Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
།ཅེས་རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རྡོ་རྗེ་འཛིན་དབང་ཀུན་དགའ་དཔལ་ལྡན་པས་མཛད་པ་ལ། །སླད་ནས་ཞུས་དག་དང་མཇུག་གི་སྨོན་ལམ་ཤྭ་ལོ་ཀ་བཅས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བགྱིས་པ་སྟེ། །དགེ་བས་བདག་གཞན་རྣམས་ཀྱི་རྒྱུད་ལ་རྩ་བརྒྱུད་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།  +
།ཞེས་པའང་དད་ལྡན་ཨཱ་ནནྡ་ཤྭ་རས་བསྐུལ་བ་ལྟར་ཆོས་སྨྲ་བའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ།  +
།དེ་ལྟར་དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་རིག་པ་འཛིན་པ་ཀུན་ཏུ་དགའ་བའི་རྒྱན་ཞེས་བྱ་བ་འདིའང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁན་ཆེན་རྡོ་རྗེ་འཆང་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་བྱམས་པ་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་བཀའི་ཅོད་པན་སྤྱི་བོར་བཅིངས་པ་ལ་བརྟེན་ནས། རྗེ་བཙུན་བླ་མ་དེ་ཉིད་ཀྱི་ཞབས་པད་ལ་ཡན་ལག་མཆོག་གིས་བཏུད་པའི་བཀའ་འབངས་ཀྱི་ཐ་ཤལ་སྐལ་བཟང་མཁྱེན་བརྩེའི་མིང་ཅན་གྱིས་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་ཐོ་ཡིག་དང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་སོགས་ཀྱི་ཡིག་ཆ་རྣམས་ལ་ལེགས་པར་དཔྱད་དེ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའི་ཡི་གེ་པ་ནི་ཤཱི་ལ་སཱ་ག་རས་བགྱིས་པའི་དགེ་བས་དཔལ་ལྡན་བླ་མ་དམ་པའི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བ་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་དུ་དགའ་བས་རྩེན་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།  +
།ཅེས་རྩ་བའི་ཡི་གེ་དང་། གསལ་བྱེད་ཀྱི་ཡིག་ཆ་སྔ་ཕྱི་འགའ་ཞིག་ལ་བརྟེན་ནས་དབང་གི་ལྷ་མོ་ཏི་ནུ་མའི་བསྙེན་པ་དང་། སྒྲུབ་པ་དང་། ལས་ལ་སྦྱར་བའི་མན་ངག་ཐམས་ཅད་བཀླགས་པས་གྲུབ་པར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་ཤནྟ་ཤྩ་བྷ་བ་ཡོ་སྶརྦ་སུ་ཤྲེ་ཡོ་བ་ཤཾ་ཀ་ར་བྷཱུ་ཡཱ་ཏ།།  +
།ཅེས་པའང་སྐྱབས་རྗེ་མདོ་ཁམས་པ་ཆེན་པོའི་སྐུའི་རིམ་གྲོ་པ་འབྲོང་སྤྲུལ་ངག་དབང་བློ་གྲོས་ཕྲིན་ལས་མཆོག་གྲུབ་ནས་ལྷ་རྫས་རྟེན་བཅས་གསུང་བསྐུལ་ངོར་རྒྱལ་ཁམས་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཕྲིན་ལས་རོལ་པ་རྩལ་གྱིས་ཕུན་ཚོགས་ཆོས་འཁོར་གླིང་གི་གཟིམ་སྤྱིལ་དུ་བྲིས་པ་འདོད་དགུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།  +
།ཅེས་པའང་དམ་པའི་ཡོན་ཏན་བདུད་རྩིས་ཕྱུག་ཅིང་ཐུགས་རྩེའི་གཡར་དམ་མི་ལྷོད་པའི་ཨ་གྲོ་མཆོག་སྤྲུལ་ཀརྨ་སྒྲུབ་བརྒྱུད་ངེས་དོན་བསྟན་འཕེལ་ལམ། མཐུ་སྟོབས་རྣམ་རྒྱལ་གྱིས་རིན་པོ་ཆེའི་རྟེན་བཅས་རིང་ནས་གསུང་གིས་བསྐུལ་བ་རྗེས་སུ་དྲན་པས་ནུབ་ཕྱོགས་པ་རི་སི་གྲོང་ཁྱེར་དུ་ལྷོད་པར་གནས་པའི་འཁྱམས་པོ་མི་རྒན་མངྒ་ལའི་མིང་གིས་བྲིས་ཤིང་སྨོན་པས་མཆོག་སྤྲུལ་རྒྱལ་བའི་མྱུ་གུའི་བསྟན་འགྲོའི་དཔལ་ཡོན་སྤེལ་བའི་ཕྲིན་ལས་ཀྱིས་གསོས་སྨན་དུ་གྱུར་ཅིག །སུ་ཤྲཱི་ཡེ་བྷ་ཝནྟུ། དགེའོ།། །།  +
ཅེས་པའང་ལྷ་རིགས་འབྲས་ལྗོངས་ཆོས་རྒྱལ་སྲས་བླ་མ་རིན་པོ་ཆེ་དོན་གྲུབ་རྣམ་རྒྱལ་ནས་བཀྲ་ཤིས་ལྷ་རེག་བཅས་གསུང་བསྐུལ་ངོར། འཇམ་དབྱངས་བློ་གྲོས་རྒྱ་མཚོའི་རིགས་ཁམས་ཀྱི་སྒྲོམ་བུ་ནས་ཐོན་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་བྱིན་གྱིས་བརླབ་ཏུ་གསོལ། དགེའོ། །མངྒ་ལཾ། ཤུ་བྷཾ། བཀྲ་ཤིས།།  +
དེ་ལྟར་བསྐང་བའི་ཚིག་ཕྲེང་འདི༔ བློ་གྲོས་རྒྱ་མཚོའི་ཆུ་གཏེར་ལས༔ བྱུང་བའི་དབྱངས་ཀྱི་རྒྱལ་མོ་འདི༔ རིམ་སྤྲོས་སྔོན་སྨོན་འབྲེལ་བ་ཅན༔ ཚེ་ལ་དབང་ཞིང་འབྱོར་རྒྱས་པས༔ ཡི་གེའི་རིས་སུ་བཏབ་པ་འདིས༔ འགྲོ་ཀུན་སྒྲོལ་མས་རྗེས་འཛིན་ཤོག༔ བཀྲ་ཤིས་བདེ་ལེགས།།  +
ཅེས་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་འཕྲུལ་གཏེར་ཆེན་འོད་གསལ་རྡོ་རྗེའི་ཟབ་གཏེར་དབང་མཛད་ཨཱརྻ་ཏཱ་རེའི་ལས་བྱང་ལ་དབང་དཔེ་དུས་ཀྱི་འཕོ་འགྱུར་གྱིས་མ་འབྱོར་བས་ཁྱོད་ནས་འབྲི་བར་འོས་ཞེས་འབྲི་གུང་སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས་བཀའ་ནན་ཏན་དུ་བསྩལ་བས་ལྡོག་ཏུ་མ་བཟོད་པར་དུས་གསུམ་ཀུན་མཁྱེན་པདྨ་ཡེ་ཤེས་རྡོ་རྗེས་རྗེས་སུ་བཟུང་བའི་འབངས་རྙིང་སྔགས་རྒན་པོ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ལྷོ་འབྲུག་ཆོས་ཀྱི་རྒྱལ་པོའི་རྒྱལ་ཁབ་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་གི་ཞོལ་དུ་བླ་མ་རྩ་གསུམ་ལ་གསོལ་བ་བཏབ་བཞིན་བྲིས་པ་བསྟན་འགྲོར་ཕན་པའི་དོན་དང་ལྡན་པར་གྱུར་ཅིག །སླད་ནས་གཏེར་སྟོན་དང་འཇམ་མགོན་བླ་མ་ལྷན་རྒྱས་ཀྱི་དབང་དཔེ་ཕྱག་འབྱོར་བྱུང་ན་དེ་ཁོ་ན་ལས་རྨོངས་བློས་བྲིས་པ་དབྱིངས་སུ་བསྟིམ་པར་ཞུའོ། །དགེའོ།།  +
།ཅེས་པའང་རྗེ་གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་གི་སྨིན་གྲོལ་འཆད་པའི་སྐབས་ཟབ་གསང་རྡོ་རྗེའི་གནས་ལ་ཡིད་ཆེས་ཀྱི་དད་པས་རང་གཞན་ཀུན་ལམ་འདི་ལྟ་བུ་ལ་སྨོན་ལམ་ཙམ་བྱས་ཀྱང་སྐལ་བཟང་གི་འདུན་པས་མདོ་ཁམས་ཀྱི་མུ་ཏོ་བ་མངྒ་ལས་སྦས་ཡུལ་འབྲས་མོ་ལྗོངས་སུ་རྒྱུ་བའི་སྐབས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །དགེའོ།  +
།ཅེས་པའང་འཇམ་དཔལ་དགའ་བའི་གོ་ཆས། ས་ཟླའི་ཚེས་༢༨ལ་རྡོ་རྗེ་གླིང་ནས་བྲིས་པ་དགེ་ལེགས་འཕེལ།།  +
།ཞེས་མཆོག་ཏུ་གདམས་པར་བྱས་སོ། །སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།།  +
།ཅེས་པའང་བྱ་བྲལ་བ་མཉྫུ་གྷོ་ཥས་སོ།  +
།ཅེས་པའང་དབོན་གཞན་ཕན་ཀུན་དགའི་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།  +
ཅེས་པའང་རྒྱ་བོད་ཀྱི་ཡིག་རྙིང་གསལ་བྱེད་དང་བཅས་པ་ལས་ངག་འདོན་མདོར་བསྡུས་པའི་ཚུལ་གྱིས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་སོ་སོ་ཡང་དག་པའི་རིག་པ་བཞིའི་ཡེ་ཤེས་ལ་དབང་འབྱོར་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།  +
ཅེས་པའང་ལྕགས་སྟག་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་རྒྱལ་ཕུར་འགྲུབ་སྦྱོར་ཉིན་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྐད་ཅིག་ལ་བྲིས་པ་བློ་གྲོས་ཀྱི་པདྨོ་རྒྱས་པའི་རྒྱུར་བྱིན་གྱིས་བརླབ་ཏུ་གསོལ། མངྒ་ལཾ། །  +
།ཅེས་པའང་གངྒཱའི་ཀླུང་ཆེན་ལ་གཟིངས་ཀྱི་འཁྲུལ་འཁོར་བརྒལ་བའི་ཚེ་རྒྱལ་ཟླའི་དཀར་ཕྱོགས་བཟང་པོ་གསུམ་པའི་མཚན་ཐུན་དང་པོར་ཟླ་བའི་འོད་དང་རིན་ཆེན་གློག་གི་སྒྲོན་མེའི་ངོགས་སུ་གཙུག་ལག་ལུང་རིག་ཉི་མ་སྨྲ་བའི་སེང་གེས་ཤར་མར་བྲིས་ཏེ་གསོལ་བ་བཏབ་པ་བི་ཛ་ཡནྟུ། མངྒ་ལཾ། །  +
།ཞེས་པའང་རང་སློབ་མཉྫུའི་མིང་ཅན་གྱི་སྐྱེས་ཐོབ་ཀྱི་ལང་ཚོ་སྒེག་པའི་ཆ་རྐྱེན་དུ་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྣང་བ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།། །།དགེའོ།།  +
།ཞེས་པའང་རྡོ་རྗེའི་མཆེད་པོ་རྣམས་ཀྱི་ལག་རྩེད་སྦྱང་ཞོར་ལ་རྩེ་མཚར་དུ་ཤར་མར་བྲིས་པ་པྲཛྙཱ་བཛྲས་སོ།། །།  +
།དགོངས་གཏེར་རྩ་སྒྲུབ་རྒྱས་པ་མ་ལྕོག་པའི་སྐབས་སུ་སྒོམ་བཟླས་རྐྱང་པ་ཙམ་གྱིས་ཀྱང་འགྲུབ་པར་བྱེད་པ་དམ་པ་ཡོངས་ཀྱི་ཕྱག་བཞེས་བཞིན། སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ལ་གབ་པའི་མན་ངག་གིས་ཀྱང་ཟུར་བརྒྱན་ཏེ་རང་གཞུང་བཅོས་སླད་མེད་པར་ཁོལ་དུ་ཕྱུངས་པ་པོ་པྲཛྙཱ་བཛྲས་སོ། །མངྒ་ལཾ། དགེའོ། །  +