab yangs shing bslab gsum rin po che'i gter gyis mngon par mtho ba dge legs rgya mtshos gtsor mdzad/__bla ma sangs rgyas su mthong ba'i mos gus can nye gnas dge slong zhing skyong nas grogs dan gyis/__kun tu bzang po'i smon lam la co 'dri ba'i tshul gyi gtongs pa'i sgo 'phar rgya cher dbye ba'i thog mar 7smin gling khri chen rin po che/__7zur mang drung rin po che/__7dpal spung si tu rin po che/__7tsA 'dra'i 'jam mgon yang srid rin po che/__7be ri mkhyen sprul/__gsang sngags sprul sku/__'dzi sgar sprul sku/__shar kaHthog sprul sku/__dpal yul sprul sku/__phu khung mchog sprul/__tshab tsha sgrub rgan/__blo gros sprul sku/__kaHthog pad 'gur/__gdan tshab/__yang sprul sku/__pad snying sku che chung /__bstan 'phel/__'gyur sprul/__ston sprul/__khro 'gab dge sprul/__jo bo sprul sku rnam gnyis/__le dgon sprul sku/__mgo tsha mchog sprul/__rdza rgyal mtshams sprul/__rdzogs chen sku zhabs/__dge sprul rin po che/__kun bzang /__'brug pa sogs mchog sprul rnams kyi mdun 'os babs dang bstun pa'i mdzod dar/__gcan gzan lpags pa/__rta mdzo/__mchod chas skor/__rgya dngul rdo tshad grangs mang sogs dngos rdzas gang zab re dang /__gzhan yang o rgyan smin grol gling 'dus spyi gtsos/__kaHthog__/dpal yul/__dpal spung /__sde dgon/__rdzong sar/__rdzogs chen/__phu khung /__'ju nyung /__rdzong mgo/__sib mda'/__gshang nag__/khro gong /__lha 'brang /__tshab tsha/__rdza ka thog__/bstan 'phel/__pad snying /__jo bo/__khro 'gab/__mgo tsha/__rdza rgyal/__le dgon/__ri mgul/__bon dgon 'dus sde sogs gong smos kyi dgon sde che shos rnams dang 'brel ba'i sgrub sde dang /__bslab grwa mkhan po bla ma bcas la 'brel dang mthun par/__dar/__gos chen/__ther phrug__/gcan shun/__ja dngul sogs nam bzang so sor gang zab re legs par phul zhing /__gdung mchod la/__bla sprul tshur gdan zhus skor/__7kaHthog dge rtse rin po che/__rdzogs chen rin po che/__rab 'byams mchog sprul rin po che/__dgon stod/__'bar chung /__gling rje drung rin po che/__tshab tsha nya 'ge/__dbon sprul/__le dgon zungs mkhar/__bstan 'phel lcags mo/__chu ngogs pad dkar/__karma rgya mtsho/__ri 'gal chos grags sprul sku/__mkhan rin po che kun dpal/__khro bla tshe gces/__mgo tsha'i smar khams bla ma rnams mdun/__nang mdzod/__sku gsung thugs rten gyis dbu byas te/__ras dang ther phrug bub mang /__bzang gos sna tshogs/__bzang ja/__snod spyad rigs che chung /__sku chas gzab 'chol 'gang chen skor gzhan nyer mkho phran tshegs mtha' yas pa/__gcan lpags rigs sna tshogs/__'bri khal/__mdzo mdzo mo/__rta drel rnams dang /__gser/__dngul rdo tshad grangs mang mdor na mtshan brgya stong grangs med pa gya nom pa'i legs 'bul dang /__7rje bla ma rin po ches lugs gnyis kyi brtse bas gces par skyong ba'i dman pa kho bo cag lta bu la yang yul dam par bzung nas dgongs rdzogs gnang sbyin rgya cher stsal gnang dang /__sku tshigs rdzogs kyi bar dgon gyi bla grwa sum cu res zhi khro dang /__dpal rdo rje sems dpa'i skong chog gnyis gzab rgyas dang /__'brel thog rnams la khrus chog bcas gsung bar nyin ltar/__tshogs dang /__mar me/__spos/__zhal zas kyi mchod pa gzab rgyas dang /__so sor bsnyen yon rgyas spros su phul ba dang /__lo ltar sku gshegs pa'i dus chen la bla sprul mang tshogs kyis dpal rdo rje sems dpa'i thugs kyi sgrub pa'i sgrub chen dang tshogs khag zur du rtsa gsum dgongs 'dus bdun phrag gcig bar 'dzugs rgyu'i rten thebs rdil tshad lngas gtsos sbyor 'jag dang /__skyabs rje nyid kyi sku gdung ring bsrel gyi phung po gtso bor gyur pas bltams pa'i zang gser las bskrun pa'i mchod sdong byin rlabs 'od 'phro rgyang mtho bcu gcig par sgros ldan phra rgyan gang yod rtsal sprugs bgyis shing /__dam tshig pa'i rten la ye shes sems dpa' gzi byin lhag par dbab cing brtan par bya ba'i rab tu gnas pa'i cho ga bcas bsgrubs pas mthong grol chen por bstan pa'i btsas su bzhugs pa dang /__rgyan khang du gser dngul bkra ma'i rgya gling phra ldan spus legs/__ba so'i DA ru 'phan tshar can/__hor dril nam ldan sogs dngos rdzas phun tshogs kyi gsar bzhag grangs mang dang /__'jam mgon mi pham chos rje dang /__skyabs rje rin po che'i legs gsung spar gyi mtha' 'dum zhu bcos bcas legs par grub cing /__da 'byung yang snga 'gyur gyi paN grub dbang po rnams kyi gsung skor kha shas spar du bskrun bzhed dang /__'dra zhal gser zangs las grub pa mda' tshad bzhengs pa bcas lhag bsam yar ngo'i zla ltar 'phel zhing /__de rnams kyang grags 'dod sogs chos brgyad kyi rnyogs pas mi brdzi par/__rje de nyid kyi zab dgongs yongs su rdzogs pa'i thabs kho nar gus sbyor dang rtag sbyor kyi brtson 'grus 'grib pa med pa dbyar gyi chu bo'i rgyun ltar 'phel zhing rgyas bzhin pa lags so/__/de ltar bgyis pa'i dgos pa'ang /__chos thams cad kyi rgyal po las/__lha dang bcas pa'i 'jig rten na/__/dkon mchog gsum po ma gtogs pa/__/yon gyi gnas ni 'ga' yod min/__/ces dang /__phal po che las/__rigs pa brtson pa dkon mchog rnam gsum la/__/sbyor ba skyo ba med pas mchod byas na/__/de dag bdud bzhi'i lam las rab 'das te/__/byang chub bla med myur du reg par 'gyur/__/ces dang /__khyad par thugs rten mchod sdong chen po bzhengs pa'i phan yon kyang /__gtsug tor dri med las/__mchod rten gyi las byas pas tshe zad pa yang slar nur te/__tshe yang ring por byed do/__/gal te shi ba na yang sbrul gyi lpags pa brjes pa bzhin du lus bor nas bskal pa mnyam pas 'jig rten gyi khams bde ba can du 'gro bar 'gyur ro/__/'chi ba'i sdug bsngal myong bar mi 'gyur ro/__/phyin chad nam yang 'chi ba'i tshor ba mthong bar mi 'gyur ro/__/phyin chad sems can dmyal ba dang /__dud 'gro dang /__gshin rje'i 'jig rten dang /__ngan 'gror 'gro zhing skye bar mi 'gyur ro/__/zhes sogs rgya cher bden pa'i tshig gis bka' stsal pa dang /__khyad par dpal ldan bla ma ni rigs thams cad kyi bdag po rtsa gsum rgya mtsho'i spyi gzugs 'dus zhal chen po yin te/__'jam dpal zhal lung las/__ma 'ong rdo rje 'chang ba ste/__/de la brnyas byed sems can gang /__/de yis nga la brnyas byed pas/__/ngas ni de kun dus su spongs/__/ces dang /__nga ni de yi lus gnas te/__/sgrub po gzhan las mchod pa len/__/de mnyes de yi rang gi rgyud/__/las kyi sgrib pa dag byed do/__/ces dang /__sgron gsal las/__rigs kyi bu sangs rgyas bcom ldan 'das phyogs bcu na ji snyed bzhugs pa dang /__sangs rgyas bcom ldan 'das de rnams kyi sku dang gsung dang thugs rdo rje las byung ba'i bsod nams kyi phung po ji snyed pa de bas kyang slob dpon gyi ba spu'i bu ga gcig gi bsod nams khyad par du 'phags so/__/de ci'i phyir zhe na/__rigs kyi bu byang chub kyi sems ni sangs rgyas kyi ye shes kyi snying por gyur pa'o/__/zhes mdo sngags rgyud sde rgya mtsho las lan gcig ma yin par yang yang bsngags pa don dang ldan pas na bla ma'i dgongs rdzogs ni bla ma bzhugs pa la mchod pa dang khyad par med cing /__khyad par ye shes kyi gzigs pa la chags thogs kyi sgrib pa spangs pas rang la dad pa yod cing dam tshig dang 'gal ba'i nog dris ma gos na ji ltar me shel dang /__nyi ma/__spra ba gsum 'dzom pa na me yi shugs 'bar ba la ches myur ba bzhin du bla ma'i byin rlabs kyi rdo rje'i me 'od chen pos rang rgyud kyi sgrib pa'i tshang tshing bsreg nas rdo rje sems dpa'i ye shes rang byung gi me chen 'bar bas khams gsum kun nas kun tu snang ba'i 'od chen 'byin pa la lhag par yang stobs myur bas 'dir zhugs 'dir brtson pa rnams ni skal bzang gi nang nas ches skal ba ldan pa sngon bsags las 'phro bzang po'i rnam dkar rgya chen po rang shugs kyis grub pa can du kho bos rtogs so/__/skabs don de rnams kyi mdor bsdus pa'ang gsol 'debs tshigs bcad las/__zhing 'di'i mdzad pa re zhig rdzogs pa dang /__/rtag 'dzin can rnams chos la bskul ba'i phyir/__/mdzad pa tha ma ston la nye ba na/__/spros pa'i drwa ba bcad la gsol ba 'debs/__/'od gsal 'khor yug ting 'dzin la bzhugs nas/__/sku gsum nang dbyings nam mkha' lta bu'i klong /__/rig pa skye 'chi'i mtshan ma las 'das pa/__/nang gsal chen por bzhugs la=__/de tshe 'byung ba che rnams mya ngan gyis/__/non par gyur na sems ldan lta ci smos/__/mkha' spyod DA kis me tog char 'bebs shing /__/ngo mtshar cho 'phrul ston la=__/spur sbyangs tshe na mkha' la 'ja' gur bab/__/me lce thams cad pad+ma ris su mched/__/byin brlabs thugs rten lha mi'i mchod sdong byon/__/dad ldan yid ches bskyed la=__/ces 'byung ngo /__/de ltar bdag cag gi rnam 'dren chos kyi nyi ma phan pa dang bde ba sbyin cing grol ba'i dpal ster khyab bdag rdo rje sems dpa' de nyid kyi gzugs sku'i bkod pa gdul bya thun mong ba rnams kyi snang ngor mi mthong ba lta bur rang rang gi 'khrul pa'i kun rtog gi nyer len sprin rum stug pos sgrib pas dper na yi dwags kyis chu klung rnag mthong gi blo ngan zhugs pa lta bus mya ngan las 'das par sems na yang /__don dam par yongs su mya ngan las 'da' ba med cing /__tshigs de yang byang chub snying por gshegs pa la de skad bya yi/__gang stong nyid zab mor rgyab phyogs pa'i blo chung nyan thos kyi byang chub lta bu du ba med pa'i me bzhin mnal ba lta ga la zhig__/gang du mngon par rdzogs sangs rgyas pa'i gnas de nyid las 'og min zhes gzhan du yod pa'ang mi sems te/__shes pa rtag cig rang dbang can zhig gcig nas gcig tu 'pho ba'i grub mtha' ni rdza chag bye'u 'phur gyi dpes mu stegs pa'i lta ba ngan par 'phyan pa yin la/__des na gang du mngon par byang chub pa'i gnas/__sku gsum 'du 'bral med pa dus bzhi mnyam pa nyid kyi klong gzhon nu bum pa sku yi sbubs lhun grub 'od gsal gyi snang ba 'byams klas shing mtha' dang mu med pa'i dbyings na bla ma khyab bdag gdod ma'i mgon po 'khor ye shes rang snang gi rgyal ba rgya mtshos chos sgra tshig bya rtsol las 'das pa nges gsang rdo rje'i chos 'khor rgya chad phyogs lhung kun bral mtha' dbus med par 'byams klas par rang shar rang snang ba'i tshul gyis bzhugs pa las phyir gsal rang snang longs sku'i zhing rgyan stug po bkod pa dang mngon dga' sogs phyed sprul dang /__thugs rje 'gro ba 'dul ba sprul pa'i zhing khams sogs mdor na sku dang ye shes kyi zhing khams tshad med pas de bzhin gshegs pa dang byang chub sems dpa' dang /__'phags pa nyan thos dang /__rang sangs rgyas/__so so'i skye bo lam la zhugs pa dang /__ma zhugs pa/__gzhan yang sa dang chu dang me sogs 'byung ba che dang yid bzhin gyi nor bu dang /__dpag bsam gyi shing sogs gdul bya'i re skong gang la gang dgos pa 'bad med du stsol ba la sngon slob lam gyi skabs su dam bcas pa'i thugs bskyed kyi go cha btsan pos gzhan dbang dang rang gis mngon du byas pa'i byang chub dang sems can gyi rang bzhin dag pa'i dbyings mnyam pa nyid du mkhyen pa'i phyir tshad med pa'i thugs rje dang smon lam gyi mthu grub pa'i rnam 'phrul bsam gyis mi khyab pa 'gogs pa med cing tha mal gyi bsam yul las 'das pa ji srid nam mkha' gnas kyi bar du 'byung ba ste/__rgyud bla ma las/__gzhan gyi dbang gis nges 'byung dang /__/bdag dang sems can mtshungs gzigs dang /__/mdzad pa yongs su ma rdzogs phyir/__/'khor ba srid du mdzad mi 'chad/__/ces dang /__rdo rje gur las/__'dul ba'i 'jig rten mthong nas ni/__/mi yi gzugs ni du mar byed/__/sangs rgyas sems can skyabs bzhed pas/__/sangs rgyas gar ni rol par mdzad/__/ces dang /__kun mkhyen chos kyi rgyal po'i dgongs pa'i gsang mdzod las/__ngo bo stong pa rin po che chos sku'i sbubs na:__rang bzhin gsal ba longs sku dang :__thugs rje ma 'gags rig pa'i snying po can:__nang gsal du bzhugs pa ni mi snang la rang bzhin yod pa:__gnam stong gi zla ba phyir gsal du ma grub kyang :__nang gsal la bzhugs so:__dus gsum sangs rgyas thams cad dbyings kyi pho brang na bsam gyis mi khyab par bzhugs kyang gcig la gcig mi gzigs te:__chos sku spros pa dang bral ba'i ngang la bzhugs pa'o:__de las ma g.yos bzhin du phyogs bcu'i zhing du longs spyod rdzogs pa dang :__sprul pa'i sku nam mkha'i zla ba las:__chu zla ltar snang bas 'gro ba'i don 'khor ba ma stong gyi bar du mdzad pa ni:__thams cad mkhyen pa'i thugs rje dang :__thabs la mkhas pa'i phrin las ma btsal lhun grub tu bzhugs pa las:__'bad rtsol med par dus thams cad du lhun gyis grub pa yin no:__/__ces rdo rje'i gsang ba zab mo'i gnas nges par bstan pa 'dis rgyal ba'i dgongs pa phyogs tsam mtshon pas na/__rjes 'jug gi gdul bya rnams kyis gsol ba snying gi dkyil nas 'debs na ye shes gzigs pa'i byin rlabs 'jug pa dang /__gdul bya'i rang skal dang 'tshams pa'i mchog gi sprul sku'i zla snang 'char nas bstan 'gro'i don brlabs po che bsgrub par 'gyur ba'ang dpal ldan bla ma'i byin rlabs thugs rje'i rnam rol 'gags med du snang ba'o/__/de skad du gsol 'debs las/__gang du byang chub 'og min gnas mchog der/__/phyir gsal sku dang ye shes sprin bkod pas/__/sangs rgyas kun dang ro mnyam spyod yul gcig__/khyab bdag rdo rje 'chang la gsol ba 'debs/__/slar yang gang 'dul sprul pa chu zla dang /__/nor bu dpag bsam shing ltar rgyun mi chad/__/bgrangs yas 'gro khams yongs su smin pa dang /__/rnam grol byang chub lam la dkri mdzad gsol/__/ces mos gus chen pos gsol ba 'debs pa'o/__/dpal ldan bla ma'i rnam par thar pa las gzugs sku chos dbyings su bsdu tshul 'das rjes dang bcas pa'i skabs kyi sarga ste drug pa'o//____//de ltar 'jam dbyangs bla ma sras bcas rgyal kun 'dus zhal de nyid kyi bka' drin byang chub snying po'i bar du bdag cag gi lus longs spyod kyi dngos po kun gyis mchod na'ang cha tsam gzhal bar dka' zhing /__ji srid rang rang gi sha khrag gi rgya mtsho skem zhing 'khor ba'i mtha' stongs par ma gyur gyi bar de srid du dpal mgon bla ma rigs kyi bdag por thob nas mnyes pa gsum gyis mnyes par bgyid cing mi mnyes pa phra mo tsam du'ang mi byed pa dang /__zab pa dang rgya che ba'i chos kyi bdud rtsis spyi bo nas dbang bskur ba nod de/__bdag rgyud yongs su smin cing sku bzhi grub pa'i lang tsho cir yang rgyas pa dang /__khyad par mchog gsang rdo rje rtse mo'i ye shes 'pho ba'i dbang bskur rig pa'i bcud du smin pa las 'khrul pa gzhi dbyings su dag ste ma 'khrul gdod ma'i gnas lugs mngon du gyur cing tshe 'di nyid la paN chen dri med bshes gnyen dang /__rgyal dbang pad+ma las grol lta bu'i 'ja' lus rdo rje'i sku brnyes te 'gro ba'i don mtha' yas pa skad cig re re la sgrub nus pa rgyal sras 'jam dpal dpa' bo dang kun tu bzang po'i smon lam la dbang 'byor zhing /__de lta bu'i go 'phang mngon du ma gyur gyi bar du mgon po mchog gi zhing gang du bzung ba dang /__byang chub dam pa brnyes pa'i tshul bstan pa ga la ba der bdag kyang 'khor gyi thog mar skyes nas theg chen chos kyi bdud rtsi'i dga' ston la longs spyod pa dang /__gnas skabs su 'jig rten gyi khams kun tu dpal ldan bla ma'i thugs rje'i byin brlab kyi snang bas khyab pa de srid du bstan pa dang bstan 'dzin gyi dbu 'phang mtho zhing /__snod bcud kyi rgud pa zhi nas rdzogs ldan gsar pa'i dpal yon rgyas pa dang /__khyad par gangs can bstan pa'i snying po rgyal dbang pad+mA ka ra'i ring lugs phyogs dus kun tu khyab cing bshad dang sgrub pas nyams su blang bas rig 'dzin mkhas grub rgya mtshos sa steng yongs su khyab pa'i smon lam dang 'brel ba'i shis pa'i tshig gis dge legs su bya ba ste/__gsol 'debs las/__bdag gi dus gsum bsags pa'i dge ba dang /__/lus dang longs spyod 'khor g.yog dang bcas pa/__/rigs kyi bdag po bla ma mchog la 'bul/__/sku gsung thugs kyi dam tshig nyams chag bshags/__/'di nas bzung ste skye ba thams cad du/__/dpal ldan bla ma yid la byed pa dang /__/legs gsungs chos kyi bdud rtsis 'tsho ba dang /__/dgongs pa zab mo yongs su skong nus shog__/mdor na skyid sdug legs nyes ci byung yang /__/pha gcig bla ma 'bod las gzhan med pas/__/thugs rje'i phyag gis nam yang mi gtong zhing /__/dgongs pa'i byin brlab rgyud la 'pho bar shog__/nam zhig byang chub dam pa brnyes pa na/__/bdag kyang 'khor gyi thog mar skye ba dang /__/theg mchog chos kyi dga' ston la spyod pa'i/__/smon lam khyad 'phags 'grub par byin gyis rlobs/__/bstan 'dzin skyes rnams zhabs brtan bshad sgrub 'phel/__/dus 'khrugs kun zhi 'jig rten bde zhing skyid/__/bdag cag tshe mthar phyin cing bsam don 'grub/__/rgyal bstan dar zhing rgyas par mdzad du gsol/__/khyad par rgyal ba kun gyis rab bsngags pa'i/__/pad+ma'i ring lugs snga 'gyur bka' gter chos/__/nyan bshad sgom pas phyogs kyi tha grur khyab/__/rdo rje rtse mo'i bkra shis dpal 'bar shog__/ces pas mtha' brgyan pa'o/__/de rnams kyis dpal ldan bla ma'i rnam par thar pa las/__rang blos gang dpog tsam du smos pa re zhig rdzogs so/__/slar yang tshigs su bcad pa'i phreng bas mjug bsdu ba ni/__A+oM swa sti sid+d+haM/__rgyal ba kun gyi ye shes gsang ba'i mdzod 'dzin pa/__/dpal ldan bla ma rdo rje gsum gyi rnam rol gar/__/rtsod dus gangs can mkhas dang grub pa'i gtsug rgyan che'i/__/zhabs kyi pad+mor slar yang gus pas spyi bos mchod/__1/__gang gi rang bzhin rdo rje nam mkha'i dkyil/__/byis blo'i lag gis 'jal bar byed pa ni/__/nam mkha' stong par sbar mos bsnyabs pa bzhin/__/'dzin par bya ba rdul tsam ma dmigs kyang /__2/__gang gi bka' drin srang la gzhal gyur na/__/skye rgu'i bdag po yis kyang gzhal du ci/__/dngos por gyur pa'i skabs zhig mchis gyur na/__/stong gsum snod du byas kyang shong mi srid/__3/__bdag gzhan rnams kyi rgyud la ye shes kyi/__/chos khams dam pa sgrib byed chu 'dzin gyi/__/nyes pa'i dri ma 'khrud par byed pa la/__/thabs mchog bla ma'i bdud rtsi 'di rmad byung /__4/__dge tshogs rin chen rdul gyi phung po ni/__/gcig tu spungs pas sku bzhi'i lhun po brjid/__/'od gsal rdo rje'i ba gam mngon par mtho/__/yid bzhin rin chen tog gis rnam par mdzes/__5/__shin tu rtogs dka'i gsang ba'i snying po 'di/__/sgo 'byed gnad kyi lde'u mig gzhan gyis min/__/'khor 'das mes po kun tu bzang po des/__/zab myur bla ma'i thabs mchog bstan 'dir slob/__6/__bla ma 'di ni bde chen gtso mchog gar/__/gcig pu'i nyams kyi ye shes ros sgeg cing /__/sa gsum kun na khyab par 'phro ba yi/__/bla ma las gzhan 'khor 'das chos ma dmigs/__7/__de phyir bdag la dgyes pa'i zhal ngom zab mo'i gdams pa rjes su bstan/__/rig pa dang ni rkang par ldan byas chos kyi sras su bdag dbang bskur/__/byang chub rdo rje snying la bstim byas rang rig chos sku'i nor bu rnyed/__/rnam grol zhi ba mchog gi rang bzhin bdag gyur dam pa e ma hoH8/__de slad nyid du bla ma'i rnam thar ni/__/sa dang nam mkha' rgya mtsho chen po bzhin/__/bsam yas 'phags pa kho na'i spyod yul la/__/bdag 'dras sor mos ngal ba 'di ci zhig9/__de lta na yang tshu rol mthong ba'i blos/__/cha shas tsam zhig gus pas blang byas te/__/bkod pa'i legs byas dge tshogs nor bu 'di/__/bla ma dgyes pa'i mchod sprin dam par 'bul/__10/__mtha' klas 'gro ba kun kyang sgrib gsum dag__/rang rig dpal ldan bla ma'i rang zhal mjal/__/ye shes bla ma'i sa la phyin pa dang /__/kun bzang gdod ma'i klong du byang chub shog11/__bdag kyang tshe rabs kun tu bla ma rje'i/__/zhabs mthil rdul 'od dmar por btud byas te/__/gsung gsang gdams pa'i gter mdzod rnyed pa dang /__/bla ma'i lam gyis grol ba rnyed gyur cig12/__bstan 'dzin skyes rnams zhabs pad rab brtan bstan pa'i sbyin bdag dbu 'phang mtho/__/bstan la gnod pa'i mi mthun kun zhi bstan pa'i mnga' thang phyogs bcur rgyas/__/bstan pa'i snying po bshad sgrub la brtson bstan la bya ba byed pa dang /__/bstan pa rab spel tshe bsod 'byor ldan bstan pa dar rgyas bkra shis shog__/13/__/ces pa'ang dpal mgon bla ma khyab bdag rdo rje sems dpa'i zhal skyin 'gyur med pad+ma rnam rgyal gyi rtogs brjod mdor bsdus dad pa'i 'jug ngogs ces bya ba 'di yang dbon mkhyen rab mchog rgyas dge legs rgya mtsho dang brag yab zhing skyong bcas nas rje bla ma'i bstan bcos rtsom gzhi'i phyag gam byin rlabs kyi gzi 'od 'phro ba'i gnang skyes dang bcas bri bar bskul zhing rdo rje'i mched po 'jam mgon gu Na sa ga ra'i mchog sprul rin po che'i zhal snga nas kyang grub na legs pa'i gsungs bskul mdzad kyang /__bdag nyid rje bla ma 'di nyid kyi zhabs pad brten yun thung ba dang /__gsang ba bsrung ba la thugs shin tu sgam pas thun min gyi rtogs brjod su la'ang bka' stsal med pas rnam thar 'bri rgyus phongs pa dang /__thun mong gi rtogs brjod kyang phyag tho sogs gsal por med pas rgyas par 'bri ba rngo ma thogs kyang /__rang gis sngar bris pa'i dam pa'i rnam thar spyir bsngags pa'i rnam thar gsol 'debs kyi don 'grel mdor bsdus su skyabs mchog 'khor lo'i mgon po de nyid kyi bka' 'bang gi gral mthar 'khod cing 'jam dbyangs mkhyen brtse'i dbang po'i byin rlabs kyi cha shas tsam thob pa 'jam dbyangs blo gros rgya mtsho dpal bzang pos smos rim bzhin yi ge'i byed po rang slob mchog sprul 'gyur med bstan 'dzin gyis bgyis pa 'di la sgro bskur gyi skyon mchis na dpal mgon thugs rje'i bdag nyid can la bzod par gsol zhing legs pa'i dge bas bdag gzhan thams cad kyi rgyud la ye shes gzigs pa'i byin rlabs myur du 'jug pa'i rgyur gyur cig__/shu b+ham stu sarba dza ga tAM//____//

Footnotes

Other Information