དབྱངས་ཅན་དམར་མོའི་སྒོམ་བཟླས་མཚོ་བྱུང་དགྱེས་པའི་གླུ་དབྱངས།

From Khyentse Lineage - A Tsadra Foundation Project
DKR-KABUM-08-NYA-034
Wylie title dbyangs can dmar mo'i sgom bzlas mtsho byung dgyes pa'i glu dbyangs DKR-KABUM-08-NYA-034.pdf
Location dil mgo mkhyen brtse bka' 'bum
Volume 8, Text 34, Pages 277-280 (Folios 1a to 4a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཆོས་ཀྱི་གོ་ཆ་ (chos kyi go cha)
Citation Khyentse, Dilgo. Dbyangs can dmar mo'i sgom bzlas mtsho byung dgyes pa'i glu dbyangs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 277-280. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ (yang zab bde chen dpal mo'i thugs kyi me long)
Deity dbyangs can dmar mo
Colophon

།དགོངས་གཏེར་རྩ་སྒྲུབ་རྒྱས་པ་མ་ལྕོག་པའི་སྐབས་སུ་སྒོམ་བཟླས་རྐྱང་པ་ཙམ་གྱིས་ཀྱང་འགྲུབ་པར་བྱེད་པ་དམ་པ་ཡོངས་ཀྱི་ཕྱག་བཞེས་བཞིན། སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ལ་གབ་པའི་མན་ངག་གིས་ཀྱང་ཟུར་བརྒྱན་ཏེ་རང་གཞུང་བཅོས་སླད་མེད་པར་ཁོལ་དུ་ཕྱུངས་པ་པོ་པྲཛྙཱ་བཛྲས་སོ། །མངྒ་ལཾ། དགེའོ། །

/dgongs gter rtsa sgrub rgyas pa ma lcog pa'i skabs su sgom bzlas rkyang pa tsam gyis kyang 'grub par byed pa dam pa yongs kyi phyag bzhes bzhin/_spros med rgyun gyi rnal 'byor la gab pa'i man ngag gis kyang zur brgyan te rang gzhung bcos slad med par khol du phyungs pa po pradz+nyA badz+ras so/_/mang+ga laM/_dge'o/_/

Notes These texts were compiled and arranged by Dilgo Khyentse Rinpoche. Elsewhere this cycle is attributed to rdzong sngon pad+ma thugs mchog rdo rje.
[edit]
༄༅། །དབྱངས་ཅན་དམར་མོའི་སྒོམ་བཟླས་མཚོ་བྱུང་དགྱེས་པའི་གླུ་དབྱངས་བཞུགས།

༄༅། །ཨོཾ་སྭ་སྟིཿ དཔལ་མོ་དབྱངས་ཅན་དམར་མོའི་གསང་སྒྲུབ་ཟབ་མོ་ཉམས་སུ་ལེན་པར་འདོད་པས་སྦྱོར་བ་སྐྱབས་སེམས་ནིཿ ན་མོཿ གདོད་ནས་རྣམ་དག་སྐུ་གསུམ་མཁའ་འགྲོ་ལ༔ འདུ་འབྲལ་མེད་པའི་ངང་ནས་སྐྱབས་སུ་མཆི༔ ཡེ་ཤེས་མཁའ་འགྲོ་དབྱངས་ཅན་ཁྱོད་བསྒྲུབ་ནས༔ འགྲོ་རྣམས་བདེ་ཆེན་ས་ལ་འགོད་པར་བགྱི༔ ལན་གསུམ། དངོས་གཞིའི་སྒོམ་བཟླས་ནི༔ ཨཿ བློ་འདས་སྤྲོས་བྲལ་ཆེན་པོ་ཡི༔ རང་མདངས་འགག་མེད་སྙིང་རྗེའི་རྩལ༔ ཐུགས་རྗེ་རིག་པའི་ཡེ་ཤེས་ནི༔ ཧྲཱིཾཿཡིག་དམར་པོ་འོད་དུ་ཞུ༔ སྲིད་ཞིའི་སྣང་བརྙན་བཀྲ་བ་ཡི༔ ཡེ་ཤེས་མེ་ལོང་ཡོངས་གྱུར་ལས༔ ཟླ་གམ་མཚན་རྫོགས་གཞལ་ཡས་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ བཅོམ་ལྡན་དཔལ་མོ་དབྱངས་ཅན་མ༔ སྐུ་མདོག་དམར་མོ་ཆགས་ཉམས་རྒྱས༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ དགོས་འདོད་འཇོ་བའི་ནོར་བུ་དང༔ གཡོན་པས་ཤེས་བྱའི་སྣང་བརྙན་འབུམ༔ གཅིག་ཆར་རྫོགས་པའི་ཨཱ་དརྴ༔ མ་རིག་གཉིད་སློང་གཡས་འཁྱིལ་དུང༔ འཛིན་ཅིང་དགྱེས་པའི་གར་གྱིས་རོལ༔ མཐོན་མཐིང་རལ་པའི་ཟུར་ཕུད་རྩེར༔ མ་ཎི་ཀ་ཡི་ཐོར་ཚུགས་མཛེས༔ གཉེན་ལྕུག་འཁྲིལ་ལྡེམ་གཞོན་པ་དང༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་སྟེ༔ ཞི་ཚུལ་དགུ་ཡི་ཉམས་ཀྱིས་སྒེག༔ སྤྱན་གསུམ་སྐུ་གསུམ་གཟིགས་སྟངས་ངོམས༔ མཚན་ཉིད་དྲུག་ལྡན་པདྨ་རྒྱས༔ འདོད་པའི་མྱོས་བུམ་འབུར་ཞིང་གཡོ༔ རིན་ཆེན་དབུ་རྒྱན་སྙན་ཆ་དང༔ མགུལ་ཆུན་ཕྱག་ཞབས་གདུ་བུས་བརྒྱན༔ གཞོན་ནུའི་འཕྱང་འཕྲུལ་དུ་མས་སྤུད༔ པཉྩ་ལི་ཀའི་སྨད་གཡོགས་དང༔ དར་དཔྱངས་རཏྣའི་སྐ་རགས་འཆང༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ སྐུ་ལ་གདན་གསུམ་དཀྱིལ་འཁོར་ཀུན༔ མ་ལུས་ལུས་པ་མེད་པར་རྫོགས༔ རྩ་འཁོར་འོད་ཀྱི་དྲྭ་བའི་ཀློང༔ གནས་ཡུལ་དཔའ་བོ་ཌཱ་ཀིའི་ཚོགས༔ ཏིལ་གོང་ཁ་ཕྱེའི་ལྟ་བུར་གསལ༔ སྤྱི་བོར་འཇའ་གུར་འཁྲིགས་པའི་ཀློང༔ རིགས་བདག་བླ་མ་འཇམ་དཔལ་དབྱངས༔ དམར་གསལ་ལོངས་སྤྱོད་ཆས་ཀྱིས་བརྒྱན༔ ཕྱག་ཟུང་རྡོར་དྲིལ་ཐུགས་ཀར་བསྣོལ༔ ཕྲག་གོང་ཨུཏྤལ་ཁ་ཕྱེས་དབུས༔ རལ་གྲི་དང་ནི་གླེགས་བམ་མཚན༔ ཐུགས་ལས་འཇའ་ཟེར་ཕྱོགས་བཅུར་འཕྲོས༔ ལྔ་ལྡན་ཐིག་ལེ་ཉག་གཅིག་ཀློང༔ འཕགས་མ་ལྷ་མོ་ཉི་ཤུ་གཅིག༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ ཡེ་ནས་དམ་ཡེ་གཉིས་སུ་མེད༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ ཀུ་རུ་ཀུལླེ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ཕྱག་གཉིས་ཨུཏྤལ་མདའ་གཞུ་འགེངས༔ ཞབས་གཉིས་བརྐྱང་སྐུམ་རོལ་སྟབས་བཞུགས༔ ཁྲོ་མོའི་ཆས་ཀུན་ཡོངས་རྫོགས་པའི༔ ཙིཏྟ་འོད་ལྔའི་ཐིག་ལེའི་དབུས༔ དགའ་འཁྱིལ་ཧྲཱིཾཿགིས་མཚན་པའི་མཐར༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ སྣང་དང་ཕྱེད་སྣང་མི་སྣང་གི༔ སྲིད་པའི་སྣང་ཞེན་མ་ལུས་ཀུན༔ ལྷ་སྔགས་ཆོས་སྐུའི་རོལ་པར་གསལ༔ རིག་འདུས་བླ་མའི་ཐུགས་རྒྱུད་བསྐུལ༔ འོད་འཕྲོས་དོན་གཉིས་ལྷུན་གྱིས་གྲུབ༔ སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ གོ་རིམ་བཞིན་དུ་བབས་པ་ལས༔ གནས་དང་སྤང་བྱ་ངོ་བོ་ཡི༔ དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང༔ ཆོས་དོན་རབ་ཏུ་རྣམ་འབྱེད་ཀྱི༔ གཟུངས་སྤོབས་བློ་གྲོས་སྣང་བ་རྒྱས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ༔ ཨཱོཾ་སྭ་ར་སྭ་སྟི་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭཱ་ཧཱཿ ཞེས་བསྙེན་སྒྲུབ་གཅིག་སྒྲིལ་གྱི་བཟླས་པ་ཅི་ནུས་དང༔ ལས་སྦྱོར་གྱི་ཚུལ་དུ་ཡེ་ཤེས་སེམས་དཔའ་ལ་བརྟེན་ནས་དམིགས་བཟླས་བྱ་བར་སྤྲོ་ན༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ནི༔ ཀུ་རུ་ཀུལླེའི་ཐུགས་ཀ་རུ༔ ཉི་དཀྱིལ་ཧྲཱིཿཡིག་གསལ་བ་ལས༔ འོད་དམར་ཟེར་གྱིས་སྟོང་གསུམ་གང༔ འཁོར་འདས་ལམ་གསུམ་ཡོན་ཏན་དང༔ ཁྱད་པར་བརྟན་གཡོའི་དྭངས་བཅུད་བསྡུས༔ ཡང་དགོས་དམིགས་བྱའི་སྙིང་གར་ཕོག༔ ཡིད་བརྟན་དབང་མེད་འཕྲོག་བྱས་ཏེ༔ སྐད་ཅིག་དབང་དུ་བསྡུས་ནས་ཀྱང༔ རེ་བའི་འབྲས་བུ་མཆིས་པར་མཛོད༔ གྲུབ་ཆེན་བརྒྱད་སོགས་ཐུན་མོང་དང༔ ཕྱག་ཆེན་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱཿ ཅི་འགྲུབ་དང༌། ཡང་ཧྲཱིཿའི་འོག་ཏུ་སིདྡྷི་སྡུས་སྡུས་ཝཱ་ཤཾ་ཀུ་རུ་ཧོཿ མཆོག་ཐུན་གྱི་དངོས་གྲུབ་དབང་དུ་བྱེད་པ་གཞུང་ལྟར་དང༔ དབང་སྤྱི་ལ་སརྦ་ལོ་ཀ་དམིགས་བསལ་ཡོད་ཚེ་ཆེ་གེ་མོ་སོགས་སྦྱར་བ་གང་རུང་བཟླས་མཐར་སྟོང་ཚིག་གི་མཆོད་བསྟོད་ནི༔ ཛྙཱ་ན་ཌཱཀི་ནི་སྭ་ར་སྭ་སྟི་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གེནྡྷེ་ནཻ་ཝི་དྱ་ཤཔྟ་པཱུ་ཛ་ཧོཿ ཀུན་དགའི་དཔལ་སྟེར་མཚན་དཔེའི་ལང་ཚོ་འབར༔ རྒྱལ་བའི་ཆོས་ཀུན་དབྱངས་སུ་ལེན་པའི་གསུང༔ ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐུགས༔ དཔལ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱས་ནོངས་པ་བཤགས༔ རྗེས་ལ་བསྡུ་ལྡང་ནིཿ ཧོཿ སྣང་གྲགས་ལྷ་སྔགས་སྒྱུ་མའི་རོལ་པ་ཀུན༔ ཀ་དག་སྒྲིབ་མེད་གཉུག་མའི་ཀློང་དུ་ཨཿ སླར་ཡང་གཞི་ལས་གཞི་སྣང་ལྷུན་གྲུབ་ཀྱི༔ དག་མཉམ་ཟུང་འཇུག་ལྷ་སྐུའི་ཕྱག་རྒྱར་ལྡང༔ བསྔོ་སྨོན་ནི། ཧོཿ སྒྲ་དབྱངས་ལྷ་མོའི་དཀྱིལ་འཁོར་དམ་པ་རུ༔ སྨིན་གྲོལ་ལམ་ལ་བསླབས་པའི་དགེ་བའི་མཐུས༔ འགྲོ་ཀུན་ཕྱམ་གཅིག་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་དམ་པ་འཐོབ་པའི་རྒྱུ་རུ་བསྔོ༔ ཤིས་པར་བྱ་བ་ནི། རང་རིག་འགྱུར་མེད་ཆོས་སྐུ་ཡུམ་ཆེན་མོ༔ རང་རྩལ་འགག་མེད་ཤེས་རབ་ཕ་རོལ་ཕྱིན༔ རང་སྣང་མཚོ་རྒྱལ་དམར་མོ་དབྱངས་ཅན་མས༔ རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་སྩོལ༔ ཞེས་མེ་ཏོག་གི་ཆར་ཕབ་པས་ཀུན་ཏུ་བདེ་ལེགས་ཀྱིས་ཡོངས་སུ་ཁྱབ་པར་བྱའོ། །དགོངས་གཏེར་རྩ་སྒྲུབ་རྒྱས་པ་མ་ལྕོག་པའི་སྐབས་སུ་སྒོམ་བཟླས་རྐྱང་པ་ཙམ་གྱིས་ཀྱང་འགྲུབ་པར་བྱེད་པ་དམ་པ་ཡོངས་ཀྱི་ཕྱག་བཞེས་བཞིན། སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ལ་གབ་པའི་མན་ངག་གིས་ཀྱང་ཟུར་བརྒྱན་ཏེ་རང་གཞུང་བཅོས་སླད་མེད་པར་ཁོལ་དུ་ཕྱུངས་པ་པོ་པྲཛྙཱ་བཛྲས་སོ། །མངྒ་ལཾ། དགེའོ། །
[edit]

@#/__/dbyangs can dmar mo'i sgom bzlas mtsho byung dgyes pa'i glu dbyangs bzhugs/ @#/__/oM swa stiH_dpal mo dbyangs can dmar mo'i gsang sgrub zab mo nyams su len par 'dod pas sbyor ba skyabs sems niH_na moH_gdod nas rnam dag sku gsum mkha' 'gro la:_'du 'bral med pa'i ngang nas skyabs su mchi:_ye shes mkha' 'gro dbyangs can khyod bsgrub nas:_'gro rnams bde chen sa la 'god par bgyi:_lan gsum/_dngos gzhi'i sgom bzlas ni:_aH_blo 'das spros bral chen po yi:_rang mdangs 'gag med snying rje'i rtsal:_thugs rje rig pa'i ye shes ni:_hrIMHyig dmar po 'od du zhu:_srid zhi'i snang brnyan bkra ba yi:_ye shes me long yongs gyur las:_zla gam mtshan rdzogs gzhal yas dbus:_sna tshogs pad+ma nyi zla'i steng:_bcom ldan dpal mo dbyangs can ma:_sku mdog dmar mo chags nyams rgyas:_zhal gcig phyag gnyis g.yas pa yis:_dgos 'dod 'jo ba'i nor bu dang:_g.yon pas shes bya'i snang brnyan 'bum:_gcig char rdzogs pa'i A dar+sha:_ma rig gnyid slong g.yas 'khyil dung:_'dzin cing dgyes pa'i gar gyis rol:_mthon mthing ral pa'i zur phud rtser:_ma Ni ka yi thor tshugs mdzes:_gnyen lcug 'khril ldem gzhon pa dang:_gsal 'tsher lhun sdug gzi byin ste:_zhi tshul dgu yi nyams kyis sgeg:_spyan gsum sku gsum gzigs stangs ngoms:_mtshan nyid drug ldan pad+ma rgyas:_'dod pa'i myos bum 'bur zhing g.yo:_rin chen dbu rgyan snyan cha dang:_mgul chun phyag zhabs gdu bus brgyan:_gzhon nu'i 'phyang 'phrul du mas spud:_pany+tsa li ka'i smad g.yogs dang:_dar dpyangs rat+na'i ska rags 'chang:_zhabs gnyis mnyam pa'i stabs kyis bzhengs:_sku la gdan gsum dkyil 'khor kun:_ma lus lus pa med par rdzogs:_rtsa 'khor 'od kyi drwa ba'i klong:_gnas yul dpa' bo DA ki'i tshogs:_til gong kha phye'i lta bur gsal:_spyi bor 'ja' gur 'khrigs pa'i klong:_rigs bdag bla ma 'jam dpal dbyangs:_dmar gsal longs spyod chas kyis brgyan:_phyag zung rdor dril thugs kar bsnol:_phrag gong ut+pal kha phyes dbus:_ral gri dang ni glegs bam mtshan:_thugs las 'ja' zer phyogs bcur 'phros:_lnga ldan thig le nyag gcig klong:_'phags ma lha mo nyi shu gcig:_sku mdog phyag mtshan rgyan cha lugs:_ma 'dres yongs rdzogs chen por gsal:_ye nas dam ye gnyis su med:_thugs kar pad+ma nyi zla'i steng:_ku ru kul+le sku mdog dmar:_zhal gcig phyag gnyis spyan gsum pa:_phyag gnyis ut+pal mda' gzhu 'gengs:_zhabs gnyis brkyang skum rol stabs bzhugs:_khro mo'i chas kun yongs rdzogs pa'i:_tsit+ta 'od lnga'i thig le'i dbus:_dga' 'khyil hrIMHgis mtshan pa'i mthar:_sngags phreng 'khor ba'i 'od zer gyis:_snang dang phyed snang mi snang gi:_srid pa'i snang zhen ma lus kun:_lha sngags chos sku'i rol par gsal:_rig 'dus bla ma'i thugs rgyud bskul:_'od 'phros don gnyis lhun gyis grub:_sku las byang sems bdud rtsi'i rgyun:_go rim bzhin du babs pa las:_gnas dang spang bya ngo bo yi:_dga' bzhi'i ye shes nyams su myong:_chos don rab tu rnam 'byed kyi:_gzungs spobs blo gros snang ba rgyas:_mchog thun dngos grub thob par bsam:_A+oM swa ra swa sti hrIMHhrIMHhrIMHswA hAH_zhes bsnyen sgrub gcig sgril gyi bzlas pa ci nus dang:_las sbyor gyi tshul du ye shes sems dpa' la brten nas dmigs bzlas bya bar spro na:_thugs ka'i ye shes sems dpa' ni:_ku ru kul+le'i thugs ka ru:_nyi dkyil hrIHyig gsal ba las:_'od dmar zer gyis stong gsum gang:_'khor 'das lam gsum yon tan dang:_khyad par brtan g.yo'i dwangs bcud bsdus:_yang dgos dmigs bya'i snying gar phog:_yid brtan dbang med 'phrog byas te:_skad cig dbang du bsdus nas kyang:_re ba'i 'bras bu mchis par mdzod:_grub chen brgyad sogs thun mong dang:_phyag chen mchog gi dngos grub stsol:_oM ku ru kul+le hrIHswA hAH_ci 'grub dang*/_yang hrIH'i 'og tu sid+d+hi sdus sdus wA shaM ku ru hoH_mchog thun gyi dngos grub dbang du byed pa gzhung ltar dang:_dbang spyi la sarba lo ka dmigs bsal yod tshe che ge mo sogs sbyar ba gang rung bzlas mthar stong tshig gi mchod bstod ni:_dz+nyA na DAki ni swa ra swa sti sa pa ri wA ra puSh+pe d+hU pe A lo ke gen+d+he nai wi d+ya shap+ta pU dza hoH_kun dga'i dpal ster mtshan dpe'i lang tsho 'bar:_rgyal ba'i chos kun dbyangs su len pa'i gsung:_ji lta ji snyed mkhyen pa'i ye shes thugs:_dpal mo dbyangs can ma la phyag 'tshal bstod:_yig brgyas nongs pa bshags:_rjes la bsdu ldang niH_hoH_snang grags lha sngags sgyu ma'i rol pa kun:_ka dag sgrib med gnyug ma'i klong du aH_slar yang gzhi las gzhi snang lhun grub kyi:_dag mnyam zung 'jug lha sku'i phyag rgyar ldang:_bsngo smon ni/_hoH_sgra dbyangs lha mo'i dkyil 'khor dam pa ru:_smin grol lam la bslabs pa'i dge ba'i mthus:_'gro kun phyam gcig rdzogs pa'i sangs rgyas kyi:_go 'phang dam pa 'thob pa'i rgyu ru bsngo:_shis par bya ba ni/_rang rig 'gyur med chos sku yum chen mo:_rang rtsal 'gag med shes rab pha rol phyin:_rang snang mtsho rgyal dmar mo dbyangs can mas:_rang gzhan don gnyis 'grub pa'i bkra shis stsol:_zhes me tog gi char phab pas kun tu bde legs kyis yongs su khyab par bya'o/_/dgongs gter rtsa sgrub rgyas pa ma lcog pa'i skabs su sgom bzlas rkyang pa tsam gyis kyang 'grub par byed pa dam pa yongs kyi phyag bzhes bzhin/_spros med rgyun gyi rnal 'byor la gab pa'i man ngag gis kyang zur brgyan te rang gzhung bcos slad med par khol du phyungs pa po pradz+nyA badz+ras so/_/mang+ga laM/_dge'o/_/

Footnotes

Other Information