ཚོགས་མཆོད་ཡེ་ཤེས་དཔལ་སྟེར།

From Khyentse Lineage - A Tsadra Foundation Project
Wylie title tshogs mchod ye shes dpal ster JKCL-KABUM-10-THA-017.pdf
Location chos kyi blo gros bka' 'bum
Volume 10, Text 17, Pages 117-122 (Folios 1a to 3b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. tshogs mchod ye shes dpal ster. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 117-122. Bir, H.P.: Khyentse Labrang, 2012.
Genre Feast Offering - tshogs mchod - tshogs kyi 'khor lo
Cycle ཟབ་ལམ་སྙིང་ཐིག་གསལ་སྒྲོན་ (zab lam snying thig gsal sgron)
Recension Link Other Versions on this site: བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན།
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/nyingtik-saldron-tsok
Colophon

།ཅེས་སོགས་ཤིས་པ་བརྗོད་ལ་རྒྱུན་གྱི་ལམ་ཁྱེར་ལ་འཇུག་གོ །ཞེས་པའང་སྡེ་དགེ་ལྷ་རིགས་སྲས་མོ་གཡུ་སྒྲོན་ནས་རྟེན་དང་བཅས་ཏེ་གསུང་གིས་བསྐུལ་བ་དང་། །མཁྱེན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་མངྒ་ལས་ཀྱང་བྲིས་ན་ལེགས་པའི་གསུང་བསྐུལ་ངོར། དེ་འཕྲལ་ཉིད་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་པདྨ་ཡེ་ཤེས་རྡོ་རྗེས་ཞུས་རིམ་བཞིན་མཆོག་སྤྲུལ་རིན་པོ་ཆེས་ཡི་གེར་མཛད་པ་འདིས་ཀྱང་རང་གཞན་རྣམས་ཀྱི་རྒྱུད་ལ་ཚོགས་གཉིས་རླབས་པོ་ཆེ་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག །སརྦ་དཀཱ་ལྱཱ་ཎཾ་བྷ་ཝནྟུ།།

/ces sogs shis pa brjod la rgyun gyi lam khyer la 'jug go__/zhes pa'ang sde dge lha rigs sras mo g.yu sgron nas rten dang bcas te gsung gis bskul ba dang /__/mkhyen gzigs mchog sprul rin po che mang+ga las kyang bris na legs pa'i gsung bskul ngor/__de 'phral nyid du 'jam dbyangs blo gros rgya mtsho'am pad+ma ye shes rdo rjes zhus rim bzhin mchog sprul rin po ches yi ger mdzad pa 'dis kyang rang gzhan rnams kyi rgyud la tshogs gnyis rlabs po che gong du 'phel ba'i rgyur gyur cig__/sarba dkA l+yA NaM b+ha wan+tu//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཚོགས་མཆོད་ཡེ་ཤེས་དཔལ་སྟེར་བཞུགས་སོ། ། རང་རིག་བླ་མ་བདེ་ཆེན་གཙོ། །དཀྱིལ་འཁོར་བདག་པོར་གུས་བཏུད་ནས། །ཟབ་མོ་བླ་མའི་རྣལ་འབྱོར་གྱི། །ཚོགས་མཆོད་ཡེ་ཤེས་དཔལ་སྟེར་དབྱེ། །དེ་ལ་འདིར་དབང་ཐོབ་ཅིང་དད་པ་དང་དམ་ཚིག་ལྡན་པའི་རྣལ་འབྱོར་བས་ཚོགས་ཀྱི་ཡོ་བྱད་མ་དཱ་ན་དང་། བཱ་ལ་སོགས་ཐབས་ཤེས་ཀྱི་རྫས་ཅི་འབྱོར་པ་བཤམས་ལ་ཆུ་ཆང་གིས་བྲན། རྃ་ཡྃ་ཁྃ། ཕྱི་སྣོད་བདེ་ཆེན་ཀ་པཱ་ལ། །ནང་བཅུད་ཡེ་ཤེས་ཚོགས་གཏོར་ཆེ། །ཟག་མེད་བདུད་རྩིའི་སྤྲིན་ཆེན་པོ། །འདོད་ཡོན་ནམ་མཁའ་ཁྱབ་པར་སྤེལ། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་བརྗོད། ཚོགས་ཞིང་སྤྱན་འདྲེན་པ་ནི། སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབས། །རྣལ་འབྱོར་རིག་པའི་ཉམས་རྟོགས་སྤོར། །རྩ་རླུང་ཐིག་ལེར་བྱིན་རློབས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿཚོགས་ཕུད་རིམ་པ་གསུམ་སྤྲོས་ལ་དང་པོ་མཆོད་པ་ནི། ཨོཾ་ཨཱཿཧཱུྃ། བླ་མེད་ཚོགས་ཀྱི་མཆོད་པ་ནི། །ཡེ་ཤེས་རྣམ་ལྔའི་འོད་ཟེར་འཕྲོ། །བླ་མ་སྐུ་བཞིའི་དཀྱིལ་འཁོར་རྣམས། །ཚོགས་ཀྱི་མཆོད་པས་མཉེས་གྱུར་ཅིག །བར་པ་བསྐང་ཞིང་བཤགས་པ་ནི། ཧཱུྃ་ཧྲཱིཿའོག་མིན་གསང་མཆོག་ཞིང་ཁམས་ཆེར། །དབྱིངས་ཀྱི་བྷནྡྷ་རྒྱ་རེ་ཡངས། །ཚོགས་གཏོར་འདོད་ཡོན་བཅུད་རེ་ཆེ། །རྣལ་འབྱོར་རིག་པ་དྭངས་རེ་སྤྲོ། །རིག་རྩལ་ཀུན་བཟང་མཁའ་ཁྱབ་སྤྲིན། །ཕྱི་ནང་གསང་མཆོད་དཔག་ཡས་ཀྱིས། །བླ་མ་སྐུ་བཞིའི་ལྷ་ཚོགས་རྣམས། །ཐུགས་དམ་གཉེན་པོ་དགྱེས་པར་བསྐང་། །བདག་ཅག་མི་ཤེས་གཏི་མུག་པས། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཀུན། །དམ་རྫས་ཚོགས་ཀྱི་མཆོད་པས་བཤགས། །དག་ཅིང་ཚངས་པར་སྩལ་དུ་གསོལ། །བཛྲ་ས་མ་ཡ་ཨཿཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ཨེ་དབྱིངས་འབར་བའི་ཧོམ་ཁུང་དུ། །གཉིས་འཛིན་རྟོག་པའི་རུ་ཏྲ་བཀུག །བདག་མེད་ཕུར་བུའི་མཚོན་གྱིས་བསྒྲལ། །ཡེ་ཤེས་རབ་འབར་ཞལ་དུ་བསྟབ། མ་ཏྲཾ་རུ་ཏྲ་མཱ་ར་ཡ་རྦད། ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི། ཕུང་ཁམས་སྐྱེ་མཆེད་ལྷར་གསལ་བཞིན། ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཚོགས་ལ་ལོངས་སྤྱོད་མཐར། ཧོཿརིག་འཛིན་བླ་མའི་ལྷ་ཚོགས་ལ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་བཏབ། ལྷག་མ་བསྡུས་ལ་ཁ་ཆུ་བྲན། ཕཻཾལྷག་ལ་དབང་བའི་བཀའ་ཉན་སྡེ། །མཁའ་འགྲོ་གིང་ལང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་སོགས། །ལྷག་གཏོར་བཞེས་ལ་ཕྲིན་ལས་སྒྲུབས། །ཨུཙྪིཥྚ་བ་ལིང་ཏ་ཁཱ་ཧིཿསྤྲོ་ན་རྡོ་རྗེའི་གླུ་གར་བྱ། །རྗེས་ལ་ཆད་ཐོའི་གཏོར་མ་ཕུལ། ཧཱུྃ་ཧྲཱིཿབརྒྱུད་གསུམ་རིག་འཛིན་བླ་མ་ཡིས། །དམ་ལ་བཏགས་པའི་སྲུང་མ་རྣམས། །སྨན་རཀ་བདུད་རྩིས་དགྱེས་པ་བསྐྱེད། །དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས། །མི་མཐུན་འགལ་རྐྱེན་བར་ཆད་སྒྲོལ། །ཟབ་གཏེར་བསྟན་པ་རྒྱས་པ་དང་། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ས་མ་ཡ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁཱ་ཧི། བཤལ་ཆུས་བརྟན་མ་བསྐྱང་ཞིང་མཆོད། བྷྱོཿརྟེན་འབྲེལ་བཅུ་གཉིས་གནས་དག་པའི། །བདེན་དོན་རྣམ་པ་བཅུ་གཉིས་གཟུགས། །བོད་སྐྱོང་བརྟན་མ་བཅུ་གཉིས་ཚོགས། །འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས། །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །འཇིག་རྟེན་བདེ་བའི་ཕྲིན་ལས་སྤེལ། །རྟག་ཏུ་བསྲུང་ཞིང་སྐྱོབ་པར་མཛོད། །མ་མཱ་ཧྲཱིང་ཧྲཱིང་བ་ལིང་ཏ་ཁཱ་ཧིཿརྗེས་ལ་མཆོད་བསྟོད་དངོས་གྲུབ་བླང་། ཧོཿརིག་འཛིན་བླ་མའི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཡུལ་དང་དབང་པོ་གཉིས་མེད་རོལ། །སྤངས་བླང་འཛིན་བྲལ་ངང་དུ་བཞེས། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤཪྴེ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁཱ་ཧི། ཧཱུྃ་ཧྲཱིཿརང་བྱུང་འོད་གསལ་ངང་ལས་མ་གཡོས་ཀྱང་། །མ་འགགས་རོལ་པ་ལོངས་སྤྱོད་རྫོགས་པའི་སྐུ། །ཐུགས་རྗེ་གང་འདུལ་སྤྲུལ་སྐུའི་ལྷ་ཚོགས་ལ། །མི་གཡོ་མཉམ་པ་ཆེན་པོས་བསྟོད་པར་བགྱི། །ཨོཾ་ཨཱཿཧཱུྃ། རིག་འཛིན་བླ་མའི་ཐུགས་དམ་དུས་ལ་བབ། །བདེ་སྟོང་ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་སྩལ་ཞིང་བརྟན་པར་མཛོད། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿདངོས་གྲུབ་བླང་ཞིང་ནོངས་པ་བཤགས། །ཚོགས་མགྲོན་རྟེན་ཡོད་ན་བརྟན་བཞུགས་བྱ། དབང་བླང་དང་བླ་མ་བསྡུ་བསྟིམ་ནི་བླ་རྣམ་གཞུང་ལྟར་བྱ། བསྔོ་སྨོན་ནི། བདག་སོགས་མཁའ་མཉམ་འགྲོ་བ་ཀུན། །སྐྱེ་ཀུན་བླ་མས་རྗེས་སུ་བཟུང་། །སྨིན་གྲོལ་བདུད་རྩིས་རྒྱུད་ཕྱུག་སྟེ། །སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཤིས་བརྗོད་ནི། བརྒྱུད་གསུམ་བླ་མའི་སྤྲིན་ཕུང་འཁྲིགས། །ཡི་དམ་དངོས་གྲུབ་སྦྲང་ཆར་འབེབས། །མཁའ་འགྲོ་ཆོས་སྐྱོང་འབྲུག་སྒྲ་སྒྲོགས། །སྲིད་ཞིའི་དགེ་མཚན་རྒྱས་གྱུར་ཅིག །ཅེས་སོགས་ཤིས་པ་བརྗོད་ལ་རྒྱུན་གྱི་ལམ་ཁྱེར་ལ་འཇུག་གོ །ཞེས་པའང་སྡེ་དགེ་ལྷ་རིགས་སྲས་མོ་གཡུ་སྒྲོན་ནས་རྟེན་དང་བཅས་ཏེ་གསུང་གིས་བསྐུལ་བ་དང་། །མཁྱེན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་མངྒ་ལས་ཀྱང་བྲིས་ན་ལེགས་པའི་གསུང་བསྐུལ་ངོར། དེ་འཕྲལ་ཉིད་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་པདྨ་ཡེ་ཤེས་རྡོ་རྗེས་ཞུས་རིམ་བཞིན་མཆོག་སྤྲུལ་རིན་པོ་ཆེས་ཡི་གེར་མཛད་པ་འདིས་ཀྱང་རང་གཞན་རྣམས་ཀྱི་རྒྱུད་ལ་ཚོགས་གཉིས་རླབས་པོ་ཆེ་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག །སརྦ་དཀཱ་ལྱཱ་ཎཾ་བྷ་ཝནྟུ།། །།
[edit]

@#/__/tshogs mchod ye shes dpal ster bzhugs so/__/ rang rig bla ma bde chen gtso/__/dkyil 'khor bdag por gus btud nas/__/zab mo bla ma'i rnal 'byor gyi/__/tshogs mchod ye shes dpal ster dbye/__/de la 'dir dbang thob cing dad pa dang dam tshig ldan pa'i rnal 'byor bas tshogs kyi yo byad ma dA na dang /__bA la sogs thabs shes kyi rdzas ci 'byor pa bshams la chu chang gis bran/__ra~M ya~M kha~M/__phyi snod bde chen ka pA la/__/nang bcud ye shes tshogs gtor che/__/zag med bdud rtsi'i sprin chen po/__/'dod yon nam mkha' khyab par spel/__/oM AHhU~M ha ho hrIHlan gsum brjod/__tshogs zhing spyan 'dren pa ni/__sku gsum zhing khams rab 'byams nas/__/bla ma yi dam mkha' 'gro'i tshogs/__/'dir gshegs tshogs la byin chen phobs/__/rnal 'byor rig pa'i nyams rtogs spor/__/rtsa rlung thig ler byin rlobs la/__/mchog dang thun mong dngos grub stsol/__/oM ma hA gu ru badz+ra sa mA dzaHdzaHhU~M ba~M hoHtshogs phud rim pa gsum spros la dang po mchod pa ni/__oM AHhU~M/__bla med tshogs kyi mchod pa ni/__/ye shes rnam lnga'i 'od zer 'phro/__/bla ma sku bzhi'i dkyil 'khor rnams/__/tshogs kyi mchod pas mnyes gyur cig__/bar pa bskang zhing bshags pa ni/__hU~M hrIH'og min gsang mchog zhing khams cher/__/dbyings kyi b+han+d+ha rgya re yangs/__/tshogs gtor 'dod yon bcud re che/__/rnal 'byor rig pa dwangs re spro/__/rig rtsal kun bzang mkha' khyab sprin/__/phyi nang gsang mchod dpag yas kyis/__/bla ma sku bzhi'i lha tshogs rnams/__/thugs dam gnyen po dgyes par bskang /__/bdag cag mi shes gti mug pas/__/bsags pa'i sdig sgrib nyes ltung kun/__/dam rdzas tshogs kyi mchod pas bshags/__/dag cing tshangs par stsal du gsol/__/badz+ra sa ma ya aHyig brgya brjod/__tha ma bsgral bstab ni/__e dbyings 'bar ba'i hom khung du/__/gnyis 'dzin rtog pa'i ru tra bkug__/bdag med phur bu'i mtshon gyis bsgral/__/ye shes rab 'bar zhal du bstab/__ma traM ru tra mA ra ya rbad/__i daM ba ling ta kha kha khA hi/__phung khams skye mched lhar gsal bzhin/__ye shes la ni ye shes rol/__/tshogs la longs spyod mthar/__hoHrig 'dzin bla ma'i lha tshogs la/__/tshogs kyi mchod pa phul ba yis/__/bdag gzhan 'gro ba ma lus kun/__/dkyil 'khor gcig tu 'grub par shog__/ces smon lam btab/__lhag ma bsdus la kha chu bran/__phaiMlhag la dbang ba'i bka' nyan sde/__/mkha' 'gro ging lang dbang phyug ma/__/ma bdun sring bzhi 'bar ma sogs/__/lhag gtor bzhes la phrin las sgrubs/__/uts+tshiSh+Ta ba ling ta khA hiHspro na rdo rje'i glu gar bya/__/rjes la chad tho'i gtor ma phul/__hU~M hrIHbrgyud gsum rig 'dzin bla ma yis/__/dam la btags pa'i srung ma rnams/__/sman raka bdud rtsis dgyes pa bskyed/__/dgra bgegs sha khrag gtor ma bzhes/__/mi mthun 'gal rkyen bar chad sgrol/__/zab gter bstan pa rgyas pa dang /__/bcol pa'i phrin las 'grub par mdzod/__/sa ma ya a mr-i ta rak+ta ba ling ta khA hi/__bshal chus brtan ma bskyang zhing mchod/__b+h+yoHrten 'brel bcu gnyis gnas dag pa'i/__/bden don rnam pa bcu gnyis gzugs/__/bod skyong brtan ma bcu gnyis tshogs/__/'dir byon gtor ma'i bshal chu bzhes/__/bcol pa'i las rnams 'grub par mdzod/__/'jig rten bde ba'i phrin las spel/__/rtag tu bsrung zhing skyob par mdzod/__/ma mA hrIng hrIng ba ling ta khA hiHrjes la mchod bstod dngos grub blang /__hoHrig 'dzin bla ma'i lha tshogs la/__/phyi nang gsang ba'i mchod pa 'bul/__/yul dang dbang po gnyis med rol/__/spangs blang 'dzin bral ngang du bzhes/__/oM badz+ra ar+g+haM nas/__shab+da rU pa shab+da gan+d+he rA sa spaR+she ma hA a mr-i ta rak+ta ba ling ta khA hi/__hU~M hrIHrang byung 'od gsal ngang las ma g.yos kyang /__/ma 'gags rol pa longs spyod rdzogs pa'i sku/__/thugs rje gang 'dul sprul sku'i lha tshogs la/__/mi g.yo mnyam pa chen pos bstod par bgyi/__/oM AHhU~M/__rig 'dzin bla ma'i thugs dam dus la bab/__/bde stong ye shes chen po'i sgo phyes la/__/mchog dang thun mong dngos grub ma lus pa/__/da lta nyid du stsal zhing brtan par mdzod/__/oM AHhU~M badz+ra ma hA gu ru kA ya wA ka tsit+ta sarba sid+d+hi pha la hoHdngos grub blang zhing nongs pa bshags/__/tshogs mgron rten yod na brtan bzhugs bya/__dbang blang dang bla ma bsdu bstim ni bla rnam gzhung ltar bya/__bsngo smon ni/__bdag sogs mkha' mnyam 'gro ba kun/__/skye kun bla mas rjes su bzung /__/smin grol bdud rtsis rgyud phyug ste/__/sku bzhi'i go 'phang myur thob shog__/shis brjod ni/__brgyud gsum bla ma'i sprin phung 'khrigs/__/yi dam dngos grub sbrang char 'bebs/__/mkha' 'gro chos skyong 'brug sgra sgrogs/__/srid zhi'i dge mtshan rgyas gyur cig__/ces sogs shis pa brjod la rgyun gyi lam khyer la 'jug go__/zhes pa'ang sde dge lha rigs sras mo g.yu sgron nas rten dang bcas te gsung gis bskul ba dang /__/mkhyen gzigs mchog sprul rin po che mang+ga las kyang bris na legs pa'i gsung bskul ngor/__de 'phral nyid du 'jam dbyangs blo gros rgya mtsho'am pad+ma ye shes rdo rjes zhus rim bzhin mchog sprul rin po ches yi ger mdzad pa 'dis kyang rang gzhan rnams kyi rgyud la tshogs gnyis rlabs po che gong du 'phel ba'i rgyur gyur cig__/sarba dkA l+yA NaM b+ha wan+tu//___//

Footnotes

Other Information