DKR-KABUM-22-ZA-013

From Khyentse Lineage - A Tsadra Foundation Project

བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ལས༔ ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་གི་བཀའ་སྲུང་ཞིང་སྐྱོང་མ་མོའི་གཏོར་འབུལ༔
Wylie title bka' brgyad bde gshegs kun 'dus las: yum bka' DA ki'i srog tig gi bka' srung zhing skyong ma mo'i gtor 'bul DKR-KABUM-22-ZA-013.pdf
Location dil mgo mkhyen brtse bka' 'bum
Volume 22, Text 13, Pages 149-151 (Folios 1a to 3a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་, དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (mchog gyur gling pa, Khyentse, Dilgo)
Citation Khyentse, Dilgo. Bka' brgyad bde gshegs kun 'dus las yum bka' DA ki'i srog tig gi bka' srung zhing skyong ma mo'i gtor 'bul. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 149-151. Delhi: Shechen Publications, 1994.
Genre Torma-offering Rituals - gtor chog
Cycle ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་ (yum bka' da ki'i srog tig)
Parent Cycle བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ (bka' brgyad bde gshegs kun 'dus)
Deity zhing skyong ma mo
Colophon

།ཞེས་པའང་མཁས་བཙུན་གྲུབ་པའི་དབང་ཕྱུག་གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་རིན་པོ་ཆེ་བི་མ་ལ་རསྨིས་བཀའ་བསྩལ་བཞིན་གར་གྱི་དབང་ཕྱུག་མདོ་སྔགས་གླིང་པས་བཀྲ་ཤིས་བདུད་རྩིའི་དིལ་དུ་མ་མོ་རྒྱུ་བའི་ཚེས་གཉན་ལ་བྲིས་པ་འདོད་དགུའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། །

/zhes pa'ang mkhas btsun grub pa'i dbang phyug gter chen rol pa'i rdo rje'i mchog sprul rin po che bi ma la rasmis bka' bstsal bzhin gar gyi dbang phyug mdo sngags gling pas bkra shis bdud rtsi'i dil du ma mo rgyu ba'i tshes gnyan la bris pa 'dod dgu'i phrin las thogs med du sgrub pa'i rgyur gyur cig_/sarba mang+ga laM/_dge'o/_/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༁ྃ༔ བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ལས༔ ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་གི་བཀའ་སྲུང་ཞིང་སྐྱོང་མ་མོའི་གཏོར་འབུལ་བཞུགས་སོ༔

༁ྃ༔ ཨོཾ་སྭ་སྟི། རིན་པོ་ཆེའམ་བྷནྡྷའི་སྣོད་དུ་གཏོར་མ་གྲུ་གསུམ། འཁོར་རང་འདྲ་བཞི། དེ་ལས་ཆུང་ཙམ་བརྒྱད་ཤ་ཁྲག་མཐེབ་ཀྱུས་བརྒྱན་པ་བཤམས་ལ་ཆབ་ཀྱིས་བྲན། རྃ་ཡྃ་ཁྃ༔ སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཀ་པཱ་ལར་དམ་རྫས་ཤ་ལྔ་བདུད་རྩི་མེ་རླུང་གིས་སྦྱངས་ཡེ་ཤེས་ཀྱི་བདུད་རྩི་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། དེ་ནས་གཏོར་མགྲོན་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དཔལ་ལྡན་ཞིང་སྐྱོང་དུར་ཁྲོད་ཀྱི་མ་མོ་མཆེད་ལྔ། ཤ་ཟ་ཌཱ་ཀི་བརྒྱད་ཀྱིས་འཁོར་དང་བཅས་པ་ལྷོ་ནུབ་དུར་ཁྲོད་མུན་པ་ཅན། དཔལ་གྱི་ཙཱ་རི་ཏྲ། དེ་ཝཱི་ཀོ་ཊ་ལ་སོགས་པ་ནས་བཛྲ་ས་མ་ཛཿས་སྤྱན་དྲངས། ཧཱུྃ༔ དུར་ཁྲོད་ཞིང་སྐྱོང་ཌཱ་ཀིའི་གཙོ༔ མཁའ་འགྲོའི་དབང་ཕྱུག་ངན་ནེ་མ༔ འཁོར་དང་ལས་བྱེད་ཕོ་ཉ་བཅས༔ དམ་ཚིག་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ་རཱ་ལི་པྲ་མ་ཡ༔ སི་ལི་མ་ནི་ཛ་ཛཿ ཞེས་འབོད་སྔགས་ལན་བདུན་བཟླ། ས་མ་ཡ་ཏིཥྛ་ལྷན༔ གྱིས་བཞུགས་སུ་གསོལ། ས་མ་ཡ་ཧོཿས་ཐ་ཚིག་བསྒྲགས། ན་མོ་ཧཱུྃ་གིས་ཕྱག་བྱ་སྟེ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་རུ་ཏྲ་པཱུ་ཛ་ཧོཿ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧིཿས་སྨན་རཀ་དང༌། ཨོཾ་མ་མ་རཱ་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛ་ཛཿ ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ། བསྟན་པའི་བཀའ་སྲུང་ཆེན་པོ་ཞིང་སྐྱོང་དུར་ཁྲོད་མ་མོ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། བྷྱོ༔ མི་སྲུན་ཤ་ཟ་ཞིང་སྐྱོང་མ༔ རྒྱལ་བའི་བསྟན་སྲུང་ཡོངས་ཀྱི་རྗེ༔ སྐྱེ་མེད་བདེ་བ་ཆེན་པོའི་དབྱིངས༔ འདུ་འབྲལ་མེད་པར་བསྟོད་པར་བགྱི༔ བྷྱོ༔ ཡེ་ཤེས་དབྱིངས་སུ་ཨེ་ཀ་ཛཱཿ འདོད་པའི་ཁམས་ན་དཔལ་ལྡན་མོ༔ དུར་ཁྲོད་བརྒྱད་དུ་ངན་ནེ་མ༔ མ་གཅིག་མྱུར་མགྱོགས་རྫུ་འཕྲུལ་ཅན༔ དེ་རིང་མིང་པོས་ལས་ལ་བསྐུལ༔ མ་གཡེལ་ཕྲིན་ལས་མྱུར་དུ་མཛོད༔ དུས་ཀྱི་ཐ་མའི་སེམས་ཅན་ལ༔ སྲུང་སྐྱོབ་ཕྲིན་ལས་མི་མཛད་ན༔ སྔོན་གྱི་དམ་ལས་འགལ་ཏ་རེ༔ ཐ་ཚིག་དགོངས་ཏེ་ད་བཞེངས་ཤིག༔ དཀོར་ཆ་སྲུངས་ལ་ཇག་རྐུན་སྒྲོལ༔ གནས་རྟེན་འདི་རུ་བླ་རྡོ་ཆོས༔ རྟེན་གསུམ་ལོངས་སྤྱོད་མེལ་ཚེ་གྱིས༔ ནོར་ཕྱིར་མ་འབྲང་ཀོ་ལོང་སྡོམས༔ གཟུང་མར་མ་འཁུ་སྡོང་གྲོགས་མཛོད༔ ཡོན་བདག་བུ་སློབ་སྲུང་ཞིང་སྐྱོབས༔ སངས་རྒྱས་བསྟན་པ་དར་བ་དང༔ མཁས་བཙུན་དགེ་འདུན་སློབ་མ་སྐྱོངས༔ འདོད་པའི་དངོས་གྲུབ་ཐོགས་མེད་པས༔ ལས་རྣམས་བྱོས་ཤིག་ས་མ་ཡ༔ ཞེས་བསྟོད་ཅིང་བསྐུལ་ཏེ། འདི་ཁོ་ནའི་སྐབས་ནོངས་བཤགས། མགྲོན་རྟེན་ལ་བཞུགས་པའམ། བཛྲ་མུཾཿས་གཤེགས་སུ་གསོལ། དགེ་བསྔོ་ཤིས་བརྗོད་བཅས་བྱའོ། །ཞེས་པའང་མཁས་བཙུན་གྲུབ་པའི་དབང་ཕྱུག་གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་རིན་པོ་ཆེ་བི་མ་ལ་རསྨིས་བཀའ་བསྩལ་བཞིན་གར་གྱི་དབང་ཕྱུག་མདོ་སྔགས་གླིང་པས་བཀྲ་ཤིས་བདུད་རྩིའི་དིལ་དུ་མ་མོ་རྒྱུ་བའི་ཚེས་གཉན་ལ་བྲིས་པ་འདོད་དགུའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། །
[edit]

\u0f01\u0f83:_bka' brgyad bde gshegs kun 'dus las:_yum bka' DA ki'i srog tig gi bka' srung zhing skyong ma mo'i gtor 'bul bzhugs so:_oM swa sti/_rin po che'am b+han+d+ha'i snod du gtor ma gru gsum/_'khor rang 'dra bzhi/_de las chung tsam brgyad sha khrag mtheb kyus brgyan pa bshams la chab kyis bran/_ra~M ya~M kha~M:_stong pa'i ngang las rlung me thod pa'i sgyed pu gsum la gnas pa'i ka pA lar dam rdzas sha lnga bdud rtsi me rlung gis sbyangs ye shes kyi bdud rtsi dang gnyis su med par gyur/_oM AHhU~M ha ho hrIH_lan gsum gyis byin gyis brlabs/_de nas gtor mgron spyan 'dren pa ni/_rang gi thugs ka nas 'od zer 'phros pas dpal ldan zhing skyong dur khrod kyi ma mo mched lnga/_sha za DA ki brgyad kyis 'khor dang bcas pa lho nub dur khrod mun pa can/_dpal gyi tsA ri tra/_de wI ko Ta la sogs pa nas badz+ra sa ma dzaHsa spyan drangs/_hU~M:_dur khrod zhing skyong DA ki'i gtso:_mkha' 'gro'i dbang phyug ngan ne ma:_'khor dang las byed pho nya bcas:_dam tshig gnas 'dir gshegs su gsol:_hU~M rA li pra ma ya:_si li ma ni dza dzaH_zhes 'bod sngags lan bdun bzla/_sa ma ya tiSh+Tha lhan:_gyis bzhugs su gsol/_sa ma ya hoHsa tha tshig bsgrags/_na mo hU~M gis phyag bya ste/_oM badz+ra ar+g+haM nas/_shab+da ma hA ru tra pU dza hoH_ma hA a mr-i ta khA hi:_ma hA rak+ta khA hiHsa sman raka dang*/_oM ma ma rA li pra ma ya kA li ye dza dzaH_sa pa ri wA ra i dam ba liM ta kha kha khA hi khA hi:_lan gsum gyis gtor ma phul/_bstan pa'i bka' srung chen po zhing skyong dur khrod ma mo 'khor dang bcas pas mchod sbyin gyi gtor ma 'di bzhes la sangs rgyas kyi bstan pa srungs sogs kyis phrin las bcol/_b+h+yo:_mi srun sha za zhing skyong ma:_rgyal ba'i bstan srung yongs kyi rje:_skye med bde ba chen po'i dbyings:_'du 'bral med par bstod par bgyi:_b+h+yo:_ye shes dbyings su e ka dzAH_'dod pa'i khams na dpal ldan mo:_dur khrod brgyad du ngan ne ma:_ma gcig myur mgyogs rdzu 'phrul can:_de ring ming pos las la bskul:_ma g.yel phrin las myur du mdzod:_dus kyi tha ma'i sems can la:_srung skyob phrin las mi mdzad na:_sngon gyi dam las 'gal ta re:_tha tshig dgongs te da bzhengs shig:_dkor cha srungs la jag rkun sgrol:_gnas rten 'di ru bla rdo chos:_rten gsum longs spyod mel tshe gyis:_nor phyir ma 'brang ko long sdoms:_gzung mar ma 'khu sdong grogs mdzod:_yon bdag bu slob srung zhing skyobs:_sangs rgyas bstan pa dar ba dang:_mkhas btsun dge 'dun slob ma skyongs:_'dod pa'i dngos grub thogs med pas:_las rnams byos shig sa ma ya:_zhes bstod cing bskul te/_'di kho na'i skabs nongs bshags/_mgron rten la bzhugs pa'am/_badz+ra muMHsa gshegs su gsol/_dge bsngo shis brjod bcas bya'o/_/zhes pa'ang mkhas btsun grub pa'i dbang phyug gter chen rol pa'i rdo rje'i mchog sprul rin po che bi ma la rasmis bka' bstsal bzhin gar gyi dbang phyug mdo sngags gling pas bkra shis bdud rtsi'i dil du ma mo rgyu ba'i tshes gnyan la bris pa 'dod dgu'i phrin las thogs med du sgrub pa'i rgyur gyur cig_/sarba mang+ga laM/_dge'o/_/

Footnotes

Other Information