Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
།ཅེས་གོང་གི་ཤློ་ཀ་གཅིག་པོ་རྗེ་ཉིད་ཀྱི་དག་སྣང་དུ་བྱུང་བ་དང༌། ཞབས་བརྟན་སྔར་བརྩམས་ལ་ཕྱིས་གསོལ་འདེབས་སུ་སྒྱུར་བ་པོའང་བློ་གྲོས་མཐའ་ཡས་ཏེ། སྐྱེ་བ་ཀུན་ཏུ་རྗེ་བཙུན་བླ་མས་རྗེས་སུ་བཟུང་བའི་རྒྱུར་གྱུར་ཅིག།  +
ཅེས་པའང་ཨ་བུ་ཧྲལ་པོས་གང་དྲན་བརྗོད་པ་དགེ་ལེགས་འཕེལ། །དགེའོ། །དགེའོ། །དགེའོ།  +
ས་པའང་གཞོན་ནུ་བློ་གྲོས་ཀྱིས་ཤར་མར་སྤེལ་བའི་ཡི་གེ་པ་ནི་རྡོ་རྗེའི་མཆེད་པོ་འོད་ཟེར་དཔལ་འབར་གྱིས་བགྱིས་པ་དགེའོ། །དགེའོ། །དགེའོ། །བཀྲ་ཤིས། མངྒ་ལཾ།། །།  +
ཅེས་པའང་ས་གླང་རྒྱལ་ཟླའི་དུས་དྲན་མཆོད་པར་པདྨ་ཡེ་ཤེས་རྡོ་རྗེས་གསོལ་བ་བཏབ་པ་དགེའོ།།  +
།ཅེས་པའང་རྩེ་གཅིག་གུས་པས་གསོལ་བ་བཏབ་པ་སརྦ་ཨརྠ་སིདྡྷི་རསྟུ།  +
།ཅེས་པའང་རང་ལོ་སོ་གསུམ་སྣྲོན་ཟླའི་ཚེས་གཅིག་ལ་རྗེ་བླ་མའི་གདན་ས་མཇལ་བ་ན་དད་སྤྲོ་དང་དགའ་སྐྱོ་འདྲེས་མའི་ངང་དེ་གར་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་གི་ཉེ་ལོགས་སུ་པདྨ་ཡེ་ཤེས་རྡོ་རྗེས་མོས་གུས་དྲག་པོས་གསོལ་བ་འདེབས་པ་བླ་མའི་བྱིན་བརླབས་སྙིང་ལ་འཇུག་པར་བྱིན་གྱིས་བརླབ་ཏུ་གསོལ། སརྦ་སིདྡྷི་རསྟུ། ཤུ་བྷཾ།།  +
ཞེ་ཆེན་རབ་འབྱམས་སྤྲུལ་སྐུ་ལ་ཕུལ་བའི་ཚེ་ཁོ་བོའི་རྣམ་རྟོག་གི་རང་གཟུགས་འདི་དག་ཀྱང་ཀུན་གཟིགས་བླ་མའི་རྡོ་རྗེའི་བཀའ་ལུང་ཁྲོལ་བས་གཟུ་ལུམ་གྱི་ནོངས་པ་མེད་སྙམ་གྱིས་ཁ་སྐོང་འཇུག་བདེའི་ཚུལ་དུ་མང་དུ་ཐོས་པའི་གྲོང་སྔགས་རྒན་པོ་པདྨ་གར་དབང་མདོ་སྔགས་གླིང་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི་བྱེ་བྲག་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་གི་ཉེ་འགྲམ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་དུ་བྲིས་པའི་ཡི་གེའི་བྱེད་པོ་སྔགས་སྟོན་སྤོང་བ་པ་འཇིགས་མེད་སྐལ་བཟང་གིས་དད་གུས་ཀྱིས་བགྱིས་པ་བསྟན་འགྲོའི་དཔལ་ཡོན་གྱི་གསོས་སྨན་དུ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག།  +
།ཅེས་པའང་ཡེ་ན་དགེ་སློང་ཤེས་རབ་ཕུན་ཚོགས་ནས་ཤེས་བྱ་མ་འབུམ་ཐེར་གཅིག་གསུང་བའི་ཞལ་བཞེས་དང་རྟེན་བཅས་སྔ་ཕྱིར་བསྐུལ་བ་དང་། ཀུན་མཁྱེན་བླ་མ་འདི་ཉིད་རྗེ་བཙུན་གོང་མ་ལྔ་དང་། རྗེ་རྡོ་རྗེ་འཆང་བཅས་ཀྱི་མདོ་སྔགས་ཀྱི་དགོངས་བཞེད་འཁྲུལ་མེད་དུ་སྟོན་པའི་མཁས་གྲུབ་ཀུན་གྱི་གཙུག་གི་རྒྱན་ཅིག་འདི་ལྟ་བུ་ལ་གསོལ་བ་བཏབ་ན་ཕ་རྗེས་བུས་ཟིན་ངེས་པར་འབྱུང་སྙམས་ཤིང་། དེང་དུས་ཀྱི་དཔེ་ཆ་བ་རྣམས་ཁ་སུ་མང་གི་ཁ་ཟེགས་བསྡུས་པའི་བཤད་ཡམ་བོར་ནས་གཞན་ལ་ཁྱད་གསོད་སྤངས་ཏེ་རང་གི་ཆོས་ཀྱི་ཟབ་གནད་ཀུན་མཁྱེན་བླ་མའི་ལེགས་བཤད་ལྟར་བཟུང་ནས་བསྟན་པ་འཛིན་ན་དོན་ཆེ་བར་མཐོང་ཞིང་བླ་མའི་རྣལ་འབྱོར་ཡང་རང་ལུགས་ཀྱེ་རྡོར་ལམ་ཟབ་ལས་ལྷག་པ་མི་དགོས་ཀྱང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྐུ་ཡི་རྣམ་པ་དྲན་པའི་གསོས་འདེབས་སུ་རང་ཉིད་ཀྱང་སྤྲོ་བར་གྱུར་ཅིང་གཞན་ཨ་གསར་ཅན་རྣམས་ལའང་ཕན་པ་ཅུང་ཟད་རེ་འགྱུར་སྙམས་ནས་ལམ་ཟབ་ཀྱི་གཞུང་བླ་མ་གོང་མའི་གསུང་བྱིན་ཅན་རྣམས་བསྒྲིགས། རྨོངས་ཚིག་གསར་བསྣན་ཁ་ཤས་ཀྱང་བགྱིས་ཏེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཐུན་བར་གཅིག་ལ་ཤར་མར་བྲིས་པ་འདིས་ཀྱང་རང་གཞན་རྣམས་ཀྱི་རྒྱུད་ལ་བླ་མའི་བྱིན་བརླབ་མྱུར་དུ་འཇུག་པར་གྱུར་ཅིག །སརྦ་མང་ག་ལཾ།།  +
ཅེས་པའང་རྗེ་འདི་ཉིད་ལ་དད་པ་བརྟན་པོར་ཐོབ་པ་རྨོངས་བརྟུལ་ཆོས་ཀྱི་བློ་གྲོས་པས་ཤྲཱི་ནཱ་ལེནྡྲ་གཉིས་པ་བཀྲ་ཤིས་ལྷ་རྩེའི་གཟིམས་བསྐྱིལ་དུ་རྩེ་གཅིག་གསོལ་བ་བཏབ་པ་སིདྡྷི་རསྟུ། །  +
།ཞེས་པའང་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་གནས་འབྲེལ་ལ་ལྷགས་པའི་ཚེ་ཚོགས་ཀྱི་འཁོར་ལོ་སྟོང་ཕྲག་ཐལ་བར་བགྱིས་བའི་དགའ་སྟོན་དུ་དམར་ཕྱོགས་ཌཱ་ཀི་འདུ་བའི་དུས་ཀྱི་རྒྱལ་པོར་གླུ་བླངས་པའོ།།  +
།ཞེས་པ་འདིའང་མཉྫུ་གྷོཥས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།།  +
།དེ་ལྟར་རབ་ཏུ་གནས་པའི་ཆོ་ག་འདི་ནི་ལོ་ཆེན་གྱི་སྡོམ་གཞིར་བཞག །འོན་ཀྱང་སྟ་གོན་གྱི་སྡོམ་ཚིག་ལེགས་བཤམ་དང་། དངོས་གཞིའི་ཐོ་རངས་གཉིས་གོ་བརྗེས། གཞན་མ་ཚང་བ་མེད་པར་བཀོད་པའི་ཁྲིགས་ཆགས་ལ་རྗེ་བཙུན་ཆེན་པོའི་དོན་གསལ། བླ་ཆེན་འཕགས་པའི་ཉིན་གང་མ་སཾ་གྷ་མི་ཏྲ། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཀྲ་ཤིས་རྒྱ་མཚོ། ཀུན་མཁྱེན་ཆེན་པོའི་དགེ་ལེགས་རྒྱ་མཚོ། ལུམ་པ་ཆོས་རྗེ་ཀུན་དགའ་ཆོས་གྲགས་ཀྱི་དངོས་གྲུབ་རྒྱ་མཚོ། གུང་རུ་ཤེས་རབ་བཟང་པོའི་ཟིན་བྲིས་རྣམས་ཀྱི་དགོངས་པ་ཞིབ་ཏུ་དཔྱད་པའི་ཉིན་གོང་མའི་རབ་གནས་ནག་པོ་འགྲོ་ཤེས་སུ་བསྡེབས་པ་ནི་ཤཱཀྱའི་དགེ་སློང་ཀུན་དགའ་ལྷུན་གྲུབ་ཀྱིས་དཔལ་རྨོར་གྱི་བླ་བྲང་ཡང་རྩེར་སྦྱར་བའོ། །སླར་ཡང་ཞལ་སྐོང་ཅུང་ཟད་དང་བཅས་མཉྫུ་གྷོ་ཥས་དག་པར་བྲིས་པ་དགེ་ཞིང་བཀྲ་ཤིས། །སརྦ་མངྒ་ལཾ།  +
།ཅེས་པའང་ཆོས་ཀྱི་བློ་གྲོས་བས་སོ།།  +
།ཅེས་ཀཿཐོག་ཉིན་དགོན་མཆོག་སྤྲུལ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའི་སྐྱེ་སྲིད་རིན་པོ་ཆེར་འཇམ་དཔལ་སྐལ་བཟང་འཆི་མེད་བཤད་སྒྲུབ་རྒྱལ་མཚན་ཅེས་པའི་མཚན་འབུལ་དང་ཆབ་ཅིག་བཀྲ་ཤིས་པའི་ལྷ་རེག །གསང་གསུམ་རྡོ་རྗེ་གསུམ་གྱི་སྣང་བརྙན། ཞལ་དཀར་བཅུད་ལྡན། ཟབ་སྦབས་སྐུ་སྟོད་ཁ་གསར་སྤུས་ལེགས། སྐུ་གཟན་རྩི་ཕྲུས་དམར་བཅས་ཤིང་བྱ་ཆུ་སྟོད་ཟླ་བའི་གྲལ་ཚེས་བཟང་པོར་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །  +
།ཅེས་པ་འདི་དཀོན་མཆོག་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཀཿཐོག་ཏུ་བྲིས་པའོ།།  +
།ཅེས་པའང་། འཁོར་ལོའི་མགོན་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དེ་ཉིད་ཀྱི་བཅའ་ཡིག་ཆེན་མོ་མཛད་བཞེད། མཆོད་བརྗོད་བིཪྺ་ཏ་བཅས་ལྗགས་རྩོམ་གནང་བ་རྟེན་འབྲེལ་གྱི་མཛད་པ་འཕྲོ་ཅན་དུ་གྱུར་པ་སྐྱབས་མགོན་དགེ་རྩེའི་མཆོག་སྤྲུལ་རིན་པོ་ཆེས་བསྐུལ་བ་དང་སྡེ་སྣོད་རྒྱ་མཚོའི་དཔལ་གྱིས་འབྱོར་པ་མཁན་ལེགས་བཤད་འབྱོར་ལྡན་གྱིས་ཀྱང་གསུང་གི་བསྐུལ་བ་ལ་སྟེན་ཆོས་རྗེ་ཀཿཐོག་པ་ཆེན་པོ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་རེག་ཅིང་གང་གི་ཐུགས་རྗེ་ཚད་མེད་པའི་བཀའ་དྲིན་གྱིས་ཉེ་བར་འཚོ་བ་འཇམ་དབྱངས་མཁྱེན་རྩེའི་དབང་པོའི་ཕྲིན་ལས་ཀྱི་བྱེད་པོར་ཡིད་དམ་དུ་བཅའ་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོས་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་བྲིས་པ་དགེ་ལེགས་འཕེལ། རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་དཱ་ཀལྱཱ་ནཾ་བྷ་ཏུ། མངྒ་ལཾ། ཤུ་བྷཾ།།  +
།ཅེས་རབ་བྱུང་བཅུ་དྲུག་པའི་རྒྱལ་ཟླའི་ཚེས་ལ་དགེའོ། །དགེའོ། །སརྦ་མངྒ་ལཾ། ཤུ་བྷཾ།  +
།ཅེས་དཔལ་ཀཿཐོག་པའི་བསྟན་འཛིན་ཆེན་པོ་སི་ཏུ་མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་གཞན་དོན་དུ་གཤེགས་པའི་སྐབས་གསོལ་འདེབས་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་ལྷན་རྒྱས་ཀྱི་བཀྲ་ཤིས་པའི་ལྷ་རེག་བཅས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བ་སྤྱི་བོར་ཕེབས་པ་གུས་པས་མཆོད་དེ། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་བྷ་བ་ཏུ།།  +
།ཅེས་གསོལ་བ་འདེབས་རྟེན་བཀྲ་ཤིས་པའི་ལྷ་རེག །འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་བྲིས་སྐུ་སྒྲོས་ལེགས། དཔལ་ཀརྨ་ཀ་བཅུ་གསུམ་བདུད་ཚོགས་འདུལ་བའི་རྡོ་རྗེའི་གསུང་རབ་གླེགས་བམ་ཟུང་། རྗེ་བཙུན་ཡིད་བཞིན་འཁོར་ལོའི་རིག་པའི་ཙཀྲ། བཟང་སྤོས་དྲི་ཞིམ་བམ་པོ་གསུམ་བཅས་ས་འབྲུག་ཟླ་༥ཚེས༡༦དགེ་བར་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གུས་པ་ཆེན་པོས་ཕུལ་བ་སིདྡྷི་རསྟུ།།  +
།ཅེས་རྣམ་འདྲེན་སྤྲུལ་པའི་སྐུ་མཆོག་དམ་པར་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་འཇིགས་མེད་ཆོས་ཀྱི་སྣང་བ་ཞེས་པའི་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་འདིའང་གངས་ཅན་བོད་ཀྱི་རྡོ་རྗེ་གདན་དཔལ་ཀཿཐོག་ནས་སྐྱབས་མགོན་སྐུ་ཞབས་རིན་པོ་ཆེའི་རྡོ་རྗེའི་བཀའ་ལུང་སྤྱི་བོར་སྩལ་བ་གུས་པས་མཆོད་དེ། བྱ་བྲལ་བ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།  +