Property:colophontib
From Khyentse Lineage - A Tsadra Foundation Project
This is a property of type Text.
བ
།ཞེས་པའང་མཁས་བཙུན་གྲུབ་པའི་དབང་ཕྱུག་གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་རིན་པོ་ཆེ་བི་མ་ལ་རསྨིས་བཀའ་བསྩལ་བཞིན་གར་གྱི་དབང་ཕྱུག་མདོ་སྔགས་གླིང་པས་བཀྲ་ཤིས་བདུད་རྩིའི་དིལ་དུ་མ་མོ་རྒྱུ་བའི་ཚེས་གཉན་ལ་བྲིས་པ་འདོད་དགུའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། ། +
ཞེས་པའང་གཏེར་འབྱིན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནམ་མཁའ་མཛོད་ཀྱི་གཡུ་འབལ་བྲག་ནས་སྤྱན་དྲངས་པའི་ཤོག་སེར་དཀྱུས་སོར་ལྔ༔ ཞིང་སོར་གཉིས་རང་བྱུང་ཟངས་ཀྱི་སྒྲོམ་བུར་བཞུགས་པ་ཉིད་མ་ཧཱ་ནི་དྷཱིའི་རིགས་ཀྱི་མྱུ་གུ་ལས་ལྡན་ཡེ་ཤེས་ཌཱ་ཀི་ནི་རཏྣ་ཤྲཱི་དཱི་པཾ་ཏཱ་ར་ལ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོས་བསྩལ་བ་མངོན་སུམ་མཇལ་བའི་སྐལ་བཟང་ཐོབ་པའི་ཚེ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོ་ཡབ་ཡུམ་གྱི་ཐུགས་རྗེ་དང་ཕྲིན་ལས་ནམ་ཡང་དུས་ལས་ཡོལ་བ་མེད་པས་བྱིན་རླབས་ཀྱི་དབུགས་དབྱུང་ཁྱད་པར་ཅན་ཐོབ་ཅིང༌། ཟབ་གསང་བསྟན་པའི་སྲོག་ཤིང་འཛིན་པ་གནུབས་སྟོན་ནམ་མཁའི་སྙིང་པོའི་ཡེ་ཤེས་ཀྱི་རང་གཟུགས་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་ལྷ་སྲས་དབང་མཆོག་རྡོ་རྗེའི་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཚེ་དབང་འཕེལ་རྒྱས་ནས་མཁའ་སྤྱོད་ཙཱ་རི་ཏྲའི་གནས་ལས་བྱོན་པའི་རྡོ་རྗེ་སེམས་དཔའི་མེ་ལོང༌། བྲི་གཞིའི་ཤོག་དཀར་རྟེན་འབྱུང་གི་རྫས་དང་བཅས་བསྩལ་ཏེ་གཏན་ལ་ཕེབས་པར་བཀས་བསྐུལ་བ་བཞིན་མཆོག་གྱུར་སྨིན་གྲོལ་ནོར་བུའི་གླིང་གི་གཙུག་ལག་ཁང་དུ་སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་གསོལ་བ་བཏབ་པས་མཆོག་གི་རིག་པ་འཛིན་པ་མ་ཧཱ་གུ་རུ་བདེ་བ་ཆེན་པོའི་ཆ་བྱད་ཅན་གྱིས་ཞལ་བསྟན་བྱིན་གྱིས་བརླབས་པ་ལས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབས་པ་རང་གཞན་ཡིད་ཅན་རྒྱ་མཚོས་གསང་བ་མཆོག་གི་ལམ་སྲོལ་གྱི་ཤིང་རྟ་མཆོག་གི་རིག་པ་འཛིན་པའི་གནས་སུ་དབུག་དབྱུང་བར་གྱུར་ཅིག །སརྦ་དཱ་སུ་ཤྲཱི་ཡོ་བྷ་ཝ་ཏུ། དགེའོ།། +
།ཞེས་པའང་ལ་དཀར་བུ་བསོད་ནམས་རྒྱལ་མཚན་གྱི་བཞེད་ངོར། ཆོས་ཀྱི་བློ་གྲོས་པས་སོ། །། +
།ཞེས་སྐྱོ་གླུ་ཟླ་ཚེས་ལའོ།། +
།སརྦ་མངྒ་ལཾ།། +
* '''Author colophon:''' །ཞེས་གསེར་པ་གཏེར་སྲས་བསླབ་པ་གསུམ་ལྡན་རྡོ་རྗེ་འཛིན་པ་འགྱུར་མེད་འཇམ་དབྱངས་ཚུལ་ཁྲིམས་ནས་ཀུན་གཟིགས་གཏེར་ཆེན་བླ་མ་རིན་པོ་ཆེར་གསོལ་བ་བཏབ་པའི་དོན་བཀའ་ཡིས་གནང་བ་སྩལ་བ་ལྟར། པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བསྡེབས་པ་དགེ་ལེགས་འཕེལ།
* '''Contributor colophon:''' །སླར་ཡང་གསལ་བྱེད་ཅུང་ཟད་དང་བཅས་ཛྙཱ་ནས་ཞུས་དག་པར་བགྱིས་པ་ཤུབྷཾ།།
+
ཅེས་སློབ་དཔོན་རིན་པོ་ཆེ་དྷ་ན་ཀོ་ཥའི་རྒྱ་མཚོར་པདྨའི་སྦུབས་ནས་འཁྲུངས་པའི་ཚེ་སངས་རྒྱས་ཀྱིས་ཤིས་པར་བརྗོད་པ་གུ་རུ་ཨོ་རྒྱན་གླིང་པའི་གཏེར་མའོ། +
།ཅེས་པའང་གཡོ་རུ་ཁྲ་འབྲུག་ཏུ་རྡོ་རྗེ་དབང་ཕྱུག་རྩལ་གྱིས་བརྗོད་པ་སིདྡྷི་རསྟུ། +
།ཞེས་པའང་བཛྲ་ཛྙཱ་ནས་སོ།། +
ཞེས་པའང་དོན་གཉེར་ཅན་གྱི་འདོད་ངོ་མ་ཆོག་པར་སྔགས་བཙུན་མཁའ་ཁྱབ་རྡོ་རྗེར་འབོད་པས་བགྱིས་པ་དགེ། +
ཅེས་གནུབས་ཆེན་རྣམ་འཕྲུལ་ཨོ་རྒྱན་དྲི་མེད་ཀུན་དགའི་ཟབ་གཏེར་ལས་བྱུང་བའོ། +
ཞེས་པའང་རྣལ་འབྱོར་མཐུ་སྟོབས་བདུད་འདུལ་རྩལ་གྱིས་མེ་བྱི་ཟླ་ཚེས་ཀྱི་ཐོ་རངས་ཁར་རྨི་ལམ་དུ་བྲག་རི་རུ་སྤལ་ཁ་གདང་བ་འདྲ་བ་ཞིག་ནས་རྡོ་སྒྲོམ་ཞིག་རྙེད་པའི་ནང་ནས་ཤོག་དྲིལ་ཞིག་བྱུང་བ་སྐྱབས་རྗེ་ཡིན་སྙམ་པའི་བླ་མ་ཞིག་གིས་བཀའ་རྒྱ་མཛད་པ་ཞག་གསུམ་ཙམ་ནས་ཟིན་ཐོ་བྲིས་པ་ཕྱིས་ས་སྟག་ཟླ་ཚེས་ལ་ཡེ་ཤེས་པས་བསྐུལ་མ་བྱུང་བར་བརྟེན་ནས་གཏན་ལ་ཕབ་པའི་ཡིགེ་པ་ནི་འཇིགས་མེད་ངོ་མཚར་གྱིས་བྲིས་པ་ཤིན་ཏུ་གསངཿ རྒྱ་རྒྱ་རྒྱཿ +
།དེ་ལྟར་བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་ཚོགས་ཀྱི་མཆོད་པ་ཕྲིན་ལས་མཆོག་སྦྱིན་ཅེས་བྱ་བ་འདིའང་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་སྲུང་བའི་དམ་ཅན་རྒྱ་མཚོ་སྤྲིན་བཞིན་དུ་གཏིབས་པའི་གནས། དབུར་སྟོད་ཞྭ་ལྷ་ཁང་དུ་རིག་འཛིན་གྱི་བཙུན་པ་པདྨ་དགྱེས་པའི་སྡེས་སྐད་ཅིག་ལ་ཤར་མར་སྤེལ་བ་སརྦ་སུ་ཛ་ག་ཏཱཾ། +
།མཆོད་བསྟོད་རྒྱས་པ་ཞལ་གསལ་མི་འདུག་པས་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེ་དབང་པོས་མཛད་པའི་དམག་ཟོར་མཆོད་ཆོག་དང་གུང་བསྡེབས་ཏེ་བསྒྲིགས་པའོ།། +
ཅེས་བསྐུལ་ལ་གཏོར་མ་དགྲ་ཕྱོགས་སུ་འཕང༌། སླར་ཡང་མཆོད་ཅིང་བསྟོད་ནས་ནོངས་པ་བཟོད་པར་གསོལ། དམ་ཚིག་ཡེ་ཤེས་གཉིས་མེད་རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བདག་ལ་བསྡུ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱན་པར་བྱ་བ་རྣམས་ཡིན་ནོ། །འཆི་བདག་ལས་ཀྱི་གཤིན་རྗེའི་གཏོར་ཆོག་གི་རིམ་པའོ།། +
ཅེས་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་བཀའ་སྲུང་སྨན་བཙུན་མཆེད་ལྔའི་དགྱེས་སྐོང་ཚོགས་ཀྱི་མཆོད་པ་ཕན་བདེའི་རྣ་ཆ་ཞེས་པ་འདིའང་དོན་གཉེར་དག་གིས་ཉེ་བར་བསྐུལ་པ་དང་། རང་ཉིད་ཀྱང་ཚུལ་འདིར་མི་ཕྱེད་པའི་འདུན་པ་ཐོབ་པས་རྐྱེན་བྱས་ཏེ། །ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལུགས་ལ་རྒྱུ་མཚན་ཤེས་ནས་དད་པ་བརྟན་པ་གཞོན་ནུ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་གྱིས་རང་ལོ་བཅུ་བདུན་པར་གང་ཤར་མྱུར་དུ་སྦྱར་བའོ།། །།སརྦ་ཤུ་བྷ་སྦ་དྷུརྦྡུ་ཡེ་ཏ།། +
ཅེས་པའང་མཉྫུ་གྷོ་ཥས་བྲིས་པའོ། །འདིས་ཀྱང་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ། དགེའོ།། +
།ཅེས་པའང་གཞོན་ནུ་མཁྱེན་བརྩེའི་མིང་ཅན་གྱི་བློ་མཚོ་ལས་བྱུང་བ་མངྒལཾ།། +
།ཅེས་པའང་མཁྱེན་བརྩེའི་དབང་པོས་སྨྲས་པ་སིདྡྷི་རསྟུ།། +
ཞེས་པའང་རྟེན་འབྱུང་དགེ་བའི་ཕྱིར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ཞིང་བཀྲ་ཤིས།། +