Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
།ཅེས་པ་འདི་ཡང་ཟབ་མོའི་ཆོས་འདིར་ཡིད་བརྟོན་པའི་ཤཱཀྱའི་དགེ་སྦྱོང་རིག་པ་འཛིན་པ་ངག་དབང་བསྟན་འཛིན་ནོར་བུར་འབོད་པས་རང་ཉིད་བགྲང་བྱ་དོན་གཅིག་ཏུ་སོན་པའི་དབོ་ཟླའི་དཀར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་རང་གནས་མདོ་སྔགས་ཆོས་གླིང་གི་གཟིམ་ཆུང་ཀུན་བཟང་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ། །དགེའོ།།  +
།ཞེས་པའང་བཀའ་གདམས་རིན་པོ་ཆེའི་རྣམ་ཐར་ལ་ལྷག་པར་དད་ཅིང༌། དེའི་གཞུང་ལུགས་མང་དུ་ཐོས་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། བྱང་རྭ་བསྒྲེང་རྒྱལ་བའི་དབེན་གནས་སུ་འབྱོར་བའི་སྐབས་གློ་བུར་དུ་ཡིད་ལ་ཤར་བ་དང༌། སྔ་སོར་རྒྱུད་སྨད་དགེ་སློང་དགེ་བའི་བཤེས་གཉེན་ཛྙཱ་ནའི་མཚན་ཅན་གྱིས་ཀྱང་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་བསྐུལ་བ་རྗེས་སུ་དྲན་ཏེ་རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག།  +
།ཅེས་བླ་མ་འཇམ་པའི་དབྱངས་ཀྱི་ཐུགས་དམ་རྟེན་མཆོག་ཇོ་བོ་བྱང་ཆུབ་ཆེན་པོ་ལ་བསྟོད་པ་འདིའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་ཤིང་གསོལ་བ་བཏབ་པ་དགེ།  +
།ཞེས་པའང་དོན་གཉེར་ཅན་གྱི་ངོར་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྤེལ་བ་སརྦ་དཱ་མངྒ་ལཾ།།  +
།དེ་ལྟར་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ལ་ཅུང་ཟད་བསྔགས་པའི་ཚིགས་སུ་བཅད་པ་འདིའང་། རྗེ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་གནས་དཔལ་གྱི་སྙེ་ཐང་དུ་སྐུ་འདྲ་རིན་པོ་ཆེ་ཡིད་བཞིན་ནོར་བུའི་སྤྱན་སྔར་ས་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་རྒྱལ་ཁམས་ཉུལ་བའི་ད་རི་དྲཱ་གཙུག་ལག་སྨྲ་བའི་ཉི་མས་སྣང་གསལ་ཞིག་གི་ངོགས་སུ་འབད་པས་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་ར སྟུ།།  +
།ཞེས་པའང་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།།  +
།ཞེས་པའང་རང་གཞན་ལ་ཉེ་བར་མཁོ་བའི་སླད་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱི་གསུང་རབ་ལྟར་ངག་འདོན་བཀླགས་ཆོག་ཏུ་སྦྱར་བ་སྟེ། དགེ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མི་མཐུན་རྒུད་པའི་གདུང་བ་མཐའ་དག་ཞི་ཞིང་། ཕན་བདེའི་དཔལ་གྱི་འབྱོར་བ་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །མངྒ་ལཾ།།  +
།ཞེས་པའང་བློ་གྲོས་དང་སྟོབས་དང་འབྱོར་པ་སོགས་ཁྱད་པར་དང་ཐུན་མོང་གི་ཡོད་ཏན་ཆ་ཕྲ་མོའང་དབེན་པས་གཞན་ལ་དངོས་སུ་ཕན་པའི་སྐབས་ལྟ་ཅི། དེ་ལྟ་མོད་ཀྱི་སྨན་འདོད་ཀྱི་ལྷག་བསམ་ཙམ་ཞིག་ཡིད་ཀྱི་ཁུར་དུ་རྟག་པར་ལྕི་བའི་བྱ་བྲལ་བ་འདུ་ཤེས་གསུམ་པ་མཉྫུ་གྷོ་ཥས། བྱང་ཆུབ་སེམས་དཔའ་ཆེན་པོ་ཞི་བ་འཚོའི་རྣམ་པར་འཕྲུལ་པ་ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱི་གསུང་རབ་གཙོ་བོར་བཟུང་། གཟུངས་དང་ཡིག་རྙིང་གི་གསལ་བྱེད་འགའ་ཞིག་ཀྱང་སྦྱར་ཏེ་བྲིས་པའི་དགེ་བས་སྐྱེ་བ་ཐོག་མ་མེད་པ་ནས་བྱང་ཆུབ་བར་དུ་མཐོང་ཐོས་དྲན་རེག་གི་ཡིད་ཅན་ཐམས་ཅད་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཞི་ཞིང་། སྟོབས་བཅུ་མངའ་བའི་གོ་འཕང་མཆོག་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །།མངྒལཾ།།  +
ཆོས་མཛད་སཱ་རའི་ངོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།།  +
ཅེས་པའང་མཉམ་མེད་ཇོ་བོ་ཆེན་པོའི་གསུང་རྒྱུན་རྩ་བའི་ཡིག་རྙིང་དང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་རྗེས་གནང་གི་ཆིངས། རྗེ་མཆོག་ལེགས་རྡོ་རྗེས་མཛད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་སོགས་ལ་གཞི་བྱས། མན་ངག་གི་ཡི་གེ་གཞན་གྱིས་ཀྱང་ཟུར་བརྒྱན་ཏེ་ཤཱཀྱའི་བཙུན་པ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རང་འདྲའི་བློ་དམན་རྣམས་ལ་ཕན་པའི་བསམ་པས་ཤིན་ཏུ་གསལ་བར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག།  +
།ཅེས་པའང་དགེ་རྟག་མཆོག་སྤྲུལ་རིན་པོ་ཆེ་མཆོད་ཡོན་ཟུང་ནས་གསུང་བསྐུལ་ངོར་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ཞིང་བཀྲ་ཤིས།།  +
* '''Author colophon:''' །ཚུལ་འདི་སྔོན་གྱི་རིག་པ་འཛིན་པ་རྣམས་ལ་གྲགས་ཆེ་རུང་དེང་སང་མཚན་ཙམ་དུ་གནས་པ་ལ། ཁྱབ་བདག་བླ་མ་མཚོ་སྐྱེས་རྡོ་རྗེ་དང་ཞལ་མི་གཉིས་པའི་བཀའ་དྲིན་ལས་ཐོས་པའི་སྐལ་བ་མཆོག་དང་ལྡན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱི་ཆོག་བསྒྲིགས་ལས་ཅུང་ཟད་གསལ་བར་བསྡེབས་པ་དགེ་ལེགས་འཕེལ། * '''Editor colophon:''' །ཕུན་ཚོགས་རྣམ་རྒྱལ་པས་ནག་འགྲོས་སུ་བསྒྱུར་བའོ།།   +
* '''Author colophon:''' །འདིའི་དབང་དོན་བསྡུས་པ་ཙམ་འདོད་བུམ་དུ་བཞུགས་ཀྱང་གཞུང་གི་དབང་ཆེན་ཡན་ལག་དང་བཅས་པའི་རྒྱུན་ཀུན་མཁྱེན་བླ་མ་ཐུགས་རྗེའི་དབང་ཕྱུག་པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀའ་དྲིན་ལས་སྐལ་བ་བཟང་པོའི་དཔྱིད་དུ་ཐོབ་པ་ཉིད་བསྟན་འགྲོར་ཕན་བདེའི་བཙས་སུ་མི་ནུབ་འཕེལ་ཞིང་རྒྱས་པའི་སྒོར་དམིགས་ཏེ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་རྩ་བའི་གཞུང་ལས་བཏུས་ཏེ་ལག་ལེན་རྣམ་གསལ་བཀླགས་ཆོག་ཏུ་བཀོད་པ་དགེ་ལེགས་འཕེལ། * '''Editor colophon:''' །བཀའ་བབས་སྐོར་བསྐྱར་བསྒྲིག་སྐབས་ཕུན་ཚོགས་རྣམ་རྒྱལ་པས་བདག་འདྲ་བླུན་པོ་ལ་ཕན་ཆེད་ནག་འགྲོས་སུ་བསྒྱུར་བའོ།།   +
།འདི་ཉིད་གངས་ཅན་མགོན་པོའི་སྒྲུབ་ཐབས་ཐམས་ཅད་ཀྱི་རྒྱལ་པོར་གྱུར་ཀྱང་དེང་སང་རྒྱུན་དཀོན་པས་གཏེར་གཞུང་ཁོ་ནར་གོ་སླ་ཁྱེར་བདེའི་གསལ་བྱེད་ཕྲན་བུས་བརྒྱན་ཏེ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཁམས་ཀྱི་ཟབ་བུ་ལུང་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།།  +
།ཞེས་པའང་རྨད་དུ་བྱུང་བའི་མ་ཧཱ་ལོ་ཙཱ་བ་དྷ་རྨ་ཤྲཱིའི་གསུང་རབ་བསྙེན་ཡིག་རིན་ཆེན་སྒྲོན་མེ་ལས་ཁོལ་དུ་བྱུང་ཞིང་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ  +
།ཅེས་པའང་འབྲི་གུང་སྒྱུ་ར་གཏེར་སྟོན་འོད་གསལ་རྡོ་རྗེའི་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་རིམ་བཞིན་གུས་སློབ་ཚེ་རིང་དབང་གི་རྒྱལ་པོས་ཡི་གེ་བྲིས་པ་དགེ།  +
།ཅེས་པའི་རིག་འཛིན་སྒྲུབ་པ་འདི། །ཞེ་ཆེན་རྟོགས་ལྡན་བླ་མ་ནི། །པདྨ་འོད་གསལ་གྱིས་བསྐུལ་ཞིང་། །རང་ཉིད་མོས་བའི་རྐྱེན་བྱས་ཏེ། །པདྨ་ཡེ་ཤེས་རྡོ་རྗེ་ཡི། །རིག་ངོར་གང་ཐོན་ཆུ་འབྲུག་ལོའི། །དབོ་ཟླའི་ཚེས་ལ་བྲིས་པ་ཡི། །དགེ་བས་འདི་འབྲེལ་སེམས་ཅན་ཀུན། །རིག་འཛིན་རྣམ་བཞིའི་ལམ་ལ་བགྲོད། །བླ་མ་མངའ་བདག་ཆེན་པོ་ཡིས། །སྐྱེ་བ་ཀུན་ཏུ་རྗེས་བཟུང་ནས། །སྟོན་འཁོར་དགོངས་པ་དབྱེར་མེད་ཤོག །སརྦ་མངྒ་ལཾ། ཤུ་བྷཾ།།  +
།རིག་འཛིན་གཏེར་བདག་གླིང་པའི་གསུང་གི་གསང་བ་ལས་ཕྱུང་བའོ།།  +
* '''First colophon page 72:''' གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་བཀའ་བརྒྱད་གསང་བ་ཡོངས་རྫོགས་དང༌། བྱང་གཏེར་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་ལས་བྱུང་བའི་ཞི་ཁྲོ་ན་རཀ་སྐོང་བཤགས་ཀྱི་ཆོ་ག་ཟུང་འབྲེལ་དུ་བསྡེབས་པ་དགེའོ།   +
།ཅེས་པའང་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་སོ།།  +