དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལས་བྱང་གི་མཆོད་ཕྲེང་ཅུང་ཟད་སྤྲོས་པ།

From Khyentse Lineage - A Tsadra Foundation Project
JKW-KABAB-05-CA-013
Wylie title dpal bka' 'dus chos kyi rgya mtsho'i las byang gi mchod phreng cung zad spros pa JKW-KABAB-05-CA-013.pdf
Location mkhyen brtse'i bka' babs
Volume 5, Text 13, Pages 207-209 (Folios 1a1 to 2a2)
Author འཇམ་མགོན་ཀོང་སྤྲུལ་
Less details More details
Tertön མཆོག་གྱུར་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (o rgyan gling pa, 'jam dbyangs mkhyen brtse'i dbang po)
Citation 'jam mgon kong sprul. dpal bka' 'dus chos kyi rgya mtsho'i las byang gi mchod phreng cung zad spros pa. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 5: 207-209. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Revelations - gter ma  ·  Offering Substance Liturgies - mchod phreng
Cycle དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ (dpal bka' 'dus chos kyi rgya mtsho)
Karchag page JKW-KABAB-Volume-05-CA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-BA-018
Colophon

ཞེས་པའང་རྫོང་ཤོད་བདེ་གཤེགས་འདུས་པའི་ཐུགས་གནས་ཧེ་རུ་ཀའི་ཚོགས་ཁང་ཆེན་མོར་འདི་ཉིད་ཀྱི་སྒྲུབ་ཆེན་བགྱིས་པའི་སྐབས་སུ་པདྨ་གར་གྱི་དབང་ཕྱུག་གིས་བསྡེབས་པ་དགེ་ལེགས་འཕེལ།།

zhes pa'ang rdzong shod bde gshegs 'dus pa'i thugs gnas he ru ka'i tshogs khang chen mor 'di nyid kyi sgrub chen bgyis pa'i skabs su pad+ma gar gyi dbang phyug gis bsdebs pa dge legs 'phel

[edit]
༄༅། དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལས་བྱང་གི་མཆོད་ཕྲེང་ཅུང་ཟད་སྤྲོས་པའི་སྐབས་སུ། ཐོག་མར་ཕྱག་རྒྱ་གར་མཆོད་ནི། ཧཱུྃ། དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ ཕྱག་རྒྱ་བཅུ་དྲུག་གར་གྱི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ནཱིརྟི་ཧོ༔ ཕྱི་ནང་གི་ཉེར་སྤྱོད་ནི༔ ཧཱུྃ། དཔལ་ཆེན༴ ཟག་མེད༴ འདོད་ཡོན་རྣམས་མང་ཕྱི་ཡི་མཆོད་པ་འབུལ༔ བཞེས་ནས༴ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ཧཱུྃ༔ གསང་མཆོད་ནི། ཧཱུྃ༔ དཔལ་ཆེན༴ ཟག་མེད༴ ཏིང་འཛིན་ཟབ་མོ་རྟོགས་པའི་མཆོད་པ་འབུལ། བཞེས་ནས༴ ཨོཾ་ཤྲཱི་བཛྲ་རཱ་ག་མ་ཧཱ་ཛྙཱ་ན་ཧོ༔ ཀུན་བཟང་མཆོད་པ་ནི། ཧཱུྃ༔ དཔལ་ཆེན༴ ཟག་མེད༴ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པ་འབུལ༔ བཞེས་ནས་༴ ཨོཾ་ཤྲཱི་བཛྲ་རཱ་ག་ས་མནྟ་པཱུ་ཛ་ཧོ༔ བདུད་རྩི་སྨན་མཆོད་ནི། ཧཱུྃ༔ དཔལ་ཆེན༴ ཟག་མེད༴ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད་པ་འབུལ༔ བཞེས་ནས༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ བརྒྱུད་མཆོད་ནི། གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་འཆང༌། །ལོངས་སྤྱོད་རྫོགས་སྐུ་དཔལ་ལྡན་རྡོ་རྗེ་སེམས། །སྤྲུལ་སྐུ་གསང་བདག་ཕྱག་ན་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ རིག་འཛིན་ཡོངས་ཀྱི་གཙོ་མཆོག་ཀུཉྫ་ར། །རིགས་ལྡན་ཆེན་པོ་དེ་བ་བཟང་སྐྱོང་དང༌། །ཡེ་ཤེས་མཁའ་འགྲོ་ལས་དབང་ཆོས་ཀྱི་འཚོར། །སྨན་མཆོད༴ སརྦ༴ དཀྱིལ་འཁོར་ཀུན་བདག་ཨོ་རྒྱན་པདྨ་འབྱུང༌། །མནྡཱ་ར་བ་ཡེ་ཤེས་མཆོ་རྒྱལ་མ། །རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ལ། །སྨན་མཆོད༴ སརྦ༴ སྤྲུལ་པའི་གཏེར་ཆེན་ཡར་རྗེ་ཨོ་རྒྱན་གླིང༌། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །བཀའ་འདུས་རིག་འཛིན་རྩ་བརྒྱུད་བླ་མ་ལ། །སྨན་མཆོད༴ སརྦ༴ བདེ་གཤེགས་ཞི་བ་སྤྱི་དཔལ་རྩ་བའི་ལྷ། །བྱང་ཆུབ་ཉི་ཤུའི་ཡེ་ཤེས་དཀྱིལ་འཁོར་བ། །མཁའ་འགྲོ་ཆོས་སྲུང་དམ་ཅན་གཏེར་བདག་ལ། །སྨན་མཆོད༴ སརྦ༴ འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོའི་ངང༌། །སྣང་སྲིད་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དུ། །གདོད་ནས་རྣམ་དག་བྱང་ཆུབ་སེམས་ཀྱི་ལྷར། །སྨན་མཆོད༴ སརྦ་པཉྩ༴ དངོས་གྲུབ་བླང་བ་ནི། མ་ཧཱ་ཨ་མྲྀ་ཏ་སརྦ་སིདྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ༔ རཀྟ་འབུལ་བ་ནི། ཧཱུྃ༔ དཔལ་ཆེན༴ ཟག་མེད༴ རྒྱུ་དྲུག་བསྒྲལ་བ་རཀྟའི་མཆོད་པ་འབུལ༔ བཞེས་ནས༴ མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མ་འབུལ་བ་ནི། ཧཱུྃ༔ དཔལ་ཆེན་༴ ཟག་མེད༴ སྣོད་བཅུད་ཡོངས་རྫོགས་གཏོར་མའི་མཆོད་པ་འབུལ༔ བཞེས་ནས༴ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སྦྱོར་སྒྲོལ་དོན་མཆོད་ནི། ཧཱུྃ༔ དཔལ་ཆེན༴ ཟག་མེད༴ སྦྱོར་སྒྲོལ་ཟུང་འཇུག་བདེ་སྟོང་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྟ་ན་ག་ཎ་མ་ཧཱ་སུ་ཁ་དྷཱ་ཏུ་ཨ་ཨ༔ ཞེས་པའང་རྫོང་ཤོད་བདེ་གཤེགས་འདུས་པའི་ཐུགས་གནས་ཧེ་རུ་ཀའི་ཚོགས་ཁང་ཆེན་མོར་འདི་ཉིད་ཀྱི་སྒྲུབ་ཆེན་བགྱིས་པའི་སྐབས་སུ་པདྨ་གར་གྱི་དབང་ཕྱུག་གིས་བསྡེབས་པ་དགེ་ལེགས་འཕེལ།། །།

Footnotes

Other Information