ཞབས་བརྟན་བདེན་ཚིག་འཆི་མེད་རྔ་སྒྲ།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-148
Wylie title zhabs brtan bden tshig 'chi med rnga sgra JKCL-KABUM-03-GA-148.pdf
Location chos kyi blo gros bka' 'bum
Volume 3, Text 148, Pages 503 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. zhabs brtan bden tshig 'chi med rnga sgra. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 503. Bir, H.P.: Khyentse Labrang, 2012.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཅེས་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དང་འབྲེལ་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་འཆི་མེད་གྲུབ་པའི་བཅུད་ལེན་གྱི་རྫས་བཀྲ་ཤིས་པའི་ལྷ་གོས་བཅས་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་བཅོ་བརྒྱད་ལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གུས་པས་ཕུལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

ces gsol ba 'debs pa'i tshigs su bcad pa dang 'brel sku gsung thugs rdo rje'i snang brnyan 'chi med grub pa'i bcud len gyi rdzas bkra shis pa'i lha gos bcas cho 'phrul zla ba'i dmar phyogs kyi rgyal ba dang po'i tshes bco brgyad la 'jam dbyangs chos kyi blo gros pas gus pas phul ba dge legs mchog tu gyur cig__/sarba dA mang+ga laM/

1 Texts in this Section (sde tshan or chos tshan)

[edit]
ཞབས་བརྟན་བདེན་ཚིག་འཆི་མེད་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། འཇ༵མ་དཔལ་དབྱང༵ས་དངོས་བརྩེ་ཆེན་ས་སྐྱ་པའི། །ཟབ་རྒྱས་གདམས་པ་རྒྱ་མཚོའི་མཛོད་འཆང་ཞིང་། །བསླབ་གསུམ་ངུར་སྨྲིག་འཆང་བའི་གཙུག་གི་རྒྱན། །གན༵ས་བརྟན༵་ཆེ༵ན་པོ༵་བསྐལ་བརྒྱར་འཚོ་གཞེས་གསོལ། །གཞན་ཕན་བྱམས་དང་སྙིང་རྗེའི་རྩ་བ་བརྟན། །རྨད་བྱུང་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས། །བསྡུ་བ་རྣམ་བཞིས་བསྟན་འགྲོའི་དོན་ལ་བརྩོན། །བྱང༵་སེམས༵་སྙིང་སྟོབ༵ས་ཆེན༵་པོར༵་འཚོ་གཞེས་གསོལ། །ཟབ་མོའི་ལམ་ལ་ཐུན་བཞིར་བརྩོན་པ་ཡིས། །བསྐྱེད་དང་རྫོགས་པའི་ལམ་གྱི་རྟོགས་པ་འཁྲུངས། །ནང་གི་དེ་ཉིད་མངོན་དུ་གྱུར་པ་ཡི། །རྡོ༵་རྗེ༵་འཛི༵ན་པ༵འི་དབ༵ང་པོར༵་ཞབས་བརྟན་གསོལ། །དཔལ་ལྡན་བླ་མའི་ཞབས་པད་ཡུན་དུ་བརྟན། །ཀུན་དགའི་བསྟན་པའི་རྒྱལ྄༵་མཚན྄༵་ཕྱོགས་བཅུར་བསྒྲེངས། །ཕྲིན་ལས་ཀུན་ཏུ་དགའ་བའི་གཟི་བརྗིད་ཀྱིས། །བསྟན་འགྲོའི་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དང་འབྲེལ་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་འཆི་མེད་གྲུབ་པའི་བཅུད་ལེན་གྱི་རྫས་བཀྲ་ཤིས་པའི་ལྷ་གོས་བཅས་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་བཅོ་བརྒྱད་ལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གུས་པས་ཕུལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

Footnotes

Other Information