Property:colophontib
From Khyentse Lineage - A Tsadra Foundation Project
This is a property of type Text.
ཚ
།ཞེས་པའང་སྒྲུབ་བརྩོན་དམ་པ་དགེ་སློང་འཇམ་དཔལ་བསྟན་འཛིན་གྱིས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་མཆོད་པ་བྱ་ཚུལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྡེབས་པ་རྒྱས་བསྡུས་འདི་ལྟ་བུ་ཞིག་སྦྱར་བར་འོས་སོ་ཞེས་ནན་ཏན་གྱིས་བསྐུལ་བའི་ངོ་མ་ལྡོག་པར། དམ་པ་སྔ་མ་རྣམས་ཀྱིས་མཛད་པ་དང་མཐུན་པར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁན་ཆེན་ཆོས་ཀྱི་རྒྱལ་པོ་བྱམས་པ་ཀུན་དགའ་བསྟན་འཛིན་སོགས་ཡོངས་འཛིན་དམ་པ་དུ་མའི་གསུང་གི་བདུད་རྩིས་རེག་པའི་རྨོངས་བརྟུལ་གྱི་ན་བ་གཞོན་ནུ་མཁྱེན་བརྩེའི་མིང་ཅན་གྱིས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བ་ལ། རང་བཟོའི་ནོངས་པའི་ཆ་ཤས་མཆིས་པ་ཐམས་ཅད་སྙིང་ནས་བཤགས་ཤིང་། དགེ་བས་འགྲོ་ཀུན་རྗེ་བཙུན་རྡོ་རྗེ་བཙུན་མོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། +
* '''First colophon:''' །ཅེས་པའང་ངེས་དོན་རྡོ་རྗེའི་རྣལ་འབྱོར་གྱི་ལྟ་སྒོམ་ལ་ཡིད་ཆེས་ཕྱིར་མི་ལྡོག་པ་པདྨ་འགྱུར་མེད་པས་རིང་ནས་བསྐུལ་བ་བཞིན་རང་བྱུང་གྲུབ་པའི་རྡོ་རྗེའི་སློབ་དཔོན་ཆེན་པོའི་བྱིན་གྱིས་བརླབས་པའི་བོད་ཡུལ་ཕན་བདེ་འབྱུང་བའི་གནས་ཆེན་དང་པོ་ཨ་སུ་རར་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དུ་ག་ཎ་ཙཀྲ་ལ་ལོངས་སྤྱོད་པའི་ཚེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་འབོད་པའི་མདོ་ཁམས་ཞེ་ཆེན་པའི་བཀའ་འབངས་དེས་གང་ཤར་ཤུགས་འབྱུང་དུ་དབྱུག་ཟླའི་འཕེལ་ཚེས་བཅོ་ལྔའི་ཉིན་བྲིས་པ་འགྲོ་ཀུན་བདེ་ཆེན་ཚོགས་ཀྱི་ལོངས་སྤྱོད་ཆེན་པོའི་རྟག་ཏུ་སྨིན་པའི་རྒྱུར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།།
* '''Second colophon:''' ཞེས་ཀུན་གཟིགས་མི་ཕམ་རིན་པོ་ཆེའི་གསུང་འཇམ་དཔལ་ཚོགས་བསྡུས་ཀྱི་བྱིན་རླབས་མངྒ་ལས་བྲིས་པའོ། །དཀྱུས་སུ་བཅུག་མཛད་བྱང་མི་དགོས་སྙམ།
+
།ཅེས་སོགས་ཤིས་པ་བརྗོད་ལ་རྒྱུན་གྱི་ལམ་ཁྱེར་ལ་འཇུག་གོ །ཞེས་པའང་སྡེ་དགེ་ལྷ་རིགས་སྲས་མོ་གཡུ་སྒྲོན་ནས་རྟེན་དང་བཅས་ཏེ་གསུང་གིས་བསྐུལ་བ་དང་། །མཁྱེན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་མངྒ་ལས་ཀྱང་བྲིས་ན་ལེགས་པའི་གསུང་བསྐུལ་ངོར། དེ་འཕྲལ་ཉིད་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་པདྨ་ཡེ་ཤེས་རྡོ་རྗེས་ཞུས་རིམ་བཞིན་མཆོག་སྤྲུལ་རིན་པོ་ཆེས་ཡི་གེར་མཛད་པ་འདིས་ཀྱང་རང་གཞན་རྣམས་ཀྱི་རྒྱུད་ལ་ཚོགས་གཉིས་རླབས་པོ་ཆེ་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག །སརྦ་དཀཱ་ལྱཱ་ཎཾ་བྷ་ཝནྟུ།། +
* '''First colophon page 159:''' །ཞེས་དགྱེས་རྡོར་རྩ་བའི་རྒྱུད་རྟག་པ་གཉིས་པ་ལས་གསུངས་སོ།
* '''Second colophon page 161:''' །ཞེས་གྲུབ་ཆེན་གཙང་སྨྱོན་ཧེ་རུ་ཀས་མཛད་པའི་ལས་བྱང་ལས་བྱུང་བའོ།།
* '''Third colophon page 162:''' །ཅེས་པའང་གཙང་སྨྱོན་ཧེ་རུ་ཀས་མཛད་པའི་ལས་བྱང་ལས་སོ།།
+
ཛ
།དེ་ལྟར་འཕགས་པ་ཛམྦྷ་ལ་དཀར་པོ་གཙོ་རྐྱང་གི་ཕྱི་ནང་གསང་བའི་སྒྲུབ་པ་དཀྱུས་གཅིག་ཏུ་བྱ་བའི་ཚུལ་བཀླགས་པས་གྲུབ་པ་འདིའང་གཏེར་གཞུང་རྩ་བའི་དགོངས་པ་ཇི་ལྟ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་འགྲོ་ཀུན་འདོད་རྒུའི་དཔལ་འབྱོར་ཟད་མི་ཤེས་པ་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག། +
ཅེས་པའང་རྫོང་སར་རྡོར་འཛིན་བླ་མ་འཇམ་དཔལ་ཆོས་དབང་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།། +
ཞ
གནོད་སྦྱིན་ཞང་བློན་ཆེན་པོ་ཡི། །མཆོད་སྒྲུབ་ཕྲིན་ལས་གློགས་ཞགས་འདི། །རང་སློབ་ཟུང་གིས་བསྐུལ་པའི་ཚེ། །ཁྲག་འཐུང་ལས་ཀྱི་དཔའ་བོ་ལ། །ཉམས་རྟོགས་རིག་པའི་རྩལ་འབར་ཞིང༌། །ཆོས་ཉིད་དག་པའི་སྣང་ངོར་ཤར། །འོད་ཟེར་མིང་གིས་ཡི་གེར་བཀོད། །བརྒྱུད་འཛིན་ལས་གཞན་ཁ་ཐམ་རྒྱ། འཁུ་ལྡོག་ཤིན་ཏུ་ཆེ་བར་སྣང༌། །ཞལ་དྲོ་བསྟན་པ་དར་བར་ཤོག ། +
ཞེས་པའང་གསོ་བ་རིག་པའི་གནས་སོགས་བློ་གྲོས་ཀྱི་ལང་ཚོ་དར་དྲག་པ། བླའི་སྨན་པ་དཀོན་མཆོག་གཞན་ཕན་གྱི་ཉེར་འཁོར། འབྲི་གུང་པ་དཀོན་མཆོག་ཕྲིན་ལས་བཟང་པོས་སྦྱར་བ་དགེ།། +
།ཞེས་སྐྱབས་མགོན་ཞབས་དཀར་རིན་པོ་ཆེའི་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པ་ཐོས་ཚེ། རྗེ་དེ་ཉིད་ཀྱི་སློབ་བུ། མདོ་སྔགས་རྒྱ་མཚོ་དང་། བསོད་ནམས་རྣམ་རྒྱལ་གཉིས་ཀྱིས་ཀྱང་བསྐུལ་ཏེ་དཔལ་དགེ་མཆོག་སྤྲུལ་རིན་པོ་ཆེས་གསུངས་པའོ། །དགེའོ། +
ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོར་ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་ཆུ་སྐྱེས། +
།ཅེས་བཀའ་འབངས་ཐ་ཤལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་ནས་གུས་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག +
།ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བཀྲ་ཤིས་ཟླ་བའི་དཀར་པོའི་ཕྱོགས་ཀྱི་རྒྱལ་བ་དང་པོས་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། +
།ཅེས་པའང་གཙུག་ལག་གཞུང་མང་འཆང་བའི་མཁས་དབང་རྡོ་རྗེ་འཛིན་པ་ཆེན་པོ་ཀརྨ་ངེས་དོན་དང་། དད་དམ་བློ་གྲོས་ཀྱི་ནོར་ཅན་དགེ་སྦྱོང་དྷརྨ་ཝརྡྷ་ནས་སྔ་ཕྱིར་ནན་ཏན་དུ་བསྐུལ་བས་མཚམས་སྦྱར་ཏེ། རང་ཉིད་ཀྱིས་ཀྱང་མི་ཕྱེད་པའི་དད་འདུན་དགེ་བ་དང་བཅས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་ཤིང་། ཤིང་མོ་ཡོས་ཀྱི་གནམ་ལོ་གསར་དུ་འཆར་བའི་ཆོ་འཕྲུལ་གྱི་ཟླ་བའི་དཀར་པོའི་ཕྱོགས་ཀྱི་དགའ་བ་དང་པོའི་ཉི་ཤར་ལ་རྩེ་གཅིག་ཏུ་གུས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། +
།ཅེས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཚོ་སྐྱེས་རྒྱལ་བའི་གདུང་འཚོབ་པདྨ་གར་དབང་མདོ་སྔགས་གླིང་པའམ། ཡོངས་སུ་གྲགས་པའི་མིང་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་༧ས་སྐྱ་བདག་ཁྲི་རིན་པོ་ཆེའི་མཚན་གསོལ་དང་མཐུན་པར་ཞབས་བརྟན་དུ་དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར་སྐུ་ཚབ་ཡིད་བཞིན་ནོར་བུ་དངོས་གྲུབ་དཔལ་འབར་མདུན་གསོལ་སྨོན་རྩེ་གཅིག་པས་བྲིས་པ་བཞིན་འགྲུབ་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། +
khrag 'thung dpa' bos so/_/dge'o// +
ཅེས་པའང་མེ་ཕོ་རྟ་ཡི་ལོ་གྲུབ་དབང་བླ་མའི་ཟབ་གཏེར་སྒོ་འབྱེད་ཀྱི་རྟེན་འབྲེལ་ཆེན་མོའི་སྐབས་ཁྲུམས་སྟོད་ཟླ་བའི་ཡར་ཚེས་དགེ་བར་ཆོས་ཀྱི་བདག་མོའི་མིང་འཛིན་བློ་གསལ་དབང་པོའི་ལྷག་བསམ་རྣམ་དག་གིས་གསོལ་བ་བཏབས་པས་ཞབས་བརྟན་ཞལ་བཞེས་མ་ལེགས་སོ།། +
ཅེས་མངོན་པར་འདོད་པའི་དོན་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་མཚོན་དང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པར་བསྐོར་ཞིང་བསྐོར་བར་འགྱུར་བའི་བཀའ་དྲིན་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བར་སྤྲོ་པའི་མཎྜལ་རྟེན་འབྱུང་ཙམ་དུ་བཀྲ་ཤིས་པའི་ལྷ་གོས་རབ་དཀར་སྲིད་དུ་རིང་བས་ཐོག་དྲངས། འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། + བཅས་འབུལ་ལམ་ཞུ་ན་ཇི་སྐད་གསོལ་བའི་དོན་རྣམས་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། +
།ཅེས་པའང་མཆོག་གླིང་སྐུ་ཕྲེང་གསུམ་པའི་སྐྱེ་སྲིད་ཀྱི་ཞབས་བརྟན་དགོས་ཞེས་ཀེ་ལ་ཕྱག་མཛོད་རྡོ་རྗེ་སེངྒེ་ནས་ལྷ་རྫས་བཅས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་བཀྲ་ཤིས་དཔལ་འབྱོར་ཟུང་ནས་ཤིང་ལུག་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་ཀྱི་ཚོགས་མཆོད་སྐབས་བྲིས་པ་དགེའོ།། +
།ཅེས་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དང་འབྲེལ་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་འཆི་མེད་གྲུབ་པའི་བཅུད་ལེན་གྱི་རྫས་བཀྲ་ཤིས་པའི་ལྷ་གོས་བཅས་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་བཅོ་བརྒྱད་ལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གུས་པས་ཕུལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། +
།ཅེས་པའང་སྔ་འགྱུར་བསྟན་པའི་གསལ་བྱེད་ཆེན་པོ་ཁྱུང་པོ་པཱ་ཏཱྃ་མཆོག་སྤྲུལ་རིན་པོ་ཆེའི་ཉེ་གནས་ཤེས་རབ་འོད་ཟེར་གྱིས་གསུང་བསྐུལ་གནང་ངོར་ཆོས་ཀྱི་བློ་གྲོས་པས་སྨོན་པ་དོན་དང་ལྡན་པར་གྱུར་ཅིག ། +
།ཅེས་ཞབས་བརྟན་སྨོན་ཚིག་དང་འབྲེལ་བཀྲ་ཤིས་པའི་ལྷ་རྫས། འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་བཅས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག ། +