Property:colophontib
From Khyentse Lineage - A Tsadra Foundation Project
This is a property of type Text.
ད
རྡོ་རྗེ་གསང་བའི་རྒྱུད་ཆེན་པོའི་མངའ་བདག་ཏུ་གདོད་ནས་གྲུབ་པའི་བླ་མ་སྤྱི་དཔལ་ཆེན་པོ་རིག་འཛིན་གྲུབ་བརྒྱའི་དེད་དཔོན་པདྨ་ཡེ་ཤེས་རྡོ་རྗེ་སྟངས་དཔྱལ་ལྷན་རྒྱས་པས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང༌། བྲི་གཞི་བཅས་ཆེད་དུ་བཀའ་ཡི་བསྐུལ་མ་མཛད་པ་དང༌། གཞན་ཡང་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མས་ལེགས་སོའི་དབུགས་དབྱུང་བསྩལ་བ་བཞིན། ཟབ་མོའི་གསང་བ་མཆོག་གིས་དབུགས་དབྱུང་ཅུང་ཟད་ཐོབ་པའི་སྐལ་བཟང་རིག་པ་འཛིན་པ་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་དབུ་རུ་གྲྭ་ནང་གཏེར་ཆེན་ཨོ་རྒྱན་གླིང་པ་སྐུ་འཁྲུངས་པའི་གནས་ཡར་ཆེན་དུ་གཏན་ལ་ཕབ་ནས་བྲིས་པ་འདིས་ཀྱང་བསྟན་འགྲོ་མཐའ་དག་ལ་ཕན་བདེའི་དབུགས་འབྱིན་དུས་ཀུན་ཏུ་འབྱུང་བའི་རྒྱུ་ཁོ་ནར་གྱུར་ཅིག །མངྒ་ལཾ། དགེའོ།། +
* '''Treasure colophon:''' མཚོ་རྒྱལ་ཡི་གེར་བྲིས་ལ་གཏེར་དུ་སྦོས༔ མ་འོངས་མཐའ་ནས་མཐའ་རུ་དོན་ཆེན་བྱེད༔ ཅེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲཐཙབྷྱ་ཉ༔
* '''Revealer colophon:''' སྤྲུལ་སྐུ་ཨོ་རྒྱན་གླིང་པས་གཏེར་ནས་གདན་དྲངས་པའོ།།
+
* '''Treasure colophon:''' དེ་ལྟ་བུའི་ཕྲིན་ལས་འདི་ནི་རྣལ་འབྱོར་པས་རྒྱུན་དུ་བརྩམ་པར་བྱ་བ་སྟེ༔ བཀའ་འདུས་རྩ་བའི་རྒྱུད་དང་༔ ཕྲིན་ལས་ཀྱི་ལུང་ལྔ་ལས་པདྨས་བཏུས་ཏེ་ཤིན་ཏུ་བསྡུས་པ་ཟ་ཧོར་གྱི་ཡུལ་དུ་བཤད༔ བོད་དུ་བསྒྱུར་ནས་ཇོ་མོ་མཚོ་རྒྱལ་ལ་གཏད་དེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ མ་འོངས་སྐལ་ལྡན་སྤྲུལ་སྐུའི་དོན་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཐ་ཐ༔
* '''Revealer colophon:''' སྤྲུལ་སྐུ་ཨོ་རྒྱན་གླིང་པས་ཡར་ཀླུང་ཤེལ་བྲག་པདྨ་བརྩེགས་པའི་ཕུག་པ་ནས་སྤྱན་དྲངས་པའོ།།
+
ཞེས་གུ་རུ་ཨོ་རྒྱན་གླིང་པའི་ཟབ་གཏེར་དཔལ་བཀའ་འདུས་ཀྱི་སྙིང་པོ་དོན་གྱི་དབང་བཞིའི་སྐབས། སྤྲོ་ན་དཀྱིལ་འཁོར་ལྷ་ཚོགས་གཙོ་བཏུས་ཀྱི་དབང་བསྐུར་ཞེས་གསུངས་པའི་བསྒྲགས་ཚིག་མངོན་རྟོགས་ལས་ཁ་བསྒྱུར་བའི་ལྷ་དབང་གི་བཀོལ་བྱང་ལེའུ་ཚན་ནོ། །མངྒ་ལཾ།། +
* '''Treasure colophon:''' སློབ་དཔོན་ཆེན་པོའི་གསུང་བཞིན་མཁར་ཆེན་མཚོ་རྒྱལ་གྱིས་ཡི་གེར་བྲིས་ཏེ་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ལ་གཏད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
+
* '''Treasure colophon:''' དེ་ལྟར་དཔལ་ཧེ་རུ་ཀའི་ཐུགས་ཀྱི་ཐིག་ལེའི་གསང་ཁྲིད་ཤིན་ཏུ་མདོར་བསྡུས་པའི་སྙན་བརྒྱུད་གསང་བའི་ཡི་གེ་འདི་ནི༔ རྒྱུད་ལུང་མན་ངག་གི་སྙིང་པོར་དྲིལ་ཏེ་ཟ་ཧོར་གྱི་ཡུལ་དུ་དད་པ་ཅན་གྱི་རྗེ་འབངས་རྣམས་ཀྱི་ཉམས་ལེན་དུ་བསྟན་ཅིང་༔ བོད་ཀྱི་ཡུལ་དུ་སྐལ་བ་དང་ལྡན་པའི་གཟུངས་མ་མཁར་ཆེན་བཟའ་ལ་དམར་ཁྲིད་དུ་བཤད༔ ཉམས་སུ་བླངས༔ ཡི་གེར་བྲིས་ཏེ་རིན་པོ་ཆེ་སའི་གཏེར་དུ་སྦས་པ༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན་དུ་སྣང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ མནྟྲ་གུ་ཧྱ༔
* '''Revealer colophon:''' སྤྲུལ་སྐུ་ཨོ་རྒྱན་གླིང་པའི་ཟབ་གཏེར་གྱི་སྙིང་པོའོ།།
+
* '''Treasure colophon:''' དབང་བཞི་དོན་གྱི་སྙིང་པོ་གུ་རུ་རིན་པོ་ཆེས་གསུངས་པ་བཞིན་མནྡ་ར་བས་ཟ་ཧོར་གྱི་སྐད་དང་ཡི་གེར་བྲིས༔ མཚོ་རྒྱལ་གྱིས་བོད་ཀྱི་སྐད་དང་ཡི་གེར་བསྒྱུར་ནས་རྒྱལ་སྲས་མཆོག་གྲུབ་རྒྱལ་པོར་གཏད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔
* '''Revealer colophon:''' གཏེར་སྟོན་ཨོ་རྒྱན་གླིང་པས་ཡར་ཀླུང་ཤེལ་བྲག་པདྨ་བརྩེགས་པ་ནས་སྤྱན་དྲངས་པའོ།
* '''Transmission Lineage:''' །འདིའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་འཆང་ཆེན། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། རིག་འཛིན་ཀུཉྫ་ར། རིགས་ལྡན་དེ་བ་བཟང་སྐྱོང་། མཁའ་འགྲོ་ལས་དབང་ཆོས་འཚོ། ཨོ་རྒྱན་པདྨ་འབྱུང་གནས། ལྷ་ལྕམ་མནྡཱ་ར་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྒྱལ་སྲས་མཆོག་གྲུབ་རྒྱལ་པོ། སྤྲུལ་སྐུ་ཨོ་རྒྱན་གླིང་པའོ་
+
ཅེས་པའང་རྫོང་ཤོད་བདེ་གཤེགས་འདུས་པའི་ཐུགས་གནས་ཧེ་རུ་ཀའི་ཚོགས་ཁང་ཆེན་མོར་འདི་ཉིད་ཀྱི་སྒྲུབ་ཆེན་བགྱིས་པའི་སྐབས་སུ་པདྨ་གར་གྱི་དབང་ཕྱུག་གིས་བསྡེབས་པ་དགེ་ལེགས་འཕེལ། །སརྦ་ཐཱ་མངྒ་ལཾ།། +
ཞེས་པའང་རྫོང་ཤོད་བདེ་གཤེགས་འདུས་པའི་ཐུགས་གནས་ཧེ་རུ་ཀའི་ཚོགས་ཁང་ཆེན་མོར་འདི་ཉིད་ཀྱི་སྒྲུབ་ཆེན་བགྱིས་པའི་སྐབས་སུ་པདྨ་གར་གྱི་དབང་ཕྱུག་གིས་བསྡེབས་པ་དགེ་ལེགས་འཕེལ།། +
།དེ་ལྟར་དཔལ་བཀའ་འདུས་ཆོས་ཀྱི་རྒྱལ་མཚོའི་ལས་བྱང་བདེ་ཆེན་རྣམ་པར་རོལ་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། གསང་བའི་ཤིང་རྟ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དངོས་ཀྱི་ནང་ཐུགས་ཀྱི་སྲས་མཆོག་ཁོ་བོའི་རིགས་ཀྱི་བདག་པོ་འགྱུར་མེད་ངེས་དོན་དབང་པོའི་ཞལ་སྔ་ནས་ཚུལ་འདི་ཐུན་མོང་མ་ཡིན་པའི་གཙིགས་སུ་མཛད་དེ་རྗེས་སུ་གནང་བའི་སྐལ་བཟང་ཐོབ་པ་ལས། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཞེ་བདུན་དུ་སོན་པ་རྣམ་འགྱུར་ལྕགས་ཕོ་སྟག་གི་ལོ་མགོ་ཉ་བའི་ཐབས་ཀྱི་ཆའི་རྒྱལ་བ་གསུམ་པ་ལ། མཆིམས་ཀྱི་ཀོང་ཡུལ་ལྗོན་པའི་ནོར་འཛིན་གྱི་ཐིག་ལེ་བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་ཀྱི་བནྡྷེ་ཆོས་ཉིད་ཀློང་གྲོལ་གྱིས་བགྱིས་པའོ། །འདིས་ཀྱང་འགྲོ་བ་ཐམས་ཅད་སྤྱི་དཔལ་ཧེ་རུ་ཀའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། +
།ཞེས་པའང་བློ་གྲོས་ཕུན་ཚོགས་ལགས་ནས་ནན་ཆེར་བསྐུལ་མ་མཛད་པའི་ངོར། སྙོམས་ལས་པ་ཕུན་ཚོགས་རྣམ་རྒྱལ་པས་བོད་རབ་བྱུང་བཅུ་བདུན་ས་ཡོས་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་དཔལ་བཀའ་འདུས་ཀྱི་ལས་སྦྱོར་ནས་འབྱུང་བའི་རབ་གནས་ལ་ཆོ་གའི་ཟུར་ཅུང་ཟད་བརྒྱན་ཏེ་བྲིས་པ་འདིས་ཀྱང༌། རྒྱལ་བསྟན་བཤད་སྒྲུབ་ཀྱི་བསྟན་པ་སྲིད་མཐར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ།། +
དཔལ་བཀའ་འདུས་ལས་སྙིང་པོ་དོན་གྱི་དབང་བཞི་མཚམས་སྦྱོར་ཕྱག་ལེན་གྱིས་བརྒྱན་པ་རྒྱུད་ལུང་རྒྱ་མཚོའི་བཅུད་ཐིག། +
།ཁྱབ་བདག་པདྨ་ཀུན་ཏུ་འཆང་དངོས་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོས་འདོར་མེད་དུ་བསྐྱང་བ་ལ་བརྟེན། གསང་བ་འདི་ཉིད་ཀྱི་སྣོད་ལྡན་དུ་གྱུར་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཡོན་ཏན་གནས་ལྔ་ལྷན་གཅིག་ཏུ་འདུས་པའི་ཟབ་ལུང་གཉིས་པ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། +
།ཅེས་རང་གཞན་ལ་ཕན་པར་འདོད་པའི་ཡིད་ཀྱིས། ཁྱབ་བདག་བླ་མ་རིག་འཛིན་ཡོངས་ཀྱི་སྤྱི་རྗེ་ལ་གསོལ་བ་བཏབ་ཅིང་བཀའ་ལུང་ལེགས་པར་ཞུས་ཏེ། འཆི་མེད་བསྟན་གཉིས་གླིང་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བགྱིས་པ་དགེ་ལེགས་འཕེལ།། +
རང་བྱུང་རྡོ་རྗེའི་སངས་རྒྱས་དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝའི་ཐུགས་ཀྱི་གསང་བ་ཡེ་ཤེས་སྙིང་པོ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་རྩ་བ་དོན་གྱི་རྡོ་རྗེའི་རྒྱུད་ཆེན་པོ་གང༌། ཟབ་རྒྱས་གསང་བ་མཆོག་གི་མངའ་བདག་ཏུ་གདོད་ནས་གྲུབ་པའི་ཀུན་མཁྱེན་བླ་མ་བརྩེ་བ་ཆེན་པོ་རྒྱལ་ཀུན་གསང་འཛིན་དབང་པོ་པདྨ་ཡེ་ཤེས་རྡོ་རྗེ་སྟངས་དཔྱལ་གྱིས་རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་ལྷ་རྫས་ནང་མཛོད་ཀྱིས་བཏེགས་ཏེ་བྲི་གཞི་ཤོག་སེར་བཅས་བསྩལ་བ་དང༌། གཞན་ཡང་འཇམ་མགོན་ཡང་སྲིད་པདྨ་བི་མ་ལའི་མཚན་ཅན་དང༌། རྣམ་སྣང་ལོ་ཙཱ་བའི་སྒྱུ་འཕྲུལ་རྒྱལ་སྤྲུལ་རྡོ་རྗེ་འཆང་དྷརྨ་ཤྲཱི། སྨིན་གླིང་མཁན་ཆེན་རིན་པོ་ཆེ་སོགས་དམ་པའི་སྐྱེས་ཆེན་དུ་མས་དགྱེས་པས་དབུགས་དབྱུང་བའི་རྟེན་འབྲེལ་མཐུན་སྦྱོར་མཛད་པ་ལྟར། རྡོ་རྗེ་ཧེ་རུ་ཀའི་གསེང་ལམ་འདི་ལ་སྔོན་དགེའི་སྤོབས་པ་ཅུང་ཟད་སད་པའི་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་གཡོ་རུ་ཁྲ་འབྲུག་བྱམས་སྙོམས་ཀྱི་གཙུག་ལག་ཁང་ཆེན་པོར་གཏན་ལ་ཕབ་པ་འདིས་ཀྱང་མཁའ་ཁྱབ་ཀྱི་ཡིད་ཅན་གྲོང་ཁྱེར་དྲུག་གི་སྡུག་བསྔལ་གྱི་རྒྱ་མཚོའི་མཐར་བརྒལ་ཏེ་རྣམ་མཁྱེན་ནོར་བུའི་གླིང་དུ་བདེ་བླག་གིས་རྩེན་ནས་སྐུ་བཞིའི་དཔལ་འབྱོར་མཐའ་ཀླས་པར་ལོངས་སུ་སྤྱོད་པ་དང༌། གངས་ཅན་བསྟན་འགྲོའི་དགའ་སྟོན་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་ཐུགས་བསྐྱེད་སྨོན་ལམ་བཞིན་འཕེལ་རྒྱས་བརྟན་པའི་རྟེན་འབྲེལ་མཆོག་གི་གསོས་སུ་གྱུར་ཅིག །མངྒ་ལཾ། དགེའོ།། +
དཔལ་བདེ་བ་ཆེན་པོ་པདྨ་སཾ་བྷཱ་བ་ལ་རྩ་སྔགས་དང་སྦྱར་བའི་གསོལ་འདེབས་རྗེས་དྲན་གྱི་རྡོ་རྗེའི་གླུ་ཁ་སྦྱོར་ནཱ་དའི་དབྱངས་སྙན། +
།ཞེས་དཔལ་བདེ་བ་ཆེན་པོ་པདྨ་སཾ་བྷ་ཝའི་རྩ་སྔགས་ཀྱི་ངེས་པ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་བརྗོད་བྱ་དང་སྦྱར་བའི་གསོལ་འདེབས་འདི་ཡང་། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་དབང་ཆེན་སྤྲེའུ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་དུས་ཀྱི་མཆོད་པའི་སྐབས་ཤིག་ཏུ་བཛྲ་གཱི་རྟིའི་མཆོད་སྤྲིན་དུ་སྤྲོས་པའོ། +
ཅེས་ཕུན་ཚོགས་རྣམ་རྒྱལ་པས་བྲིས་པའོ། +
ཅེས་སོགས་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་རྒྱས་སུ་བྱའོ། །ཅེས་དཔལ་རྡོ་རྗེའི་བདུད་རྩིའི་ཟབ་མོ་བླ་མ་བསྒྲུབ་པའི་ལས་བྱང་འདི་ནི་གཏེར་གཞུང་ཞལ་གསལ་བཞུགས་ཀྱང་འཇུག་པ་བདེ་ཕྱིར་ཁོལ་དུ་ཕྱུང་བ་པོ་ནི། ཟབ་ཆོས་འདི་ཉིད་ལ་ལོངས་སུ་སྤྱོད་པའི་སྐལ་བས་སྦོམ་པ་ཕུན་ཚོགས་རྣམ་རྒྱལ་ཏུ་འབོད་པས། ༢༠༠༨ ལོར་༢ བཀའ་བབས་སྐོར་བསྐྱར་བསྒྲིག་སྐབས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་སྦྱར་བའི་དགེ་བས་འགྲོ་བ་ཀུན་ལ་འཆི་མེད་རྡོ་རྗེའི་བདུད་རྩིའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག། +
།ཅེས་པའང་རང་འདྲའི་བློ་དམན་རྣམས་ལ་ཉེ་བར་མཁོ་བའི་ཆེད་དུ། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཤིང་རྟ་ཆེན་པོ་ཀུན་དགའ་སྙིང་པོའི་གསུང་རབ་ཀྱི་དགོངས་པ་ཇི་ལྟ་བར་བཀླག་པས་གྲུབ་པར་བསྡེབས་པ་སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།། +
།ཅེས་པའང་ས་བྱི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞི་ལ་ཀུན་དགའ་ཕྲིན་ལས་རྒྱ་མཚོས་མངོན་པར་བསྟོད་པ་འདིས་ཀྱང་བླ་མ་ནག་པོ་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་ཛྲ་ག་ཏཾ། མངྒ་ལཾ།། +
* '''First colophon:''' །ཅེས་པའང་དམ་པའི་ཡོན་ཏན་མངའ་བའི་ཐང་སྨད་བདེ་ཆོས་སྤྲུལ་སྐུ་ངག་དབང་བཤད་སྒྲུབ་དར་རྒྱས་ནས་ལྷ་རྫས་རྟེན་བཅས་གསུང་བསྐུལ་བཞིན་སྔགས་བཙུན་རྒན་པོ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ཤོད་རོང་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་ནས་བྲིས་པ་ངེས་གསང་བསྟན་པའི་དབུ་འཕང་སྲིད་རྩེར་སྙེགས་པའི་རྒྱུར་གྱུར་ཅིག།
* '''Second colophon:''' །ཅེས་ལྷོ་འབྲུག་ཆོས་ཀྱི་རྒྱལ་ཁབ་ཀྱི་བྱེ་བྲག་དགེ་ལེགས་ཕུག་ནས་གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་འཆད་ཉན་སྐབས་འཕགས་ཡུལ་ངེས་དོན་དགའ་ཚལ་གླིང་གི་པད་བཀོད་སྒམ་སྤྲུལ་མཁྱེན་ཡོན་མཚུངས་མེད་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མས་གསུང་བསྐུལ་བཞིན་ཤིང་བྱི་རྒྱལ་ཟླའི་ཚེས་ལ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་དགོས་པ་མཆོག་ལྡན་དུ་གྱུར་ཅིག།
+