དཔལ་བཀའ་འདུས་ལ་བརྟེན་པའི་རབ་གནས་ཀྱི་ཆོ་ག་མདོར་བསྡུས་ཡེ་ཤེས་ཆར་འབེབས།

From Khyentse Lineage - A Tsadra Foundation Project
JKW-KABAB-05-CA-036
Wylie title dpal bka' 'dus la brten pa'i rab gnas kyi cho ga mdor bsdus ye shes char 'bebs JKW-KABAB-05-CA-036.pdf
Location mkhyen brtse'i bka' babs
Volume 5, Text 36, Pages 639-657 (Folios 1a to 10a1)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Tertön ཨོ་རྒྱན་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (o rgyan gling pa, 'jam dbyangs mkhyen brtse'i dbang po)
Citation Phun tshogs rnam rgyal. dpal bka' 'dus la brten pa'i rab gnas kyi cho ga mdor bsdus ye shes char 'bebs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 5: 639-657. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Consecration Rituals - rab gnas cho ga
Cycle དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ (dpal bka' 'dus chos kyi rgya mtsho)
Karchag page JKW-KABAB-Volume-05-CA-Karchag
Colophon

།ཞེས་པའང་བློ་གྲོས་ཕུན་ཚོགས་ལགས་ནས་ནན་ཆེར་བསྐུལ་མ་མཛད་པའི་ངོར། སྙོམས་ལས་པ་ཕུན་ཚོགས་རྣམ་རྒྱལ་པས་བོད་རབ་བྱུང་བཅུ་བདུན་ས་ཡོས་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་དཔལ་བཀའ་འདུས་ཀྱི་ལས་སྦྱོར་ནས་འབྱུང་བའི་རབ་གནས་ལ་ཆོ་གའི་ཟུར་ཅུང་ཟད་བརྒྱན་ཏེ་བྲིས་པ་འདིས་ཀྱང༌། རྒྱལ་བསྟན་བཤད་སྒྲུབ་ཀྱི་བསྟན་པ་སྲིད་མཐར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ།།

zhes pa'ang blo gros phun tshogs lags nas nan cher bskul ma mdzad pa'i ngor/__snyoms las pa phun tshogs rnam rgyal pas bod rab byung bcu bdun sa yos bod zla gsum pa'i tshes bco lnga la dpal bka' 'dus kyi las sbyor nas 'byung ba'i rab gnas la cho ga'i zur cung zad brgyan te bris pa 'dis kyang*/__rgyal bstan bshad sgrub kyi bstan pa srid mthar dar zhing rgyas la yun ring du gnas pa'i rgyur gyur cig__/dge'o/

[edit]
༄༅། །དཔལ་བཀའ་འདུས་ལ་བརྟེན་པའི་རབ་གནས་ཀྱི་ཆོ་ག་མདོར་བསྡུས་ཡེ་ཤེས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།གདོད་མའི་མགོན་པོ་པདྨ་ཀཱ་ར་ཡི། །བདེ་སྟོང་རིག་རྩལ་སྤྲོ་བསྡུའི་རོལ་པ་ལས། །ཡོངས་ཤར་ཁྲག་འཐུང་དཀྱིལ་འཁོར་ཉེར་གཅིག་ལ། །གུས་པས་བཏུད་ནས་རབ་གནས་ལས་ཚོགས་སྤེལ། །དེ་ལ་འདིར་རབ་གནས་བྱ་བར་འདོད་པས་ཉི་མ་བྱང་བགྲོད་བཟའ་སྐར་འཕྲོད་བཟང་གི་ཉིན་བྱིན་རླབས་དང་ལྡན་པའི་གནས་སུ། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་རས་བྲིས་སམ་འབྲུ་དཀར་དྲི་བཟང་གི་གཤེར་བས་ཚོམ་བུ་ལྷ་གྲངས་བཀོད་རབ་ཏུ་གནས་བྱའི་རྟེན་བཟོ་བོས་བྱ་བ་མཐར་ཕྱིན་ཞིང་ཆ་ཚད་དང་ལྡན་པ་ཅི་ཡོད་བཤམས། རྣམ་རྒྱལ་བུམ་པ་དང་ལས་བུམ་རྒྱན་ལྡན་དཔལ་གཏོར་རྒྱན་སྤྲོས་གདུགས་ཀྱིས་སྤྲས་པ། སྨན་རཀ །སྲུང་མའི་གཏོར་འབུལ་ཆད་བརྟན་ཆུ་གཉིས་ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད་བཅས་འདུ་བྱས་ལ། ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་ལས་དང་པོ་ཆོ་གའི་སྦྱོར་བ་ནི་ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཕྲིན་ལས་ནར་མ་རིན་ཆེན་སྙིང་པོའི་བགེགས་བསྐྲད་ནས་བརྩམ་མཐར་ཆགས་སུ་བཏང༌། དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྐྱེད། བསྟོད་པའི་མཇུག་ཏུ་ཛབ྄་ཁང་དབྱེ་ཤིང༌། བཟླས་དམིགས་གསལ་བཏབ་ལ། ཞི་བ་རིགས་འདུས། སྤྱི་དཔལ་ཆེན་པོ། སྤྱི་དྲིལ་རྣམས་ཅི་འགྲུབ་བུང་བསྐྱེད། ཚོམ་བུ་ཉི་ཤུའི་སྙིང་པོ་རྣམས་ཆ་སྙོམས་པར་ཉུང་ཙམ་རེ་བཟླ། བཟླས་པ་གྲུབ་ནས་རྣམ་བུམ་དུ་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་པར་གསུངས་པས་བུམ་པའི་ནང་དུ་དཔལ་ཆེན་ཉེར་གཅིག་གི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམ་ལ་བཟླས་པ་བྱ་བའམ་ཅུང་ཟད་རྒྱས་པར་འདོད་ན་རྣམ་བུམ་ལ་དམིགས་ཏེ། ཧཱུྃ༔ དེ་གཞིན་ཉིད་དབྱིངས་གདོད་ནས་སྟོང་པ་ཆེ༔ ཀུན་ཏུ་སྣང་བ་སོགས་ནས་བསྟོད་པའི་བར་ཕྲིན་ལས་ལྟར་བཏང༌། ཛབ྄་དམིགས་རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་བྱུང་གཟུང་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང༌། ལྷ་ཚོགས་རྣམས་ཀྱི་ཐུགས་བརྒྱུད་བསྐུལ་ཏེ་སྙོམས་པར་ཞུགས། སྐུ་ཡི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམ་ལ། ཞི་བ། དཔལ་ཆེན། སྤྱི་དྲིལ་རྣམས་བརྒྱ་རྩ་དང་གཞན་རྣམས་ཉེར་གཅིག་ཙམ་བཟླ། ལས་བུམ་ལ་དམིགས་ཏེ། ལས་བུམ་དུ་པད་ཉིའི་གདན་ལ་བདུད་རྩི་འཁྱིལ་པ་ལྗངས་ནག་གཡས་རྒྱ་གྲམ་དང་གཡོན་ཞགས་པ་འཛིན་པའི་སྐུ་ལས་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་གྱུར་པར་བསམ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་བརྒྱ་རྩ་ཙམ་བཟླས་ལ། དེ་ནས་ལས་གཞུང་གི་སྟོང་ཚིག་མཆོད་པ། ང་རྒྱལ་བསྐྱེད་པའི་བསྟོད་པ། ཡིག་བརྒྱས་བརྟན་པར་བྱ་བ་བཅས་གྲུབ་ནས། བུམ་པ་གཉིས་སུ་དུང་ཆོས་ཀྱི་ཆུ་ཕུལ་ལ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བསྐྱེད་པའི་ལྷ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར། མཚམས་འདིར་བདག་འཇུག་རྒྱས་པའམ་རིག་པའི་མེ་ཏོག་དོར། བགེགས་སྦྱོང་བ་ནི་གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣན་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུས་བསྐོར་ཞིང༌། སུམྦྷ་གསུམ་གྱིས་ཕྱེད་མ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་བཛྲ་ས་མ་ཛ༔ས་སྤྱན་དྲང༌། ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང༌། རིག་སྔགས་དང༌། གཟུངས་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། །བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སའི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་རྣམ་པ་གཉིས་བསྐྱེད་དེ། གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པ་དང༌། མཐར་ཐུག་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་རབ་ཏུ་གནས་པར་བགྱི་བ་ལ་བར་དུ་གཅོད་ཅིང༌། གླགས་བལྟ་བའི་གང་སུ་ཡང་རུང་བའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨོཾ་སུམྦྷ་སོགས་བརྗོད་ཅིང་གཏོར་མ་ཕྱི་རོལ་དུ་བསྐྱལ་ལ། མཚམས་བཅད་པ་ནི། ཧཱུྃ༔ རྒྱལ་ཆེན་སྡེ་བཞིས་ཕྱི་ཡི་མཚམས་སྲུང་ལ༔ བགེགས་འདུལ་ཁྲོ་བཅུས་ནང་གི་བར་ཆད་སོལ༔ ཕྱོགས་སྐྱོང་འབྱུང་པོའི་གནོད་པ་རྡུལ་དུ་རློག༔ ཡེ་ཤེས་རང་རྩལ་འབར་བའི་མེ་འོད་དང་༔ མཚོན་ཆ་སྣ་ཚོགས་གུར་གྱིས་རབ་ཏུ་དཀྲིགས༔ གཟུང་འཛིན་སྣང་བ་སེམས་ཉིད་སྒྱུ་མའི་འཕྲུལ༔ མ་དག་མཚན་མ་རྡུལ་ཙམ་མི་དམིགས་ཕྱིར༔ ཐམས་ཅད་དཔལ་ཆེན་སྐུ་གསུང་ཐུགས་ཀྱི་ངང་༔ འཁོར་འདས་གཉིས་མེད་ཆེན་པོར་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ དེ་ནས་རྟེན་གྱི་གཟུགས་བརྙན་མེ་ལོང་ལ་ཤར་བའི་ངོས་ལ་ཁྲུས་གསོལ་ཏེ། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། །སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྲས་དང་སློབ་མར་བཅས་པ་རྣམས་ལ་བདག་ཅག་གིས་ཡོ་བྱད་དང་ལྡན་པའི་སྒཽ་ནས་སྐུ་ཁྲུས་དམ་པ་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། ཨོཾ༔ ཕུན་སུམ་ཚོགས་པ་བཀྲ་ཤིས་དཔལ་གྱི་བུམ་པ་ནི༔ དྲི་མེད་ཡིད་འོང་བདུད་རྩིའི་རྒྱུན་གྱིས་རབ་གང་བས༔ རྒྱལ་བའི་བརྟེན་ལ་དག་བྱེད་ཁྲུས་ཆབ་འདི་གསོལ་བས༔ འགྲོ་ཀུན་ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ འདི་ནི་ཁྲུས་མཆོག་སོགས། སྤྲོ་ན་ཕར་ཕྱིན་དྲུག་གི་ཚིགས་བཅད་རྣམས་ཀྱང་སྦྱར། དེ་བཞིན་གཤེགས་པ་རྣམས་དང་སོགས། རས་དཀར་འཇམ་ཞིང་དྲི་བཟང་ལྡན་པ་ཡིས༔ རྒྱལ་བ་རྣམས་ཀྱི་རྟེན་མཆོག་ཕྱི་བར་བགྱི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བི་ཤོ་དྷཱ་ཡ་སྭཱ་ཧཱ༔ ཆེ་བའི་ཆེ་མཆོག་སོགས་ཀྱིས་བཀྲ་ཤིས་བརྗོད། གཉིས་པ་དངོས་གཞི་རྟེན་བསྐྱེད་པ་ནི། བདག་ཉིད་དཔལ་ཆེན་དཀྱིལ་འཁོར་ཉེར་གཅིག་གི༔ འབར་བ་ཆེན་པོ་ཐུགས་ཀྱི་ཆོ་འཕྲུལ་ལས༔ ཡེ་ཤེས་འོད་འཕྲོས་རྟེན་རྣམས་ཧཱུྃ་དུ་གྱུར༔ ཞལ་དུ་ཞུགས་ནས་སྐུ་བརྒྱུད་ཡུམ་གྱི་ཁར༔ བྱང་ཆུབ་སེམས་སྤྲིན་ཧཱུྃ་ལས་རང་གནས་སྤྲོས༔ ཡོངས་གྱུར་པདྨ་ཉི་མ་དྲེགས་པའི་སྟེང་༔ སྤྱི་དཔལ་ཆེན་པོ་ཁྲག་འཐུང་རྩ་བའི་ལྷ༔ མཐིང་ནག་རྡོ་རྗེ་དྲིལ་འཛིན་ཡུམ་དང་སྦྱོར༔ དུར་ཁྲོད་ཆས་ཅན་ཁྲོ་ཞིང་རྗེས་སུ་ཆགས༔ འབར་བའི་གར་དགུས་ཚར་གཅོད་རྗེས་སུ་འཛིན༔ བདེ་ཆེན་ཉམས་རྒྱས་ཡེ་ཤེས་མེ་ཕུང་ཀློང་༔ ཞི་ཁྲོ་རབ་འབྱམས་རྒྱལ་བའི་སྤྲིན་ཕུང་འཕྲོ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་མཚན་འོད་ཟེར་གྱིས༔ ནམ་མཁའ་གང་བའི་ཡེ་ཤེས་སྤྱན་དྲངས་གྱུར༔ ཧཱུྃ༔ བདེ་གཤེགས་རྡོ་རྗེ་རིན་ཆེན་པདྨ་ལས༔ མ་ལུས་རྒྱལ་བ་སྲས་བཅས་ཡི་དམ་ལྷ༔ རྟེན་མཆོག་འདི་ལ་དགོངས་ཏེ་མྱུར་དུ་གཤེགས༔ ཡེ་ཤེས་ཆེན་པོས་བྱིན་རློབ་གཟི་བྱིན་སྐྱེད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི༔ དགའ་བའི་ལྕགས་ཀྱུས་ཨཾ་ཀུ་ཤ་ཡ་ཛཿ ཡེ་ཤེས་ཆེན་པོའི་ཞགས་པས་པཱ་ཤ་ཧཱུྃ༔ ཟུང་འཇུག་ཏིང་འཛིན་སྒྲོག་གིས་སྥོ་ཊ་བྃ༔ འོད་གསལ་དྲི་མེད་དྲིལ་བུས་གྷཱཎྜེ་ཧོཿ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེས༔ མི་ཕྱེད་རྡོ་རྗེ་གསུམ་དུ་རྒྱས་གདབ་བོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝ་ཀ་ཙིཏྟ་ཛཿཧཱུྃ་བྃ་ཧོ༔ ཞེས་ཡེ་ཤེས་པ་དང་དབྱེར་མེད་པ་ལ་ཧེ་རུ་ཀ་འདུས་པས་དབང་བསྐུར་བར་བསམ་ལ། རྣམ་བུམ་ཐོག་སྟེ། ཨོཾ༔ བྱང་ཆུབ་སེམས་ཀྱི་རང་བཞིན་ནི༔ དྲི་མེད་དག་པའི་བདུད་རྩི་ཡིས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རུ༔ བཀྲ་ཤིས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཁིཉྩ་ཨོཾ༔ ཞེས་དབང་བསྐུར། སྤྱན་དབྱེ་བ་ནི། ཧཱུྃ༔ རྒྱལ་བའི་རྟེན་ལ་སྒྲིབ་པ་མི་མངའ་ཡང་༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དོན་སླད་དུ༔ གསེར་གྱི་ཐུར་མས་རྒྱལ་བའི་སྤྱན་དབྱེ་བས༔ འགྲོ་ཀུན་ཡེ་ཤེས་སྤྱན་དང་ལྡན་པར་ཤོག༔ ཨོཾ་ཛྙཱ་ན་ཙཀྵུཿབི་ཤོ་དྷ་ཡ་སྭཱ་ཧཱ༔ དེ་ནས་མཆོད་པ་འབུལ་བ་ནི། ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ འདོད་ཡོན་རྣམ་མང་ཕྱི་ཡི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཱུ་ཛ་ཧཱུྃ༔ ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ རྒྱུ་དྲུག་བསྒྲལ་བའི་རཀྟའི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ སྣོད་བཅུད་ཡོངས་རྫོགས་གཏོར་མའི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སྦྱོར་སྒྲོལ་དོན་མཆོད་ནི། ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ སྦྱོར་སྒྲོལ་ཟུང་འཇུག་བདེ་སྟོང་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྟ་ན་ག་ཎ་མ་ཧཱ་སུ་ཁ་དྷཱ་ཏུ་ཨ་ཨ༔ བསྟོད་པ་ནི། ཧཱུྃ༔ མཁའ་ལྟར་དག་པ་ཀུན་ཁྱབ་ཆོས་ཀྱི་སྐུ༔ ཉི་ལྟར་འོད་གསལ་བདེ་ཆེན་ལོངས་སྤྱོད་རྫོགས༔ ཟེར་ལྟར་དོན་མཛད་འགྲོ་འདུལ་སྤྲུལ་པའི་སྐུ༔ ཞི་བ་དབྱིངས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཁོར་འདས་འུབ་ཆུབ་ཡེ་ཤེས་ཆེན་པོའི་སྐུ༔ དཀྱིལ་འཁོར་གཙོ་མཆོག་སྤྱི་དཔལ་ཧེ་རུ་ཀ༔ ཁྲོ་རྒྱལ་རྗེ་བཙན་བདེ་སྟོང་དྲྭ་བར་སྡོམ༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཞི་ཁྲོའི་སྐུ་ནི་གང་འདུལ་ཉམས་དང་ལྡན༔ རྡོ་རྗེ་དགྱེས་པ་སྔགས་ཀྱི་རང་སྒྲ་ཅན༔ ཡེ་ཤེས་ཀློང་ལས་ཡོན་ཏན་ཕྲིན་ལས་རྫོགས༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ལ་བསྟོད༔ ཅེས་བསྟོད་ལ་སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོས་མེ་ལོང་དུ་རྟེན་གྱི་གཟུགས་བརྙན་འཆར་བ་ལ་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པའི་ཡི་གེ་བརྒྱ་པའི་མཐར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལན་གསུམ་བརྗོད་པས། བསྐྱེད་པའི་ལྷ་དཔལ་ཧེ་རུ་ཀ་བདེ་བ་ཆེན་པོའི་ཐིག་ལེར་འཁྱིལ་བ་སླར་ཡང་རྟེན་སོ་སོའི་རྣམ་པར་བཞེངས་པར་གྱུར་ཅེས་ཞལ་བསྒྱུར། རྃ་ཡྃ་ཁྃ༔ ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་ནས་ཤབྡ་པུ་ཛ་ས་མ་ཡ་ཧཱུྃ༔ ཞེས་མཆོད་པ་བྱིན་བརླབ་ནས། རྟེན་རྣམས་ལ་བདེ་བར་གཤེགས་པ་དང་༔ བྱང་ཆུབ་སེམས་དཔའ་སེམས་མ་དང་༔ སེམས་ཅན་ཐམས་ཅད་ཀྱིས་མཆོད་ཅིང་བསྟོད་པས་མངའ་གསོལ་བར་གྱུར་པར་བསམ་ལ། ཨོཾ༔ རྒྱལ་བའི་རྟེན་ལ་ཉོན་མོངས་མི་མངའ་ཡང་༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དོན་སླད་དུ༔ ཀུན་བཟང་མཆོད་པས་མཆོད་ཅིང་བསྟོད་པའི་མཐུས༔ འགྲོ་རྣམས་བདེ་སྐྱིད་བཀྲ་ཤིས་ལྡན་པར་ཤོག༔ ཨོཾ་སརྦ་པཱུ་ཛ་ན་མོ༔ ཅེས་དང་མཆོད་རོལ་བྱ། དྲི་རྒྱན་མཎྜལ་སོགས་ཉེར་འཁོ་གཞན་དབུལ་བ་ནི། ཨོཾ༔ རྒྱལ་བའི་རྟེན་ལ་གཟུང་འཛིན་མི་མངའ་ཡང་༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དོན་སླད་དུ༔ ཇི་ལྟར་འོས་པའི་ཡོ་བྱད་ཕུལ་བ་ཡིས༔ འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་སརྦ་བི་ཤྭ་པཱུ་ཛ་ཧོ༔ ཅེས་དབུལ་བའི་ཚུལ་བྱ། ཙ་རུའི་བཟའ་བས་མངའ་དབུལ་བའི་ཕྱིར། ཞལ་ཟས་ཆབ་ཀྱིས་བྲན་ལ་འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རླབས་ཏེ། ཨོཾ༔ རྒྱལ་བའི་རྟེན་ལ་སྲེད་པ་མི་མངའ་ཡང་༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དོན་སླད་དུ༔ སྭ་སྟི་ཀ་ཡི་ཞལ་ཟས་ཕུལ་བ་ཡིས༔ འགྲོ་ཀུན་ཏིང་འཛིན་ཟས་ཀྱིས་འཚོ་བར་ཤོག༔ ཨོཾ་སྭ་སྟི་ཀ་ནེ་བིདྱཱ་པཱུ་ཛ་ཧོ༔ སྔགས་ཀྱིས་མངའ་དབུལ་བ་ནི། རྟེན་ལ་གཟུངས་ཐག་སེར་པོ་བཏགས་པ་སློབ་དཔོན་གྱིས་བཟུང་སྟེ། ཨོཾ༔ རྒྱལ་བའི་རྟེན་ལ་སྐྱེ་འཇིག་མི་མངའ་ཡང་༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དོན་སླད་དུ༔ བརྟན་པར་བཞུགས་པའི་གསང་སྔགས་ཕུལ་བ་ཡིས༔ འགྲོ་ཀུན་དོན་དུ་བརྟན་པར་བཞུགས་སུ་གསོལ༔ གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་འཁོར་བའི་འོད་ཟེར་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྟེན་སོ་སོའི་རྣམ་པར་བྱོན་ནས་དེ་ལ་གཞུགས་པར་གྱུར་ཅེས་བརྗོད་ཅིང་བསམ་ལ། སྤྱི་དྲིལ་མཐར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཧྲཱི༔བྷུ་ཁཾ་བཛྲི་བྷ་ཝ་དྲྀཌྷ་ཏིཥྛ་བྷུ་ཁཾ་སྭཱ་ཧཱ། ཨོཾ་ཡེ་དྷརྨ་སོགས་སྦྲེལ་མར་ཅི་ནུས་བཟླ། གསོལ་བ་གདབ་པ་ནི། ཡི་གེ་བརྒྱ་པ་ལན་གསུམ་སྔོན་དུ་འགྲོ་བས། དངོས་སུ་བཤམས་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། མཆོད་རོལ་བྱ། ཧཱུྃ༔ མཁའ་ལྟར་དག་པ་ཀུན་ཁྱབ་ཆོས་ཀྱི་སྐུ༔ ཉི་ལྟར་འོད་གསལ་བདེ་ཆེན་ལོངས་སྤྱོད་རྫོགས༔ ཟེར་ལྟར་དོན་མཛད་འགྲོ་འདུལ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ མཆོད་རོལ་བྱ། རྟེན་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་ནས་བཟུང༌། ཐལ་མོ་སྦྱར་བས་བཏུད་དེ། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། ཞེས་དང༌། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུ་ས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་ལན་གསུམ་གྱི་གསོལ་བ་གདབ། སླར་ཡང་རྟེན་འབྲེལ་སྙིང་པོ་ལན་གསུམ་དང༌། ཕུན་སུམ་ཚོགས་པ་ཕྱི་ཡི་ཡིད་བཞིན་རྒྱ་མཚོ་འདྲ༔ ཕྱོགས་གྱུར་ཀུན་ནས་གང་ལ་ཅི་འཚམས་སྟོབས་འབེབས་ཤིང་༔ ཐམས་ཅད་མཁྱེན་པ་འགྲོ་བའི་རེ་བ་སྐོང་མཛད་པ༔ སངས་རྒྱས་པདྨའི་འདབ་འདྲ་རྒྱས་པའི་བཀྲ་ཤིས་ཤོག༔ མི་མཇེད་འཇིག་རྟེན་གསེར་གྱི་ས་གཞི་བརྡལ་བ་ལ༔ གླིང་བཞི་རི་རབ་ལྕགས་རི་མུ་ཁྱུད་དཔལ་མངའ་བ༔ བསྟན་གཉིས་ཉི་ཟླ་ཟུང་གཅིག་བསྐོར་བ་བྱེད་པ་ཡིས༔ འགྲོ་བའི་མ་རིག་མུན་པ་སེལ་བའི་བཀྲ་ཤིས་ཤོག༔ འཁོར་ལོས་བསྒྱུར་རྒྱལ་འཇིག་རྟེན་བདེ་བའི་སྟོབས་མངའ་ཞིང་༔ སེམས་ཅན་ཐམས་ཅད་དགའ་བར་བགྱིད་པའི་འོད་འཕྲོ་བས༔ བསྐལ་པ་བཟང་པོ་གཟུགས་བཟང་བ་དང་སྤོབས་པར་ལྡན༔ ཆོས་ཀུན་དར་བས་སྐྱེ་དགུ་ཞི་བའི་བཀྲ་ཤིས་ཤོག༔ ཚེ་རིང་འབྱོར་ལྡན་ལོངས་སྤྱོད་བསོད་ནམས་དགེ་ལེགས་དཔལ༔ དགེ་འདུན་ཤེས་གསུམ་ལྡན་པ་བསྟན་པའི་གངས་ཆེན་མཚོ༔ ཕྱོགས་བཅུ་ཀུན་ནས་མཆོག་དང་ཐུན་མོང་གཉིས་འདུ་བ༔ འཇིག་རྟེན་གསུམ་གྲགས་ལྷ་མིས་མཆོད་པའི་བཀྲ་ཤིས་ཤོག༔ ཞེས་བཀྲ་ཤིས་རྒྱ་ཆེར་བྱས་པས་མངའ་གསོལ་ཞིང་མེ་ཏོག་གི་ཆར་དབབ། སྨོན་ལམ་གདབ་པ་ནི། ཨོཾ༔ རྟེན་མཆོག་འདི་རྣམས་དཔལ་ཆེན་ཧེ་རུའི་ཀའི༔ ཡེ་ཤེས་ཆེན་པོས་རབ་ཏུ་གནས་པ་ཡིས༔ ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དཔལ་དུ་ཤོག༔ གསུམ་པ་རྗེས་ཆོག་ནི། བཀའ་གཏེར་སྲུང་མའི་གཏོར་འབུལ་མན་མཐར་དབྱུང་བས་གཏེར་གཞུང་ལས་འབྱུང་བའི་རབ་གནས་ཀྱི་ཆོ་ག་ཚང་བར་གྲུབ་པ་ལགས་པས་འདི་མན་ཆད་སྦྱོར་མི་དགོས་མོད། སྤྲོས་པ་རྒྱས་པའི་ཚེ་སྤྲོ་ན་དམ་ཅན་སྤྱི་གཏོར་གཞི་གཏོར་གྲུབ་ནས་སླར་ཡང་སྲུང་མ་བསྒོ་བའི་ཕྱིར་གཏོར་མ་ཟུར་དུ་བཤམས་ལ། སྤྲོ་ན་དཔལ་བཀའ་འདུས་ཀྱི་བཀའ་སྲུང་མཆོད་ཐབས་ལྟར་དང༌། བསྡུ་ན། རྃ་ཡྃ་ཁྃ་གིས་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་གིས་རླབས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་གནས་དང་གཞིའི་བདག་པོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མ་ཛཿས་སྤྱན་དྲང༌། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་གསུམ་གྱི་གཏོར་མ་དབུལ། དམ་ཚིག་གི་རྡོ་རྗེ་སྤྱི་བོར་རེག་པར་མོས་པས།་་་་བཀའ་སྲུང་སྦྱོར་སྐབས་ཕྲིན་བཅོལ་རྗེས། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་དམ་ལ་བཞག །རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་རྣམས་ཀྱིས་རྟེན་འདི་རྣམས་ཀྱི་སྲུང་མ་དང་ཡོན་བདག་གྱིས་ལ་འདི་དག་དངོས་དང་དཀོར་ཆ་ལ་མི་བསྲུན་པར་བགྱིད་པ་རྣམས་ལ་ཆད་པས་གཅོད་ཅིང་སྲུང་ཤིང་སྐྱོང་བ་དང་མཆོད་པ་རྒྱུན་མི་འཆད་པར་འབྱུང་བའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། དེ་ནས་ན་རཀ་བསྐང་བཤགས་དང༌། ལས་གཞུང་གི་ཚོགས་མཆོད་ནས་བཟུང་སྟེ་ཤིས་བརྗོད་ཀྱི་བར་གྲུབ་ནས། ཡོན་བདག་བསྒོ་བའི་དོན་དུ། བཀྲ་ཤིས་པའི་རྫས་དང་མཆོད་པའི་ཡོ་བྱད་རྣམས་འདུ་བྱས་ནས་ཡོན་བདག་ཉེ་ལོགས་སུ་བསྟན་བཟང་པོ་ལ་འཁོད་པར། བདེར་གཤེགས་ལྷག་མ་འདི་དག་ནི། །གསོལ་ཞིང་སྡིག་པ་བྱང་བར་འགྱུར། །ཞེས་བརྗོད་ཅིང་དཔོན་སློབ་ཐམས་ཅད་ལ་ཙཱ་རུའི་བཟའ་བ་འགྲིམ། སློབ་དཔོན་གྱིས་སྤྲོ་ན་སྤྱི་དང་བྱེ་བྲག་གི་ལུང་གིས་རྒྱབ་སྦྱོར་ཏེ་སྐབས་སུ་བབ་པའི་བཤད་པས་མཚམས་སྦྱར་བའམ་གང་ལྟར་ཡང༌། ཁྱོད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་ཇི་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེར་བར་ནི་མཆོད་པར་བྱོས། ཁྱོད་ཀྱིས་ང་ལ་གང་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚར་བར་བྱས་ཀྱིས། ཁྱོད་ཀྱིས་འདི་རྣམས་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག །ཅེས་གདམས་པ་དང་དེས་ཀྱང་མཆོད་པའི་བྱེ་བྲག་རྣམས་ལག་གིས་བསྟར་ཏེ་རྟེན་གྱི་དྲུང་དུ་བཀོད་པ་མཛེས་པར་བཤམས་ལ། དཔོན་སློབ་རྣམས་མགྲིན་གཅིག་པས་ཡོ་ག་ལྟར་བསངས་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས། རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་སྔགས་དང་བཅས་པ་ཇི་ལྟར་རིགས་པས་དབུལ། གོང་ལྟར་སྦྱོང་བ་གསུམ་གྱིས་བགེགས་བསལ་ལ། རྫས་དང་སྦྱིན་བདག་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷ་ཝས་སྦྱང༌། སྟོང་པའི་ངང་ལས་སྦྱིན་པའི་བདག་པོ་སྐད་ཅིག་གིས་གནོད་སྦྱིན་བྱེ་བའི་སྡེ་དཔོན་ཆེན་པོ་ཛམྦྷ་ལའི་སྐུར་གྱུར་པའི་མདུན་དུ། མྃ་ལས་བྱུང་བའི་བཀྲ་ཤིས་པའི་་རྫས་བརྒྱད་སོ་སོའི་ལས་སྒྲུབ་པ་ལ་ཐོག་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཥྟ་མངྒ་ལཾ་དྲ་བྱ་ཧཱུྃ། ཞེས་པས་བྱིན་བརླབས་ལ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབ་པ་དེ་བཞིན་དུ། དེང་འདིར་ཡང་རབ་ཏུ་གནས་པར་བྱས་པའི་རྟེན་རྣམས་དང་བདག་དང་སྦྱིན་པའི་བདག་པོས་གཙོ་བྱས་སེམས་ཅན་ཐམས་ཅད་མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །དེ་བཞིན་དུ། གླང་པོ་ཆེ་ས་སྲུང་གིས་སྨན་གི་ཝཾ་ཕུལ་བས༴ གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག། །ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས༴ །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །བྲམ་ཟེ་ཀུཎྜ་ལཱིས་རྩ་དཱུརྺ་ཕུལ་བས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན༴ །དཱུརྺས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །ཤིང་གི་ལྷ་མོ་འོད་འཆང་མས་ཤིང་ཏོག་བིལྦ་ཕུལ་བས༴ བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བས༴ །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བས༴ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུང་ཀར་ཕུལ་བས༴ །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །ཞེས་རྫས་རྣམས་རེ་རེ་བཞིན་དུ་ཡོན་བདག་ལ་གཏད་ཅིང༌། དེས་ཀྱང་རྟེན་ལ་འབུལ་བའི་ཚུལ་དུ་བྱ། སླར་ཡང་མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོག་ཅིང་མེ་ཏོག་མན་དཱ་ར་བའི་ཆར་ཆེན་པོ་ཕབས་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་དུ་ཁྱབ་པར་བྱས་པའི་མོས་པ་མཛོད། ཆེ་བའི་ཆེ་མཆོག་སོགས་ཀྱིས་ཤིས་བརྗོད་དང་དགའ་སྟོན་རྒྱ་ཆེར་བྱ་ཞིང༌། དགེ་བ་བསྔོ། །དེ་ལྟར་བྱས་པའི་ཕན་ཡོན་ནི། གང་ཞིག་རྟེན་ལ་ཡེ་ཤེས་པ༔ རབ་ཏུ་བསྟིམ་ཞིང་རབ་གནས་པས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ འགྲོ་ལ་མངོན་སུམ་སྦྱིན་པར་འགྱུར༔ ཞེས་གསུངས་པ་ལྟར་མཐར་ཐུག་དམ་ཡེ་བཟང་ངན་མེད་པའི་གཤིས་ལུགས་མངོན་དུ་མ་གྱུར་གྱི་བར་དུ་རབ་ཏུ་གནས་པའི་ཆོ་ག་ལ་དུས་དུས་སུ་འབད་པ་ནི། རང་གཞན་གཉིས་ཀའི་དོན་དུ་དགོས་པ་ཤིན་ཏུ་ཆེ་བར་སྣང་ངོ༌། །ཞེས་པའང་བློ་གྲོས་ཕུན་ཚོགས་ལགས་ནས་ནན་ཆེར་བསྐུལ་མ་མཛད་པའི་ངོར། སྙོམས་ལས་པ་ཕུན་ཚོགས་རྣམ་རྒྱལ་པས་བོད་རབ་བྱུང་བཅུ་བདུན་ས་ཡོས་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་དཔལ་བཀའ་འདུས་ཀྱི་ལས་སྦྱོར་ནས་འབྱུང་བའི་རབ་གནས་ལ་ཆོ་གའི་ཟུར་ཅུང་ཟད་བརྒྱན་ཏེ་བྲིས་པ་འདིས་ཀྱང༌། རྒྱལ་བསྟན་བཤད་སྒྲུབ་ཀྱི་བསྟན་པ་སྲིད་མཐར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ།། །།
[edit]

@#/__/dpal bka' 'dus la brten pa'i rab gnas kyi cho ga mdor bsdus ye shes char 'bebs zhes bya ba bzhugs so//gdod ma'i mgon po pad+ma kA ra yi/__/bde stong rig rtsal spro bsdu'i rol pa las/__/yongs shar khrag 'thung dkyil 'khor nyer gcig la/__/gus pas btud nas rab gnas las tshogs spel/__/de la 'dir rab gnas bya bar 'dod pas nyi ma byang bgrod bza' skar 'phrod bzang gi nyin byin rlabs dang ldan pa'i gnas su/__stegs bu khebs ldan gyi steng du ras bris sam 'bru dkar dri bzang gi gsher bas tshom bu lha grangs bkod rab tu gnas bya'i rten bzo bos bya ba mthar phyin zhing cha tshad dang ldan pa ci yod bshams/__rnam rgyal bum pa dang las bum rgyan ldan dpal gtor rgyan spros gdugs kyis spras pa/__sman raka__/srung ma'i gtor 'bul chad brtan chu gnyis nyer spyod tshogs kyi yo byad bcas 'du byas la/__cho ga dngos la sbyor dngos rjes gsum las dang po cho ga'i sbyor ba ni tshig bdun dang brgyud pa'i gsol 'debs sngon du 'gro bas phrin las nar ma rin chen snying po'i bgegs bskrad nas brtsam mthar chags su btang*/__dkyil 'khor bdag mdun dbyer med du bskyed/__bstod pa'i mjug tu dzaba? khang dbye shing*/__bzlas dmigs gsal btab la/__zhi ba rigs 'dus/__spyi dpal chen po/__spyi dril rnams ci 'grub bung bskyed/__tshom bu nyi shu'i snying po rnams cha snyoms par nyung tsam re bzla/__bzlas pa grub nas rnam bum du dkyil 'khor yongs rdzogs bskyed par gsungs pas bum pa'i nang du dpal chen nyer gcig gi rten dang brten par bcas pa'i dkyil 'khor bkra lam gyis gsal ba'i sku las bdud rtsi'i rgyun babs pas bum pa gang bar gyur par bsam la bzlas pa bya ba'am cung zad rgyas par 'dod na rnam bum la dmigs te/__hU~M:__de gzhin nyid dbyings gdod nas stong pa che:__kun tu snang ba sogs nas bstod pa'i bar phrin las ltar btang*/__dzaba? dmigs rang gi snying ga nas sngags kyi phreng ba byung gzung thag la 'khril te bum pa'i nang du song*/__lha tshogs rnams kyi thugs brgyud bskul te snyoms par zhugs/__sku yi cha thams cad nas byang sems bdud rtsi'i rgyun babs pas bum pa gang bar gyur par bsam la/__zhi ba/__dpal chen/__spyi dril rnams brgya rtsa dang gzhan rnams nyer gcig tsam bzla/__las bum la dmigs te/__las bum du pad nyi'i gdan la bdud rtsi 'khyil pa ljangs nag g.yas rgya gram dang g.yon zhags pa 'dzin pa'i sku las bdud rtsi'i rgyun bab pas bum pa gang bar gyur par bsam la/__oM badz+ra a mr-i ta kuN+Da li ha na ha na hU~M phaT ces brgya rtsa tsam bzlas la/__de nas las gzhung gi stong tshig mchod pa/__nga rgyal bskyed pa'i bstod pa/__yig brgyas brtan par bya ba bcas grub nas/__bum pa gnyis su dung chos kyi chu phul la/__oM AHhU~M gis mchod yon phul bas bskyed pa'i lha 'od du zhu ba las bum pa'i chu dang dbyer med du gyur/__mtshams 'dir bdag 'jug rgyas pa'am rig pa'i me tog dor/__bgegs sbyong ba ni gtor ma gsum re re nas rten la bskor zhing*/__oM sarba big+h+nan na ma sarba ta thA ga te b+h+yo bi shwa sogs lan gsum gyis zhi ba/__ting lo dang chang bus bskor zhing*/__sum+b+ha gsum gyis phyed ma/__badz+ra ma hA shrI he ru ko\u0f85 haM/__rang nyid skad cig gis rdo rje hU~M mdzad khro bo'i rgyal po 'jigs su rung ba'i skur gyur pa'i dpral bar oM/__mgrin par AH__thugs kar hU~M/__hU~M las 'od zer 'phros pas khro bo'i sprin rab 'byams dpag tu med pa badz+ra sa ma dza:sa spyan drang*/__oM badz+ra kro d+ha rA dza sa pa ri wA ra ar+g+haM sogs nas/__shap+da pra tIts+tsha swA hA'i bar gyis mchod/__hU~M/__'jigs pa'i hU~M sgra nges sgrogs shing*/__/bgegs rnams ma lus 'joms mdzad pa/__/dngos grub ma lus stsol ba'i lha/__/bgegs kyi dgra la phyag 'tshal bstod/__/ces bstod nas/__na mo rje btsun rtsa ba dang brgyud par bcas pa'i dpal ldan bla ma dam pa rnams kyi bka' bden pa dang*/__sangs rgyas kyi bka' bden pa dang*/__chos kyi bka' bden pa dang*/__dge 'dun gyi bka' bden pa dang*/__gsang sngags dang*/__rig sngags dang*/__gzungs sngags dang*/__snying po dang*/__phyag rgya dang*/__ting nge 'dzin gyi bden pa dang*/__chos nyid rnam par dag pa'i bden pa dang*/__chos can rgyu 'bras bslu ba med pa'i bden pa dang*/__/bden pa chen po'i byin rlabs kyis sa'i phyogs 'dir rdo rje 'dzin pa bdag gis sems rnam pa gnyis bskyed de/__gnas skabs su 'jig rten gyi khams la phan pa rgya chen po bsgrub pa dang*/__mthar thug sems can thams cad mi gnas pa'i mya ngan las 'das pa'i 'bras bu thob par bya ba'i ched du bde bar gshegs pa'i sku gsung thugs kyi rten rnams la rab tu gnas par bgyi ba la bar du gcod cing*/__glags blta ba'i gang su yang rung ba'i 'byung po gdug pa can g.yog dang 'khor du bcas pa rnams 'dir ma gnas par gzhan du dengs shig__/gal te mi 'gro na de bzhin gshegs pa thams cad kyi thugs gnyis su med pa'i ye shes las byung ba'i khro bo'i ye shes kyi rdo rje me rab tu 'bar ba 'dis khyed rnams kyi mgo bo tshal pa brgyar 'gas par 'gyur ta re/__oM sum+b+ha sogs brjod cing gtor ma phyi rol du bskyal la/__mtshams bcad pa ni/__hU~M:__rgyal chen sde bzhis phyi yi mtshams srung la:__bgegs 'dul khro bcus nang gi bar chad sol:__phyogs skyong 'byung po'i gnod pa rdul du rlog:__ye shes rang rtsal 'bar ba'i me 'od dang :__mtshon cha sna tshogs gur gyis rab tu dkrigs:__gzung 'dzin snang ba sems nyid sgyu ma'i 'phrul:__ma dag mtshan ma rdul tsam mi dmigs phyir:__thams cad dpal chen sku gsung thugs kyi ngang :__'khor 'das gnyis med chen por mtshams bcad do:__hU~M hU~M hU~M badz+ra rak+Sha rak+Sha hU~M phaT:__de nas rten gyi gzugs brnyan me long la shar ba'i ngos la khrus gsol te/__gang 'dir bcom ldan 'das de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas rig pa dang zhabs su ldan pa/__bde bar gshegs pa/__'jig rten mkhyen pa/__/skyes bu 'dul ba'i kha lo bsgyur ba/__bla na med pa lha dang mi rnams kyi ston pa sangs rgyas bcom ldan 'das sras dang slob mar bcas pa rnams la bdag cag gis yo byad dang ldan pa'i sgau nas sku khrus dam pa gsol bar bgyi'o/__/khrus kyi khang pa shin tu dri zhim pa/__/shel gyi sa gzhi gsal zhing 'tsher ba bstar/__/rin chen 'bar ba'i ka ba yid 'ong ldan/__/mu tig 'od chags bla bre bres pa der/__oM:__phun sum tshogs pa bkra shis dpal gyi bum pa ni:__dri med yid 'ong bdud rtsi'i rgyun gyis rab gang bas:__rgyal ba'i brten la dag byed khrus chab 'di gsol bas:__'gro kun las dang nyon mongs sgrib pa dag gyur cig:__oM sarba ta thA ga ta a b+hi She ka te sa ma ya shrI hU~M:__'di ni khrus mchog sogs/__spro na phar phyin drug gi tshigs bcad rnams kyang sbyar/__de bzhin gshegs pa rnams dang sogs/__ras dkar 'jam zhing dri bzang ldan pa yis:__rgyal ba rnams kyi rten mchog phyi bar bgyi:__oM sarba ta thA ga ta bi sho d+hA ya swA hA:__che ba'i che mchog sogs kyis bkra shis brjod/__gnyis pa dngos gzhi rten bskyed pa ni/__bdag nyid dpal chen dkyil 'khor nyer gcig gi:__'bar ba chen po thugs kyi cho 'phrul las:__ye shes 'od 'phros rten rnams hU~M du gyur:__zhal du zhugs nas sku brgyud yum gyi khar:__byang chub sems sprin hU~M las rang gnas spros:__yongs gyur pad+ma nyi ma dregs pa'i steng :__spyi dpal chen po khrag 'thung rtsa ba'i lha:__mthing nag rdo rje dril 'dzin yum dang sbyor:__dur khrod chas can khro zhing rjes su chags:__'bar ba'i gar dgus tshar gcod rjes su 'dzin:__bde chen nyams rgyas ye shes me phung klong :__zhi khro rab 'byams rgyal ba'i sprin phung 'phro:__gnas gsum oM AHhU~M mtshan 'od zer gyis:__nam mkha' gang ba'i ye shes spyan drangs gyur:__hU~M:__bde gshegs rdo rje rin chen pad+ma las:__ma lus rgyal ba sras bcas yi dam lha:__rten mchog 'di la dgongs te myur du gshegs:__ye shes chen pos byin rlob gzi byin skyed:__oM sarba ta thA ga ta e h+ye hi:__dga' ba'i lcags kyus aM ku sha ya dzaH__ye shes chen po'i zhags pas pA sha hU~M:__zung 'jug ting 'dzin sgrog gis s+pho Ta ba~M:__'od gsal dri med dril bus g+hAN+De hoH__sangs rgyas kun gyi sku gsung thugs rdo rjes:__mi phyed rdo rje gsum du rgyas gdab bo:__oM sarba ta thA ga ta ka ya wa ka tsit+ta dzaHhU~M ba~M ho:__zhes ye shes pa dang dbyer med pa la he ru ka 'dus pas dbang bskur bar bsam la/__rnam bum thog ste/__oM:__byang chub sems kyi rang bzhin ni:__dri med dag pa'i bdud rtsi yis:__khams gsum chos kyi rgyal po ru:__bkra shis chen po'i dbang bskur ro:__oM sarba ta thA ga ta a b+hi khiny+tsa oM:__zhes dbang bskur/__spyan dbye ba ni/__hU~M:__rgyal ba'i rten la sgrib pa mi mnga' yang :__'gro ba sems can yongs kyi don slad du:__gser gyi thur mas rgyal ba'i spyan dbye bas:__'gro kun ye shes spyan dang ldan par shog:__oM dz+nyA na tsak+ShuHbi sho d+ha ya swA hA:__de nas mchod pa 'bul ba ni/__hU~M:__dpal chen bka' 'dus dkyil 'khor lha tshogs la:__zag med bde chen ye shes rgyas pa'i phyir:__'dod yon rnam mang phyi yi mchod pa 'bul:__bzhes nas mchog dang thun mong dngos grub stsol:__oM shrI badz+ra rA puSh+pe d+hU pe a lo ke gan+d+he nai bid+ya shab+da sarba pU dza hU~M:__hU~M:__dpal chen bka' 'dus dkyil 'khor lha tshogs la:__zag med bde chen ye shes rgyas pa'i phyir:__rtsa brgyad stong sbyar sman gyi mchod pa 'bul:__bzhes nas mchog dang thun mong dngos grub stsol:__ma hA pany+tsa a mr-i ta khA hi:__hU~M:__dpal chen bka' 'dus dkyil 'khor lha tshogs la:__zag med bde chen ye shes rgyas pa'i phyir:__rgyu drug bsgral ba'i rak+ta'i mchod pa 'bul:__bzhes nas mchog dang thun mong dngos grub stsol:__ma hA rak+ta khA hi:__hU~M:__dpal chen bka' 'dus dkyil 'khor lha tshogs la:__zag med bde chen ye shes rgyas pa'i phyir:__snod bcud yongs rdzogs gtor ma'i mchod pa 'bul:__bzhes nas mchog dang thun mong dngos grub stsol:__ma hA ba liM ta khA hi:__sbyor sgrol don mchod ni/__hU~M:__dpal chen bka' 'dus dkyil 'khor lha tshogs la:__zag med bde chen ye shes rgyas pa'i phyir:__sbyor sgrol zung 'jug bde stong mchod pa 'bul:__bzhes nas mchog dang thun mong dngos grub stsol:__sta na ga Na ma hA su kha d+hA tu a a:__bstod pa ni/__hU~M:__mkha' ltar dag pa kun khyab chos kyi sku:__nyi ltar 'od gsal bde chen longs spyod rdzogs:__zer ltar don mdzad 'gro 'dul sprul pa'i sku:__zhi ba dbyings kyi lha la phyag 'tshal bstod:__hU~M:__'khor 'das 'ub chub ye shes chen po'i sku:__dkyil 'khor gtso mchog spyi dpal he ru ka:__khro rgyal rje btsan bde stong drwa bar sdom:__yab yum 'khor dang bcas la phyag 'tshal bstod:__hU~M:__zhi khro'i sku ni gang 'dul nyams dang ldan:__rdo rje dgyes pa sngags kyi rang sgra can:__ye shes klong las yon tan phrin las rdzogs:__dpal chen bka' 'dus dkyil 'khor lha la bstod:__ces bstod la slob dpon gyis rdo rje dang bcas pa'i thal mos me long du rten gyi gzugs brnyan 'char ba la reg cing se gol gyi sgras mtshon pa'i yi ge brgya pa'i mthar oM AHhU~M swA hA lan gsum brjod pas/__bskyed pa'i lha dpal he ru ka bde ba chen po'i thig ler 'khyil ba slar yang rten so so'i rnam par bzhengs par gyur ces zhal bsgyur/__ra~M ya~M kha~M:__thams cad stong nyid nam mkha'i ngang :__b+h+rU~M las rin chen snod nang du:__oM las phyi nang mchod pa'i tshogs:__so so'i lha mo'i rol par bcas:__rab 'byams nam mkha' gang bar gyur:__oM badz+ra puSh+pe nas shab+da pu dza sa ma ya hU~M:__zhes mchod pa byin brlab nas/__rten rnams la bde bar gshegs pa dang :__byang chub sems dpa' sems ma dang :__sems can thams cad kyis mchod cing bstod pas mnga' gsol bar gyur par bsam la/__oM:__rgyal ba'i rten la nyon mongs mi mnga' yang :__'gro ba sems can yongs kyi don slad du:__kun bzang mchod pas mchod cing bstod pa'i mthus:__'gro rnams bde skyid bkra shis ldan par shog:__oM sarba pU dza na mo:__ces dang mchod rol bya/_dri rgyan maN+Dal sogs nyer 'kho gzhan dbul ba ni/__oM:__rgyal ba'i rten la gzung 'dzin mi mnga' yang :__'gro ba sems can yongs kyi don slad du:__ji ltar 'os pa'i yo byad phul ba yis:__'gro kun bsod nams ye shes tshogs rdzogs shog:__oM sarba bi shwa pU dza ho:__ces dbul ba'i tshul bya/__tsa ru'i bza' bas mnga' dbul ba'i phyir/__zhal zas chab kyis bran la 'bru gsum dang nam mkha' mdzod kyi sngags rgyas rlabs te/__oM:__rgyal ba'i rten la sred pa mi mnga' yang :__'gro ba sems can yongs kyi don slad du:__swa sti ka yi zhal zas phul ba yis:__'gro kun ting 'dzin zas kyis 'tsho bar shog:__oM swa sti ka ne bid+yA pU dza ho:__sngags kyis mnga' dbul ba ni/__rten la gzungs thag ser po btags pa slob dpon gyis bzung ste/__oM:__rgyal ba'i rten la skye 'jig mi mnga' yang :__'gro ba sems can yongs kyi don slad du:__brtan par bzhugs pa'i gsang sngags phul ba yis:__'gro kun don du brtan par bzhugs su gsol:__gnas bya'i rten rnams kyi thugs kar zla ba la gnas pa'i sngags phreng 'khor ba'i 'od zer kyis phyogs bcu'i rgyal ba sras dang bcas pa rten so so'i rnam par byon nas de la gzhugs par gyur ces brjod cing bsam la/__spyi dril mthar/__oM su pra tiSh+Tha badz+ra ye swA hA:__oM hU~M hrI:b+hu khaM badz+ri b+ha wa dr-iD+ha tiSh+Tha b+hu khaM swA hA/__oM ye d+harma sogs sbrel mar ci nus bzla/__gsol ba gdab pa ni/__yi ge brgya pa lan gsum sngon du 'gro bas/__dngos su bshams dang yid kyis rnam sprul pa'i/__/kun bzang po bla med mchod sprin gyis/__/mkha' dbyings rnam dag rgya chen yongs bkod de/__/phyi nang gsang ba'i mchod sprin rgya mtshos mchod/__mchod rol bya/__hU~M:__mkha' ltar dag pa kun khyab chos kyi sku:__nyi ltar 'od gsal bde chen longs spyod rdzogs:__zer ltar don mdzad 'gro 'dul sprul pa'i sku:__sku gsum lha tshogs rnams la phyag 'tshal bstod:__mchod rol bya/__rten la me tog gi phreng ba btags pa nas bzung*/__thal mo sbyar bas btud de/__ji srid sa chu me dang ni/__/rlung gi bskal pas 'jig bar du/__/sems can kun gyi don gyi phyir/__/bcom ldan khyod ni bzhugs par mdzod/__/'dir ni gzugs dang lhan cig tu/__/'gro ba'i don du bzhugs nas kyang*/__/nad med tshe dang dbang phyug dang*/__/mchog rnams legs par stsal du gsol/__zhes dang*/__phyogs bcu na bzhugs pa'i sangs rgyas dang byang chub sems dpa' thams cad bdag la dgongs su gsol/__ji srid nam mkha'i mtha' dang mnyam pa'i sems can thams cad mi gnas pa'i mya ngan las 'das pa'i sa la ma bzhag gi bar du rgyal ba rnams mya ngan las mi 'da' bar brtan par bzhugs su gsol/__khyad par du yang sku gsung thugs kyi rten 'di rnams la bskyed cing spyan drangs pa'i lha tshogs rnams ji srid 'byung ba bzhi'i gnod pas ma zhig gi bar du brtan par bzhugs su gsol/__brtan par bzhugs nas kyang bdag dang sems can thams cad la mchog dang thun mong gi dngos grub ma lu sa pa stsal du gsol/__oM su pra tiSh+Tha badz+ra ye swA hA:__zhes lan gsum gyi gsol ba gdab/__slar yang rten 'brel snying po lan gsum dang*/__phun sum tshogs pa phyi yi yid bzhin rgya mtsho 'dra:__phyogs gyur kun nas gang la ci 'tshams stobs 'bebs shing :__thams cad mkhyen pa 'gro ba'i re ba skong mdzad pa:__sangs rgyas pad+ma'i 'dab 'dra rgyas pa'i bkra shis shog:__mi mjed 'jig rten gser gyi sa gzhi brdal ba la:__gling bzhi ri rab lcags ri mu khyud dpal mnga' ba:__bstan gnyis nyi zla zung gcig bskor ba byed pa yis:__'gro ba'i ma rig mun pa sel ba'i bkra shis shog:__'khor los bsgyur rgyal 'jig rten bde ba'i stobs mnga' zhing :__sems can thams cad dga' bar bgyid pa'i 'od 'phro bas:__bskal pa bzang po gzugs bzang ba dang spobs par ldan:__chos kun dar bas skye dgu zhi ba'i bkra shis shog:__tshe ring 'byor ldan longs spyod bsod nams dge legs dpal:__dge 'dun shes gsum ldan pa bstan pa'i gangs chen mtsho:__phyogs bcu kun nas mchog dang thun mong gnyis 'du ba:__'jig rten gsum grags lha mis mchod pa'i bkra shis shog:__zhes bkra shis rgya cher byas pas mnga' gsol zhing me tog gi char dbab/__smon lam gdab pa ni/__oM:__rten mchog 'di rnams dpal chen he ru'i ka'i:__ye shes chen pos rab tu gnas pa yis:__nyi ltar zhal dro zla ltar 'od gsal zhing :__'gro ba sems can yongs kyi dpal du shog:__gsum pa rjes chog ni/__bka' gter srung ma'i gtor 'bul man mthar dbyung bas gter gzhung las 'byung ba'i rab gnas kyi cho ga tshang bar grub pa lags pas 'di man chad sbyor mi dgos mod/__spros pa rgyas pa'i tshe spro na dam can spyi gtor gzhi gtor grub nas slar yang srung ma bsgo ba'i phyir gtor ma zur du bshams la/__spro na dpal bka' 'dus kyi bka' srung mchod thabs ltar dang*/__bsdu na/__ra~M ya~M kha~M gis bsang sbyang*/__oM AHhU~M gis rlabs la/__rang gi snying ga nas 'od zer 'phros pas rdo rje'i chos skyong ba'i srung ma gnas dang gzhi'i bdag po 'khor dang bcas pa oM badz+ra sa ma dzaHsa spyan drang*/__oM shrI badz+ra d+harma pA la sa pa ri wA ra i daM ba liM ta kha kha khA hi khA hi zhes lan gsum gyi gtor ma dbul/__dam tshig gi rdo rje spyi bor reg par mos pas/ bka' srung sbyor skabs phrin bcol rjes/__oM badz+ra sa ma ya ha na ha na hU~M phaT/__ces dam la bzhag__/rdo rje'i chos skyong ba'i srung ma 'khor dang bcas pa rnams kyis rten 'di rnams kyi srung ma dang yon bdag gyis la 'di dag dngos dang dkor cha la mi bsrun par bgyid pa rnams la chad pas gcod cing srung shing skyong ba dang mchod pa rgyun mi 'chad par 'byung ba'i phrin las mdzod cig__/ces phrin las bcol/__de nas na raka bskang bshags dang*/__las gzhung gi tshogs mchod nas bzung ste shis brjod kyi bar grub nas/__yon bdag bsgo ba'i don du/__bkra shis pa'i rdzas dang mchod pa'i yo byad rnams 'du byas nas yon bdag nye logs su bstan bzang po la 'khod par/__bder gshegs lhag ma 'di dag ni/__/gsol zhing sdig pa byang bar 'gyur/__/zhes brjod cing dpon slob thams cad la tsA ru'i bza' ba 'grim/__slob dpon gyis spro na spyi dang bye brag gi lung gis rgyab sbyor te skabs su bab pa'i bshad pas mtshams sbyar ba'am gang ltar yang*/__khyod kyis nga la gang gsol ba'i/__/sku gzugs dag ni khyad par du/__/ji ltar gsungs pa ji bzhin du/__/de dag don ni ngas byas te/__/de rnams don ni grub zin gyis/__/ci bder bar ni mchod par byos/__khyod kyis nga la gang gsol ba btab pa'i rab tu gnas pa de legs par tshar bar byas kyis/__khyod kyis 'di rnams la zhag bdun du mchod pa rgya chen po gyis shig__/de nas kyang ci 'byor pa'i mchod pa rgyun mi chad par gyis shig__/ces gdams pa dang des kyang mchod pa'i bye brag rnams lag gis bstar te rten gyi drung du bkod pa mdzes par bshams la/__dpon slob rnams mgrin gcig pas yo ga ltar bsangs sbyang byin rlabs sngon du 'gro bas/__rab 'byams rgya mtsho sogs tshigs bcad sngags dang bcas pa ji ltar rigs pas dbul/__gong ltar sbyong ba gsum gyis bgegs bsal la/__rdzas dang sbyin bdag rnams/__a mr-i tas bsang*/__swa b+ha was sbyang*/__stong pa'i ngang las sbyin pa'i bdag po skad cig gis gnod sbyin bye ba'i sde dpon chen po dzam+b+ha la'i skur gyur pa'i mdun du/__ma~M las byung ba'i bkra shis pa'i rdzas brgyad so so'i las sgrub pa la thog pa med pa'i nus pa dang ldan par gyur/__oM aSh+ta mang+ga laM dra bya hU~M/__zhes pas byin brlabs la/__sngon yang dag par rdzogs pa'i sangs rgyas shAkya thub pa la/__gzugs kyi lha mo 'od 'chang mas me long phul bas/__bkra shis pa'i rdzas su byin gyis brlab pa de bzhin du/__deng 'dir yang rab tu gnas par byas pa'i rten rnams dang bdag dang sbyin pa'i bdag pos gtso byas sems can thams cad me long gi rdzas la brten nas shin tu bkra shis par gyur cig__/me long ye shes rgya mtsho chen po yis/__/ye shes rgya mtsho mchog tu dag gyur te/__/rnam dag chos la thogs med longs spyod pa'i/__/bkra shis des kyang sgrib pa dag gyur cig__/de bzhin du/__glang po che sa srung gis sman gi waM phul bas=__gi waM dug gsum 'joms pa nad kyi sman/__/sman mchog chos nyid rab tu rtogs gyur nas/__/nyon mongs zug rngu med par gyur pa yi/__/bkra shis des kyang sdug bsngal zhi gyur cig/__/zhing pa'i bu mo legs skyes mas zho phul bas=__/zho ni kun gyi snying por gyur pa ste/__/snying po rnam dag ye shes rnams rtogs te/__/yon tan kun gyi dbyings su gyur pa yis/__/bkra shis des kyang dug gsum zhi gyur cig__/bram ze kuN+Da lIs rtsa dUr+Wa phul bas bkra shis pa'i rdzas su byin gyis brlabs pa de bzhin=__/dUr+Was tshe ni 'phel bar byed pa ste/__/rdo rje sems dpa'i tshe ni rab bsgrubs nas/__/nyon mongs skye shi rgyun chad gyur pa yi/__/bkra shis des ni tshe yang 'phel gyur cig__/shing gi lha mo 'od 'chang mas shing tog bilba phul bas=__bilba rgyu rkyen 'bras bur bcas pa'i chos/__/'jig rten 'jig rten 'das pa'i spyod pa kun/__/byang chub snying po mchog tu gyur pa yi/__/bkra shis des kyang don kun 'grub gyur cig__/lha'i dbang po brgya byin gyis dung dkar po g.yas su 'khyil ba phul bas=__/dung ni chos kyi sgra rnams sgrogs pa'i tshul/__/ye shes rgya mtsho nyid du dag gyur te/__/chos rnams ma nor yongs su ston pa yi/__/bkra shis des kyang tshig dbang thob gyur cig__/sa'i lha mo brtan mas li khri phul bas=__li khri dmar po dbang gi rang bzhin te/__/chos rnams ma lus dbang du bsdus nas kyang*/__/chos kyi rgyal srid rab tu brtan gyur pa'i/__/bkra shis des kyang chos srid brtan gyur cig__/gsang ba'i bdag po phyag na rdo rjes yung kar phul bas=__/yungs kar rdo rje'i rigs te thams cad du/__/bgegs rnams ma lus 'joms par byed pa yi/__/mthu stobs yon tan phun sum tshogs gyur pa'i/__/bkra shis des kyang bgegs rnams zhi gyur cig__/zhes rdzas rnams re re bzhin du yon bdag la gtad cing*/__des kyang rten la 'bul ba'i tshul du bya/__slar yang mdun gyi nam mkhar phyogs dus kyi rgyal ba sras dang bcas pa rnams dang lha dang drang srong bden tshig grub pa'i tshogs kyis shis pa brjod pa'i glu dbyangs di ri ri sgrog cing me tog man dA ra ba'i char chen po phabs pas dge legs kyi snang bas sa gsum kun du khyab par byas pa'i mos pa mdzod/__che ba'i che mchog sogs kyis shis brjod dang dga' ston rgya cher bya zhing*/__dge ba bsngo/___/de ltar byas pa'i phan yon ni/__gang zhig rten la ye shes pa:__rab tu bstim zhing rab gnas pas:__mchog dang thun mong dngos grub kun:__'gro la mngon sum sbyin par 'gyur:__zhes gsungs pa ltar mthar thug dam ye bzang ngan med pa'i gshis lugs mngon du ma gyur gyi bar du rab tu gnas pa'i cho ga la dus dus su 'bad pa ni/__rang gzhan gnyis ka'i don du dgos pa shin tu che bar snang ngo*/__/zhes pa'ang blo gros phun tshogs lags nas nan cher bskul ma mdzad pa'i ngor/__snyoms las pa phun tshogs rnam rgyal pas bod rab byung bcu bdun sa yos bod zla gsum pa'i tshes bco lnga la dpal bka' 'dus kyi las sbyor nas 'byung ba'i rab gnas la cho ga'i zur cung zad brgyan te bris pa 'dis kyang*/__rgyal bstan bshad sgrub kyi bstan pa srid mthar dar zhing rgyas la yun ring du gnas pa'i rgyur gyur cig__/dge'o//__//_____________________________________________

Footnotes

Other Information