JKCL-KABUM-02-KHA-023

From Khyentse Lineage - A Tsadra Foundation Project

དབྱངས་ཅན་དཀར་མོར་བསྟོད་པ་རབ་དགའི་དབྱངས།
Wylie title dbyangs can dkar mor bstod pa rab dga'i dbyangs JKCL-KABUM-02-KHA-023.pdf
Location chos kyi blo gros bka' 'bum
Volume 2, Text 23, Pages 399-401 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dbyangs can dkar mor bstod pa rab dga'i dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 399-401. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity dbyangs can ma dkar mo
Colophon

ཅེས་པའང་ལྕགས་སྟག་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་རྒྱལ་ཕུར་འགྲུབ་སྦྱོར་ཉིན་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྐད་ཅིག་ལ་བྲིས་པ་བློ་གྲོས་ཀྱི་པདྨོ་རྒྱས་པའི་རྒྱུར་བྱིན་གྱིས་བརླབ་ཏུ་གསོལ། མངྒ་ལཾ། །

ces pa'ang lcags stag cho 'phrul zla ba'i dkar phyogs kyi rgyal ba gsum par rgyal phur 'grub sbyor nyin 'jam dbyangs blo gros rgya mtshos skad cig la bris pa blo gros kyi pad+mo rgyas pa'i rgyur byin gyis brlab tu gsol/__mang+ga laM/__/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
དབྱངས་ཅན་དཀར་མོར་བསྟོད་པ་རབ་དགའི་དབྱངས་ཅེས་བྱ་བ། ན་མོ་སྭ་ར་སྭཏཱི་ཡེ། དཔལ་གྱི་འབྱུང་གནས་གྲགས་ལྡན་མ། །རྒྱ་མཚོའི་བུ་མོར་སྙན་པ་ཡི། །ཚངས་པའི་སྲས་མོ་གངྒཱ་མར། །ཀུན་ཏུ་ཡིད་རབ་དྭངས་པས་འདུད། ༡། ཕྱི་ནང་མཁས་དང་བྲམ་ཟེ་དང་། །སྒྲ་མཁན་ལ་སོགས་འཇིག་རྟེན་ཚོགས། །འཕགས་པ་སློབ་དང་མི་སློབ་པ། །ཀུན་གྱི་ཉེར་བསྟེན་དབྱངས་ཅན་མ། ༢། སྐུ་གཅིག་ཉིད་ནི་དུ་མར་བསྒྱུར། །དཔག་པར་དཀའ་བའི་ཁ་དོག་འཆར། །གསུང་གཅིག་ཉིད་ནི་དུ་མར་བསྒྲག །རིག་སྔགས་རྒྱལ་མོ་ཚངས་སྲས་མ། ༣། འཕགས་མཆོག་གངས་རིའི་མདངས་ལྡན་གྱི། །མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །རབ་མཛེས་ལྷ་མོ་མཚོ་ལྡན་མ། །སྒྲ་དབྱངས་ལྷ་མོ་ཞེས་སུ་གྲགས། ༤། ཟླ་བ་པ་སངས་གངས་རི་དུང་། །མཚོ་སྐྱེས་ལ་སོགས་དཀར་བ་རྣམས། །གཅིག་ཏུ་སྤུངས་པའི་ཕུང་པོ་ནི། །སྲིད་གསུམ་ཕུལ་བྱུང་དབྱངས་སྙན་མ། ༥། མྱོས་བུམ་མཐོ་ཞིང་སྐེད་སྐབས་ལྕུགས། །རི་དྭགས་མིག་ཟུང་བུང་བ་ལྟར། །གནག་ཅིང་དབུ་སྐྲའི་ཟར་བུ་གྲོལ། །འཕགས་མའི་དྲི་བསུང་མངར་པོ་འཐུལ། ༦། སྒྱུ་མ་ཆེན་མོ་མིག་ཡངས་མ། །ལྷ་རྫས་གོས་དང་མེ་ཏོག་དང་། །རིན་ཆེན་དྲྭ་བས་རྣམ་པར་བརྒྱན། །མཐོང་བ་ཙམ་གྱིས་ཡིད་འཕྲོག་མ། ༧། དྲི་ཟའི་བུ་མོ་རྣམ་པར་མཛེས། །འཕགས་པ་རྣམས་ཀྱང་ཁྱེད་འདུན་ན། །དྲེགས་ལྡན་ཅན་རྣམས་ལྟ་ཅི་སྨོས། །རིག་བྱེད་འདོན་པའི་རོལ་སྟབས་ཀྱི། ༨། བཻཌཱུའི་རྒྱུད་མངས་ཕྱག་གིས་སྒྲེངས། །གཏི་མུག་མུན་པ་རྣམ་འཇོམས་པའི། །ལྷོ་ཕྱོགས་ཡིད་མཚོའི་དགའ་ཚལ་ན། །དྲང་སྲོང་ཚོགས་ཀྱིས་བསྐོར་བ་ཡི། ༩། དབུས་ན་བཞུགས་པའི་ལྷ་མོ་ནི། །དེ་རིང་བདག་གི་སྙིང་དབུས་བྱོན། །ཟླ་བའི་འཁོར་ལོ་དབྱངས་ཀྱིས་མཚན། །གང་ཐུགས་མི་རྟོག་ཡེ་ཤེས་ཆེ། ༡༠། རྨོངས་པའི་མུན་འཇོམས་སྣང་བྱེད་དེ། །བློ་ལྡན་བདག་གི་སྙིང་དབུས་ཞུགས། །དེང་ནས་ཚེ་རབ་ཐམས་ཅད་དུ། །འཕགས་མ་མཛའ་མོ་ལྟར་བསྙེན་ཞིང་། ༡༡། མི་ཕྱེད་དད་མོས་སྲོག་གི་ནི། །ཐག་པས་དམ་པོར་སྦྲེལ་བ་ལས། །བདག་ཏུ་ལྟ་བའི་དགྲ་ཆེན་པོ། །རིང་དུ་འཇོམས་ཤིང་བདག་མེད་རྟོགས། ༡༢། ཤེས་རབ་སྣང་བ་རྣམ་རྒྱས་ནས། །ལྟ་ངན་འཐིབ་པོ་རབ་བསལ་ཞིང་། །ཚོགས་གཉིས་རིན་ཆེན་རྡུལ་མང་སྐུར། །ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༡༣། ཁྱད་པར་སྙན་དངགས་སྦྱོར་བ་ལ། །མཚུངས་པ་མེད་པའི་མཐུ་ཐོབ་ཅིང་། །ལྷར་བཅས་ཡིད་ག་འཕྲོགས་པ་ཡི། །བདེ་གཤེགས་སྲས་བཅས་བསྟོད་པའི་དབྱངས། ༡༤། རྒྱ་མཚོ་སྤྲིན་གྱི་འབྲུག་སྒྲ་ནི། །ཕྱོགས་བཅུ་ཀུན་ཏུ་ཁྱབ་པ་ཡི། །སྙན་པའི་བ་དན་རབ་གཡོས་ཏེ། །བདག་གཞན་བྱང་ཆུབ་མྱུར་ཐོབ་ཤོག༡༥། ཅེས་པའང་ལྕགས་སྟག་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་རྒྱལ་ཕུར་འགྲུབ་སྦྱོར་ཉིན་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྐད་ཅིག་ལ་བྲིས་པ་བློ་གྲོས་ཀྱི་པདྨོ་རྒྱས་པའི་རྒྱུར་བྱིན་གྱིས་བརླབ་ཏུ་གསོལ། མངྒ་ལཾ། ། །།
[edit]

dbyangs can dkar mor bstod pa rab dga'i dbyangs ces bya ba/__na mo swa ra swatI ye/__dpal gyi 'byung gnas grags ldan ma/____/rgya mtsho'i bu mor snyan pa yi/____/tshangs pa'i sras mo gang+gA mar/____/kun tu yid rab dwangs pas 'dud/__1/__phyi nang mkhas dang bram ze dang /____/sgra mkhan la sogs 'jig rten tshogs/____/'phags pa slob dang mi slob pa/____/kun gyi nyer bsten dbyangs can ma/__2/__sku gcig nyid ni du mar bsgyur/____/dpag par dka' ba'i kha dog 'char/____/gsung gcig nyid ni du mar bsgrag__/rig sngags rgyal mo tshangs sras ma/__3/__'phags mchog gangs ri'i mdangs ldan gyi/____/mche ba'i rtse las mngon sprul zhing /____/rab mdzes lha mo mtsho ldan ma/____/sgra dbyangs lha mo zhes su grags/__4/__zla ba pa sangs gangs ri dung /____/mtsho skyes la sogs dkar ba rnams/____/gcig tu spungs pa'i phung po ni/____/srid gsum phul byung dbyangs snyan ma/__5/__myos bum mtho zhing sked skabs lcugs/____/ri dwags mig zung bung ba ltar/____/gnag cing dbu skra'i zar bu grol/____/'phags ma'i dri bsung mngar po 'thul/__6/__sgyu ma chen mo mig yangs ma/____/lha rdzas gos dang me tog dang /____/rin chen drwa bas rnam par brgyan/____/mthong ba tsam gyis yid 'phrog ma/__7/__dri za'i bu mo rnam par mdzes/____/'phags pa rnams kyang khyed 'dun na/____/dregs ldan can rnams lta ci smos/____/rig byed 'don pa'i rol stabs kyi/__8/__baiDU'i rgyud mangs phyag gis sgrengs/____/gti mug mun pa rnam 'joms pa'i/____/lho phyogs yid mtsho'i dga' tshal na/____/drang srong tshogs kyis bskor ba yi/__9/__dbus na bzhugs pa'i lha mo ni/____/de ring bdag gi snying dbus byon/____/zla ba'i 'khor lo dbyangs kyis mtshan/____/gang thugs mi rtog ye shes che/__10/__rmongs pa'i mun 'joms snang byed de/____/blo ldan bdag gi snying dbus zhugs/____/deng nas tshe rab thams cad du/____/'phags ma mdza' mo ltar bsnyen zhing /__11/__mi phyed dad mos srog gi ni/____/thag pas dam por sbrel ba las/____/bdag tu lta ba'i dgra chen po/____/ring du 'joms shing bdag med rtogs/__12/__shes rab snang ba rnam rgyas nas/____/lta ngan 'thib po rab bsal zhing /____/tshogs gnyis rin chen rdul mang skur/____/kun mkhyen ye shes mchog thob shog13/__khyad par snyan dngags sbyor ba la/____/mtshungs pa med pa'i mthu thob cing /____/lhar bcas yid ga 'phrogs pa yi/____/bde gshegs sras bcas bstod pa'i dbyangs/__14/__rgya mtsho sprin gyi 'brug sgra ni/____/phyogs bcu kun tu khyab pa yi/____/snyan pa'i ba dan rab g.yos te/____/bdag gzhan byang chub myur thob shog15/__ces pa'ang lcags stag cho 'phrul zla ba'i dkar phyogs kyi rgyal ba gsum par rgyal phur 'grub sbyor nyin 'jam dbyangs blo gros rgya mtshos skad cig la bris pa blo gros kyi pad+mo rgyas pa'i rgyur byin gyis brlab tu gsol/__mang+ga laM/__/____//_

Footnotes

Other Information