ཀཿཐོག་དཀར་ཆུའི་བསང་མཆོད།

From Khyentse Lineage - A Tsadra Foundation Project
Wylie title kaH thog dkar chu'i bsang mchod JKCL-KABUM-11-DA-100.pdf
Location chos kyi blo gros bka' 'bum
Volume 11, Text 100, Pages 503-504 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. kaH thog dkar chu'i bsang mchod. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 503-504. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon

།ཅེས་པ་འདི་དཀོན་མཆོག་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཀཿཐོག་ཏུ་བྲིས་པའོ།།

/ces pa 'di dkon mchog ngor 'jam dbyangs blo gros rgya mtshos kaHthog tu bris pa'o//

1 Texts in this Section (sde tshan or chos tshan)

[edit]
ཀཿཐོག་དཀར་ཆུའི་བསང་མཆོད་བཞུགས། རྃ་ཡྃ་ཁྃ་གིས་མི་གཙང་བསྲེག་གཏོར་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་མཆོད་གཏོར་འདོད་དགུར་སྤེལ། །བཟང་ཤིང་དུད་སྤྲིན་ས་དང་བར་སྣང་ཁྱབ། །མི་གཙང་ཉམས་གྲིབ་སེལ་བའི་ནུས་ལྡན་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས། ཀྱེ། སངས་རྒྱས་བསྟན་པ་ལེགས་སྐྱོང་ཞིང་། །སྟོན་པའི་ཞབས་ཅག་ལྡིང་ཅན་བདག །ཀླུ་རྒྱལ་ཡིད་བཞིན་ནོར་བུ་ནི། །རྗེ་བཙུན་འཕགས་མའི་རྣམ་པར་འཕྲུལ། །ས་བརྒྱད་སེམས་དཔའ་ཆེན་པོ་ནི། །དཀར་གསལ་ཟླ་བ་ཆུ་ཤེལ་ལྟར། །ཕྱག་གཉིས་ནོར་བུ་ཐུགས་ཀར་འཛིན། སྐུ་སྨད་སྦྲུལ་འཇུག་གདེངས་ཀ་ལྡན། །བསྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །ཡུམ་སྲས་འཁོར་ཚོགས་རྒྱ་མཚོ་རྣམས། །རྫུ་འཕྲུལ་སྟོབས་ཀྱིས་འདིར་བྱོན་ནས། །བསང་མཆོད་དམ་པ་འདི་བཞེས་ཤིག །ཁྱད་པར་ཀླུ་ཡི་དཀོར་ཆ་དང་། །ནད་ཀུན་སེལ་བའི་སྨན་མཆོག་གིས། །དབང་པོ་དྲུག་ལ་དགྱེས་པར་རོལ། །བཅོམ་ལྡན་ཀླུ་ཡི་དབང་ཕྱུག་དང་། །ཐུགས་རྗེའི་བདག་པོ་སེངྒེའི་སྒྲ། །ཚེ་སྦྱིན་ཡིད་བཞིན་འཁོར་ལོ་སོགས། །ཁྱེད་ཀྱི་མགོན་དུ་རྟག་བཞུགས་ནས། །དྲི་མེད་ཐུགས་ཀྱི་ཆར་རྒྱུན་གྱིས། །ལུས་དང་སེམས་ཀྱི་གནོད་པ་བསལ། །འདོད་དགུའི་གཏེར་ཆེན་རབ་རྒྱས་ནས། །ནམ་མཁའ་མཛོད་ལ་མངའ་བརྙེས་ཤོག །པད་འབྱུང་བཻ་རོ་ཙ་ན་དང་། །ཆོས་རྗེ་དམ་པ་ཡབ་སྲས་ཀྱི། །བཀའ་དང་དམ་ཚིག་དྲན་གྱིས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ས་གཉེན་རྐོས་དང་རྡོ་གཉེན་རློག །ཤིང་གཉེན་བཅད་པ་ལ་སོགས་པ། །འགལ་འཁྲུལ་ཉམས་ཆགས་མཐོ་ལོ་བཤགས། །ཁྱོད་ཐུགས་དགྱེས་པའི་རོལ་མཚོ་ལས། །བྱུང་བའི་ནོར་བུའི་རྦ་རླབས་ཀྱིས། །བཀྲེས་བསྐོམ་དབུལ་ཕོངས་རབ་ཞི་ཞིང་། །སྣོད་བཅུད་རྒུད་པ་ཐམས་ཅད་སོལ། །འཁོར་འདས་བཅུད་རྣམས་གཡང་དུ་འཁྱིལ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཅེས་པ་འདི་དཀོན་མཆོག་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཀཿཐོག་ཏུ་བྲིས་པའོ།། །།
[edit]

kaHthog dkar chu'i bsang mchod bzhugs/__ra~M ya~M kha~M gis mi gtsang bsreg gtor sbyangs/__/oM AHhU~M gis mchod gtor 'dod dgur spel/__/bzang shing dud sprin sa dang bar snang khyab/__/mi gtsang nyams grib sel ba'i nus ldan gyur/__na maHsarba ta thA ga ta sogs nam mkha' mdzod kyi sngags kyis byin gyis brlabs/__kye/__sangs rgyas bstan pa legs skyong zhing /__/ston pa'i zhabs cag lding can bdag__/klu rgyal yid bzhin nor bu ni/__/rje btsun 'phags ma'i rnam par 'phrul/__/sa brgyad sems dpa' chen po ni/__/dkar gsal zla ba chu shel ltar/__/phyag gnyis nor bu thugs kar 'dzin/__sku smad sbrul 'jug gdengs ka ldan/__/bsgrub pa po la dngos grub ster/__/yum sras 'khor tshogs rgya mtsho rnams/__/rdzu 'phrul stobs kyis 'dir byon nas/__/bsang mchod dam pa 'di bzhes shig__/khyad par klu yi dkor cha dang /__/nad kun sel ba'i sman mchog gis/__/dbang po drug la dgyes par rol/__/bcom ldan klu yi dbang phyug dang /__/thugs rje'i bdag po seng+ge'i sgra/__/tshe sbyin yid bzhin 'khor lo sogs/__/khyed kyi mgon du rtag bzhugs nas/__/dri med thugs kyi char rgyun gyis/__/lus dang sems kyi gnod pa bsal/__/'dod dgu'i gter chen rab rgyas nas/__/nam mkha' mdzod la mnga' brnyes shog__/pad 'byung bai ro tsa na dang /__/chos rje dam pa yab sras kyi/__/bka' dang dam tshig dran gyis la/__/bdag cag yon mchod 'khor bcas kyi/__/sa gnyen rkos dang rdo gnyen rlog__/shing gnyen bcad pa la sogs pa/__/'gal 'khrul nyams chags mtho lo bshags/__/khyod thugs dgyes pa'i rol mtsho las/__/byung ba'i nor bu'i rba rlabs kyis/__/bkres bskom dbul phongs rab zhi zhing /__/snod bcud rgud pa thams cad sol/__/'khor 'das bcud rnams g.yang du 'khyil/__/bkra shis bde legs phun tshogs shog__/ces pa 'di dkon mchog ngor 'jam dbyangs blo gros rgya mtshos kaHthog tu bris pa'o//__//

Footnotes

Other Information