ཉང་ཉི་མ་འོད་ཟེར་གྱི་བླ་སྒྲུབ་རིག་འཛིན་སྙིང་ཐིག།

From Khyentse Lineage - A Tsadra Foundation Project
Wylie title nyang nyi ma 'od zer gyi bla sgrub rig 'dzin snying thig JKCL-KABUM-10-THA-010.pdf
Location chos kyi blo gros bka' 'bum
Volume 10, Text 10, Pages 47-59 (Folios 1a to 7a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཉང་རལ་ཉི་མ་འོད་ཟེར་ (nyang ral nyi ma 'od zer)
Citation 'jam dbyangs mkhyen brtse chos kyi blo gros. nyang nyi ma 'od zer gyi bla sgrub rig 'dzin snying thig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 47-59. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor  ·  Sadhanas - Evocation Ritual - sgrub thabs
Colophon

།ཅེས་པའི་རིག་འཛིན་སྒྲུབ་པ་འདི། །ཞེ་ཆེན་རྟོགས་ལྡན་བླ་མ་ནི། །པདྨ་འོད་གསལ་གྱིས་བསྐུལ་ཞིང་། །རང་ཉིད་མོས་བའི་རྐྱེན་བྱས་ཏེ། །པདྨ་ཡེ་ཤེས་རྡོ་རྗེ་ཡི། །རིག་ངོར་གང་ཐོན་ཆུ་འབྲུག་ལོའི། །དབོ་ཟླའི་ཚེས་ལ་བྲིས་པ་ཡི། །དགེ་བས་འདི་འབྲེལ་སེམས་ཅན་ཀུན། །རིག་འཛིན་རྣམ་བཞིའི་ལམ་ལ་བགྲོད། །བླ་མ་མངའ་བདག་ཆེན་པོ་ཡིས། །སྐྱེ་བ་ཀུན་ཏུ་རྗེས་བཟུང་ནས། །སྟོན་འཁོར་དགོངས་པ་དབྱེར་མེད་ཤོག །སརྦ་མངྒ་ལཾ། ཤུ་བྷཾ།།

/ces pa'i rig 'dzin sgrub pa 'di/__/zhe chen rtogs ldan bla ma ni/__/pad+ma 'od gsal gyis bskul zhing /__/rang nyid mos ba'i rkyen byas te/__/pad+ma ye shes rdo rje yi/__/rig ngor gang thon chu 'brug lo'i/__/dbo zla'i tshes la bris pa yi/__/dge bas 'di 'brel sems can kun/__/rig 'dzin rnam bzhi'i lam la bgrod/__/bla ma mnga' bdag chen po yis/__/skye ba kun tu rjes bzung nas/__/ston 'khor dgongs pa dbyer med shog__/sarba mang+ga laM/__shu b+haM//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཉང་ཉི་མ་འོད་ཟེར་གྱི་བླ་སྒྲུབ་རིག་འཛིན་སྙིང་ཐིག་བཞུགས། ། གུ་རུ་པདྨ་འབྱུང་གནས་དང་། །ཆོས་རྒྱལ་ཚངས་པ་དངོས་སྣང་བ། །གཏེར་བཏོན་གྲུབ་པའི་རྒྱལ་པོ་ནི། །ཉང་རལ་ཉི་མ་འོད་ཟེར་གྱི། །བླ་སྒྲུབ་ཟབ་མོའི་རྣལ་འབྱོར་དབྱེ། །དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི། །དང་པོ་སྐྱབས་སུ་འགྲོ་བ་ནི། །ན་མོ། དཀོན་མཆོག་རྩ་གསུམ་འདུས་པའི་དངོས། །བླ་མ་རིག་འཛིན་ཆེན་པོ་ལ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །མི་ཕྱེད་གུས་པས་སྐྱབས་སུ་མཆི། །གཉིས་པ་སེམས་གཉིས་བསྐྱེད་པ་ནི། བདག་གཞན་གཉིས་སུ་འཛིན་པ་རྣམས། །གཉིས་འཛིན་འཁྲུལ་རྟོག་རྒྱུ་འབྲས་ལས། །བསྒྲལ་ནས་གཉིས་མེད་བྱང་ཆུབ་ལ། །འགོད་ཕྱིར་བླ་མ་བསྒྲུབ་པར་བགྱི། །གསུམ་པ་བཀའ་བསྒོ་མཚམས་གཅོད་ནི། ཨེ་མ་ང་ནི་རང་བྱུང་བ། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་བཀའ། །བགེགས་ཚོགས་འདུག་པའི་སྐབས་མེད་པས། །ད་ལྟ་ཉིད་དུ་སོ་སོར་དེངས། །འདུག་ན་བརླག་པར་གདོན་མི་ཟ། །ཧཱུྃ་ཧཱུྃ་ཧཱུྃ་སུམ་བྷ་ནི་ཡི་སྔགས་ཀྱིས་བསྐྲད། ཧཱུྃ། ཁྲོ་བོའི་ཚོགས་རྣམས་སླར་འདུས་པས། །ཕྱག་མཚན་འབར་བའི་གུར་དུ་གྱུར། །ཁྲོ་ཚོགས་མེ་དཔུང་འཁྱིལ་བ་ཡིས། །བདུད་བགེགས་དམིགས་མེད་དབྱིངས་སུ་བསྲེགས། །བཛྲ་རཀྵ་བྷྲཱུྃ། བཞི་པ་བྱིན་ཆེན་འབེབས་པར་བསྐུལ། ཧཱུྃ་ཧྲཱིཿབརྡལ་ཁྱབ་ཆོས་སྐུའི་ཕོ་བྲང་ནས། །ཀ་དག་བླ་མ་གཤེགས་སུ་གསོལ། །རང་གྲོལ་ཆེན་པོར་བྱིན་ཕོབ་ལ། །འཁྲུལ་པ་དག་པའི་དབང་མཆོག་སྐུར། །རང་བཞིན་ལོངས་སྐུའི་ཕོ་བྲང་ནས། །ལྷུན་གྲུབ་བླ་མ་གཤེགས་སུ་གསོལ། །འོད་གསལ་ཆེན་པོར་བྱིན་ཕོབ་ལ། །ཡེ་ཤེས་རྒྱས་པའི་དབང་མཆོག་སྐུར། །ཐུགས་རྗེ་སྤྲུལ་སྐུའི་ཕོ་བྲང་ནས། །འགྲོ་འདུལ་བླ་མ་གཤེགས་སུ་གསོལ། །རིག་རྩལ་ཆེན་པོར་བྱིན་ཕོབ་ལ། །ཤར་གྲོལ་ཆེན་པོའི་དབང་མཆོག་སྐུར། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཧྲིང་ཧྲིང་ཕཻཾ་ཕཻཾ་ཧཱུྃ་ཧཱུྃ་ཧཱུྃ་ཛཿཧཱུྃ་བྃ་ཧོཿལྔ་པ་མཆོད་རྫས་བརླབ་བ་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། གནས་ཡུལ་དག་པའི་ཞིང་ཁམས་ཆེ། །ཕྱི་ནང་གསང་བའི་མཆོད་ཚོགས་ནི། །ནམ་མཁའ་ལྟ་བུར་འཛད་པ་མེད། །ཀུན་ཏུ་བཟང་པོའི་སྤྲིན་དུ་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེརཱ་ས་སྤཪྴེ་པཱུ་ཛ་ཨཱཿ ཧཱུྃ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཧཱུྃ་ཧྲཱིཿཋ། བཛྲ་སྥ་ར་ཎ་ཁཾ། གཉིས་པ་དངོས་གཞིའི་ལས་རིམ་ལ། དང་པོ་རྟེན་དང་བརྟེན་པ་བསྐྱེད། ཧཱུྃ། མ་བཅོས་ཀ་དག་དབྱིངས་ཀྱི་ངང་། །ཀུན་སྣང་སྙིང་རྗེ་ཆེན་པོར་ཤར། །རིག་རྩལ་རྒྱུ་ཡི་ཡི་གེ་ཧྲཱིཿདཀར་དམར་མཁའ་ལས་འཇའ་ལྟར་ཤར། །དེ་ལས་ཨེ་ཡྃ་རྃ་བྃ་ལྃ། །འཕྲོས་པས་འབྱུང་ལྔ་རི་རབ་སྟེང་། །རྡོ་རྗེའི་སྲུང་འཁོར་ཆེན་པོའི་ནང་། །སྣ་ཚོགས་རྡོ་རྗེ་པད་རྭ་དང་། །འོད་ཟེར་འཕྲོ་བའི་ཀློང་དཀྱིལ་ན། །བྷྲཱུྃ་ལས་གཞལ་མེད་ཁང་ཆེན་པོ། །རྒྱན་དང་བཀོད་པ་ལྷུན་རྫོགས་པའི། །ལྟེ་བར་པད་ཉི་བམ་རོའི་སྟེང་། །ནམ་མཁར་གནས་པའི་ཧྲཱིཿཡིག་བབ། །སྤྲོ་བསྡུའི་བདག་ཉིད་ཆེན་པོ་ཡི། །ཕྱག་མཚན་གྲི་གུག་ཐོད་ཁྲག་གྱུར། །དེ་ལས་སྤྲོ་བསྡུས་ཡོངས་གྱུར་པ། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །སངས་རྒྱས་མཁའ་འགྲོ་དཀར་དམར་མདངས། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཆང་། །ཞབས་གཉིས་གར་སྟབས་རིན་པོ་ཆེ། །རུས་པའི་རྒྱན་དང་ལྷ་རྫས་ཀྱི། །སྟོད་གཡོགས་སྨད་གཡོགས་དར་དཔྱང་དང་། །དབུ་སྐྲ་སིལ་གྲོལ་སྤྱན་གསུམ་པ། །བཞད་པའི་ཉམས་ལྡན་ཁྲོ་ཆགས་ཅན། །ཡེ་ཤེས་མེ་འོད་འབར་བའི་ཀློང་། །རྩ་གསུམ་རབ་འབྱམས་དགྱེས་པར་བསྐུལ། །སྤྱི་བོར་པད་ཟླ་ཉི་མའི་སྟེང་། །རྩ་བའི་བླ་མ་ཉི་མ་འོད། །ཧེ་རུ་ཀ་ཡི་ཆ་བྱད་ཅན། །སྤྱན་ཟླུམ་དབུ་སྐྲ་ཐོར་ཅོག་རྩེར། །རྡོ་རྗེ་ཕྱེད་པའི་ཏོག་གིས་བརྒྱན། །དཀར་དམར་ཁྲོ་འཛུམ་མཚན་དཔེས་མཛེས། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྒྱིངས། །གཡོན་པས་མཉམ་བཞག་ཐོད་ཆང་བསྣམས། །མཆན་གཡོན་རྡོ་རྗེའི་ཁ་ཊྭཱྃ་བརྟེན། །ཞབས་ཟུང་རྒྱལ་པོ་རོལ་པའི་སྟབས། །སྤྱི་བོར་སྣང་མཐའ་མགྲིན་སྤྱན་གཟིགས། །ཐུགས་ཀར་ཨོ་རྒྱན་རྡོ་རྗེ་འཆང་། །ལྟེ་བར་གསང་ཡེ་ཌཱ་ཀི་ལྔ། །གསང་བར་དཔལ་མགོན་མ་ནིང་ནག །རྒྱུད་གསུམ་དྲེགས་ཚོགས་རྒྱ་མཚོས་བསྐོར། །གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན། །མ་སྐྱེས་ཡེ་རྫོགས་ཆེན་པོར་གསལ། །གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན། །ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར། །ཨོཾ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། གཉིས་པ་སྤྱན་དྲངས་བཞུགས་སུ་གསོལ། ཧཱུྃ་ཧྲཱིཿངོ་བོ་འོད་གསལ་སྐུ་གསུམ་གྱི། །ཞིང་ཁམས་རྒྱ་མཚོར་བཞུགས་པ་ཡི། །ཕྱོགས་བཅུ་དུས་བཞིའི་རྩ་བ་གསུམ། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས། །རྣལ་འབྱོར་རིག་འཛིན་མཆེད་ལྕམ་གྱིས། །གདུང་བའི་དབྱངས་ཀྱིས་བསྐུལ་ལགས་ན། །མཁའ་ལ་སྤྲིན་ལྟར་བརྡོལ་ནས་ཀྱང་། །གནས་མཆོག་འདི་རུ་བྱིན་གྱིས་རློབས། །སྒྲུབ་མཆོག་བདག་ལ་དབང་ཆེན་བསྐུར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་མཎྜ་ལ་དེ་ཝ་ག་ཎ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བྃ་ཧོཿཧཱུྃ། བདེ་བར་གཤེགས་སོ་རིག་འཛིན་ཚོགས། །དམ་ཚིག་དཀྱིལ་འཁོར་འདི་ཉིད་ལ། །དགྱེས་པའི་གར་གྱིས་བཞེས་ནས་ཀྱང་། །གཉིས་སུ་མེད་པ་ཏིཥྛ་ལྷན། །གསུམ་པ་རང་རིག་བརྡ་ཕྱག་འཚལ། ན་མོ། དུས་གསུམ་བདེ་གཤེགས་འདུས་པའི་དངོས། །ཡི་དམ་རྒྱལ་བ་འདུས་པའི་ཚོགས། །མཁའ་འགྲོ་རྒྱ་མཚོའི་སྤྱི་གཟུགས་ཆེར། །རང་རིག་བརྡ་ཡི་ཕྱག་བགྱིའོ། །ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿབཞི་པ་ཕྱི་ནང་གསང་བས་མཆོད། ཨོཾ་ཨཱཿཧཱུྃ། གཉིས་སྣང་བྲལ་བའི་དངོས་འབྱོར་ཚོགས། །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱི། །ནམ་མཁའ་གང་བའི་རྒྱན་དུ་ཆེ། །དག་པ་དབྱིངས་ཀྱི་རོལ་པའི་རྒྱན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས། །བྱུང་བའི་ཏིང་འཛིན་མཁའ་ལྟར་ཁྱབ། །ཡུལ་དང་དབང་པོ་གཉིས་མེད་པ། །བདེ་བ་ཆེན་པོས་དགྱེས་པར་རོལ། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ། གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས། །འདོད་ཡོན་ལྷ་མོ་དཔག་མེད་འཕྲོ། །ནམ་མཁའ་ས་གཞི་བར་སྣང་གང་། །ཐམས་ཅད་ཀུན་བཟང་བདེ་བ་ཆེ། །བདེ་མཆོག་བདེ་བའི་མཆོད་པ་བཞེས། ཨོཾ་བཛྲ་རཱུ་པ་ནས་སྤཪྴེ་ཨཱཿ ཧཱུྃ། ཨོཾ། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྒྱུད་དྲུག་བསྒྲལ་བའི་རཀྟ་དང་། །སྣོད་བཅུད་ཡོངས་རྫོགས་གཏོར་མ་དང་། །སྦྱོར་སྒྲོལ་གསང་བའི་མཆོད་པས་མཆོད། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ཧོཿཨཱཿ མཆོད་དང་མཆོད་ཡུལ་དམིགས་གཏད་བྲལ། །རང་བྱུང་ལྷུན་གྲུབ་མཆོད་པ་ཆེ། །གཉིས་མེད་དག་མཉམ་ཆེན་པོའི་ངང་། །སྤང་བླང་བསལ་བཞག་བྲལ་བར་མཆོད། །ཨ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨཱཏྨ་ཀཽ྅་ཧཾ། ལྔ་པ་རྡོ་རྗེའི་གླུ་ཡིས་བསྟོད། ཨོཾ། ཡེ་ཤེས་སྐུ་ནི་མཁའ་ལྟར་ཁྱབ། །མཚན་དང་དཔེ་བྱད་མཛེས་པའི་སྐུ། །དཔག་མེད་བསམ་ཡས་ཡོན་ཏན་ལྡན། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། ཨཱཿ བརྟན་གཡོའི་སྒྲ་སྐད་ཐམས་ཅད་ཀུན། །གྲགས་སྟོང་རང་གྲོལ་རྡོ་རྗེའི་གསུང་། །གསུང་མཆོག་སྒྲ་དབྱངས་འགག་པ་མེད། །རྡོ་རྗེའི་གསུང་ལ༴ །ཧཱུྃ། གཟུང་འཛིན་སྒྲིབ་ཚོགས་དབྱིངས་སུ་དག །ནམ་མཁའ་ལྟ་བུ་མཐའ་དབུས་བྲལ། །ཡེ་ཤེས་ཏིང་འཛིན་ཟབ་གསལ་ཐུགས། །རྡོ་རྗེའི་ཐུགས་ལ༴ སྭཱ། གང་གི་རང་བཞིན་བརྗོད་ལས་འདས། །བྱང་ཕྱོགས་ཡོན་ཏན་རྫོགས་པའི་དཔལ། །མ་འདྲེས་སྐུ་བཞིའི་བདག་ཉིད་ཅན། །ཡོན་ཏན་རྡོ་རྗེར་ཕྱག༴ ཧཱ། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ནི། །རྟག་ཁྱབ་འབད་པ་མེད་པ་ཡི། །ཕྲིན་ལས་རྒྱུན་མི་ཆད་པའི་བདག །བརྟན་གཡོ་ཀུན་ཁྱབ་ཕྱག་འཚལ་བསྟོད། །དྲུག་པ་བསྙེན་ཅིང་སྒྲུབ་པ་ནི། སྤྱི་བོའི་བླ་མའི་ཐུགས་ཀ་རུ། །ཡེ་ཤེས་སེམས་དཔའ་པདྨ་འབྱུང་། །མཐིང་གསལ་རྡོར་དྲིལ་ཡུམ་དང་སྦྱོར། །དེ་ཡི་ཐུགས་དབུས་ཉི་ཟླའི་སྦུབས། །ཡེ་ཤེས་འོད་ལྔའི་གོང་བུའི་ཀློང་། །ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་རྒྱལ་མཆོད་སྣོད་བཅུད་སྦྱངས། །རིག་འཛིན་བླ་མའི་དཀྱིལ་འཁོར་རྫོགས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སྤྱི་བོར་སྣང་མཐའི་ཐུགས་ཀ་རུ། །ཨཾ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་རྒྱལ་བའི་བྱིན་རླབས་བསྡུས། །སྣོད་བཅུད་བདེ་ཆེན་ཞིང་དུ་གསལ། །ཨཾ་ཨ་རོ་ལིཀྲཨོཾ་པདྨ་དྷ་ར་ཧྲཱིཿམགྲིན་པའི་ཐུགས་རྗེ་ཆེན་པོ་ཡི། །ཐུགས་ཀར་ཧྲཱིཿམཐར་སྔགས་ཀྱིས་བསྐོར། །འོད་འཕྲོས་བདག་གཞན་སྒྲིབ་ཀུན་སྦྱང་། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་རྫོགས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿལྟེ་བར་གསང་ཡེའི་ཐུགས་ཀ་རུ། །ཆོས་འབྱུང་པད་ཉིར་ཧྲཱིཿདམར་པོ། སྔགས་ཀྱིས་བསྐོར་ལས་འོད་འཕྲོས་པས། །བདེ་ཆེན་ཡེ་ཤེས་རྒྱས་པར་མོས། །ཨོཾ་ཨཱཿཧཱུྃ་ཧྲཱིཿདྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ཧ་རི་ནི་ས་ཌཱ་ཀི་ནཱི་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ། གསང་བའི་མགོན་པོའི་ཐུགས་དབུས་སུ། །ཉི་སྟེང་ཧཱུྃ་མཐར་སྔགས་ཀྱིས་བསྐོར། འོད་འཕྲོས་བདུད་བཞི་དབྱིངས་སུ་བསྒྲལ། །བྱད་ཕུར་གདོན་བགེགས་ཚར་བཅད་མོས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊཿཤཱ་ས་ནའང་བཟླ། རང་ཉིད་སངས་རྒྱས་མཁའ་འགྲོ་ཡི། །ཐུགས་དབུས་པད་དཀར་ཟླ་དཀྱིལ་བྃ། །སྔགས་ཀྱིས་བསྐོར་ལས་འོད་ཟེར་འཕྲོས། །འཕགས་མཆོད་འགྲོ་བའི་དོན་བྱས་ཤིང་། །ཚུར་འདུས་རང་ཐིམ་སྔགས་འོད་འབར། །སྤྱི་བོའི་བླ་མ་རྩ་གསུམ་གྱི། །སྐུ་ཡི་ནང་གང་བདུད་རྩིའི་རླན། །དྲངས་ཏེ་གནས་བཞིར་ཐིམ་པ་ཡིས། །དབང་ཐོབ་སྒྲིབ་དག་མཆོག་ཐུན་གྱི། །དངོས་གྲུབ་ཐམས་ཅད་རྫོགས་པར་མོས། །ཨོཾ་ཨཱཿབྃ་ཛྙཱ་ན་བུདྡྷ་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧོཿཞེས་བཟླ་སྟོང་ཚིག་མཆོད་བསྟོད་འབུལ་དེ་ནི་དངོས་གཞིའི་རིམ་པའོ། །རྗེས་ཀྱི་རིམ་པའི་དང་པོ་ནི། ཚོགས་ཀྱི་མཆོད་པ་ཡང་དག་བཤམས། ཧཱུྃ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས། །ཚོགས་ཀྱི་དངོས་འཛིན་བག་ཆགས་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར། །འདོད་ཡོན་ནམ་མཁའ་མཉམ་པར་སྤེལ། །གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ་ཧྲཱིཿའོག་མིན་སྐུ་གསུམ་ཞིང་ཁམས་ནས། །བླ་མ་རྒྱ་མཚོ་ཚོགས་ལ་གཤེགས། །ཡི་དམ་ཞི་དང་ཁྲོ་བོའི་ཚོགས། །དགྱེས་པའི་གར་གྱིས་གཤེགས་སུ་གསོལ། །དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས། །རྡོ་རྗེའི་བྲོ་གར་དང་བཅས་གཤེགས། །ཆོས་སྐྱོང་ནོར་ལྷ་གཏེར་བདག་ཚོགས། །རྔམས་བརྗིད་སྟབས་ཀྱིས་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོཿ། གསུམ་པ་མཆོད་བཤགས་བསྒྲལ་བསྟབ་བྱ། ཧཱུྃ་ཧྲཱིཿབླ་མ་རྩ་གསུམ་ལྷ་ཚོགས་ལ། །ཚོགས་མཆོད་འདོད་ཡོན་དྭངས་རེ་སྤྲོ། །ཚོགས་གཞོང་པདྨ་རྒྱ་རེ་ཡངས། །ལྷ་མོ་ལྔ་ཡི་སྤྲིན་སྤྲོ་བ། །རྡོ་རྗེའི་དབང་པོས་དགྱེས་དགུར་རོལ། མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོཿཧོཿབདག་གིས་ཚེ་རབས་ཐོག་མེད་ནས། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཀུན། །འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས། །དག་ཅིང་ཚངས་པར་སྩལ་དུ་གསོལ། །ས་མ་ཡ་ཤུདྡྷེ་ཨ་ཨ། ཧཱུྃ། ཨེ་དབྱིངས་འབར་བའི་བྲུབ་ཁང་དུ། །བདག་ཏུ་ལྟ་བའི་རུ་ཏྲ་བཀུག །བདག་མེད་རྟོག་པའི་མཚོན་གྱིས་བསྒྲལ། །ལྔ་ཕུང་རྡུལ་ཕྲན་བཞིན་དུ་བཅོམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲཱུྃ་བིགྷྣན་མཱ་ར་ཡ་རྦད་ཕཊཿཡེ་ཤེས་བདུད་རྩིར་བསྒྱུར་བྱས་ནས། ཧཱུྃ། རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ། །དགྲ་བགེགས་ལྔ་ཕུང་བདུད་རྩིར་བསྒྱུར། །འབར་བ་ཆེན་པོའི་ཞལ་དུ་བསྟབ། །བཞེས་ཤིག་ལྷག་མ་མེད་པར་མཛོད། །སརྦ་ཤ་ཏྲཱུྃ་བིགྷྣཱན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ཧི་ཧི་ཧི་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཚོགས་ལ་ཚིམ་པར་རོལ་ཞིང་སྤྱོད། ནང་དང་གསང་བའི་ཚོགས་འཁོར་བྱ། ལྷག་མར་ཞལ་ཆབ་བྲན་བྱས་ཏེ། ཕེཾ་ཕེཾ། ཧཱུྃ། དཀྱིལ་འཁོར་མུ་རན་ལ་གནས་པའི། །ལྷག་ལ་དབང་བ་དྲེགས་པའི་ཚོགས། །བཀའ་སྡོད་ཕོ་ཉ་འཁོར་བཅས་རྣམས། །འདིར་གཤེགས་ལྷག་མའི་མཆོད་པ་བཞེས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧིཿཧོཿརིག་འཛིན་རྩ་གསུམ་དཀྱིལ་འཁོར་དུ། །བདེ་ཆེན་ཚོགས་ཀྱི་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །བཞི་པ་གཏོར་མ་སྐྱོང་བ་ནི། ཧཱུྃ་ཧྲཱིཿསྔོན་ཚེ་བར་དང་ཐ་མའི་དུས། །ཀུན་བཟང་རྡོ་རྗེ་འཆང་ཆེན་གྱིས། །རྒྱུད་གསུམ་དྲེགས་པའི་དཔུང་ཚོགས་རྣམས། །དབང་དུ་བསྡུས་ཤིང་དམ་ལ་བཏགས། །ཐ་ཚིག་གཉན་པོ་བཞེས་པ་ཡི། །སྲུང་མ་དམ་ཅན་རྒྱ་མཚོ་རྣམས། །འདིར་གཤེགས་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་རིག་འཛིན་བདག་ཅག་གི། ཇི་ལྟར་བསྒོ་བ་ཆུད་མ་གསན། །དམ་ཚིག་གཉེན་པོ་དྲན་གྱིས་ལ། །བཅོལ་པའི་ལས་རྣམས་མྱུར་དུ་སྒྲུབ། །སརྦ་ས་མ་ཡ་བ་ལིཾ་ཏ་ཁཱ་ཧི། བརྟན་མ་བཤལ་ཆས་མཆོད་བྱས་ལ། ཧཱུྃ། བོད་ཁམས་སྐྱོང་མཛད་བརྟན་མ་ཆེ། །བདུད་མོ་གནོད་སྦྱིན་སྨན་མོ་བཞི། །འདིར་གཤེགས་གཏོར་མའི་བཤལ་ཆུ་བཞེས། །ཀླ་ཀློ་གདུག་པའི་འཚེ་བ་ཟློག །མ་མ་བ་ལིཾ་ཏ་ཁཱ་ཧི། གཏོར་གཞོང་སྦུབས་ལ་རྟ་བྲོ་བྱ། ཧཱུྃ། མུན་པ་ཆེན་པོའི་གཏིང་རུམ་དུ། །དམ་སྲི་འབྱུང་པོ་གཟིར་ཞིང་མནན། །རྡོ་རྗེའི་རྟ་བྲོ་ཆེན་པོ་བརྡུང་། །ནམ་ཡང་ལྡང་བར་མ་གྱུར་ཅིག །སྟྭཾ་བྷ་ཡ་ནན། ལྔ་པ་མཆོད་བསྟོད་དངོས་གྲུབ་བླང་། ཨོཾ་ཨཱཿཧཱུྃ། རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས། །བསྙེན་ཅིང་བསྒྲུབས་པའི་ཞག་གྲངས་ཐེམ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མི་གནས་ཡེ་ཤེས་གསང་གསུམ་གྱི། །མཐུ་བྱིན་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿདྲུག་པ་ནོངས་བཤགས་བསྡུ་ལྡང་ནི། ཧོཿདཀྱིལ་འཁོར་ལྷ་ཚོགས་གསན་ཅིང་དགོངས། །བདག་ཅག་མ་རིག་འཁྲུལ་པ་ཡི། །ཉེས་པར་གྱུར་པའི་ཚོགས་ཅི་མཆིས། །གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས། །ཡི་གེ་བརྒྱ་པ་མང་དུ་བརྗོད། །བདུན་པ་དགེ་བསྔོ་ཤིས་བརྗོད་ནི། ཧོཿབདག་གཞན་དུས་གསུམ་བསགས་པ་ཡི། །དགེ་ཚོགས་ཅི་མཆིས་འགྲོ་ལ་བསྔོ། །རིག་འཛིན་བླ་མས་རྗེས་བཟུང་ནས། །རང་གཞན་དོན་གཉིས་མཐར་ཕྱིན་ཤོག །ཨོཾ། རིག་འཛིན་རྩ་བརྒྱུད་བླ་མ་ཡི། །བྱིན་གྱིས་བརླབ་པའི་བཀྲ་ཤིས་ཤོག །ཡི་དམ་དངོས་གྲུབ་སྦྲང་ཆར་འབེབས། །གྲུབ་གཉིས་དཔལ་གྱི་བཀྲ་ཤིས་ཤོག །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཡི། །ཕྲིན་ལས་ཐོགས་མེད་བཀྲ་ཤིས་ཤོག །གནས་སྐབས་མི་མཐུན་འགལ་རྐྱེན་ཞི། །མཐར་ཐུག་མཆོག་དངོས་བཀྲ་ཤིས་ཤོག །ཅེས་པའི་རིག་འཛིན་སྒྲུབ་པ་འདི། །ཞེ་ཆེན་རྟོགས་ལྡན་བླ་མ་ནི། །པདྨ་འོད་གསལ་གྱིས་བསྐུལ་ཞིང་། །རང་ཉིད་མོས་བའི་རྐྱེན་བྱས་ཏེ། །པདྨ་ཡེ་ཤེས་རྡོ་རྗེ་ཡི། །རིག་ངོར་གང་ཐོན་ཆུ་འབྲུག་ལོའི། །དབོ་ཟླའི་ཚེས་ལ་བྲིས་པ་ཡི། །དགེ་བས་འདི་འབྲེལ་སེམས་ཅན་ཀུན། །རིག་འཛིན་རྣམ་བཞིའི་ལམ་ལ་བགྲོད། །བླ་མ་མངའ་བདག་ཆེན་པོ་ཡིས། །སྐྱེ་བ་ཀུན་ཏུ་རྗེས་བཟུང་ནས། །སྟོན་འཁོར་དགོངས་པ་དབྱེར་མེད་ཤོག །སརྦ་མངྒ་ལཾ། ཤུ་བྷཾ།། །།
[edit]

@#/__/nyang nyi ma 'od zer gyi bla sgrub rig 'dzin snying thig bzhugs/__/ gu ru pad+ma 'byung gnas dang /__/chos rgyal tshangs pa dngos snang ba/__/gter bton grub pa'i rgyal po ni/__/nyang ral nyi ma 'od zer gyi/__/bla sgrub zab mo'i rnal 'byor dbye/__/de la sngon 'gro dngos gzhi rjes gsum gyi/__/dang po skyabs su 'gro ba ni/__/na mo/__dkon mchog rtsa gsum 'dus pa'i dngos/__/bla ma rig 'dzin chen po la/__/bdag dang mtha' yas sems can rnams/__/mi phyed gus pas skyabs su mchi/__/gnyis pa sems gnyis bskyed pa ni/__bdag gzhan gnyis su 'dzin pa rnams/__/gnyis 'dzin 'khrul rtog rgyu 'bras las/__/bsgral nas gnyis med byang chub la/__/'god phyir bla ma bsgrub par bgyi/__/gsum pa bka' bsgo mtshams gcod ni/__e ma nga ni rang byung ba/__/dpal chen khro rgyal nyid kyi bka'/__/bgegs tshogs 'dug pa'i skabs med pas/__/da lta nyid du so sor dengs/__/'dug na brlag par gdon mi za/__/hU~M hU~M hU~M sum b+ha ni yi sngags kyis bskrad/__hU~M/__khro bo'i tshogs rnams slar 'dus pas/__/phyag mtshan 'bar ba'i gur du gyur/__/khro tshogs me dpung 'khyil ba yis/__/bdud bgegs dmigs med dbyings su bsregs/__/badz+ra rak+Sha b+h+rU~M/__bzhi pa byin chen 'bebs par bskul/__hU~M hrIHbrdal khyab chos sku'i pho brang nas/__/ka dag bla ma gshegs su gsol/__/rang grol chen por byin phob la/__/'khrul pa dag pa'i dbang mchog skur/__/rang bzhin longs sku'i pho brang nas/__/lhun grub bla ma gshegs su gsol/__/'od gsal chen por byin phob la/__/ye shes rgyas pa'i dbang mchog skur/__/thugs rje sprul sku'i pho brang nas/__/'gro 'dul bla ma gshegs su gsol/__/rig rtsal chen por byin phob la/__/shar grol chen po'i dbang mchog skur/__/oM AHhU~M ma hA gu ru dz+nyA na badz+ra sa ma ya A be sha ya a AH__hring hring phaiM phaiM hU~M hU~M hU~M dzaHhU~M ba~M hoHlnga pa mchod rdzas brlab ba ni/__ra~M ya~M kha~M/__oM AHhU~M/__gnas yul dag pa'i zhing khams che/__/phyi nang gsang ba'i mchod tshogs ni/__/nam mkha' lta bur 'dzad pa med/__/kun tu bzang po'i sprin du gyur/__/oM badz+ra ar+g+haM nas/__shab+da rU pa shab+da gan+d+herA sa spaR+she pU dza AH__hU~M/__oM AHhU~M sarba pany+tsa a mr-i ta rak+ta ba ling+ta hU~M hrIHTha/__badz+ra s+pha ra Na khaM/__gnyis pa dngos gzhi'i las rim la/__dang po rten dang brten pa bskyed/__hU~M/__ma bcos ka dag dbyings kyi ngang /__/kun snang snying rje chen por shar/__/rig rtsal rgyu yi yi ge hrIHdkar dmar mkha' las 'ja' ltar shar/__/de las e ya~M ra~M ba~M la~M/__/'phros pas 'byung lnga ri rab steng /__/rdo rje'i srung 'khor chen po'i nang /__/sna tshogs rdo rje pad rwa dang /__/'od zer 'phro ba'i klong dkyil na/__/b+h+rU~M las gzhal med khang chen po/__/rgyan dang bkod pa lhun rdzogs pa'i/__/lte bar pad nyi bam ro'i steng /__/nam mkhar gnas pa'i hrIHyig bab/__/spro bsdu'i bdag nyid chen po yi/__/phyag mtshan gri gug thod khrag gyur/__/de las spro bsdus yongs gyur pa/__/dus gsum sangs rgyas skyed pa'i yum/__/sangs rgyas mkha' 'gro dkar dmar mdangs/__/zhal gcig phyag gnyis gri thod 'chang /__/zhabs gnyis gar stabs rin po che/__/rus pa'i rgyan dang lha rdzas kyi/__/stod g.yogs smad g.yogs dar dpyang dang /__/dbu skra sil grol spyan gsum pa/__/bzhad pa'i nyams ldan khro chags can/__/ye shes me 'od 'bar ba'i klong /__/rtsa gsum rab 'byams dgyes par bskul/__/spyi bor pad zla nyi ma'i steng /__/rtsa ba'i bla ma nyi ma 'od/__/he ru ka yi cha byad can/__/spyan zlum dbu skra thor cog rtser/__/rdo rje phyed pa'i tog gis brgyan/__/dkar dmar khro 'dzum mtshan dpes mdzes/__/phyag g.yas rdo rje thugs kar bsgyings/__/g.yon pas mnyam bzhag thod chang bsnams/__/mchan g.yon rdo rje'i kha T+wA~M brten/__/zhabs zung rgyal po rol pa'i stabs/__/spyi bor snang mtha' mgrin spyan gzigs/__/thugs kar o rgyan rdo rje 'chang /__/lte bar gsang ye DA ki lnga/__/gsang bar dpal mgon ma ning nag__/rgyud gsum dregs tshogs rgya mtshos bskor/__/gzhan yang phung khams skye mched kun/__/ma skyes ye rdzogs chen por gsal/__/gnas gsum rdo rje gsum gyis mtshan/__/ye shes lnga yi dbang mchog bskur/__/oM AHhU~M/__oM AHhU~M swA hA/__gnyis pa spyan drangs bzhugs su gsol/__hU~M hrIHngo bo 'od gsal sku gsum gyi/__/zhing khams rgya mtshor bzhugs pa yi/__/phyogs bcu dus bzhi'i rtsa ba gsum/__/mi mngon dbyings nas thugs rjes gzigs/__/rnal 'byor rig 'dzin mched lcam gyis/__/gdung ba'i dbyangs kyis bskul lags na/__/mkha' la sprin ltar brdol nas kyang /__/gnas mchog 'di ru byin gyis rlobs/__/sgrub mchog bdag la dbang chen bskur/__/mchog dang thun mong dngos grub stsol/__/oM AHhU~M badz+ra gu ru dz+nyA na DA ki nI maN+Da la de wa ga Na d+harma pA la sa pa ri wA ra badz+ra sa ma ya dza dzaHdzaHhU~M ba~M hoHhU~M/__bde bar gshegs so rig 'dzin tshogs/__/dam tshig dkyil 'khor 'di nyid la/__/dgyes pa'i gar gyis bzhes nas kyang /__/gnyis su med pa tiSh+Tha lhan/__/gsum pa rang rig brda phyag 'tshal/__na mo/__dus gsum bde gshegs 'dus pa'i dngos/__/yi dam rgyal ba 'dus pa'i tshogs/__/mkha' 'gro rgya mtsho'i spyi gzugs cher/__/rang rig brda yi phyag bgyi'o/__/a ti pu hoHpra tIts+tsha hoHbzhi pa phyi nang gsang bas mchod/__oM AHhU~M/__gnyis snang bral ba'i dngos 'byor tshogs/__/mchod pa'i phyag rgya chen po ni/__/sems kyi yid bzhin sprin tshogs kyi/__/nam mkha' gang ba'i rgyan du che/__/dag pa dbyings kyi rol pa'i rgyan/__/kun tu bzang po'i smon lam las/__/byung ba'i ting 'dzin mkha' ltar khyab/__/yul dang dbang po gnyis med pa/__/bde ba chen pos dgyes par rol/__/oM badz+ra ar+g+haM nas/__shab+da pra tIts+tsha swA hA/__oM/__gzugs sgra dri ro reg bya'i tshogs/__/'dod yon lha mo dpag med 'phro/__/nam mkha' sa gzhi bar snang gang /__/thams cad kun bzang bde ba che/__/bde mchog bde ba'i mchod pa bzhes/__oM badz+ra rU pa nas spaR+she AH__hU~M/__oM/__rtsa brgyad stong la sbyar ba'i sman/__/rgyud drug bsgral ba'i rak+ta dang /__/snod bcud yongs rdzogs gtor ma dang /__/sbyor sgrol gsang ba'i mchod pas mchod/__/oM AHhU~M sarba pany+tsa a mr-i ta rak+ta ba ling+ta ma hA su kha sarba pU dza hoHAH__mchod dang mchod yul dmigs gtad bral/__/rang byung lhun grub mchod pa che/__/gnyis med dag mnyam chen po'i ngang /__/spang blang bsal bzhag bral bar mchod/__/a d+harma d+hA tu dz+nyA na At+ma kau\u0f85 haM/__lnga pa rdo rje'i glu yis bstod/__oM/__ye shes sku ni mkha' ltar khyab/__/mtshan dang dpe byad mdzes pa'i sku/__/dpag med bsam yas yon tan ldan/__/rdo rje'i sku la phyag 'tshal bstod/__AH__brtan g.yo'i sgra skad thams cad kun/__/grags stong rang grol rdo rje'i gsung /__/gsung mchog sgra dbyangs 'gag pa med/__/rdo rje'i gsung la=__/hU~M/__gzung 'dzin sgrib tshogs dbyings su dag__/nam mkha' lta bu mtha' dbus bral/__/ye shes ting 'dzin zab gsal thugs/__/rdo rje'i thugs la=__swA/__gang gi rang bzhin brjod las 'das/__/byang phyogs yon tan rdzogs pa'i dpal/__/ma 'dres sku bzhi'i bdag nyid can/__/yon tan rdo rjer phyag=__hA/__lhun gyis grub pa'i phrin las ni/__/rtag khyab 'bad pa med pa yi/__/phrin las rgyun mi chad pa'i bdag__/brtan g.yo kun khyab phyag 'tshal bstod/__/drug pa bsnyen cing sgrub pa ni/__spyi bo'i bla ma'i thugs ka ru/__/ye shes sems dpa' pad+ma 'byung /__/mthing gsal rdor dril yum dang sbyor/__/de yi thugs dbus nyi zla'i sbubs/__/ye shes 'od lnga'i gong bu'i klong /__/hrIHmthar sngags kyi phreng bas bskor/__/'od 'phros rgyal mchod snod bcud sbyangs/__/rig 'dzin bla ma'i dkyil 'khor rdzogs/__/oM AHhU~M badz+ra gu ru pad+ma sid+d+hi hU~M/__spyi bor snang mtha'i thugs ka ru/__/aM mthar sngags kyi phreng bas bskor/__/'od 'phros rgyal ba'i byin rlabs bsdus/__/snod bcud bde chen zhing du gsal/__/aM a ro likra.oM pad+ma d+ha ra hrIHmgrin pa'i thugs rje chen po yi/__/thugs kar hrIHmthar sngags kyis bskor/__/'od 'phros bdag gzhan sgrib kun sbyang /__/thugs rje chen po'i dkyil 'khor rdzogs/__/oM ma Ni pad+me hU~M hrIHlte bar gsang ye'i thugs ka ru/__/chos 'byung pad nyir hrIHdmar po/__sngags kyis bskor las 'od 'phros pas/__/bde chen ye shes rgyas par mos/__/oM AHhU~M hrIHd+hu ma g+ha ye na ma swA hA/__dz+nyA na badz+ra rat+na pad+ma karma ha ri ni sa DA ki nI ra tsa hri ya sarba sid+d+hi pha la hU~M/__gsang ba'i mgon po'i thugs dbus su/__/nyi steng hU~M mthar sngags kyis bskor/__'od 'phros bdud bzhi dbyings su bsgral/__/byad phur gdon bgegs tshar bcad mos/__/oM shrI ma hA kA la ga Na gu h+ya raM sid+d+hi hU~M phaTaHshA sa na'ang bzla/__rang nyid sangs rgyas mkha' 'gro yi/__/thugs dbus pad dkar zla dkyil ba~M/__/sngags kyis bskor las 'od zer 'phros/__/'phags mchod 'gro ba'i don byas shing /__/tshur 'dus rang thim sngags 'od 'bar/__/spyi bo'i bla ma rtsa gsum gyi/__/sku yi nang gang bdud rtsi'i rlan/__/drangs te gnas bzhir thim pa yis/__/dbang thob sgrib dag mchog thun gyi/__/dngos grub thams cad rdzogs par mos/__/oM AHba~M dz+nyA na bud+d+ha DA ki nI ma hA su kha kA ya wA ka tsit+ta sarba sid+d+hi pha la hU~M hoHzhes bzla stong tshig mchod bstod 'bul de ni dngos gzhi'i rim pa'o/__/rjes kyi rim pa'i dang po ni/__tshogs kyi mchod pa yang dag bshams/__hU~M/__bdag nyid lha yi thugs ka nas/__/yi ge ra~M ya~M kha~M gsum 'phros/__/tshogs kyi dngos 'dzin bag chags sbyangs/__/oM AHhU~M gis bdud rtsir bsgyur/__/'dod yon nam mkha' mnyam par spel/__/gnyis pa tshogs zhing spyan 'dren ni/__hU~M hrIH'og min sku gsum zhing khams nas/__/bla ma rgya mtsho tshogs la gshegs/__/yi dam zhi dang khro bo'i tshogs/__/dgyes pa'i gar gyis gshegs su gsol/__/dpa' bo mkha' 'gro rgya mtsho'i tshogs/__/rdo rje'i bro gar dang bcas gshegs/__/chos skyong nor lha gter bdag tshogs/__/rngams brjid stabs kyis gshegs su gsol/__/badz+ra sa ma ya dzaHdzaHhU~M ba~M hoH/__gsum pa mchod bshags bsgral bstab bya/__hU~M hrIHbla ma rtsa gsum lha tshogs la/__/tshogs mchod 'dod yon dwangs re spro/__/tshogs gzhong pad+ma rgya re yangs/__/lha mo lnga yi sprin spro ba/__/rdo rje'i dbang pos dgyes dgur rol/__ma hA ga Na tsakra pU dza hoHhoHbdag gis tshe rabs thog med nas/__/bsags pa'i sdig sgrib nyes ltung kun/__/'dod yon tshogs kyi mchod pas bshags/__/dag cing tshangs par stsal du gsol/__/sa ma ya shud+d+he a a/__hU~M/__e dbyings 'bar ba'i brub khang du/__/bdag tu lta ba'i ru tra bkug__/bdag med rtog pa'i mtshon gyis bsgral/__/lnga phung rdul phran bzhin du bcom/__/oM badz+ra kI li kI la ya sarba sha trU~M big+h+nan mA ra ya rbad phaTaHye shes bdud rtsir bsgyur byas nas/__hU~M/__rtsa gsum dkyil 'khor lha tshogs la/__/dgra bgegs lnga phung bdud rtsir bsgyur/__/'bar ba chen po'i zhal du bstab/__/bzhes shig lhag ma med par mdzod/__/sarba sha trU~M big+h+nAn mA ra ya kha kha khA hi khA hi/__ha ha ha hi hi hi hU~M hU~M hU~M/__phaT phaT phaT/__tshogs la tshim par rol zhing spyod/__nang dang gsang ba'i tshogs 'khor bya/__lhag mar zhal chab bran byas te/__pheM pheM/__hU~M/__dkyil 'khor mu ran la gnas pa'i/__/lhag la dbang ba dregs pa'i tshogs/__/bka' sdod pho nya 'khor bcas rnams/__/'dir gshegs lhag ma'i mchod pa bzhes/__/bcol pa'i phrin las grub par mdzod/__/oM uts+tshiSh+Ta ba liM ta khA hiHhoHrig 'dzin rtsa gsum dkyil 'khor du/__/bde chen tshogs kyi mchod pa yis/__/bdag gzhan 'gro ba ma lus kun/__/dkyil 'khor gcig tu 'grub par shog__/bzhi pa gtor ma skyong ba ni/__hU~M hrIHsngon tshe bar dang tha ma'i dus/__/kun bzang rdo rje 'chang chen gyis/__/rgyud gsum dregs pa'i dpung tshogs rnams/__/dbang du bsdus shing dam la btags/__/tha tshig gnyan po bzhes pa yi/__/srung ma dam can rgya mtsho rnams/__/'dir gshegs gtor ma 'di bzhes la/__/rnal 'byor rig 'dzin bdag cag gi/__ji ltar bsgo ba chud ma gsan/__/dam tshig gnyen po dran gyis la/__/bcol pa'i las rnams myur du sgrub/__/sarba sa ma ya ba liM ta khA hi/__brtan ma bshal chas mchod byas la/__hU~M/__bod khams skyong mdzad brtan ma che/__/bdud mo gnod sbyin sman mo bzhi/__/'dir gshegs gtor ma'i bshal chu bzhes/__/kla klo gdug pa'i 'tshe ba zlog__/ma ma ba liM ta khA hi/__gtor gzhong sbubs la rta bro bya/__hU~M/__mun pa chen po'i gting rum du/__/dam sri 'byung po gzir zhing mnan/__/rdo rje'i rta bro chen po brdung /__/nam yang ldang bar ma gyur cig__/s+t+waM b+ha ya nan/__lnga pa mchod bstod dngos grub blang /__oM AHhU~M/__rig 'dzin dkyil 'khor lha tshogs rnams/__/bsnyen cing bsgrubs pa'i zhag grangs them/__/dngos grub stsol ba'i dus la bab/__/mi gnas ye shes gsang gsum gyi/__/mthu byin dbang dang dngos grub stsol/__/oM AHhU~M badz+ra gu ru d+he wa d+hA ki nI kA ya wA ka tsit+ta sarba sid+d+hi pha la hoHdrug pa nongs bshags bsdu ldang ni/__hoHdkyil 'khor lha tshogs gsan cing dgongs/__/bdag cag ma rig 'khrul pa yi/__/nyes par gyur pa'i tshogs ci mchis/__/gnong zhing 'gyod pa'i sems kyis bshags/__/yi ge brgya pa mang du brjod/__/bdun pa dge bsngo shis brjod ni/__hoHbdag gzhan dus gsum bsags pa yi/__/dge tshogs ci mchis 'gro la bsngo/__/rig 'dzin bla mas rjes bzung nas/__/rang gzhan don gnyis mthar phyin shog__/oM/__rig 'dzin rtsa brgyud bla ma yi/__/byin gyis brlab pa'i bkra shis shog__/yi dam dngos grub sbrang char 'bebs/__/grub gnyis dpal gyi bkra shis shog__/mkha' 'gro chos skyong nor lha yi/__/phrin las thogs med bkra shis shog__/gnas skabs mi mthun 'gal rkyen zhi/__/mthar thug mchog dngos bkra shis shog__/ces pa'i rig 'dzin sgrub pa 'di/__/zhe chen rtogs ldan bla ma ni/__/pad+ma 'od gsal gyis bskul zhing /__/rang nyid mos ba'i rkyen byas te/__/pad+ma ye shes rdo rje yi/__/rig ngor gang thon chu 'brug lo'i/__/dbo zla'i tshes la bris pa yi/__/dge bas 'di 'brel sems can kun/__/rig 'dzin rnam bzhi'i lam la bgrod/__/bla ma mnga' bdag chen po yis/__/skye ba kun tu rjes bzung nas/__/ston 'khor dgongs pa dbyer med shog__/sarba mang+ga laM/__shu b+haM//___//

Footnotes

Other Information