ཀུན་མཁྱེན་རིན་པོ་ཆེ་བསོད་ནམས་སེང་གེའི་བླ་མའི་རྣལ་འབྱོར་ཡེ་ཤེས་སྣང་སྟེར།

From Khyentse Lineage - A Tsadra Foundation Project
JKCL-KABUM-04-NGA-032
Wylie title kun mkhyen rin po che bsod nams seng ge'i bla ma'i rnal 'byor ye shes snang ster JKCL-KABUM-04-NGA-032.pdf
Location chos kyi blo gros bka' 'bum
Volume 4, Text 32, Pages 235-260 (Folios 1a1 to 13b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People གོ་རམས་པ་བསོད་ནམས་སེངྒེ་ (go rams pa bsod nams seng ge)
Citation 'jam dbyangs mkhyen brtse chos kyi blo gros. kun mkhyen rin po che bsod nams seng ge'i bla ma'i rnal 'byor ye shes snang ster. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 235-260. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་ཡེ་ན་དགེ་སློང་ཤེས་རབ་ཕུན་ཚོགས་ནས་ཤེས་བྱ་མ་འབུམ་ཐེར་གཅིག་གསུང་བའི་ཞལ་བཞེས་དང་རྟེན་བཅས་སྔ་ཕྱིར་བསྐུལ་བ་དང་། ཀུན་མཁྱེན་བླ་མ་འདི་ཉིད་རྗེ་བཙུན་གོང་མ་ལྔ་དང་། རྗེ་རྡོ་རྗེ་འཆང་བཅས་ཀྱི་མདོ་སྔགས་ཀྱི་དགོངས་བཞེད་འཁྲུལ་མེད་དུ་སྟོན་པའི་མཁས་གྲུབ་ཀུན་གྱི་གཙུག་གི་རྒྱན་ཅིག་འདི་ལྟ་བུ་ལ་གསོལ་བ་བཏབ་ན་ཕ་རྗེས་བུས་ཟིན་ངེས་པར་འབྱུང་སྙམས་ཤིང་། དེང་དུས་ཀྱི་དཔེ་ཆ་བ་རྣམས་ཁ་སུ་མང་གི་ཁ་ཟེགས་བསྡུས་པའི་བཤད་ཡམ་བོར་ནས་གཞན་ལ་ཁྱད་གསོད་སྤངས་ཏེ་རང་གི་ཆོས་ཀྱི་ཟབ་གནད་ཀུན་མཁྱེན་བླ་མའི་ལེགས་བཤད་ལྟར་བཟུང་ནས་བསྟན་པ་འཛིན་ན་དོན་ཆེ་བར་མཐོང་ཞིང་བླ་མའི་རྣལ་འབྱོར་ཡང་རང་ལུགས་ཀྱེ་རྡོར་ལམ་ཟབ་ལས་ལྷག་པ་མི་དགོས་ཀྱང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྐུ་ཡི་རྣམ་པ་དྲན་པའི་གསོས་འདེབས་སུ་རང་ཉིད་ཀྱང་སྤྲོ་བར་གྱུར་ཅིང་གཞན་ཨ་གསར་ཅན་རྣམས་ལའང་ཕན་པ་ཅུང་ཟད་རེ་འགྱུར་སྙམས་ནས་ལམ་ཟབ་ཀྱི་གཞུང་བླ་མ་གོང་མའི་གསུང་བྱིན་ཅན་རྣམས་བསྒྲིགས། རྨོངས་ཚིག་གསར་བསྣན་ཁ་ཤས་ཀྱང་བགྱིས་ཏེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཐུན་བར་གཅིག་ལ་ཤར་མར་བྲིས་པ་འདིས་ཀྱང་རང་གཞན་རྣམས་ཀྱི་རྒྱུད་ལ་བླ་མའི་བྱིན་བརླབ་མྱུར་དུ་འཇུག་པར་གྱུར་ཅིག །སརྦ་མང་ག་ལཾ།།

/ces pa'ang ye na dge slong shes rab phun tshogs nas shes bya ma 'bum ther gcig gsung ba'i zhal bzhes dang rten bcas snga phyir bskul ba dang /__kun mkhyen bla ma 'di nyid rje btsun gong ma lnga dang /__rje rdo rje 'chang bcas kyi mdo sngags kyi dgongs bzhed 'khrul med du ston pa'i mkhas grub kun gyi gtsug gi rgyan cig 'di lta bu la gsol ba btab na pha rjes bus zin nges par 'byung snyams shing /__deng dus kyi dpe cha ba rnams kha su mang gi kha zegs bsdus pa'i bshad yam bor nas gzhan la khyad gsod spangs te rang gi chos kyi zab gnad kun mkhyen bla ma'i legs bshad ltar bzung nas bstan pa 'dzin na don che bar mthong zhing bla ma'i rnal 'byor yang rang lugs kye rdor lam zab las lhag pa mi dgos kyang /__kun mkhyen chos kyi rgyal po'i sku yi rnam pa dran pa'i gsos 'debs su rang nyid kyang spro bar gyur cing gzhan a gsar can rnams la'ang phan pa cung zad re 'gyur snyams nas lam zab kyi gzhung bla ma gong ma'i gsung byin can rnams bsgrigs/__rmongs tshig gsar bsnan kha shas kyang bgyis te 'jam dbyangs chos kyi blo gros pas thun bar gcig la shar mar bris pa 'dis kyang rang gzhan rnams kyi rgyud la bla ma'i byin brlab myur du 'jug par gyur cig__/sarba mang ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཀུན་མཁྱེན་རིན་པོ་ཆེ་བསོད་ནམས་སེང་གེའི་བླ་མའི་རྣལ་འབྱོར་ཡེ་ཤེས་སྣང་སྟེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པུཎྱཻ་སེང་ཧ་ཛྙཱ་ན་ཀཱ་ལ་ཡེ། ཤེས་བྱའི་ཆོས་རྣམས་མ་འདྲེས་གཟིགས། །མཁྱེན་ནུས་བརྩེ་བའི་ཡེ་ཤེས་སྐུ། །བླ་མའི་ཞབས་ལ་གུས་བཏུད་ནས། །ཟབ་ལམ་བླ་མའི་རྣལ་འབྱོར་སྤེལ། །དེ་ལ་མཆོག་ཐུན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ལམ་ཟབ་མོའི་རྣལ་འབྱོར་ལ་གཞོལ་བར་འདོད་པས་དང་པོ་ཁོ་ནར་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་ཡང་ཡང་བློ་སྦྱངས་ཏེ་འདིའི་ཉམས་ལེན་ལ་འཇུག་པར་བྱའོ། །དེ་ལ་ཡང་ཐོག་མར་མདུན་གྱི་ནམ་མཁར་བླ་མ་རྒྱལ་བ་སྲས་བཅས་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའ་ཡི། །མཐའ་དང་མཉམ་པའི་སེམས་ཅན་མ་ལུས་པ། །དུས་འདི་ནས་ནི་བྱང་ཆུབ་མ་ཐོབ་བར། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས། །གཅིག་ཏུ་བསྡུས་པ་སངས་རྒྱས་ཀུན་གྱི་དངོས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས། །འཕགས་པའི་དགེ་འདུན་ཀུན་གྱི་མངའ་བདག་ཆེ། །ཞེས་པའི་མཐར། དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །སྤངས་རྟོགས་མཐར་ཕྱིན་སྟོན་པ་སངས་རྒྱས་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །ལུང་རྟོགས་བདག་ཉིད་བསྟན་པ་དམ་ཆོས་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །རྒྱལ་སྲས་བསྟན་འཛིན་འཕགས་པའི་དགེ་འདུན་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །ཞེས་ཅི་མང་བརྗོད་པའི་མཐར། བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེ། །རྣམ་པ་གསུམ་ལ་ཕྱག་འཚལ་གསོལ་བ་འདེབས། །ཁྱེད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །བདག་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །དམ་ཆོས་ལམ་དུ་ལོངས་པར་བྱིན༴ །ལམ་གྱི་འཁྲུལ་པ་ཞི་བར༴ །འཁྲུལ་སྣང་དབྱིངས་སུ་འཆར་བར༴ །ཆོས་མིན་རྣམ་རྟོག་འགག་པར༴ །བྱམས་དང་སྙིང་རྗེ་སྐྱེ་བར༴ །བྱང་ཆུབ་སེམས་གཉིས་འབྱོངས་པར༴ །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །སེམས་བསྐྱེད་པ་ནི། མར་གྱུར་འགྲོ་རྣམས་སྲིད་ལས་བསྒྲལ་བའི་ཕྱིར། །དོན་དུ་བླ་མེད་བྱང་ཆུབ་ཐོབ་པར་བྱ། །དེ་ཡི་ཆེད་དུ་སངས་རྒྱས་ཀུན་གྱི་ལམ། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླངས་བར་བགྱི། །ལན་གསུམ་བརྗོད། ཚོགས་རྟེན་གསལ་གདབ་པ་ནི། གཟུང་འཛིན་སྣང་བ་སྣོད་བཅུད་དབྱིངས་སུ་ཐིམ། །ཡེ་ཤེས་རང་སྣང་འོད་གསལ་འབྱམས་ཀླས་པའི། །བདེ་ཆེན་ཞིང་གི་བཀོད་པ་མཐའ་ཡས་དབུས། །རང་མདུན་སྨིན་མཚམས་ཐད་ཀྱི་མཁའ་དབྱིངས་ངོགས། །མཆོད་པའི་སྤྲིན་ཆེན་རྒྱ་མཚོ་བྲིས་པའི་ཀློངས། །ལྔ་ལྡན་འཇའ་སྤྲིན་འཐིབས་པའི་གུར་ཁང་ན། །འཕྲོག་བྱེད་བརྒྱད་ཀྱིས་བཏེག་པའི་རིན་ཆེན་ཁྲི། །སྣ་ཚོགས་ནོར་བུའི་རྒྱན་གྱིས་རབ་མཛེས་ཤིང་། །དྲི་མེད་པད་དཀར་ཟླ་བ་རྒྱས་པའི་སྟེང་། །བདག་གི་སྐྱབས་མཆོག་སྲིད་ཞིའི་གདུང་བ་སེལ། །དྲན་པ་ཙམ་གྱིས་དངོས་གྲུབ་མཆོག་སྟེར་བ། །རྩ་བའི་བླ་མ་ཀུན་མཁྱེན་ཆོས་ཀྱི་རྗེ། །བགྲང་ཡས་བསོད་ནམས་རྒྱ་མཚོའི་གཟུགས་ཀྱི་སྐུ། །མཚན་དཔེའི་དཔལ་འབར་གསུང་དབྱངས་སེང་གེའི་སྒྲ། །མཉམ་པར་མ་བཞག་མེད་པའི་ཐུགས་མངའ་བ། །ཡོན་ཏན་དཔག་ཡས་སྐྱབས་ཀུན་འདུས་པའི་རྗེ། །ཕྲིན་ལས་ཉི་མ་སྟོང་གི་གཟི་བརྗིད་དང་། །ཟླ་བ་རྒྱུ་སྐར་བྱེ་བའི་འོད་ཀྱིས་མཛེས། །བསོད་ནམས་སྐུ་མཆོག་ནོར་བུ་ཆུ་ཤེལ་ལ། །པདྨ་ར་གའི་ཉིང་ཁུས་བྱུག་པ་བཞིན། །དཀར་དམར་མདངས་ལྡན་སྐུ་ཡི་དཀྱིལ་འཁོར་རྒྱས། །ཡེ་ཤེས་སྤྱན་གཉིས་ལྟ་སྟངས་ཐད་ཀར་གཟིགས། །ཕྱག་གཡས་མི་འཇིགས་སྤོབས་པ་རབ་སྦྱིན་མཚོན། །སྐྱབས་སྦྱིན་ཕྱག་རྒྱ་པུས་མོའི་སྟེང་དུ་བརྐྱངས། །གཡོན་པས་ཟབ་རྒྱས་ཆོས་ཀྱི་ཆར་འབེབས་ཕྱིར། །མཉམ་བཞག་སྟེང་ན་གསུངས་རབ་གླེགས་བམ་འཛིན། །གཡས་ཀྱི་ཕྱག་གི་ཨུཏྤལ་སྡོང་བུའི་སྟེང་། །འཇམ་དཔལ་རྡོ་རྗེ་ཤེས་རབ་རལ་གྲིས་མཚན། །གཡོན་གྱི་ཕྱག་གི་པདྨའི་འཁྲི་ཤིང་རྩེར། །གསུང་ངག་དགོས་འདོད་ཀུན་འབྱུང་ནོར་བུས་བརྒྱན། །འགྲོ་བའི་དོན་ལ་རྒྱུན་ཆད་མེད་པའི་བརྡར། །ཞབས་ཟུང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྐུ་ལ་དྲི་མེད་ཆོས་གོས་རྣམ་གསུམ་བཀླུབས། །དབུ་ཡི་དཀྱིལ་འཁོར་མཆོག་ཏུ་རྒྱས་པ་ལ། །སྡེ་སྣོད་གསུམ་མཚོན་དབང་མདོག་ཅོད་པཎ་ནི། །ཀུན་ནས་ཟླུམ་ཞིང་དྲི་མེད་མཛེས་པར་གསོལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་བསྙེམས་འཆང་བས། །ཅུང་ཟད་འགྱིང་པའི་ཉམས་དང་ལྡན་པའི་སྐུ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་པར་གྲོལ། །ཡེ་ཤེས་ཕུང་པོ་ཟད་མི་ཤེས་པ་ཡི། །སྒྱུ་འཕྲུལ་རྡོ་རྗེ་གདན་གསུམ་ཚངས་བའི་མགོན། །གཟུགས་ཕུང་རྣམ་སྣང་ཚོར་ཕུང་རིན་ཆེན་འབྱུང་། །འདུ་ཤེས་སྣང་མཐའ་འདུ་བྱེད་དོན་ཡོད་གྲུབ། །རྣམ་ཤེས་མི་བསྐྱོད་ཀུན་འདུས་རྡོ་རྗེ་འཆང་། །ས་ཁམས་སྤྱན་མ་ཆུ་ཁམས་མཱ་མ་ཀཱི། །མེ་ཁམས་གོས་དཀར་རླུང་ཁམས་སྒྲོལ་མ་ཆེ། །ནམ་མཁའ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །འདྲེན་བྱེད་ས་སྙིང་སྒྲ་འཛིན་གསང་བའི་བདག །དྲི་འཛིན་ནམ་སྙིང་རོ་འཛིན་སྤྱན་རས་གཟིགས། །སྐུ་ལུས་སྒྲིབ་སེལ་ཡིད་དབང་འཇམ་པའི་དབྱངས། །ཚིགས་མཚམས་ཀུན་བཟང་རྩ་རྒྱུས་བྱམས་པ་མགོན། །ཕྱག་གཡས་དུས་དགྲ་གཡོན་པ་གཞན་མི་ཐུབ། །ཞལ་སྒོ་རྟ་མགྲིན་རྡོ་རྗེ་བདུད་རྩི་འཁྱིལ། །དཔུང་གཡས་མི་གཡོ་གཡོན་པ་འདོད་པའི་རྒྱལ། །པུས་གཡས་དབྱུག་སྔོན་ཅན་དང་གཡོན་སྟོབས་ཆེ། །སྤྱི་གཙུག་འཁོར་བསྒྱུར་ཞབས་མཐིལ་གནོད་མཛེས་རྒྱལ། །ཟག་མེད་ཡུལ་རྣམས་གཟུགས་སྒྲ་དྲི་རོ་དང་། །རེག་དང་ཆོས་ཁམས་རྡོ་རྗེ་ལྷ་མོ་ཡི། །ངོ་བོར་བཞུགས་ཤིང་དཀྱིལ་འཁོར་རབ་འབྱམས་གཙོ། །སྤྲོ་བསྡུའི་བྱེད་པོ་དཔལ་ལྡན་རྡོ་རྗེ་སེམས། །ཐ་དད་མ་དམིགས་རིགས་ཀུན་འདུས་ཞལ་གྱི། །དཔྲལ་མགྲིན་ཐུགས་ཀར་པད་ཟླའི་གདན་གྱི་སྟེང་། །རྡོ་རྗེ་གསུམ་གྱི་ངོ་བོར་མཚོན་པ་ཡི། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གཟི་འོད་འབར། །དེ་ལས་འོད་ཟེར་སྤྲོ་བསྡུས་རོལ་རྩེད་ཀྱིས། །མཁའ་ཁྱབ་ཞིང་ནས་སྐྱབས་ཡུལ་རྒྱ་མཚོའི་ཚོགས། །སྤྱན་དྲངས་ཀུན་ཀྱང་བླ་མ་ཉིད་ལ་ཐིམ། །གཟི་བརྗིད་འོད་ཟེར་ལྷག་པར་འབར་བ་ཡི། །བ་སྤུ་རེར་ཡང་སྐྱབས་གནས་རྒྱ་མཚོར་བཞུགས། །རབ་འབྱམས་རྒྱལ་ཀུན་འདུས་པའི་ངོ་བོར་གསལ། །ཅེས་པས་གསལ་བཏབ་ནས། གདན་གསུམ་ཚང་བའི་ངོ་བོར་ཤེས་པས་བསྟོད་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་གཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཁྱོད་ནི་རྒྱལ་དང་རྒྱལ་བའི་སྲས། །རབ་བྱུང་དགེ་བསྙེན་ཁྱིམ་པ་སོགས། །འགྲོ་བ་ཀུན་གྱི་གཟུགས་མཛད་ནས། །གདུལ་བྱ་ཐམས་ཅད་སྨིན་པར་མཛད། །ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་བརླབ་ཀྱང་། །བླ་མ་མེད་པར་འབྱུང་མི་འགྱུར། །དེས་ན་ཁྱོད་ཉིད་མཉེས་པ་ཡིས། །སངས་རྒྱས་ཐམས་ཅད་མཉེས་པར་འགྱུར། །དཀོན་མཆོག་གསུམ་པོ་གཅིག་བསྡུས་པའི། །བླ་མ་ཁྱོད་ལ་བདག་སྐྱབས་མཆི། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཆོས་རྣམས་ཀུན་གྱི་རིན་ཆེན་གཏེར། །དགེ་འདུན་ཐམས་ཅད་འདུས་པའི་སྐུ། །དཔལ་ལྡན་བླ་མ་དེ་ལ་འདུད། །ཁྱོད་ནི་གདུལ་བྱ་སྨིན་པའི་ཕྱིར། །དེ་བཞིན་གཤེགས་པ་རྣམ་པ་ལྔ། །ཁྱོད་ཀྱི་ཕུང་པོ་རྣམ་ལྔར་སྟོན། །སྤྱན་སོགས་ཁྱོད་ཀྱི་འབྱུང་བ་བཞི། །ས་ཡི་སྙིང་པོ་རྡོ་རྗེ་འཆང་། །ནམ་མཁའི་སྙིང་པོ་སྤྱན་རས་གཟིགས། །འཇམ་དབྱངས་སྒྲིབ་པ་རྣམ་པར་སེལ། །བྱམས་པ་ཀུན་ཏུ་བཟང་པོ་རྣམས། །མགོན་པོ་ཁྱོད་ཀྱི་དབང་པོ་སོགས། །གཤིན་རྗེའི་གཤེད་སོགས་ཁྲོ་བོ་བཅུ། །དཔལ་ལྡན་ཁྱོད་ཀྱི་སྐུ་ཡི་ཆ། །གཟུགས་སོགས་རྡོ་རྗེ་ལྷ་མོར་སྟོན། །ཉོན་མོངས་ཡེ་ཤེས་གནས་གྱུར་པ། །བདག་ཉིད་ཆེན་པོ་ཁྱོད་ཀྱིས་མཁྱེན། །ཐམས་ཅད་སྤྲོ་བའི་ཕྲིན་ལས་ཀྱིས། །རྫོགས་པའི་སངས་རྒྱས་ཐམས་ཅད་སྤྲུལ། །གཅིག་ཏུ་བསྡུས་པའི་སྦྱོར་བ་ནི། །སངས་རྒྱས་ཀུན་བདག་རྡོ་རྗེ་འཆང་། །བག་ཆགས་བཅས་པའི་སྒྲིབ་ཀུན་སྤངས། །ཡོན་ཏན་ཐམས་ཅད་རབ་རྫོགས་པ། །ཁྱོད་ཀྱི་ཕྲིན་ལས་ངོ་མཚར་རྨད། །གང་གིས་གཡོ་མེད་ཁྱོད་བསྟེན་པ། །དེ་ལ་དེ་མ་ཐག་བྱིན་རློབས། །སྐད་ཅིག་གཅིག་གིས་རྫོགས་འཚང་རྒྱ། །ཡང་ན་ཕུན་ཚོགས་ཐམས་ཅད་འགྲུབ། །དེས་ན་རྡོ་རྗེ་སློབ་དཔོན་མཆོག །དངོས་པོ་ཀུན་གྱིས་དེ་ལ་འདུད། །རྣམ་པ་ཀུན་ཏུ་བདག་སྐྱབས་མཆི། །ཕྱི་ནང་གསང་བ་དེ་ཁོ་ན། །ལུས་དང་ལོངས་སྤྱོད་འབྲེལ་པ་ཀུན། །སྲོག་གི་བར་གྱིས་ཁྱོད་མཉེས་བགྱི། །ཇི་སྲིད་རྣམ་པར་གྲོལ་བའི་ས། །བདག་གཞན་ཀུན་གྱིས་མ་ཐོབ་པར། །དེ་སྲིད་མཆོད་པ་མཆོག་གི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས། །ཆེས་ལྷག་གྱུར་པས་ཁྱོད་མཆོད་དོ། །ཁྱོད་ནི་གང་ལ་མཉེས་གྱུར་པའི། །ཕྲིན་ལས་དེ་ཉིད་སྒྲུབ་པར་ཤོག །མི་མཉེས་བྱེད་པ་རྣམས་སྤངས་ཏེ། །རྣམ་པ་ཀུན་ཏུ་ཁྱོད་བསྟེན་ནོ། །ཁྱོད་ཀྱི་ཕྲིན་ལས་སྒྲུབ་སླད་དུ། །མགོན་པོ་གང་ལ་མཉེས་གྱུར་ན། །གལ་ཏེ་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་དེ་དོར་ཏེ། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཁྱོད་ཀྱི་ཕྲིན་ལས་བསྒྲུབ་པར་བགྱི། །དགེ་བ་འདི་ཡིས་བདག་གཞན་ཀུན། །ཁྱོད་མཉེས་བགྱིད་པའང་ཐོབ་པར་ཤོག །སྐུ་ཡི་སྤྱོད་པ་རྣམ་དག་པ། །སངས་རྒྱས་དགེས་པའི་ཚུལ་ཁྲིམས་ལྡན། །གསུང་གི་ཕྲིན་ལས་ཕུན་སུམ་ཚོགས། །ཤེས་བྱའི་དཀྱིལ་འཁོར་མ་ལུས་ཁྱབ། །ཐུགས་ཀྱི་དགོངས་པ་རབ་ཟབ་པ། །ཆོས་རྣམས་ཀུན་གྱི་དེ་ཉིད་མཁྱེན། །མཁས་པ་ཐམས་ཅད་དགའ་མཛད་པའི། །ཡོན་ཏན་རྒྱ་མཚོ་ཁྱོད་ལ་མངའ། །སེམས་ཅན་ཐམས་ཅད་སྨིན་མཛད་པའི། །ཕྲིན་ལས་མངའ་བ་ཆོས་ཀྱི་རྗེ། །ཁྱོད་ལ་བསུ་བས་དཔལ་དུ་བྱེད། །བསྟན་པས་བློ་གྲོས་མཆོག་ཏུ་འགྱུར། །བསྟན་ན་འཇིགས་པ་མེད་པར་མཛད། །བསྙེན་བཀུར་བགྱིས་པས་བདེ་བ་འབྱུང་། །དེ་འདྲའི་དཔལ་ལྡན་ཆོས་ཀྱི་རྗེ། །བླ་མ་མཆོག་ལ་བདག་གསོལ་འདེབས། །མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པར་བྱའོ་ཞེས། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དེ་བས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་མཉེས་པར་བྱེད་པར་ཤོག །སྐྱེ་བ་འདི་དང་སྐྱེ་བ་གཞན། །ཇི་སྲིད་སངས་རྒྱས་མ་ཐོབ་བར། །དེ་སྲིད་བླ་མའི་ཞབས་དྲུང་དུ། །འབྲལ་བ་མེད་པར་གནས་གྱུར་ཅིག །མཆོད་པ་ཀུན་གྱིས་མཆོད་བྱེད་ཅིང་། །དམ་ཆོས་རྟག་ཏུ་ཉན་པ་དང་། །བཀའ་བཞིན་སྒྲུབ་པའང་བྱེད་པར་ཤོག །དེ་ནས་ཚོགས་བསག་པའི་སླད་དུ་ཡན་ལག་བདུན་པ་འབུལ་བ་ནི། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དངོས་གྲུབ་ཀུན་གྱི་རིན་ཆེན་གཏེར། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་བསོད་ནམས་ཡེ་ཤེས་ཚོགས། །བསྐལ་པ་དུ་མར་རབ་བསྒྲུབས་པས། །བཞེད་པའི་དོན་རྣམས་ཡོངས་རྫོགས་པའི། །ཀུན་མཁྱེན་བླ་མ་ལ་ཕྱག་འཚལ། །འཁྲུལ་པ་མི་མངའ་ཉེས་མི་མངའ། །ཚུལ་ཁྲིམས་ཕུང་པོས་བརྒྱན་པའི་སྐུ། །མཐོང་བ་ཙམ་གྱིས་རབ་དད་པར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཅ་ཅོ་མི་མངའ་རྣམ་དག་གསུང་། །ཐ་དད་སྐད་ཀྱིས་མཐའ་ཡས་པའི། །གདུལ་བྱའི་དབང་པོ་ཚིམ་མཛད་པའི། །གསུང་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །མཉམ་པར་བཞག་ཅིང་རྟོག་མི་མངའ། །འགྲོ་བའི་ཡིད་ལ་མཉམ་པར་འཇུག །ཏིང་ངེ་འཛིན་དང་གཟུངས་ཀྱི་གཏེར། །རྣམ་གྲོལ་ཐུགས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་ཤེས་བྱའི་དཀྱིལ་འཁོར་འདི། །མ་ལུས་ཐུགས་སུ་ཆུད་གྱུར་པས། །འཆད་རྩོད་རྩོམ་པའི་བྱ་བ་ལ། །མངའ་བརྙེས་ཁྱོད་ལ༴ །དམིགས་པ་ཀུན་ལས་རྣམ་གྲོལ་ཞིང་། །ཐུགས་རྗེ་ཆེན་པོ་དང་ལྡན་པས། །གཞན་དོན་དུས་ལས་མི་འདའ་བའི། །བརྩེ་ཆེན་ཁྱོད་ལ༴ །མཁྱེན་བརྩེ་བརྩོན་པའི་སྟོབས་ཆེན་གྱིས། །བདུད་ཀྱི་སྟོབས་རྣམས་འཇོམས་མཛད་ཅིང་། །ཉོན་མོངས་བྱང་ཆུབ་ལམ་བསྒྱུར་བའི། །མཐུ་ཆེན་ཁྱོད་ལ༴ །འཁོར་བ་ཇི་སྲིད་གནས་ཀྱི་བར། །རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས། །དེ་སྲིད་དེ་ཡི་དོན་མཛད་པའི། །ཕྲིན་ལས་དབང་ཕྱུག་ལ་ཕྱག་འཚལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་གཞན་དོན་ཕྱིར། །སོ་སོ་སྐྱེ་བོའི་སྐུར་སྟོན་པ། །མཚུངས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་པོ་ཁྱོད་ཉིད་དེ། །ཁྱོད་ཉིད་དཀོན་མཆོག་གསུམ་ཡང་ལགས། །དེ་བས་རྣམ་པ་ཐམས་ཅད་དུ། །ཁྱོད་ལ་གུས་པས་ཕྱག༴ །སྟོན་མཆོག་ཁྱོད་ལ༴ །སྐྱབས་མཆོག་ཁྱོད་ལ༴ །འདྲེན་པ་མཆོག་ལ༴ །བླ་མ་མཆོག་ལ༴ །གང་ལ་ཁྱོད་ཀྱི་སྐུས་རེག་ཅིང་། །ཁྱོད་གསུང་ཐོས་ཤིང་འཛིན་པ་དང་། །ཁྱོད་ཀྱི་ཐུགས་རྗེས་རྗེས་བཟུང་བ། །དེ་དག་ཀུན་ལའང་ཕྱག་འཚལ་ལོ། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་མཆོག་ཞལ་ཟས་དང་། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲས། །བླ་མའི་ཚོགས་དང་དཀོན་མཆོག་མཆོད། །འཇིག་རྟེན་ཁམས་ནི་མཐའ་ཡས་པ། །བདག་པོས་ཡོངས་སུ་མ་བཟུང་བའི། །མཆོད་པའི་ཡོ་བྱད་ཅི་མཆིས་པ། །བློ་ཡིས་བླངས་ནས་འབུལ་བར་བགྱི། །རབ་དང་ཡིད་ལས་བྱུང་གྱུར་པའི། །མཆོད་པའི་སྤྲིན་གྱི་ཕུང་པོ་ནི། །མཁའ་དང་མཉམ་པ་དུ་མ་ཡིས། །ཡོན་ཏན་རྒྱ་མཚོ་སྲས་བཅས་མཆོད། །དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོ་བརྙེས་གྱུར་ཅིག །མཎྜལ་དབུལ་བར་སྤྲོ་ན་ཚོམ་བུ་སོ་བདུན་མ་སོགས་རྒྱས་བསྡུས་ཅི་རིགས་དང་། བསྡུ་ན་ཆོས་ཀྱི་རྗེས་མཛད་པའི། ཞིང་ཁམས་རྣམ་པར་དག་པ་འདིར། །དབུས་ཀྱི་རི་རྒྱལ་རི་རབ་ལ། །གླིང་བཞི་འདོད་ཡོན་ལྔ་ཡིས་བརྒྱན། །ཉི་མ་ཟླ་བས་སྐོར་བར་བྱེད། །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་འཇོའི་བ་དང་དཔག་བསམ་ཤིང་། །མ་རྨོས་ལོ་ཏོག་གསེར་དང་དངུལ། །འབྲུ་བཟང་ལོངས་སྤྱོད་བསམ་མི་ཁྱབ། །དངོས་པོ་བཟང་ལ་གྱ་ནོམ་པ། །བླ་མ་སངས་རྒྱས་རྣམས་ལ་འབུལ། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། ཅེས་པས་གྲངས་ཅི་ནུས་དབུལ། ཡན་ལག་ལྷག་མ་རྣམས་ནི། བདག་ནི་ཐོག་མ་མེད་དུས་ནས། །ལས་དང་ཉོན་མོངས་དབང་གྱུར་པའི། །ལུས་དང་ངག་དང་ཡིད་སྒོ་ནས། །རང་བཞིན་སྡིག་པ་ཅི་བགྱིས་དང་། །སྡོམ་པ་གསུམ་དང་འགལ་གྱུར་པའི། །ཉེས་པའི་ཚོགས་ཀུན་རབ་འགྱོད་པས། །མཆོད་འོས་རྣམས་ཀྱི་སྤྱན་སྔ་རུ། །སླན་ཆད་སྡོམ་པའི་སེམས་ཀྱིས་བཤགས། །བླ་མའི་ཕྲིན་ལས་རྨད་བྱུང་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་སོ་སོར་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རྗེས་ཡི་རངས། །འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར། །བླ་མ་རྣམས་དང་སངས་རྒྱས་ལ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །འགྲོ་བ་ཀུན་གྱི་དོན་མཛད་པར། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །བླ་མ་མཆོག་དང་སངས་རྒྱས་དང་། །ཆོས་དང་འཕགས་པའི་དགེ་འདུན་ལ། །རྟག་ཏུ་གུས་པས་བདག་སྐྱབས་མཆི། །སེམས་ཅན་ཀུན་གྱི་དོན་སླད་དུ། །རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བྱང་ཆུབ་སྤྱོད་པའང་སྤྱོད་པར་བགྱི། །ཡེ་ཤེས་གསལ་བའི་སྤྱན་ལྡན་པའི། །བརྩེ་ལྡན་བླ་མའི་ཚོགས་རྣམས་དང་། །རྒྱལ་བ་སྲས་དང་བཅས་པ་ཀུན། །ཡུད་ཙམ་བདག་ལ་དགོངས་སུ་གསོལ། །མ་རིག་པ་ཡིས་ལྡོངས་གྱུར་ཅིང་། །ལས་ཀྱི་ཆུ་ཀླུང་གིས་འཕངས་པས། །སྲིད་པའི་རྒྱ་མཚོར་ལྷུང་གྱུར་ཏེ། །ཉོན་མོངས་ཆུ་སྲིན་དབང་གྱུར་པའི། །མི་བཟད་སྡུག་བསྔལ་གྱིས་གཟིར་བའི། །ཉམ་ཆུང་བློ་གྲོས་རབ་དམན་པ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྐྱོབ་པ་མཛད་པར་གསོལ་བ་འདེབས། །བདག་ཅག་རྣམས་ཀྱིས་རབ་འབད་ཀྱང་། །ཐར་པའི་གོ་སྐབས་རྙེད་པར་དཀའ། །ཁྱེད་ཀྱིས་ཐུགས་རྗེའི་ཕྱག་བརྐྱངས་ནས། །སྲིད་པའི་མཚོ་ལས་བསྒྲལ་དུ་གསོལ། །མངོན་པར་འདུ་བྱེད་ཀུན་གྱི་གཞི། །ཚུལ་མིན་ཡིད་ལ་བྱེད་པའི་རྒྱུ། །མ་རིག་མུན་པ་ཐིབས་པོ་ཆེ། །ཡེ་ཤེས་ཟེར་གྱིས་བསལ་དུ་གསོལ། །སྲིད་པའི་ཉེས་ཀུན་འབྱུང་བའི་གཞི། །རྟོག་པ་ཐམས་ཅད་སྐྱེད་བྱེད་པ། །བདག་ཏུ་འཛིན་པའི་འཁྲི་ཤིང་ནི། །ཤེས་རབ་རལ་གྲིས་གཅོད་དུ་གསོལ། །ཀུན་རྨོངས་ཀུན་འཁྲུགས་ཀུན་ནས་དཀྲིས། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །མགོན་པོ་ཁྱོད་ཀྱི་མཐུ་ཆེན་གྱིས། །ཡེ་ཤེས་ཆེན་པོར་བསྒྱུར་དུ་གསོལ། །སྲིད་པ་ཐོག་མེད་དུས་ནས་སུ། །སེམས་ནི་ཉོན་མོངས་དབང་གྱུར་པས། །བག་ཆགས་དྲི་མ་གང་བསགས་པ། །ཡེ་ཤེས་ཆུ་ཡིས་སྦྱོང་དུ་གསོལ། །རང་གིས་མངོན་པར་སྦྱང་བའི་མཐུས། །རང་ལ་རང་དབང་མེད་པར་ནི། །སྡུག་བསྔལ་རྒྱ་མཚོར་འཕེན་བྱེད་པའི། །ལས་ཀྱི་རླུང་ཤུགས་བཟློག་ཏུ་གསོལ། །ལས་དང་ཉོན་མོངས་ཀྱིས་སྤྲུལ་པའི། །སྐྱེ་རྒ་ན་དང་འཆི་ལ་སོགས། །སྡུག་བསྔལ་འདུ་བྱེད་འགྱུར་བ་ཡི། །སྡུག་བསྔལ་ཞི་བར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །འཇིག་རྟེན་པ་ཡི་དོན་གཉེར་པའི། །རྙེད་དང་བཀུར་སྟི་ལ་སོགས་པ། །སྙིང་པོ་མེད་པའི་བྱ་བ་ལས། །ཡིད་ནི་རབ་ཏུ་བཟློག་ཏུ་གསོལ། །ཀུན་གཞིའི་ལྟེ་བ་རབ་བརྟན་ཅིང་། །རྟེན་འབྲེལ་ཡན་ལག་རྩིབས་བཅུ་གཉིས། །སྡུག་བསྔལ་མུ་ཁྱུད་ཀྱིས་བསྐོར་བའི། །སྲིད་པའི་འཁོར་ལོ་གཞིག་ཏུ་གསོལ། །གཞན་དོན་ལ་སྐྱོ་བདག་ཆགས་པས། །རང་ཉིད་ཞི་བ་དོན་གཉེར་བ། །ཉན་ཐོས་ཐེག་པ་དམན་པའི་སེམས། །རྣམ་པ་ཀུན་ཏུ་དགག་ཏུ་གསོལ། །བདག་གི་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱི་སྒོ་ནས་ཀྱང་། །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །ཕན་པ་རྒྱ་ཆེན་འབྱུང་བར་མཛོད། །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །བཤེས་གཉེན་གྲོགས་མཆོག་དམ་པ་དང་། །གནས་བཟང་བ་དང་ཡོ་བྱད་སོགས། །རྟག་ཏུ་མཐུན་པའི་རྐྱེན་རྣམས་ཀུན། །ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཚེ་ཡི་འདུ་བྱེད་གཏོང་བའི་ཚེ། །བླ་མ་མཆོག་དང་ཧེ་རུ་ཀཿ། མཁའ་འགྲོའི་དབང་པོ་དང་བཅས་ཀྱིས། །མཁའ་སྤྱོད་གནས་སུ་དཀྲི་བར་མཛོད། །མང་དུ་སྨོས་ཀྱང་ཅི་འཚལ་ཏེ། །དབང་བཅུ་ལྡན་པ་ཁྱེད་རྣམས་ཀྱིས། །ཇི་ལྟར་གོ་འཕང་མཆོག་བརྙེས་པ། །དེ་ལྟར་བདག་གིས་ཐོབ་པར་མཛོད། །བདག་གཞན་སྲིད་པའི་སྡུག་བསྔལ་གྱིས། །རྣམ་པ་ཀུན་ཏུ་ཉམ་ཐག་པས། །མི་ཤེས་བཞིན་དུ་གསོལ་བ་ལ། །ཉེས་པ་སྣང་གང་བཟོད་པར་གསོལ། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །བདག་ནི་ཚེ་རབས་ཐམས་ཅད་དུ། །རིགས་གཟུགས་འབྱོར་ལྡན་ཤེས་རབ་དང་། །དབང་ཕྱུག་ཕུན་སུམ་ཚོགས་གྱུར་ཅིང་། །ནད་མེད་ཚེ་དང་ལྡན་གྱུར་ཅིག །སངས་རྒྱས་འབྱུང་བ་མཉེས་བྱེད་ཅིང་། །དམ་ཆོས་རྟག་ཏུ་སྤྱོད་པ་དང་། །འཕགས་པའི་དགེ་འདུན་རྒྱ་མཚོའི་ཚོགས། །རྣམ་པ་ཀུན་ཏུ་མཆོད་པར་ཤོག །ཀུན་དགའི་གསུང་རབ་རྟག་ཉན་ཅིང་། །སྐུ་ཡི་རྒྱལ་མཚན་བལྟ་བ་དང་། །དེ་ཡི་དཔལ་འབྱོར་བཟང་པོ་ཡིས། །རྟག་ཏུ་བདག་ནི་སྐྱོང་བར་ཤོག །དད་དང་བརྩེ་དང་བརྩོན་པའི་མཐུས། །བྱང་ཆུབ་ལམ་རྣམས་རྫོགས་བྱེད་ཅིང་། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། །སེམས་ཅན་སྨིན་པར་བྱེད་པར་ཤོག །ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །བདག་ལས་སེམས་ཅན་ཐམས་ཅད་ཀྱི། །ཡིད་ལ་འདོད་དགུ་འབྱུང་འགྱུར་ཞིང་། །འགྲོ་ཀུན་ཚིམ་པར་བྱེད་པར་ཤོག །བདག་ལ་བརྟེན་ནས་འགྲོ་བ་ཀུན། །ཟབ་མོའི་ལམ་ལ་རབ་ཞུགས་ནས། །སྲིད་དང་ཞི་ལ་མི་གནས་པའི། །བྱང་ཆུབ་ཆེན་པོ་ཐོབ་གྱུར་ཤོག །བློ་གྲོས་སྒྲིབ་གཉིས་རྣམ་དག་པས། །ཤིན་ཏུ་ཟབ་པའི་བློ་གྲོས་དང་། །རྒྱ་ཆེའི་བློ་གྲོས་དང་ལྡན་པའི། །བློ་གྲོས་ཆེན་པོར་བདག་གྱུར་ཅིག །ཚུལ་ཁྲིམས་རྒྱལ་མཚན་དང་ལྡན་ཞིང་། །ཆོས་ཀྱི་རྒྱལ་མཚན་ལེགས་བཟུང་བས། །བསྟན་པའི་རྒྱལ་མཚན་བརྟན་བྱས་ནས། །ཐར་པའི་རྒྱལ་མཚན་སློང་བར་ཤོག །ཚོགས་གཉིས་དཔལ་རབ་རྫོགས་གྱུར་ནས། །འགྲོ་བའི་དཔལ་མགོན་འབྱུང་བའི་གཞི། །སྐུ་གསུམ་དཔལ་འབྱོར་ལྷུན་གྲུབ་སྟེ། །སྲིད་ཞིའི་དཔལ་དུ་བདག་གྱུར་ཅིག །སྨོན་ལམ་བཟང་པོ་ལས་བྱུང་བའི། །ཕྲིན་ལས་བཟང་པོས་འགྲོ་བ་ཀུན། །སྐལ་པ་བཟང་པོར་ལེགས་བསྒྲུབས་པའི། །བརྟུལ་ཞུགས་བཟང་པོར་བདག་གྱུར་ཅིག །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི། །རྗེས་སུ་བདག་ཀྱང་རབ་ཞུགས་ནས། །དགེ་བ་འདི་དང་དགེ་བ་གཞན། །ཐམས་ཅད་ཡོངས་སུ་བསྔོ་བར་བགྱི། །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་བདེན་པའི་བྱིན་བརླབས་ཀྱིས། །ཇི་ལྟར་བསྔོས་བཞིན་འགྲུབ་གྱུར་ཅིག །ཅེས་བརྗོད། དེ་ནས་གསོལ་བ་བཏབ་པ་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསང་གསུམ་ཡོན་ཏན་རྗེས་སུ་དྲན་པས་སྐུ་བསྟོད་རྒྱས་པ་ཅི་འགྲུབ་དང་། བསྡུ་ན། བདེ་གཤེགས་བསྟན་པའི་གསུང་རབ་སེང་གེའི་ཆོས་རྗེའི་གསུངས་བྱིན་བརླབ་ཆེ་བས་ཚིགས་ཐ་མ་ཞལ་བསྒྱུར་བའོ། །སྒྲ། །ལྟ་ངན་རི་དྭགས་མཐའ་དག་སྐྲག་པར་མཛད། །སངས་རྒྱས་དགོངས་པ་ཇི་བཞིན་ལེགས་སྒྲུབ་པ། །མཚུངས་མེད་ཀུན་མཁྱེན་བླ་མར་གསོལ་བ་འདེབས། ཅེས་པ་དང་། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་ཟུང་། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །ཅེས་པ་རྣམས་བརྒྱ་སྟོང་སོགས་དད་མོས་དྲག་པོས་རྩེ་གཅིག་ཏུ་གསོལ་བ་བཏབ། གསོལ་འདེབས་རྒྱུད་བསྐུལ་གྱི་བཟླས་པ་བྱ་ན། ཨོཾ་ཨཱཿགུ་རུ་མ་ཧཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ། ཞེས་ཅི་ནུས་བཟླ། དེ་ནས་སླར་ཡང་གསོལ་བ་བཏབ་ཅིང་དབང་བླངས་པ་ནི། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག །ཆོས་དམ་པའི་འབྱོར་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང་། འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་གྱུར་པ་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་དུ་གསོལ། བདག་གི་སྔོན་གྱི་ལས་ལས་གྱུར་པ་དང་། གནས་སྐབས་ཀྱི་རྐྱེན་ལས་གྱུར་པའི་མི་དང་མི་མ་ཡིན་པ་དང་། འབྱུང་པོའི་གནོད་པ་དང་། ཉེ་བར་འཚེ་བ་དང་། བྱུར་དང་སྐལ་བ་ངན་པ་དང་། ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་དཔལ་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་གྱི་ཆོས་བརྒྱད་དང་མཚན་མའི་རྣམ་པར་གཡེང་བ་ལ་སོགས་པ་སྲིད་པར་འཁོར་བར་འགྱུར་བའི་རྣམ་པར་རྟོག་པ་དང་། གཞན་གྱི་དོན་ལ་སྐྱོ་བ་དང་། རང་ཉིད་ཞི་བར་འདུན་པ་ལ་སོགས་པ་མྱ་ངན་ལས་འདའ་བར་གྱུར་པའི་རྣམ་པར་རྟོག་པ་གང་ལགས་པ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སེམས་ལས་སུ་རུང་བ་དང་། བག་ཡོད་པ་དང་། དྲན་པ་དང་། ཤེས་བཞིན་ཡང་དག་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཚུལ་ཁྲིམས་གྱི་ཕུང་པོ་དང་དམ་ཚིག་དང་སྡོམ་པའི་ཚོགས་རྣམ་པར་དག་ཅིང་། སྡིག་པ་དང་། སྒྲིབ་པ་དང་། ལྟུང་བ་དང་། ཉེས་པའི་དྲི་མས་མ་གོས་པར་བྱིན་གྱིས་བརླབ་ཏུ་གསོལ། དད་པ་དང་སྙིང་རྗེ་དང་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་ཆུད་ནས། ལུང་དང་མངོན་པར་རྟོགས་པས་བསྡུས་པའི་ཆོས་ཀྱི་སྣང་བ་དམ་པ་དང་རྟོགས་པ་དགེ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། གང་གི་ཚེ་བདག་འཆི་བར་གྱུར་པ་དེའི་ཚེ་ཚེ་འདི་དང་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་དང་བྲལ་ཞིང་ལུས་དང་སེམས་ལ་ཟུག་རྔུ་དང་སྡུག་བསྔལ་ཅུང་ཟད་ཙམ་ཡང་མི་འབྱུང་བར་དགའ་བ་དང་སྤྲོ་བ་དང་ཡིད་གསལ་བ་མཆོག་ཏུ་ལྡན་ཞིང་། ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཡང་དག་པ་མཐོང་ཞིང་། དེ་དག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསུས་ཏེ། བར་དོའི་འཇིགས་པ་ཐམས་ཅད་དང་བྲལ་ཞིང་། བདུད་དང་གཤིན་རྗེའི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་ནས་རིག་པ་འཛིན་པ་དང་མཁའ་ལ་སྤྱོད་པ་ལ་སོགས་པའི་གོ་འཕང་མཆོག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང་སྲིད་པ་དང་ཞི་བའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྒྱ་མཚོའི་ཚོགས་ཡང་དག་པར་བཟུང་ནས། ཆོས་ཀྱིས་ཕོངས་པའི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་བཏོང་ཞིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་སེམས་ཅན་རྣམས་ཡོངས་སུ་དག་པ་དང་བྲལ་བ་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས་དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ཏེ་ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་ནས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བླ་མའི་དཔྲལ་བའི་ཨོཾ་ལས་འོད་དཀར་པོ། །ཨོཾ་གྱི་གཟུགས་བྱུང་རང་གི་དཔྲལ་བར་ཐིམ། བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་དག །སྐུ་ཡི་བྱིན་བརླབ་སྤྲུལ་སྐུའི་ས་བོན་བཞག །བླ་མའི་མགྲིན་པའི་ཨཱཿལས་འོད་དམར་པོ། ཨཱཿཡི་གཟུགས་བྱུང་རང་གི་མགྲིན་པར་ཐིམ། གསང་བའི་དབང་ཐོབ་ངག་གི་དྲི་མ་དག །གསུང་གི་བྱིན་བརླབ་ལོངས་སྐུའི་ས་བོན་བཞག །བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ། །ཧཱུྃ་གི་གཟུགས་བྱུང་རང་གི་སྙིང་གར་ཐིམ། །གསུམ་པའི་དབང་ཐོབ་སེམས་ཀྱི་དྲི་མ་དག །ཐུགས་ཀྱི་བྱིན་བརླབ་ཆོས་སྐུའི་ས་བོན་བཞག །བླ་མའི་ཡི་གེ་གསུམ་ལས་འོད་སྣ་ཚོགས། འབྲུ་གསུམ་གཟུགས་བྱུང་རང་གི་གནས་གསུམ་ཐིམ། །བཞི་པའི་དབང་ཐོབ་སྒྲིབ་པའི་བག་ཆགས་དག །ཀུན་གྱི་བྱིན་བརླབ་ངོ་བོ་ཉིད་སྐུར་གྱུར། །ཅེས་བརྗོད་ལ་དབང་དོན་གྱི་ཡེ་ཤེས་བསྐྱངས་ཤིང་དེ་ཁོ་ན་ཉིད་ལ་བློ་བཞག །མཐར་ནི་བླ་མ་དགྱེས་པ་ཆེན་པོ་ཡིས། །མཚན་དཔེའི་ཞལ་འཛུམས་གསུང་གི་སྒྲ་བསྒྲགས་ཤིང་། ཐུགས་ཀྱིས་བདག་ལ་བརྩེ་བས་དགོངས་བཞིན་དུ། །རང་གི་སྤྱི་བོ་ཚངས་པའི་སྒོ་ནས་བྱོན། །སྙིང་དབུས་པད་དཀར་འོད་ཀྱི་གུར་ཁང་དུ། །འབྲལ་བ་མེད་པར་རྟག་ཏུ་བཞུགས་པར་གྱུར། །བླ་མའི་ཐུགས་ཀའི་ཧཱུྃ་ལ་ཤེས་པ་ཐིམ་པ་ལྟར་གཏད་ཅིང་ཐུགས་ཡིད་བསྲེ་ལ་ལྟ་བའི་ངང་བསྐྱངས། དེ་ལས་ལྡངས་བ་ན་སྨོན་ལམ་ནི། སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མ་དང་། །སེམས་ཉིད་འོད་གསལ་ནང་གི་བླ་མ་དང་། །རང་བཞིན་སྤྲོས་བྲལ་དོན་གྱི་བླ་མ་གསུམ། །དབྱེར་མེད་སྙིང་པོའི་བླ་མ་རྟོགས་པར་ཤོག །དགེ་བ་འདི་ཡི་བདག་སོགས་སེམས་ཅན་རྣམས། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་ལ། །ལྷག་པའི་ལྷ་རུ་ཤེས་པའི་མོས་གུས་ཀྱིས། །དབང་དང་དངོས་གྲུབ་རྟག་ཏུ་ལེན་པར་ཤོག །ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པས། །དོན་ཡོད་རྣམ་བཞིས་བླ་མ་མཉེས་བྱས་ནས། །ཅི་མཛད་རྒྱལ་བའི་མཛད་པར་ལེགས་རྟོགས་ཏེ། །རྨད་བྱུང་ཕྲིན་ལས་སྒྲུབ་ལ་བརྩོན་པར་ཤོག །མགོན་པོ་ཁྱོད་ཀྱི་ཐུགས་དང་བདག་གི་སེམས། །དབྱེ་བ་མེད་པར་གཅིག་ཏུ་འདྲེས་གྱུར་ནས། །ཕྱོགས་ལས་རྣམ་པར་རྒྱལ་བ་ཁྱེད་ཅི་འདྲ། །བདག་ཀྱང་དེ་འདྲར་འགྱུར་བར་བྱིན་གྱིས་རློབས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཡོན་ཏན་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་སྤྲིན། །ཤེས་རབ་སྒྲོན་མེ་དད་པ་སྤོས་ཆུའི་མཚོ། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང་། །བསྟོད་དབྱངས་སྙན་པའི་སིལ་སྙན་སྒྲ་འབྱིན་ཅིང་། །ཀུན་ནས་སྙིང་བརྩེ་རྣམ་དཔྱོད་སྤོབས་པ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེངས་པ་ཡིས། །བདག་ལུས་གཞལ་མེད་ཁང་བརྩེགས་རབ་བརྒྱན་ནས། །སྙིང་གི་ཆུ་སྐྱེས་ཐིག་ལེ་ཟླ་རྒྱས་ལ། །བརྟན་པར་བཞུགས་པའི་ཆོས་རྗེ་མཆོད་བགྱིད་ཅིང་། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་བཏབ་པས། །འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་དེ། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ནས། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །བདག་སོགས་གདུལ་བྱར་གྱུར་པ་ཐམས་ཅད་ཀྱང་། །ལས་འབྲས་ལྷུར་ལེན་གསུང་རབ་དོན་ལ་མཁས། །ཚུལ་ཁྲིམས་དག་ཅིང་ཐོས་ལ་མངོན་བརྩོན་ཏེ། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །རྒྱལ་མཚན་རྩེ་མོ་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གཅིག་པུ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་མཛད། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །བསྔོ་སྨོན་ཤིས་བརྗོད་ཅི་རིགས་པས་དགེ་ལེགས་སུ་བྱའོ། །བླ་མའི་ལམ་ཁྱེར་དང་། དགོས་པ། ཕན་ཡོན། དམ་ཚིག་སོགས་རྒྱས་པར་གཞན་ལས་ཤེས་པར་བྱའོ། །འདི་ནི་ཉམས་ལེན་འབྲིང་དུ་བྱ་བའི་ཚུལ་ཡིན་ལ་རྒྱས་པར་སྤྲོ་ན། སྐྱབས་སེམས་ཀྱི་དབུར་ལམ་འབྲས་བླ་མཆོད་ལྟར་མཆོད་པ་བྱིན་བརླབ་དང་། མཆོད་པའི་ཡན་ལག་སྐབས་སྤྱིར་མཆོད་གྲུབ་ནས་བྱེ་བྲག་གི་མཆོད་ཕྲེང་ཉེར་སྤྱོད། རིན་བདུན་འདོད་ཡོན་ལྔ་རྣམས་དབུལ། འདིའི་ཚིག་ཕྲད་མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། ཞེས་བསྒྱུར། མཎྜལ་རྒྱས་བསྡུས་བརྒྱ་རྩ་འབུལ། དེ་ནས་སྡིག་བཤགས་སོགས་ཡན་ལག་ལྷག་མ་རྣམས་བྱ་བ་ནི་རྒྱས་པའོ། །ཤིན་ཏུ་བསྡུ་ན། ཚོགས་ཞིང་གསལ་གདབ་གང་དྲིན་མའི་བསྟོད་པ། ཁྱོད་མཉེས་བགྱིད་པའང་གྲུབ་པར་ཤོག །ཅེས་པའི་བར་ཡན་ལག་བདུན་པ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ཀྱི་རྒྱུན་བཤགས་ལན་གསུམ་བྱས་ནས་གསོལ་འདེབས་བསྡུས་པ་དང་། བཟླས་པ་བྱ། སླར་ཡང་། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། སོགས་ཤྭ་ལོ་ཀ་གཅིག་པུས་ལན་གསུམ་དུ་གསོལ་བ་བཏབ། བླ་མའི་དཔྲལ་བའི་སོགས་དབང་བླངས་བ་མན་ཆོད་གཞུང་ལྟར་རོ། །འདི་སྦྱར་དགེ་བ་གང་ཡོད་དེས། །བསོད་ནམས་དཔག་མེད་ལྡན་གྱུར་ཏེ། །ཀུན་མཁྱེན་ཆོས་ཀྱི་སེདྒེ་ཡི། །གོ་འཕང་དམ་པ་བརྙེས་གྱུར་ཅིག །ཅེས་པའང་ཡེ་ན་དགེ་སློང་ཤེས་རབ་ཕུན་ཚོགས་ནས་ཤེས་བྱ་མ་འབུམ་ཐེར་གཅིག་གསུང་བའི་ཞལ་བཞེས་དང་རྟེན་བཅས་སྔ་ཕྱིར་བསྐུལ་བ་དང་། ཀུན་མཁྱེན་བླ་མ་འདི་ཉིད་རྗེ་བཙུན་གོང་མ་ལྔ་དང་། རྗེ་རྡོ་རྗེ་འཆང་བཅས་ཀྱི་མདོ་སྔགས་ཀྱི་དགོངས་བཞེད་འཁྲུལ་མེད་དུ་སྟོན་པའི་མཁས་གྲུབ་ཀུན་གྱི་གཙུག་གི་རྒྱན་ཅིག་འདི་ལྟ་བུ་ལ་གསོལ་བ་བཏབ་ན་ཕ་རྗེས་བུས་ཟིན་ངེས་པར་འབྱུང་སྙམས་ཤིང་། དེང་དུས་ཀྱི་དཔེ་ཆ་བ་རྣམས་ཁ་སུ་མང་གི་ཁ་ཟེགས་བསྡུས་པའི་བཤད་ཡམ་བོར་ནས་གཞན་ལ་ཁྱད་གསོད་སྤངས་ཏེ་རང་གི་ཆོས་ཀྱི་ཟབ་གནད་ཀུན་མཁྱེན་བླ་མའི་ལེགས་བཤད་ལྟར་བཟུང་ནས་བསྟན་པ་འཛིན་ན་དོན་ཆེ་བར་མཐོང་ཞིང་བླ་མའི་རྣལ་འབྱོར་ཡང་རང་ལུགས་ཀྱེ་རྡོར་ལམ་ཟབ་ལས་ལྷག་པ་མི་དགོས་ཀྱང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྐུ་ཡི་རྣམ་པ་དྲན་པའི་གསོས་འདེབས་སུ་རང་ཉིད་ཀྱང་སྤྲོ་བར་གྱུར་ཅིང་གཞན་ཨ་གསར་ཅན་རྣམས་ལའང་ཕན་པ་ཅུང་ཟད་རེ་འགྱུར་སྙམས་ནས་ལམ་ཟབ་ཀྱི་གཞུང་བླ་མ་གོང་མའི་གསུང་བྱིན་ཅན་རྣམས་བསྒྲིགས། རྨོངས་ཚིག་གསར་བསྣན་ཁ་ཤས་ཀྱང་བགྱིས་ཏེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཐུན་བར་གཅིག་ལ་ཤར་མར་བྲིས་པ་འདིས་ཀྱང་རང་གཞན་རྣམས་ཀྱི་རྒྱུད་ལ་བླ་མའི་བྱིན་བརླབ་མྱུར་དུ་འཇུག་པར་གྱུར་ཅིག །སརྦ་མང་ག་ལཾ།། །།
[edit]

@#/__/kun mkhyen rin po che bsod nams seng ge'i bla ma'i rnal 'byor ye shes snang ster zhes bya ba bzhugs so/__/ na mo gu ru puN+yai seng ha dz+nyA na kA la ye/__shes bya'i chos rnams ma 'dres gzigs/__/mkhyen nus brtse ba'i ye shes sku/__/bla ma'i zhabs la gus btud nas/__/zab lam bla ma'i rnal 'byor spel/__/de la mchog thun dngos grub thams cad kyi rtsa ba lam zab mo'i rnal 'byor la gzhol bar 'dod pas dang po kho nar nges 'byung dang byang chub kyi sems la yang yang blo sbyangs te 'di'i nyams len la 'jug par bya'o/__/de la yang thog mar mdun gyi nam mkhar bla ma rgyal ba sras bcas mngon sum bzhin du bzhugs par mos la/__bdag dang 'gro ba khams gsum nam mkha' yi/__/mtha' dang mnyam pa'i sems can ma lus pa/__/dus 'di nas ni byang chub ma thob bar/__/phyogs bcu dus gsum bde gshegs thams cad kyi/__/sku gsung thugs dang yon tan phrin las rnams/__/gcig tu bsdus pa sangs rgyas kun gyi dngos/__/chos phung brgyad khri bzhi stong 'byung ba'i gnas/__/'phags pa'i dge 'dun kun gyi mnga' bdag che/__/zhes pa'i mthar/__dpal ldan rtsa brgyud bla ma'i tshogs rnams la/__sgo gsum gus pa chen pos skyabs su mchi/__/spangs rtogs mthar phyin ston pa sangs rgyas la/__/sgo gsum gus pa chen pos skyabs su mchi/__/lung rtogs bdag nyid bstan pa dam chos la/__/sgo gsum gus pa chen pos skyabs su mchi/__/rgyal sras bstan 'dzin 'phags pa'i dge 'dun la/__/sgo gsum gus pa chen pos skyabs su mchi/__/zhes ci mang brjod pa'i mthar/__bla ma mchog dang dkon mchog rin po che/__/rnam pa gsum la phyag 'tshal gsol ba 'debs/__/khyed kyis bdag dang sems can thams cad kyi/__/lus ngag yid gsum byin gyis brlab tu gsol/__/bdag blo chos su 'gro bar byin gyis rlobs/__/dam chos lam du longs par byin=__/lam gyi 'khrul pa zhi bar=__/'khrul snang dbyings su 'char bar=__/chos min rnam rtog 'gag par=__/byams dang snying rje skye bar=__/byang chub sems gnyis 'byongs par=__/myur du sangs rgyas thob par byin gyis rlobs/__/sems bskyed pa ni/__mar gyur 'gro rnams srid las bsgral ba'i phyir/__/don du bla med byang chub thob par bya/__/de yi ched du sangs rgyas kun gyi lam/__/zab mo'i rnal 'byor nyams su blangs bar bgyi/__/lan gsum brjod/__tshogs rten gsal gdab pa ni/__gzung 'dzin snang ba snod bcud dbyings su thim/__/ye shes rang snang 'od gsal 'byams klas pa'i/__/bde chen zhing gi bkod pa mtha' yas dbus/__/rang mdun smin mtshams thad kyi mkha' dbyings ngogs/__/mchod pa'i sprin chen rgya mtsho bris pa'i klongs/__/lnga ldan 'ja' sprin 'thibs pa'i gur khang na/__/'phrog byed brgyad kyis bteg pa'i rin chen khri/__/sna tshogs nor bu'i rgyan gyis rab mdzes shing /__/dri med pad dkar zla ba rgyas pa'i steng /__/bdag gi skyabs mchog srid zhi'i gdung ba sel/__/dran pa tsam gyis dngos grub mchog ster ba/__/rtsa ba'i bla ma kun mkhyen chos kyi rje/__/bgrang yas bsod nams rgya mtsho'i gzugs kyi sku/__/mtshan dpe'i dpal 'bar gsung dbyangs seng ge'i sgra/__/mnyam par ma bzhag med pa'i thugs mnga' ba/__/yon tan dpag yas skyabs kun 'dus pa'i rje/__/phrin las nyi ma stong gi gzi brjid dang /__/zla ba rgyu skar bye ba'i 'od kyis mdzes/__/bsod nams sku mchog nor bu chu shel la/__/pad+ma ra ga'i nying khus byug pa bzhin/__/dkar dmar mdangs ldan sku yi dkyil 'khor rgyas/__/ye shes spyan gnyis lta stangs thad kar gzigs/__/phyag g.yas mi 'jigs spobs pa rab sbyin mtshon/__/skyabs sbyin phyag rgya pus mo'i steng du brkyangs/__/g.yon pas zab rgyas chos kyi char 'bebs phyir/__/mnyam bzhag steng na gsungs rab glegs bam 'dzin/__/g.yas kyi phyag gi ut+pal sdong bu'i steng /__/'jam dpal rdo rje shes rab ral gris mtshan/__/g.yon gyi phyag gi pad+ma'i 'khri shing rtser/__/gsung ngag dgos 'dod kun 'byung nor bus brgyan/__/'gro ba'i don la rgyun chad med pa'i brdar/__/zhabs zung sems dpa'i skyil mo krung gis bzhugs/__/sku la dri med chos gos rnam gsum bklubs/__/dbu yi dkyil 'khor mchog tu rgyas pa la/__/sde snod gsum mtshon dbang mdog cod paN ni/__/kun nas zlum zhing dri med mdzes par gsol/__/phyogs las rnam par rgyal ba'i bsnyems 'chang bas/__/cung zad 'gying pa'i nyams dang ldan pa'i sku/__/tshul khrims ting 'dzin shes rab rnam par grol/__/ye shes phung po zad mi shes pa yi/__/sgyu 'phrul rdo rje gdan gsum tshangs ba'i mgon/__/gzugs phung rnam snang tshor phung rin chen 'byung /__/'du shes snang mtha' 'du byed don yod grub/__/rnam shes mi bskyod kun 'dus rdo rje 'chang /__/sa khams spyan ma chu khams mA ma kI/__/me khams gos dkar rlung khams sgrol ma che/__/nam mkha' rdo rje dbyings kyi dbang phyug ma/__/'dren byed sa snying sgra 'dzin gsang ba'i bdag__/dri 'dzin nam snying ro 'dzin spyan ras gzigs/__/sku lus sgrib sel yid dbang 'jam pa'i dbyangs/__/tshigs mtshams kun bzang rtsa rgyus byams pa mgon/__/phyag g.yas dus dgra g.yon pa gzhan mi thub/__/zhal sgo rta mgrin rdo rje bdud rtsi 'khyil/__/dpung g.yas mi g.yo g.yon pa 'dod pa'i rgyal/__/pus g.yas dbyug sngon can dang g.yon stobs che/__/spyi gtsug 'khor bsgyur zhabs mthil gnod mdzes rgyal/__/zag med yul rnams gzugs sgra dri ro dang /__/reg dang chos khams rdo rje lha mo yi/__/ngo bor bzhugs shing dkyil 'khor rab 'byams gtso/__/spro bsdu'i byed po dpal ldan rdo rje sems/__/tha dad ma dmigs rigs kun 'dus zhal gyi/__/dpral mgrin thugs kar pad zla'i gdan gyi steng /__/rdo rje gsum gyi ngo bor mtshon pa yi/__/oM dkar AHdmar hU~M mthing gzi 'od 'bar/__/de las 'od zer spro bsdus rol rtsed kyis/__/mkha' khyab zhing nas skyabs yul rgya mtsho'i tshogs/__/spyan drangs kun kyang bla ma nyid la thim/__/gzi brjid 'od zer lhag par 'bar ba yi/__/ba spu rer yang skyabs gnas rgya mtshor bzhugs/__/rab 'byams rgyal kun 'dus pa'i ngo bor gsal/__/ces pas gsal btab nas/__gdan gsum tshang ba'i ngo bor shes pas bstod pa ni/__gang gi drin gyis bde chen nyid/__/skad gcig nyid la 'char ba gang /__/bla ma rin chen lta bu'i sku/__/rdo rje can zhabs pad la 'dud/__/khyod ni rgyal dang rgyal ba'i sras/__/rab byung dge bsnyen khyim pa sogs/__/'gro ba kun gyi gzugs mdzad nas/__/gdul bya thams cad smin par mdzad/__/nyi ma'i 'od zer rab tsha yang /__/me shel med par me mi 'byung /__/de bzhin sangs rgyas byin brlab kyang /__/bla ma med par 'byung mi 'gyur/__/des na khyod nyid mnyes pa yis/__/sangs rgyas thams cad mnyes par 'gyur/__/dkon mchog gsum po gcig bsdus pa'i/__/bla ma khyod la bdag skyabs mchi/__/sangs rgyas kun gyi ngo bo nyid/__/chos rnams kun gyi rin chen gter/__/dge 'dun thams cad 'dus pa'i sku/__/dpal ldan bla ma de la 'dud/__/khyod ni gdul bya smin pa'i phyir/__/de bzhin gshegs pa rnam pa lnga/__/khyod kyi phung po rnam lngar ston/__/spyan sogs khyod kyi 'byung ba bzhi/__/sa yi snying po rdo rje 'chang /__/nam mkha'i snying po spyan ras gzigs/__/'jam dbyangs sgrib pa rnam par sel/__/byams pa kun tu bzang po rnams/__/mgon po khyod kyi dbang po sogs/__/gshin rje'i gshed sogs khro bo bcu/__/dpal ldan khyod kyi sku yi cha/__/gzugs sogs rdo rje lha mor ston/__/nyon mongs ye shes gnas gyur pa/__/bdag nyid chen po khyod kyis mkhyen/__/thams cad spro ba'i phrin las kyis/__/rdzogs pa'i sangs rgyas thams cad sprul/__/gcig tu bsdus pa'i sbyor ba ni/__/sangs rgyas kun bdag rdo rje 'chang /__/bag chags bcas pa'i sgrib kun spangs/__/yon tan thams cad rab rdzogs pa/__/khyod kyi phrin las ngo mtshar rmad/__/gang gis g.yo med khyod bsten pa/__/de la de ma thag byin rlobs/__/skad cig gcig gis rdzogs 'tshang rgya/__/yang na phun tshogs thams cad 'grub/__/des na rdo rje slob dpon mchog__/dngos po kun gyis de la 'dud/__/rnam pa kun tu bdag skyabs mchi/__/phyi nang gsang ba de kho na/__/lus dang longs spyod 'brel pa kun/__/srog gi bar gyis khyod mnyes bgyi/__/ji srid rnam par grol ba'i sa/__/bdag gzhan kun gyis ma thob par/__/de srid mchod pa mchog gi sprin/__/kun tu bzang po'i rnam thar las/__/ches lhag gyur pas khyod mchod do/__/khyod ni gang la mnyes gyur pa'i/__/phrin las de nyid sgrub par shog__/mi mnyes byed pa rnams spangs te/__/rnam pa kun tu khyod bsten no/__/khyod kyi phrin las sgrub slad du/__/mgon po gang la mnyes gyur na/__/gal te bla na med pa yi/__/byang chub thob kyang de dor te/__/skye zhing skye ba thams cad du/__/khyod kyi phrin las bsgrub par bgyi/__/dge ba 'di yis bdag gzhan kun/__/khyod mnyes bgyid pa'ang thob par shog__/sku yi spyod pa rnam dag pa/__/sangs rgyas dges pa'i tshul khrims ldan/__/gsung gi phrin las phun sum tshogs/__/shes bya'i dkyil 'khor ma lus khyab/__/thugs kyi dgongs pa rab zab pa/__/chos rnams kun gyi de nyid mkhyen/__/mkhas pa thams cad dga' mdzad pa'i/__/yon tan rgya mtsho khyod la mnga'/__/sems can thams cad smin mdzad pa'i/__/phrin las mnga' ba chos kyi rje/__/khyod la bsu bas dpal du byed/__/bstan pas blo gros mchog tu 'gyur/__/bstan na 'jigs pa med par mdzad/__/bsnyen bkur bgyis pas bde ba 'byung /__/de 'dra'i dpal ldan chos kyi rje/__/bla ma mchog la bdag gsol 'debs/__/mchod pa thams cad spangs nas ni/__/bla ma mchod par bya'o zhes/__/sangs rgyas kun gyis mthun par gsungs/__/de bas dngos po thams cad kyis/__/bla ma mnyes par byed par shog__/skye ba 'di dang skye ba gzhan/__/ji srid sangs rgyas ma thob bar/__/de srid bla ma'i zhabs drung du/__/'bral ba med par gnas gyur cig__/mchod pa kun gyis mchod byed cing /__/dam chos rtag tu nyan pa dang /__/bka' bzhin sgrub pa'ang byed par shog__/de nas tshogs bsag pa'i slad du yan lag bdun pa 'bul ba ni/__sangs rgyas kun gyi ngo bo nyid/__/dngos grub kun gyi rin chen gter/__/nyes pa kun las rnam grol ba/__/bla ma'i zhabs la phyag 'tshal lo/__/khyod kyis bsod nams ye shes tshogs/__/bskal pa du mar rab bsgrubs pas/__/bzhed pa'i don rnams yongs rdzogs pa'i/__/kun mkhyen bla ma la phyag 'tshal/__/'khrul pa mi mnga' nyes mi mnga'/__/tshul khrims phung pos brgyan pa'i sku/__/mthong ba tsam gyis rab dad par/__/mdzad pa khyod la phyag 'tshal lo/__/ca co mi mnga' rnam dag gsung /__/tha dad skad kyis mtha' yas pa'i/__/gdul bya'i dbang po tshim mdzad pa'i/__/gsung mchog khyod la phyag 'tshal lo/__/mnyam par bzhag cing rtog mi mnga'/__/'gro ba'i yid la mnyam par 'jug__/ting nge 'dzin dang gzungs kyi gter/__/rnam grol thugs la phyag 'tshal lo/__/khyod kyis shes bya'i dkyil 'khor 'di/__/ma lus thugs su chud gyur pas/__/'chad rtsod rtsom pa'i bya ba la/__/mnga' brnyes khyod la=__/dmigs pa kun las rnam grol zhing /__/thugs rje chen po dang ldan pas/__/gzhan don dus las mi 'da' ba'i/__/brtse chen khyod la=__/mkhyen brtse brtson pa'i stobs chen gyis/__/bdud kyi stobs rnams 'joms mdzad cing /__/nyon mongs byang chub lam bsgyur ba'i/__/mthu chen khyod la=__/'khor ba ji srid gnas kyi bar/__/rnam par 'phrul pa sna tshogs kyis/__/de srid de yi don mdzad pa'i/__/phrin las dbang phyug la phyag 'tshal/__/sangs rgyas kun gyi ye shes sku/__/gcig tu bsdus pa gzhan don phyir/__/so so skye bo'i skur ston pa/__/mtshungs bral khyod la phyag 'tshal lo/__/dkon mchog gsum po khyod nyid de/__/khyod nyid dkon mchog gsum yang lags/__/de bas rnam pa thams cad du/__/khyod la gus pas phyag=__/ston mchog khyod la=__/skyabs mchog khyod la=__/'dren pa mchog la=__/bla ma mchog la=__/gang la khyod kyi skus reg cing /__/khyod gsung thos shing 'dzin pa dang /__/khyod kyi thugs rjes rjes bzung ba/__/de dag kun la'ang phyag 'tshal lo/__/mchod yon me tog bdug spos dang /__/snang gsal dri mchog zhal zas dang /__/gdugs dang rgyal mtshan rol mo'i sgras/__/bla ma'i tshogs dang dkon mchog mchod/__/'jig rten khams ni mtha' yas pa/__/bdag pos yongs su ma bzung ba'i/__/mchod pa'i yo byad ci mchis pa/__/blo yis blangs nas 'bul bar bgyi/__/rab dang yid las byung gyur pa'i/__/mchod pa'i sprin gyi phung po ni/__/mkha' dang mnyam pa du ma yis/__/yon tan rgya mtsho sras bcas mchod/__/dman pa'i yul las rab 'das shing /__/rgyal ba kun gyi dam tshig mchog__/dngos grub kun gyi gzhir gyur pa/__/bdud rtsi mchog gis mchod par bgyi/__/sgrib pa'i dri ma kun bsal nas/__/rtog pa kun las rnam grol ba'i/__/bla na med pa'i byang chub sems/__/bde ba chen po brnyes gyur cig__/maN+Dal dbul bar spro na tshom bu so bdun ma sogs rgyas bsdus ci rigs dang /__bsdu na chos kyi rjes mdzad pa'i/__zhing khams rnam par dag pa 'dir/__/dbus kyi ri rgyal ri rab la/__/gling bzhi 'dod yon lnga yis brgyan/__/nyi ma zla bas skor bar byed/__/lha mi'i longs spyod phun sum tshogs/__/rgyal srid rin chen rnam pa bdun/__/'dod 'jo'i ba dang dpag bsam shing /__/ma rmos lo tog gser dang dngul/__/'bru bzang longs spyod bsam mi khyab/__/dngos po bzang la gya nom pa/__/bla ma sangs rgyas rnams la 'bul/__/rdzogs pa'i sangs rgyas thob par shog__/oM gu ru bud+d+ha bo d+hi satwa maN+Da la pU dza me g+ha sa mu dra s+pha ra Na sa ma ya hU~M/__ces pas grangs ci nus dbul/__yan lag lhag ma rnams ni/__bdag ni thog ma med dus nas/__/las dang nyon mongs dbang gyur pa'i/__/lus dang ngag dang yid sgo nas/__/rang bzhin sdig pa ci bgyis dang /__/sdom pa gsum dang 'gal gyur pa'i/__/nyes pa'i tshogs kun rab 'gyod pas/__/mchod 'os rnams kyi spyan snga ru/__/slan chad sdom pa'i sems kyis bshags/__/bla ma'i phrin las rmad byung dang /__/rgyal dang rgyal sras rang rgyal dang /__/dgra bcom so sor skye bo yi/__/dge ba kun la rjes yi rangs/__/'gro kun smin cing grol bya'i phyir/__/bla ma rnams dang sangs rgyas la/__/zab pa dang ni rgya che ba'i/__/chos kyi 'khor lo bskor bar bskul/__/sems can ji srid gnas kyi bar/__/mya ngan mi 'da' rtag bzhugs nas/__/'gro ba kun gyi don mdzad par/__/thal mo sbyar nas gsol ba 'debs/__/byang chub snying po mchis kyi bar/__/bla ma mchog dang sangs rgyas dang /__/chos dang 'phags pa'i dge 'dun la/__/rtag tu gus pas bdag skyabs mchi/__/sems can kun gyi don slad du/__/rdzogs pa'i byang chub thob bya'i phyir/__/byang chub sems ni bskyed bgyi zhing /__/byang chub spyod pa'ang spyod par bgyi/__/ye shes gsal ba'i spyan ldan pa'i/__/brtse ldan bla ma'i tshogs rnams dang /__/rgyal ba sras dang bcas pa kun/__/yud tsam bdag la dgongs su gsol/__/ma rig pa yis ldongs gyur cing /__/las kyi chu klung gis 'phangs pas/__/srid pa'i rgya mtshor lhung gyur te/__/nyon mongs chu srin dbang gyur pa'i/__/mi bzad sdug bsngal gyis gzir ba'i/__/nyam chung blo gros rab dman pa/__/bdag dang sems can thams cad kyi/__/skyob pa mdzad par gsol ba 'debs/__/bdag cag rnams kyis rab 'bad kyang /__/thar pa'i go skabs rnyed par dka'/__/khyed kyis thugs rje'i phyag brkyangs nas/__/srid pa'i mtsho las bsgral du gsol/__/mngon par 'du byed kun gyi gzhi/__/tshul min yid la byed pa'i rgyu/__/ma rig mun pa thibs po che/__/ye shes zer gyis bsal du gsol/__/srid pa'i nyes kun 'byung ba'i gzhi/__/rtog pa thams cad skyed byed pa/__/bdag tu 'dzin pa'i 'khri shing ni/__/shes rab ral gris gcod du gsol/__/kun rmongs kun 'khrugs kun nas dkris/__/nga rgyal dang ni phrag dog kun/__/mgon po khyod kyi mthu chen gyis/__/ye shes chen por bsgyur du gsol/__/srid pa thog med dus nas su/__/sems ni nyon mongs dbang gyur pas/__/bag chags dri ma gang bsags pa/__/ye shes chu yis sbyong du gsol/__/rang gis mngon par sbyang ba'i mthus/__/rang la rang dbang med par ni/__/sdug bsngal rgya mtshor 'phen byed pa'i/__/las kyi rlung shugs bzlog tu gsol/__/las dang nyon mongs kyis sprul pa'i/__/skye rga na dang 'chi la sogs/__/sdug bsngal 'du byed 'gyur ba yi/__/sdug bsngal zhi bar mdzad du gsol/__/thabs dang skyabs dang dag pa dang /__/theg chen nges par 'byung ba las/__/sems can rnams ni rab bslu ba'i/__/bdud kyi las rnams bzlog tu gsol/__/'jig rten pa yi don gnyer pa'i/__/rnyed dang bkur sti la sogs pa/__/snying po med pa'i bya ba las/__/yid ni rab tu bzlog tu gsol/__/kun gzhi'i lte ba rab brtan cing /__/rten 'brel yan lag rtsibs bcu gnyis/__/sdug bsngal mu khyud kyis bskor ba'i/__/srid pa'i 'khor lo gzhig tu gsol/__/gzhan don la skyo bdag chags pas/__/rang nyid zhi ba don gnyer ba/__/nyan thos theg pa dman pa'i sems/__/rnam pa kun tu dgag tu gsol/__/bdag gi lus dang ngag dang ni/__/de bzhin yid kyi sgo nas kyang /__/sems can kun la rnam kun tu/__/phan pa rgya chen 'byung bar mdzod/__/rdzogs pa'i byang chub sgrub pa la/__/phyi dang nang gi 'tshe ba yi/__/bar du gcod pa thams cad kun/__/nye bar zhi bar mdzad du gsol/__/bshes gnyen grogs mchog dam pa dang /__/gnas bzang ba dang yo byad sogs/__/rtag tu mthun pa'i rkyen rnams kun/__/lhun gyis grub par mdzad du gsol/__/tshe ring nad med 'byor ldan zhing /__/'gro kun rtag tu 'dun pa dang /__/ji ltar bsam pa'i don rnams kun/__/chos bzhin 'grub par mdzad du gsol/__/tshe yi 'du byed gtong ba'i tshe/__/bla ma mchog dang he ru kaH/__mkha' 'gro'i dbang po dang bcas kyis/__/mkha' spyod gnas su dkri bar mdzod/__/mang du smos kyang ci 'tshal te/__/dbang bcu ldan pa khyed rnams kyis/__/ji ltar go 'phang mchog brnyes pa/__/de ltar bdag gis thob par mdzod/__/bdag gzhan srid pa'i sdug bsngal gyis/__/rnam pa kun tu nyam thag pas/__/mi shes bzhin du gsol ba la/__/nyes pa snang gang bzod par gsol/__/dge ba 'di dang dge ba gzhan/__/ma lus gcig tu bsdoms byas nas/__/sems can kun gyi don gyi phyir/__/rdzogs pa'i sangs rgyas myur thob shog__/bdag ni tshe rabs thams cad du/__/rigs gzugs 'byor ldan shes rab dang /__/dbang phyug phun sum tshogs gyur cing /__/nad med tshe dang ldan gyur cig__/sangs rgyas 'byung ba mnyes byed cing /__/dam chos rtag tu spyod pa dang /__/'phags pa'i dge 'dun rgya mtsho'i tshogs/__/rnam pa kun tu mchod par shog__/kun dga'i gsung rab rtag nyan cing /__/sku yi rgyal mtshan blta ba dang /__/de yi dpal 'byor bzang po yis/__/rtag tu bdag ni skyong bar shog__/dad dang brtse dang brtson pa'i mthus/__/byang chub lam rnams rdzogs byed cing /__/sangs rgyas zhing kun sbyong ba dang /__/sems can smin par byed par shog__/yid bzhin nor bu chen po ltar/__/bdag las sems can thams cad kyi/__/yid la 'dod dgu 'byung 'gyur zhing /__/'gro kun tshim par byed par shog__/bdag la brten nas 'gro ba kun/__/zab mo'i lam la rab zhugs nas/__/srid dang zhi la mi gnas pa'i/__/byang chub chen po thob gyur shog__/blo gros sgrib gnyis rnam dag pas/__/shin tu zab pa'i blo gros dang /__/rgya che'i blo gros dang ldan pa'i/__/blo gros chen por bdag gyur cig__/tshul khrims rgyal mtshan dang ldan zhing /__/chos kyi rgyal mtshan legs bzung bas/__/bstan pa'i rgyal mtshan brtan byas nas/__/thar pa'i rgyal mtshan slong bar shog__/tshogs gnyis dpal rab rdzogs gyur nas/__/'gro ba'i dpal mgon 'byung ba'i gzhi/__/sku gsum dpal 'byor lhun grub ste/__/srid zhi'i dpal du bdag gyur cig__/smon lam bzang po las byung ba'i/__/phrin las bzang pos 'gro ba kun/__/skal pa bzang por legs bsgrubs pa'i/__/brtul zhugs bzang por bdag gyur cig__/rgyal dang rgyal ba'i sras rnams kyi/__/rjes su bdag kyang rab zhugs nas/__/dge ba 'di dang dge ba gzhan/__/thams cad yongs su bsngo bar bgyi/__/gzhan yang skye ba 'di nyid du/__/mi mthun phyogs kun zhi ba dang /__/tshe ring nad med phun sum tshogs/__/rtag tu bde dang ldan gyur cig__/bla med bla ma'i thugs rje dang /__/rgyal dang rgyal sras rang rgyal dang /__/dgra bcom bden pa'i byin brlabs kyis/__/ji ltar bsngos bzhin 'grub gyur cig__/ces brjod/__de nas gsol ba btab pa ni/__kun mkhyen chos kyi rgyal po'i gsang gsum yon tan rjes su dran pas sku bstod rgyas pa ci 'grub dang /__bsdu na/__bde gshegs bstan pa'i gsung rab seng ge'i chos rje'i gsungs byin brlab che bas tshigs tha ma zhal bsgyur ba'o/__/sgra/__/lta ngan ri dwags mtha' dag skrag par mdzad/__/sangs rgyas dgongs pa ji bzhin legs sgrub pa/__/mtshungs med kun mkhyen bla mar gsol ba 'debs/__ces pa dang /__skyabs gnas kun 'dus bla ma rin po che/__/drin can chos kyi rje la gsol ba 'debs/__/mnyam med bka' drin can gyi thugs rjes zung /__/'di phyi bar do kun tu byin gyis rlobs/__/ces pa rnams brgya stong sogs dad mos drag pos rtse gcig tu gsol ba btab/__gsol 'debs rgyud bskul gyi bzlas pa bya na/__oM AHgu ru ma hA dz+nyA na sarba sid+d+hi hU~M/__zhes ci nus bzla/__de nas slar yang gsol ba btab cing dbang blangs pa ni/__phyogs bcu dus gsum gyi de bzhin gshegs pa thams cad kyi sku gsung thugs yon tan phrin las thams cad kyi ngo bor gyur pa/__chos kyi rje/__chos kyi rgyal po/__chos kyi dbang phyug__/chos dam pa'i 'byor pa thams cad kyis phun sum tshogs shing /__'khor ba dang mya ngan las 'das pa'i dpal dam par gyur pa bla ma dam pa'i zhabs kyi pad+mo dri ma med pa la gus pas phyag 'tshal zhing skyabs su mchi'o/__/sku gsung thugs yon tan phrin las thams cad kyis bdag dang sems can thams cad la byin gyis brlab du gsol/__bdag gi sngon gyi las las gyur pa dang /__gnas skabs kyi rkyen las gyur pa'i mi dang mi ma yin pa dang /__'byung po'i gnod pa dang /__nye bar 'tshe ba dang /__byur dang skal ba ngan pa dang /__phyi dang nang gi bar du gcod pa thams cad nye bar zhi bar byin gyis brlab tu gsol/__tshe dang dpal dang 'byor pa dang dbang phyug phun sum tshogs par byin gyis brlab tu gsol/__'jig rten gyi chos brgyad dang mtshan ma'i rnam par g.yeng ba la sogs pa srid par 'khor bar 'gyur ba'i rnam par rtog pa dang /__gzhan gyi don la skyo ba dang /__rang nyid zhi bar 'dun pa la sogs pa mya ngan las 'da' bar gyur pa'i rnam par rtog pa gang lags pa thams cad mi 'byung bar byin gyis brlab tu gsol/__bdag gi sems las su rung ba dang /__bag yod pa dang /__dran pa dang /__shes bzhin yang dag pa dang ldan par byin gyis brlab tu gsol/__bdag gi tshul khrims gyi phung po dang dam tshig dang sdom pa'i tshogs rnam par dag cing /__sdig pa dang /__sgrib pa dang /__ltung ba dang /__nyes pa'i dri mas ma gos par byin gyis brlab tu gsol/__dad pa dang snying rje dang shes rab phun sum tshogs pa dang ldan zhing /__byang chub kyi sems gnyis zung du chud nas/__lung dang mngon par rtogs pas bsdus pa'i chos kyi snang ba dam pa dang rtogs pa dge ba khyad par can rgyud la skye bar byin gyis brlab tu gsol/__gang gi tshe bdag 'chi bar gyur pa de'i tshe tshe 'di dang 'jig rten 'di la mngon par zhen pa dang bral zhing lus dang sems la zug rngu dang sdug bsngal cung zad tsam yang mi 'byung bar dga' ba dang spro ba dang yid gsal ba mchog tu ldan zhing /__ting nge 'dzin dam pa rgyud la skyes nas/__bla ma dang dkyil 'khor gyi lha tshogs rnams dang /__dpa' bo dang rnal 'byor ma'i tshogs yang dag pa mthong zhing /__de dag gi rnam par 'phrul pa bsam gyis mi khyab pa dang bcas pas bsus te/__bar do'i 'jigs pa thams cad dang bral zhing /__bdud dang gshin rje'i spyod yul thams cad las shin tu 'das nas rig pa 'dzin pa dang mkha' la spyod pa la sogs pa'i go 'phang mchog tu skye bar byin gyis brlab tu gsol/__skye ba dang srid pa thams cad du 'jig rten dang 'jig rten las 'das pa'i rgud pa thams cad dang bral zhing srid pa dang zhi ba'i 'byor pa phun sum tshogs pa thob ste/__phyogs bcu'i de bzhin gshegs pa thams cad kyi gsung rab rgya mtsho'i tshogs yang dag par bzung nas/__chos kyis phongs pa'i sems can thams cad la chos kyi sbyin pa rgya chen po btong zhing /__sangs rgyas kyi zhing yongs su dag pa dang sems can rnams yongs su dag pa dang bral ba can rnams yongs su smin par byas nas dngos po thams cad kyis bla ma dam pa mnyes par byas te sa dang lam thams cad bde blag tu bgrod nas/__sku bzhi ye shes lnga dang ldan pa'i rdo rje 'chang chen po'i go 'phang myur du thob par byin gyis brlab tu gsol/__bla ma'i dpral ba'i oM las 'od dkar po/__/oM gyi gzugs byung rang gi dpral bar thim/__bum pa'i dbang thob lus kyi dri ma dag__/sku yi byin brlab sprul sku'i sa bon bzhag__/bla ma'i mgrin pa'i AHlas 'od dmar po/__AHyi gzugs byung rang gi mgrin par thim/__gsang ba'i dbang thob ngag gi dri ma dag__/gsung gi byin brlab longs sku'i sa bon bzhag__/bla ma'i thugs ka'i hU~M las 'od sngon po/__/hU~M gi gzugs byung rang gi snying gar thim/__/gsum pa'i dbang thob sems kyi dri ma dag__/thugs kyi byin brlab chos sku'i sa bon bzhag__/bla ma'i yi ge gsum las 'od sna tshogs/__'bru gsum gzugs byung rang gi gnas gsum thim/__/bzhi pa'i dbang thob sgrib pa'i bag chags dag__/kun gyi byin brlab ngo bo nyid skur gyur/__/ces brjod la dbang don gyi ye shes bskyangs shing de kho na nyid la blo bzhag__/mthar ni bla ma dgyes pa chen po yis/__/mtshan dpe'i zhal 'dzums gsung gi sgra bsgrags shing /__thugs kyis bdag la brtse bas dgongs bzhin du/__/rang gi spyi bo tshangs pa'i sgo nas byon/__/snying dbus pad dkar 'od kyi gur khang du/__/'bral ba med par rtag tu bzhugs par gyur/__/bla ma'i thugs ka'i hU~M la shes pa thim pa ltar gtad cing thugs yid bsre la lta ba'i ngang bskyangs/__de las ldangs ba na smon lam ni/__sangs rgyas kun 'dus phyi yi bla ma dang /__/sems nyid 'od gsal nang gi bla ma dang /__/rang bzhin spros bral don gyi bla ma gsum/__/dbyer med snying po'i bla ma rtogs par shog__/dge ba 'di yi bdag sogs sems can rnams/__/dngos grub 'byung gnas dpal ldan bla ma la/__/lhag pa'i lha ru shes pa'i mos gus kyis/__/dbang dang dngos grub rtag tu len par shog__/lus ngag yid gsum longs spyod dang bcas pas/__/don yod rnam bzhis bla ma mnyes byas nas/__/ci mdzad rgyal ba'i mdzad par legs rtogs te/__/rmad byung phrin las sgrub la brtson par shog__/mgon po khyod kyi thugs dang bdag gi sems/__/dbye ba med par gcig tu 'dres gyur nas/__/phyogs las rnam par rgyal ba khyed ci 'dra/__/bdag kyang de 'drar 'gyur bar byin gyis rlobs/__/dpal ldan rtsa ba'i bla ma rin po che/__/bdag gi snying gar pad+ma'i gdan bzhugs nas/__/bka' drin chen po'i sgo nas rjes bzung nas/__/sku gsung thugs kyi dngos grub stsal du gsol/__/thos pa rgya mtsho'i mchod yon kun nas 'khyil/__/yon tan me tog tshul khrims bdug spos sprin/__/shes rab sgron me dad pa spos chu'i mtsho/__/ting 'dzin bdud rtsi'i zhal zas dam pa dang /__/bstod dbyangs snyan pa'i sil snyan sgra 'byin cing /__/kun nas snying brtse rnam dpyod spobs pa yi/__/gdugs dang rgyal mtshan ba dan bsgrengs pa yis/__/bdag lus gzhal med khang brtsegs rab brgyan nas/__/snying gi chu skyes thig le zla rgyas la/__/brtan par bzhugs pa'i chos rje mchod bgyid cing /__/nges par 'dun pa'i yid kyis gsol btab pas/__/'gro ba'i bla ma rtag tu mnyes gyur cig__/skye ba kun tu yang dag bla ma dang /__/'bral med chos kyi dpal la longs spyod de/__/sa dang lam gyi yon tan rab rdzogs nas/__/rdo rje 'chang gi go 'phang myur thob shog__/skye zhing skye ba dag ni thams cad du/__/rigs bzang blo gsal nga rgyal med pa dang /__/snying rje che zhing bla ma la gus nas/__/dpal ldan bla ma'i dam tshig la gnas shog__/bdag sogs gdul byar gyur pa thams cad kyang /__/las 'bras lhur len gsung rab don la mkhas/__/tshul khrims dag cing thos la mngon brtson te/__/thub bstan phyogs bcur rgyas par mdzad du gsol/__/rgyal mtshan rtse mo dbang gi rgyal po ltar/__/lhag pa'i lha yi gtsug gi rgyan gcig pu/__/sgrub pa po la dngos grub mchog stsol mdzad/__/mnyam med bla ma mchog gi bkra shis shog__/bsngo smon shis brjod ci rigs pas dge legs su bya'o/__/bla ma'i lam khyer dang /__dgos pa/__phan yon/__dam tshig sogs rgyas par gzhan las shes par bya'o/__/'di ni nyams len 'bring du bya ba'i tshul yin la rgyas par spro na/__skyabs sems kyi dbur lam 'bras bla mchod ltar mchod pa byin brlab dang /__mchod pa'i yan lag skabs spyir mchod grub nas bye brag gi mchod phreng nyer spyod/__rin bdun 'dod yon lnga rnams dbul/__'di'i tshig phrad mos blos bla ma mchog la bdag 'bul gyi/__zhes bsgyur/__maN+Dal rgyas bsdus brgya rtsa 'bul/__de nas sdig bshags sogs yan lag lhag ma rnams bya ba ni rgyas pa'o/__/shin tu bsdu na/__tshogs zhing gsal gdab gang drin ma'i bstod pa/__khyod mnyes bgyid pa'ang grub par shog__/ces pa'i bar yan lag bdun pa/__dkon mchog gsum la bdag skyabs mchi/__sogs kyi rgyun bshags lan gsum byas nas gsol 'debs bsdus pa dang /__bzlas pa bya/__slar yang /__skyabs gnas kun 'dus bla ma rin po che/__sogs shwa lo ka gcig pus lan gsum du gsol ba btab/__bla ma'i dpral ba'i sogs dbang blangs ba man chod gzhung ltar ro/__/'di sbyar dge ba gang yod des/__/bsod nams dpag med ldan gyur te/__/kun mkhyen chos kyi sed+ge yi/__/go 'phang dam pa brnyes gyur cig__/ces pa'ang ye na dge slong shes rab phun tshogs nas shes bya ma 'bum ther gcig gsung ba'i zhal bzhes dang rten bcas snga phyir bskul ba dang /__kun mkhyen bla ma 'di nyid rje btsun gong ma lnga dang /__rje rdo rje 'chang bcas kyi mdo sngags kyi dgongs bzhed 'khrul med du ston pa'i mkhas grub kun gyi gtsug gi rgyan cig 'di lta bu la gsol ba btab na pha rjes bus zin nges par 'byung snyams shing /__deng dus kyi dpe cha ba rnams kha su mang gi kha zegs bsdus pa'i bshad yam bor nas gzhan la khyad gsod spangs te rang gi chos kyi zab gnad kun mkhyen bla ma'i legs bshad ltar bzung nas bstan pa 'dzin na don che bar mthong zhing bla ma'i rnal 'byor yang rang lugs kye rdor lam zab las lhag pa mi dgos kyang /__kun mkhyen chos kyi rgyal po'i sku yi rnam pa dran pa'i gsos 'debs su rang nyid kyang spro bar gyur cing gzhan a gsar can rnams la'ang phan pa cung zad re 'gyur snyams nas lam zab kyi gzhung bla ma gong ma'i gsung byin can rnams bsgrigs/__rmongs tshig gsar bsnan kha shas kyang bgyis te 'jam dbyangs chos kyi blo gros pas thun bar gcig la shar mar bris pa 'dis kyang rang gzhan rnams kyi rgyud la bla ma'i byin brlab myur du 'jug par gyur cig__/sarba mang ga laM//____//

Footnotes

Other Information